ཁྱི་སྐྱག

རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-11

  དེ་ནི་ཧ་ཅང་གྲང་ངར་ཆེ་བའི་དགུན་དུས་ཀྱི་ཉིན་མོ་ཞིག་སྟེ། ཕྱི་རོལ་ཏུ་ཁ་བ་སྐྱ་ལྷེབ་ལྷེབ་ཏུ་བབས་ཤིང་། གྲང་རླུང་འུར་འུར་དུ་ལྡང་བཞིན་འདུག  སོ་ཕག་ལས་གྲུབ་པའི་ཁང་ཁྱིམ་གྱི་ཕྱོགས་བཞི་མཚམས་བརྒྱད་སྐྱ་ཆིལ་ཆིལ་གྱི་ཁ་བའི་འདབ་མས་ཡོངས་སུ་བཏུམས་ནས་འདུག  ཁྱིམ་མཚེས་བྱིས་པ་ཚོས་མཐུབ་ལ་དྲོ་བའི་སློག་པ་ ཧྲལ་ཧྲུལ་རེ་ལུས་ལ་གྱོན་ཞོར། དགའ་བདེའི་སྣང་བས་རབ་ཏུ་མྱོས་ཏེ་གངས་རླུང་གི་ཁྲོད་དུ་གངས་རྩེད་ལ་རོལ་ བཞིན་མཆིས། དུས་རྒྱུན་ཁྱིམ་མཚེས་བྱིས་པ་ཚོ་སྒོ་ཁར་རྩེད་མོར་གཡེང་ནས་སྡོད་པའི་རྣམ་པ་དེ་ངའི་འདྲེན་ བྱེད་དབང་པོའི་ལམ་དུ་རྒྱུ་ཐེངས་རེར།   ངས་ཁྱི་སྐྱག་གི་རྒྱབ་གཟུགས་སྐྱ་བོ་དེ་ཡིད་ལ་དབང་མེད་དུ་དྲན་གིན་འདུག་ཅིང་།  ཁོའི་ངུ་སྐད་ཀྱི་འཁུན་སྒྲ་དེ་རྣ་ཡི་བུ་གར་ལྷང་ལྷང་དུ་ཐོས་ཀྱིན་འདུག   
   ཁྱི་སྐྱག་གི་སྔོན་ཆད་ཀྱི་དངོས་མིང་ལ་བཀྲ་ཤིས་ཟེར། འོན་ཀྱང་ཆུང་ངུའི་དུས་སུ་བཀྲ་ཤིས་ལ་བཀྲ་ཤིས་པའི་བྱ་བ་འབྱུང་རྒྱུ་ལྟ་ཅི། ནད་དང་བར་ཆད་རྒྱུན་མི་ཆད་པར་འབྱུང་བས། ཁོའི་ཨ་མས་ཆག་སྒོ་དེ་ལྡོག་ཆེད་ཁོ་ཡུལ་དེའི་རི་འདབས་སུ་ཆགས་པའི་དགོན་པའི་མཁན་པོ་རིན་པོ་ཆེའི་གམ་དུ་ཁྲིད་ནས་རིམ་གྲོ་ཆོས་ཀློག་མང་དུ་མཛད་ཅིང་། མཁན་པོ་རིན་པོ་ཆེས་ཁོའི་བར་ཆད་ལྡོག་ཆེད་ཁོ་ལ་ད་ལྟའི་མིང་གསར་བ་དེ་བཏགས་གནང་བ་ཞིག་ རེད།
   ཁྱིམ་མཚེས་རྨོ་བོ་ཚེ་རིང་སྐྱིད་ཀྱིས་ཞལ་ནས་མ་ཎི་ཡིག་དྲུག་བར་མེད་འདོན་ཞོར་ལྕགས་ཐབ་ནང་ཚ་ཆིལ་ཆིལ་གྱི་མེ་དྲོན་མོ་ཞིག་བཏང་བས།  ཁང་ཁྱིམ་ཡོངས་དྲོད་ཁོལ་གྱིས་ཡོངས་སུ་ཕྱུག་ཅིང་། གྲང་ཤུར་ཤུར་གྱི་སྣང་བ་གཏན་ནས་མེད་མོད།  ཚ་བོ་ཁྱི་སྐྱག་གིི་རྐང་མཐིལ་ནས་ཀླད་པའི་བར་གྱི་ཁྲག་རྩ་ཚང་མ་འཁྱགས་པས་བསྡམས་པ་ཇི་བཞིན་གྲང་ཤུར་ཤུར་གྱི་ཚོར་བ་རྣོན་པོ་ཞིག་ངམ་ཤུགས་ངང་སྦྱིན་གྱིན་ཡོད།
     ཁྱིམ་མཚེས་རྨོ་བོ་སྔར་བཞིན་ལྕགས་ཐབ་ཀྱི་འགྲམ་དུ་མེ་གཏོང་ཞོར་མ་ཎི་ཡིག་དྲུག་བར་མེད་འདོན་ བཞིན་འདུག   ཚ་བོ་ཁྱི་སྐྱག་གིས་མལ་ལས་གཅེར་བུར་ཐོན་ཡོང་སྟེ་རྨོ་བོའི་གམ་དུ་ཡོང་ནས།  “ རྨོ་བོ།   མདང་ནུབ་ང་ལ་རྨི་ལམ་ངན་པ་ཞིག་རྨིས་བྱུང” ཟེར། “རྨི་ལམ་ག་རེ་རྨིས་བྱུང་ངམ།”  “ སྡེ་བའི་ཨ་མ་ཉི་མ་ཚང་གི་ཨ་མ་ཉི་མ་གྲོངས་འདུག”  ཅེས་བཤད།  “ བདུད་ཕྲུག་དེ།  ག་རེ་ཤོད་ཀྱི་ཡོད་དམ། ” “ངོ་མ་གྲོངས་འདུག ” རྨོ་བོ་ཚེ་རིང་སྐྱིད་ཀྱིས་ཁོ་ལ་འགྲམ་ལྕག་ཚ་བོ་ཞིག་གཞུས་ཏེ་སྔར་བཞིན་མ་ཎི་འདོན་བཞིན་བསྡད།ཚ་བོ་ཁྱི་སྐྱག་གིས་ཨམ་གཙིགས་ཤིག་བསྡམས་ཞོར་ཁུ་སིམ་མེར་རང་གི་མལ་ཆས་ཀྱི་གཏིང་དུ་འཛུལ་ནས་“ཧིན ཧིན”ཅེས་མིག་ཆུ་གཏོང་གིན་འདུག  རྨོ་བོ་ཚེ་རིང་སྐྱིད་ཀྱིས་མ་ཎི་འདོན་མཚམས་བཞག་སྟེ་ཚ་བོའི་གམ་དུ་ཕྱིན་ནས། “ ཁྱི་སྐྱག   ད་ནས་སྐད་ཆ་གང་བྱུང་མ་ཤོད་ཨང་།   གལ་ཏེ་ཨ་མ་ཉི་མས་གོ་ན་ཚིག་པ་བཟའ་གི་མ་རེད་པས།”  ཞེས་བཤད།
  ཚ་བོ་ཁྱི་སྐྱག་གིས་སྔར་བཞིན་ “ ཨ་མ་ཉི་མ་དངོས་གནས་གྲོངས་འདུག ཡིད་མ་ཆེས་ན་སྡེ་བའི་མི་ལ་སྐད་ཆ་ དྲིས་དང་། ” ཟེར།  རྨོ་བོ་ཚེ་རིང་སྐྱིད་ཀྱིས་ཁྱི་སྐྱག་གི་མགོ་ལ་བྱིལ་བྱིལ་གཏོང་ཞོར།  “ ཨ་མ་ཉི་མ་གྲོངས་པ་རེད་སུས་ཟེར་གྱི་འདུག་ག ” ཞེས་ཁྱི་སྐྱག་ལ་དྲིས་པས། “ ངའི་རྨི་ལམ་ནང་རྨིས་བྱུང ” ཞེས་ལན་བཏབ། རྨོ་བོ་ཚེ་རིང་  སྐྱིད་ཀྱི་བསམ་པར། ཕྲུ་གུའི་ཁ་ལ་ཆ་འཇོག་བྱེད་ག་ལ་ཉན་སྙམ་སྟེ་ཁྱི་སྐྱག་གིས་བཤད་པའི་སྐད་ཆ་རྣ་བའི་རྒྱབ་ ཀྱི་རླུང་བུར་སྐུར་ནས་ཁ་ཡ་མ་བྱས་པར་སྐས་འཛེགས་ལས་མར་བབས་ཏེ་ལྷས་རའི་ནང་ལྕི་བ་སྒྲུག་པར་ཕྱིན་ སོང་།
    ཉི་མ་བཞུད་ལ་ཉེ།  རྨོ་བོ་ཚེ་རིང་སྐྱིད་ཀྱི་བུ་རྒན་པ་མར་ལོས་ལུག་ཁྱུ་རྣམས་ལྷས་རར་བཅུག་ནས་ཕྱིར་ཁྱིམ་དུ་སླེབས་བྱུང་། ཁོས་གྲང་ཤུར་ཤུར་གྱི་རྣམ་འགྱུར་ཞིག་སྟོན་བཞིན། “ཨ་མ་ཉི་མ་གྲོངས་འདུག་ཟེར་བ་ཧ་གོ་བྱུང་ངམ”ཞེས་དྲིས། “རྨི་ལམ་ནང་རྨིས་བྱུང་ངམ” རྨོ་བོ་ཚེ་རིང་སྐྱིད་ཀྱིས་མཆོད་མེ་རྐང་གཅིག་ལ་མེ་སྒྲོན་ཞོར་དེ་ ལྟར་བཤད། “ག་རེ།  རྨི་ལམ།  སྡེ་བའི་མི་ཚང་མ་ཁོང་ཚང་ལ་སྡུག་ཆང་འདྲེན་པར་འགྲོ་བཞིན་པ་མཐོང་མ་བྱུང་ངམ། ཉིན་གང་ཁྱིམ་དུ་འཛུལ་ནས་བསྡད་པས་སྡེ་བའི་གསར་འགྱུར་ག་ལ་ཧ་གོ ” ཞེས་ཁོས་ལེ་འདའ་ཞིག་བྱེད་ ཞོར་དེ་ལྟར་བཤད། རྨོ་བོ་ཚེ་རིང་སྐྱིད་ཡུད་ཙམ་ཞིག་རིང་ཧད་དེ་ལུས་ནས་རང་ཉིད་རྨི་ལམ་རྨི་བཞིན་པའི་ ཚོར་སྣང་ཞིག་བྱུང་།
     ཚ་བོ་ཁྱི་སྐྱག་ཉིན་གང་མལ་སའི་ནང་ངུས་ནས་བསྡད་པས་མིག་གཉིས་པོ་དམར་པོར་གྱུར་འདུག  མར་ལོས་ཁྱི་སྐྱག་གི་མགོ་ལ་ལན་འགའ་བྱིལ་བྱིལ་གཏོང་ཞོར་“བུ་ཁྱི་སྐྱག  སུས་རང་ལ་འཕྱ་སྨོད་བྱས་བྱུང་ངམ”ཞེས་དྲིས་པས། “ ཨ་མ་ཉི་མ་གྲོངས་སོང” ཁོས་སྐྱོ་ཉམས་ཀྱི་ངང་ནས་དེ་ལྟར་བཤད། “ ཨ་མ་ཉི་མ་གྲོངས་ན་རང་ངུ་རྒྱུ་ཅི་འདུག   ཁོང་ང་ཚོའི་ཤ་ཉེ་ནི་མ་རེད” ཞེས་སྨྲས་པས། ཁྱི་སྐྱག་གི་ངུ་སྒྲ་སྔར་བས་ཇེ་ཆེར་སོང་། རྨོ་བོ་ཚེ་རིང་སྐྱིད་ཀྱིས་སུན་སྣང་དང་བཅས། “ ཁྱི་སྐྱག་ནི་ཁྱི་སྐྱག་རང་རེད། ངུ་རྒྱུ་མ་གཏོགས་ཅི་ཤེས” ཞེས་བཤད་ཞོར་བུ་རྒན་པ་མར་ལོའི་མིང་ནས་བོས་ཏེ་འདས་པོ་ཉི་མ་ཚང་ལ་སྡུག་ཆང་འདྲེན་པར་འགྲོ་དགོས་པའི་སྐུལ་མ་བྱས། མར་ལོས་ཁྲོ་ཉམས་ཤིག་བསྟན་ཏེ། “སྡུག་ཆང་འདྲེན་པར་ང་འགྲོ་གི་མིན།   ཨ་མ་རང་སོང་ན་དགའ”ཞེས་བཤད། “ ག་རེ།ནམ་རྒྱུན་ཆང་འཐུང་དགའ་སྐྱིད་ལ་རོལ་དུས་ཁྱེད་ཚོ་གཅིག་ཤོར་གཉིས་ཤོར་རེད། ད་ལྟ་འུ་ཐུག་དུས་མ་རྒན་ང་སྡུག་ཆང་འདྲེན་པར་གཏོང་རྒྱུ་ཡིན་ནམ ” ཞེས་བཤད་པས།  ཁྱི་སྐྱག་གིས་ངུ་མཚམས་བཞག་ནས་ “སྡུག་ཆང་འདྲེན་པར་ངས་ཕྱིན་ཆོག”ཅེས་སྨྲས། “ བདུད་ཕྲུག་ཁ་ཚུམས་དང་། ” “ ང་བདུད་ཕྲུག་ཡིན་ན་པཱ་ཕ་རང་བདུད་ཀྱི་རྒྱལ་པོ་རེད” ཁྱི་སྐྱག་གི་གཏམ་དེས་མར་ལོར་ཅི་ཡང་བཤད་རྒྱུ་མེད་པར་ཁ་སྐྱེངས་པའི་ཚུལ་གྱིས་ཁུ་སིམ་ མེར་མི་སྡོད་དཀའ་མེད་བྱུང་།
     འཇིག་རྟེན་གྱི་གཏམ་དཔེར། “ཐག་རིང་གི་གཉེན་ལས་ཁྱིམ་མཚེས་ཀྱི་དགྲ་དགའ། ཟེར་བ་མ་ཡིན་ནམ། ད་མྱུར་མོར་སྡུག་ཆང་འདྲེན་པ་རྒྱུགས”ཞེས་སྐུལ་མ་བྱས།  “སྡུག་ཆང་འདྲེན་པར་ཕྱིན་ན་ང་ལ་བར་ཆད་འབྱུང་གི་མ་རེད་པས།  གལ་ཏེ་འདས་པོ་ཉི་མའི་རྣམ་ཤེས་ངའི་རྗེས་དེད་ནས་ཁྱིམ་ལ་ཡོང་ན་ཅི་བྱ” “ག་རེའི་བར་ཆད།ག་རེའི་རྣམ་ཤེས།   གཅིག་བྱས་ན་བར་ཆད་སེལ་ཐུབ་ཀྱི་ཡོད་འགྲོ ”   “མི་ཚོས་སྡུག་ཆང་འདྲེན་པར་ཕྱིན་ན་འདས་པོ་དེའི་རྣམ་ཤེས་ལྷན་དུ་ཡོང་ནས་ཁྱིམ་ཚང་ལ་གནོད་པ་འབྱུང་གི་རེད་ཟེར་གིས” “གང་བྱུང་མ་ཤོད།ད་མྱུར་མོར་སོང ” ཞེས་ཨ་མ་ཚེ་རིང་སྐྱིད་ཀྱིས་ཡང་ཡང་ཨུ་ཚུགས་བྱས་པས།   ཁོ་ཡང་བྱ་ཐབས་ཟད་དེ་ཆང་དམ་བི་གང་འཁྱེར་ནས་འདས་པོ་ཉི་མ་ཚང་ལ་མི་འགྲོ་ཐབས་མེད་བྱུང་།
     ཁྱི་སྐྱག་སྔར་བཞིན་ངུ་བཞིན་འདུག   ཁོས་ངུ་སྒྲའི་ཁྲོད་གསལ་ལ་མི་གསལ་གྱིས། “ཨ་མ།  ཨ་མ”ཞེས་འབོད་ཀྱིན་འདུག  རྨོ་བོ་ཚེ་རིང་སྐྱིད་ཀྱིས་ཁྱི་སྐྱག་གི་ཨ་མའི་མིང་ནས་བོས་ཏེ། “བདེ་སྐྱིད་མཁའ་འགྲོ  ཕྲུ་གུའི་ཁ་ཡ་གྱིས་དང་”ཟེར། བདེ་སྐྱིད་མཁའ་འགྲོས་བུ་མལ་ལས་བཏོན་ཏེ་གོན་པ་བསྐོན་ཞིང་། འགྱིག་ཕོར་ནང་སྐྱོར་མ་ཞིག་གཡོས་ཏེ་ཁོ་ལ་སྦྱིན།  འོན་ཀྱང་།  ཁྱི་སྐྱག་གི་སྔར་བཞིན“ཨ་མ།  ཨ་མ ”  ཟེར་བཞིན་ངུས་ནས་བསྡད།    “ཨ་མ་རང་གི་གམ་ན་མིན་འདུག་པས། ངུ་རྒྱུ་ག་རེ་འདུག ” ཅེས་ཨ་མ་བདེ་སྐྱིད་མཁའ་འགྲོས་ངག་འཇམ་པོའི་སྒོ་ནས་དེ་ལྟར་བཤད།  ཁྱི་སྐྱག་གིས་སླར་ཡང་ “ ངའི་ཨ་མ་གྲོངས་སོང” ཞེས་སྨྲས།  “ བདུད་ཕྲུག་དེ།  རང་སྨྱོ་གི་འདུག་གམ ” ཞེས་བཤད་ཞོར་ཁོ་ལ་འགྲམ་ལྕག་མེ་འབར་བ་ཞིག་གཞུས་སོང་།    ཁྱི་སྐྱག་དེ་མ་ཐག་མོའི་པང་ཁ་ལས་བབས་ཏེ་སྒོ་ཁར་བུད་ནས། “ ཨ་མ།  ཨ་མ ” ཞེས་འབོད་ཞོར་ཤར་རེར་འདས་པོ་ཉི་མ་ཚང་གི་ཕྱོགས་སུ་རྒྱུགས།བདེ་སྐྱིད་མཁའ་འགྲོས་ཀྱང་ཁོའི་རྗེས་སུ་སྙེགས་ནས་རལ་བ་ཆགས་པའི་ཁོའི་སྐྲ་ལོ་ནས་འཇུས་ཏེ་ཚུར་ཁྱིམ་དུ་དྲུད་བཞིན་ཁྲིད་བྱུང་།   “ བདུད་མོ།   བདུད་མོ།   ཁྱེད་ངའི་ཨ་མ་མ་རེད།   ངའི་ཨ་མ་གྲོངས་སོང” ཞེས་བཤད།རྨོ་བོ་ཚེ་རིང་སྐྱིད་ཀྱིས་ཁྱི་སྐྱག་དྲུད་ནས་ཡོང་བ་མཐོང་མ་ཐག “ བདེ་སྐྱིད་མཁའ་འགྲོ།  རང་སྨྱོ་གི་འདུག་ག  ཕྲུ་གུར་སྡུག་པོ་བཏང་ན་སྙིང་རྗེ་གི་མིན་འདུག་གམ ” “ཕྲུ་གུ་དེ་ལ་བྱམས་པོ་བྱས་ན་སྐྱག་ལང་ལ་ཤོར་འགྲོ་གིས”ཞེས་བཤད།
    རྨོ་བོ་ཚེ་རིང་སྐྱིད་ཀྱིས་ཐབ་ཀའི་ནང་མེ་གཏོང་ཞོར་སེམས་ལ་ཁྱད་མཚར་བའི་དོགས་སྣང་ཞིག་བྱུང་བ་སྟེ། སྔོན་ཆད་འདས་པོ་ཉི་མ་ཚང་ལ་བུ་གཅིག་བྱུང་ཡང་། སྟབས་མི་ལེགས་པ་ཞིག་ལ་ཁོ་ལོ་བཅུ་གསུམ་ལ་ཐོན་དུས་རི་ལ་མེ་ཤིང་འཐུ་བར་ཕྱིན་ནས་ནམ་ཡང་ཕྱིར་ལོག་རྒྱུ་མ་བྱུང་བའི་གནས་ཚུལ་དེ་ཡིད་ལ་འཁོར་ཞིང་།  གཅིག་བྱས་ན་ཁོའི་རྣམ་ཤེས་དེ་ཁྱི་སྐྱག་ལ་འཕོས་པ་མིན་ནམ་སྙམ་བཞིན་སེམས་ལ་དངངས་སྐྲག་ཞིག་དང་བྲེད་ཤ་ཞིག་ལངས།
    ཁྱི་སྐྱག་ཉིན་རེ་ལས་མ་འདས་པར་འཚར་ལོངས་འབྱུང་གིན་ཡོད་ལ། ཁོའི་བྱེད་ལུགས་བྱེད་སྟངས་ནི་ཆུང་  དུས་ཀྱི་འདས་པོ་ཉི་མ་ཚང་གི་བུ་འདས་པོ་དེའི་བྱེད་ལུགས་དང་ཧ་ཅང་འདྲ་བ་ཡིན་ཏེ།  དཔེར་ན།   གཉིས་ཀ་དགུན་ཁ་འཁྱག་ཤུར་གློད་རྒྱུར་དགའ་བ་དང་། དབྱར་ཁ་ཆུ་རྐྱལ་ལ་རོལ་རྒྱུར་དགའ་བ། ཁོ་གཉིས་པོ་སྐྲ་ལོ་རིང་   པོར་འཇོག་རྒྱུ་དགའ་བ་གང་ཞིག    གཉིས་ཀའི་སྐྲ་ལོར་རལ་བ་ཆགས་ཡོད་པ།   གོང་མཛུབ་དང་དཀྱིལ་མཛུབ་གཉིས་ཁ་ནང་དུ་བཅུག་ནས་འཇིབ་རྒྱུར་དགའ་བ་སོགས་ཐུན་མོང་གི་ཆ་དུ་མ་ལྡན་ཡོད་པ་རེད། དེ་ལས་ཡ་ མཚན་སྐྱེ་དགོས་པ་ཞིག་ལ། ཁྱི་སྐྱག་གིས་ནམ་རྒྱུན་ཨ་མ་ཉི་མ་མིག་ལམ་དུ་འཆར་ཐེངས་རེར་སེམས་ལ་དགའ་ བ་དཔག་མེད་སྐྱེ་བཞིན་ཡོད། ལྷག་པར་དུ། ཨ་མ་ཉི་མ་འདས་པའི་ཉིན་མོ་དེར་ཁོས་རྒྱུན་གཏན་མིན་པའི་ངུ་ སྐད་རྒྱག་ཅིང་། རང་ཉིད་ཀྱི་ཨ་མ་ངོ་མ་གྲོངས་པ་ལས་ལྷག་པའི་སེམས་སྡུག་བྱེད་ཀྱིན་ཡོད་པ་རེད། དུས་དེ་ ནས་བཟུང་། ཁོའི་ཁྱིམ་མི་ཚོས་འདས་པོ་ཉི་མ་ཚང་གི་བུ་འདས་པོ་དེའི་རྣམ་ཤེས་ཁྱི་སྐྱག་ལ་འཕོས་པར་ཡིད་ ཆེས་བྱེད་ཀྱི་ཡོད་ལ།  ཁོའི་སྐྱེ་བ་ཕྱི་མ་ཁྱི་སྐྱག་ཡིན་པར་ཐེ་ཚོམ་གཏན་ནས་བྱེད་ཀྱི་མེད།
  ལོ་ངོ་རེ་རེ་བཞིན་བུད་སོང་། ཁྱི་སྐྱག་ཡང་སྡེ་བའི་ན་མཉམ་གྲོགས་པོ་དང་འདྲ་བར་ད་ལོ་ལོ་བཅུ་གསུམ་ལ་སླེབས། ཁ་བ་སྐྱ་ཆིལ་ཆིལ་བབས་པའི་དགུན་དུས་ཀྱི་ཉིན་མ་ཞིག་ལ། ང་རང་སློབ་གྲྭ་ནས་ཕྱིར་ལོག་བྱེད་པའི་ ལམ་བར་དུ་ངས་ཡང་སྐྱར་ཁྱི་སྐྱག་ཁོ་མཐོང་བྱུང་། དེ་དུས་ཁོས་ཚིལ་དྲེག་ཆགས་པའི་ལྟོ་ཕད་ཆུང་ཆུང་ཞིག་ སྒལ་བར་འཁུར་ནས་རི་ལ་མེ་ཤིང་འཐུ་བར་འགྲོ་བཞིན་འདུག ངས་ཡུན་རིང་བོར་ཁོའི་རྒྱབ་གཟུགས་ལ་ཅེར་ ནས་བསྡད། བསམ་ཡུལ་ལས་འདས་པ་ཞིག་ལ། དེ་ནས་བཟུང་ངས་ཁྱི་སྐྱག་ཁོ་མཐོང་བའི་བསྐལ་བ་མ་བྱུང་། སྡེ་པའི་མི་རྣམས་ཀྱི་ངག་སྒྲོས་ལ་ཉན་ན།  ཁོ་མེ་ཤིང་འཐུ་བར་ཕྱིན་པའི་ཉིན་དེ་ནས་བཟུང་།  ཁོ་ཕ་ཡུལ་དུ་ཕྱིར་ལོག་བྱས་མ་བྱུང་ཟེར། ངས་ཀྱང་མཆོད་མེ་རྐང་གཅིག་ལ་མེ་སྒྲོན་ཞོར་ཁོར་ཆེས་རྗེས་མའི་སྐྱེལ་མ་དེ་བྱས་ཞིང་།  མ་ཎི་ཡིག་དྲུག་བར་མེད་འདོན་བཞིན་སློབ་གྲྭར་འགྲོ་བའི་ལམ་ལ་བཞུད་པ་ཡིན།  
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱི་སྐྱག

2012-04-11 རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།