ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༥

                                         བཅོ་ལྔ།
  དོན་གྲུབ་དང་ལྕགས་མོ་ཐར་གཉིས་ལ་འབྲེལ་བ་འདུག་ཟེར་མཁན་ནི་ཁྱིམ་མཚེས་བུད་མེད་བཀྲ་ཤིས་དབང་མོ་རེད། ཁོ་མོས་ཚེ་སྐྱིད་ལ་དྲང་ཐད་ཀྱིས་ཤ་ཚ་བའི་སྒོ་ནས་བཤད་པ་མིན་པར་བསྙད་བརྐོའི་ཚིག་དང་སྡེབ་ནས་བཤད་པ་རེད།
  ཁྱིམ་མཚེས་བུད་མེད་བཀྲ་ཤིས་དབང་མོ་དང་ཚེ་སྐྱིད། རྒྱ་མོ་སྐྱིད་གསུམ་གར་སྔོན་ནས་བཟུང་མི་མཐུན་པའི་རྩོད་གཞི་ཅི་ཡང་མེད་མོད། ཚེ་སྐྱིད་དང་རྒྱ་མོ་སྐྱིད་གཉིས་ཀ་རང་བཞིན་གྱིས་གྲོགས་པོར་གྱུར་བ་དང་བཀྲ་ཤིས་དབང་མོ་ལས་ཀར་བསྐྱར་་ཞུགས་བྱས་རྗེས་བུད་མེད་ལས་བྱེད་པ་དག་དང་འགྲོགས་པ་དེས་ཁོ་མོ་ཚོའི་བར་དུ་གཟུགས་མེད་ཀྱི་འགལ་བ་ཞིག་རང་བཞིན་གྱིས་ལྷུང་བར་གྱུར་བ་རེད་པས། རྒྱུན་དུ་གང་ནས་འཕྲད་ཀྱང་ཁ་གྲགས་ཀྱིན་མེད་ལ་ལན་རེར་མི་གཞན་དང་འགྲོགས་ནས་འགྲོ་བའི་  སྐབས་ཕ་རོལ་བར་འཕྱ་སྨོད་བྱེད་པ་ལྟར་སྐད་ཆ་ཤུབ་ཤུབ་བཤད་རྗེས་ལྐོག་ལྟ་བྱས་ནས་དགོད་པ་སོགས་ཀྱིན་འདུག
  ཉིན་དེ་གཟའ་ཉི་མ་ཡིན་པས། ཚེ་སྐྱིད་ཀྱིས་ལྷ་མོ་སྒྲོལ་མར་བུ་མོ་ཆུང་བར་ལྟ་རུ་བཅུག་རྗེས་རྒྱ་མོ་སྐྱིད་དང་འགྲོགས་ནས་རྒྱ་སྲང་ལ་འགྲོ་རྒྱུ་བྱས། ཁོང་གཉིས་ཀ་རང་ཁྱིམ་དང་འབྲེལ་བའི་སྲང་གོག་ནས་བུད་དེ་རྒྱ་སྲང་ལ་འགྲོ་དུས་མདུན་རོལ་ནས་བཀྲ་ཤིས་དབང་མོ་དང་བུད་མེད་ཅིག་ཚུར་ཡོང་གིན་པ་དང་འཕྲད་བྱུང་། དེང་ཐོག་ཁོ་མོ་ཚོས་ཀྱང་ནམ་རྒྱུན་ལྟར་རང་རང་སར་སྒེག་ཉམས་དང་བཅས་འགྱིང་འགྲོས་བྱེད་རྩིས་ཡོད་མོད། ཚེ་སྐྱིད་གློ་ལུ་འགའ་བྱས་ཏེ་ལུད་པ་ཞིག་སར་འཕངས་པས་བཀྲཤིས་དབང་མོ་དེ་འཕྲལ་ཚུར་ཤོར་ནས་ཡོང་བ་རེད། ཁོ་མོ་ཐད་གར་དུ་ཚེ་སྐྱིད་ཀྱི་གན་དུ་ཤོར་ནས་ཐོན་ཞིང་འགྲམ་ལྕག་གཞུ་ལ་ཁད་ཅིག་བྱས་ཏེ། “ཁྱོད་ཀྱི་མཆིལ་མ་འདེབས་དོན་ཅི་ཡིན་”ཟེར།
  ཚེ་སྐྱིད་ཀྱང་དེ་མུར་ཚིག་པ་ཟོས་ཏེ། “ངས་མཆིལ་མ་འཕངས་ན་ཁྱོད་ཀྱི་གདོང་ལ་འཕངས་པ་མ་རེད་”ཅེས་བཤད།
  རྒྱ་མོ་སྐྱིད་ཀྱིས་ཀྱང་གཞོགས་ནས་ཁ་སྣོན་གྱི་ཚུལ་དུ། “ཁྱོད་ཀྱི་གན་ནས་མཆིལ་མ་ཡང་འཕེན་མི་ཆོག་པ་རེད་དམ་”ཞེས་བཤད་བྱུང་།
  བཀྲ་ཤིས་དབང་མོས་ཁོ་མོ་གཉིས་ཀས་གཅིག་གཞོགས་གཉིས་འདེགས་བྱས་བྱུང་བ་མཐོང་ནས་སྔར་བས་ཀྱང་ན་ཟུག་མ་ཐེག་པར། “མི་ཆོག ཁྱོད་གཉིས་ཀ་ལྟ་བུར་མཆིལ་མ་འཕེན་པའི་དབང་ཆ་མེད། རང་ཉིད་ཀྱི་བཟོ་ལྟ་ལ་མི་བལྟ་བར་མི་ལ་བཤད་པའི་དབང་ཆ་ཅི་འདུག་”ཟེར།
  སྐད་ཆ་དེ་ཐོས་པས་ཚེ་སྐྱིད་ཀྱིས་ཧབ་དགོད་ཅིག་བྱས་ཏེ། “མཆིལ་མ་འཕེན་པའི་དབང་ཆ་མེད་ན་ཡང་འཕེན་རྒྱུ་རེད། ད་དུང་མཆིལ་མ་འཕེན་འདོད་ཚེ་ཁྱོད་ལྟ་བུའི་ངོ་གདོང་ལའང་འཕེན་སྲིད་”ཅེས་བཤད།
  བཀྲ་ཤིས་དབང་མོས་ཀྱང་ཧབ་དགོད་ཅིག་བྱས་ནས། “འཕེན་འདོད་ན་ལྕགས་མོ་ཐར་གྱི་ངོ་གདོང་ལ་ཕོངས་དང་ཆོག་པ་རེད། འཕེན་ཡུལ་མིག་མདུན་དུ་བཤམས་འདུག རང་ཉིད་ཀྱི་ཁྱོ་ག་ལའང་བདག་མི་ཐུབ་པ་ཞིག་གིས་མི་གཞན་ལ་ཅི་བཤད་ཨང་”ཞེས་བཤད་རྗེས་བུད་མེད་གཞན་དེའི་བཤོལ་བ་བྱས་པ་ལྟར་ཧབ་ཆ་རྒྱག་བཞིན་ཕར་ཕྱོགས་སུ་བུད་སོང་།
  ཚེ་སྐྱིད་ཀྱིས་སྐད་ཆ་དེའི་ན་ཟུག་མ་ཐེག་པར། “ཁྱོད་བུ་མོ་ཡིན་ན་སྡོད་ཅིག ངས་ཁྱོད་ལ་གཅིན་འཐུང་དུ་འཇུག་”ཟེར་བཞིན་ཁོ་མོའི་རྗེས་ཕྱོགས་སུ་ཤོར་གྲབས་བྱས་ཀྱང་། རྒྱ་མོ་སྐྱིད་ཀྱིས་བུད་མེད་དག་ལག་འཛིང་བྱས་ན་མི་ཁ་ངན་པ་འཁོར་ཡོང་བ་ཤེས་ཏེ་བཀག་བྱུང་།
ཚེ་སྐྱིད་ཀྱང་དེ་འཕྲལ་རྒྱ་སྲང་ལ་འགྲོ་མ་འདོད་པར་མགོ་ན་བར་ཁ་གཡར་ཏེ་ཕྱིར་ཁྱིམ་ནང་དུ་ལོག་སྟེ་ཡུན་རིང་བོར་ངུས་ནས་བསྡད། བུ་མོ་ཆུང་བས་ཅི་ཡང་མི་ཤེས་ཀྱང་ལྷ་མོ་སྒྲོལ་མ་ཨ་མའི་གན་དུ་བསྡད་ནས་ཡང་དང་ཡང་དུ་མི་ངུ་བའི་ཞུ་བ་བྱེད་ཀྱིན་འདུག་པས། བུ་མོའི་བཟོ་ལྟར་བལྟས་ན་ཧ་ཅང་སྙིང་རྗེ་བོ་འདུག་པས་མཇུག་མཐར་ངུ་མཚམས་བཞག་སྟེ་བསམ་བློ་བཏང་། ལྕགས་མོ་ཐར་ནི་ཁོ་མོས་ཀྱང་ངོ་ཤེས་ཏེ། ནམ་རྒྱུན་ལོ་སར་གྱི་སྐབས་སུ་ད་ལྟའི་སྲོལ་ལྟར་ལས་ཁུངས་ཀྱི་ལས་བྱེད་པ་དང་ལྷན་དུ་ལེགས་སྐྱེས་ཁྱེར་ནས་ཁོང་ཚང་ལ་ལོ་སར་དུ་ཡོང་མྱོང་། ཁོ་མོས་ཀྱང་ལས་ཁུངས་ཀྱི་ལས་བྱེད་པ་དག་དང་མཉམ་དུ་ཆང་འཐུང་བ་དང་ཁ་བརྡ་བྱེད་པ་ལས་ཚེ་སྐྱིད་ཁྱིམ་འདིའི་ཁྱིམ་བདག་མ་ཡིན་པར་སྣང་འཇོག་ཅི་ཡང་བྱེད་ཀྱིན་མི་འདུག་པས་ཕར་བལྟས་ཚོད་དུ་བུད་མེད་ང་རྒྱལ་ཅན་ཞིག་ཡིན་པའི་སྣང་བ་བྱིན་འོང་། ད་ལྟ་བསམས་ན་དེ་དུས་སུ་ཁོ་མོས་དོན་གྲུབ་ལ་ཆང་འདྲེན་པ་དང་དགོད་བཞིན་དུ་ཁ་བརྡ་བྱེད་པ། འགྲུལ་བའི་ཚབ་བྱས་ནས་གླུ་དབྱངས་ལེན་པ་སོགས་ཀྱི་རྣམ་འགྱུར་ཡོད་ཚད་ཀྱང་ཁོང་གཉིས་ལ་ལྐོག་འབྲེལ་ཡོད་པའི་རྣམ་འགྱུར་ཤ་སྟག་ཡིན་པའི་སྣང་བ་སྐྱེས་ལ། དེ་དང་ལྷན་དུ་བུད་མེད་དེའི་གཡོ་ཟོལ་ལྷན་འདྲེས་ཀྱི་བྱ་སྤྱོད་་སྟེང་ལ་བཟོད་དུ་མེད་པའི་ཤ་འཁོན་གྱི་འདུ་ཤེས་ཀྱང་སྐྱེས་བར་གྱུར་ལ། དེ་དང་ལྷན་དུ་ནམ་རྒྱུན་ཁྱོ་ག་ཕྱི་རོལ་ཏུ་ཚོགས་འདུར་འགྲོ་རྒྱུ་ཡིན་ཟེར་བ་ཡོད་ཚད་ཀྱང་ཁ་གཡོར་ས་ཙམ་ཡིན་པ་ལས་དོན་དངོས་སུ་བུད་མེད་འཚོལ་དུ་འགྲོ་བ་ཡིན་པའི་ཚོར་སྣང་བྱུང་།
  ཚེ་སྐྱིད་ཀྱིས་ཀྱང་དང་ཐོག་རང་ཉིད་ཀྱི་ལ་རྒྱ་ཤོར་དུ་མ་བཅུག་པར་བུ་མོ་གཉིས་ཀར་སེམས་གསོའི་ཚུལ་དུ། “ཁོ་རང་ཡུལ་དུ་མ་ཡོང་ན་ཅི་རེད། ང་ཚོས་ཁོ་ཉིན་ག་ཚོད་ལ་ཕྱི་རོལ་ནས་འདུག་ཐུབ་པར་བལྟ་དང་”ཟེར་མོད། ཡིན་ན་ཡང་ཉིན་གཅིག་རེ་ཕར་ཡོལ་བ་ནས་བཟུང་ཁོ་མོ་གཅིག་པུར་ཧ་ཅང་ཁེར་རྐྱང་གི་སྣང་བ་ཞིག་སྐྱེས་ནས་སེམས་གཏིང་ནས་ཁོ་རང་གློ་བུར་དུ་སྒོ་ནང་ནས་མངོན་ཡོང་བར་རེ་སྒུག་བྱེད་དགོས་བྱུང་། ཁོ་མོའི་སེམས་ལ་ཁོ་རང་ཉིད་ལ་རླངས་འཁོར་ཡོད་པས་སྤྱི་སྤྱོད་རླངས་འཁོར་ལྟར་དུས་ཚོད་ཀྱི་ངེས་གཏན་མེད་པས་མཚན་བརྒྱབ་ནས་ཐོན་ཡང་སྲིད་སྙམ། ཁོ་མོས་རེ་སྒུག་བྱས་ཀྱང་དུས་བཅད་ཀྱི་དུས་ཚོད་རེ་རེ་བཞིན་ཕར་འདས་ཏེ་སླར་ཡང་ཉིན་གཅིག་གི་དུས་ཚོད་ལ་ཚར་འགྲོ་བ་དང་། ཡང་བསྐྱར་ཉིན་གཅིག་གི་མགོ་རྩོམ་ལ་ཉེ་བའི་དུས་དག་ཏུ་སེམས་ཀྱིས་མ་བཟོད་པར་རང་ས་ནས་ཁེར་བཤད་བྱེད་དགོས་བྱུང་། “གལ་ཏེ་ཁྱོད་རང་ད་ལྟ་ཉིད་དུ་ཁྱིམ་དུ་ཐོན་ཚེ་ངས་ཁྱོད་ལ་གུ་ཡངས་བྱིན་ཆོག ད་ཐེངས་མ་ཐོན་ཚེ་ཚེ་གང་བོར་ཡང་ཁྱིམ་དུ་ཡོང་མི་དགོས་”ཟེར་བ་དང་ཡང་“དེ་རིང་མ་ཡོང་ཚེ་ངས་ཁྱོད་ལ་ཚེ་གང་བོར་ཁ་ཡ་བྱེད་མི་སྲིད། ང་ལ་ཞུ་བ་བྱས་ཀྱང་ཕན་ཐོགས་མེད་”ཟེར་ནས་ཁོ་རང་དུས་བཅད་ནང་དུ་ཁྱིམ་ནང་དུ་ཐོན་ཡོང་བར་རེ་སྒུག་བྱེད། ད་ལྟ་ཁོ་མོ་ཁྱིམ་མཚེས་བུད་མེད་རྒྱ་མོ་སྐྱིད་ལའང་ངོ་གནོང་ཡོང་བས་ཕར་ཁོང་ཚང་ལ་འགྲོ་མི་སྲིད་ལ་ཁོ་མོ་ཚུར་ཁྱིམ་ནང་དུ་ཁ་བརྡ་བྱེད་རོགས་སུ་འབོད་ཀྱང་མི་འདོད། ཁོ་མོའི་སེམས་ལ་དོན་གྲུབ་མྱུར་མོར་རང་ཡུལ་དུ་ཐོན་ཚེ་བཀྲ་ཤིས་དབང་མོའི་བསྙད་བརྐོའི་སྐད་ཆ་དེ་དག་ཁུངས་མེད་འཆལ་གཏམ་ཡིན་པ་བདེན་དཔང་བྱས་ཆོག་པ་རེད་པས་ཁོ་མོའི་ཐོག་ཏུ་བབས་པའི་བརྙས་བཅོས་སམ་མཐོང་ཆུང་གི་ཁུར་བོ་འདི་ཡང་རང་སར་དོར་ཆོག་པ་རེད་སྙམ། ཁོ་མོ་གཅིག་པུ་ཁྱིམ་ནང་དུ་བསྡད་ནས་དེ་ལྟར་རེ་སྒུག་བྱས།
  ཁོ་མོས་དུས་བཅད་བྱས་ཏེ་རེ་ལྟོས་ཅི་འདྲ་བྱས་ན་ཡང་ཁྱོ་གའི་གཟུགས་བརྙན་དེ་ཁོ་མོའི་བསམ་ཚོད་ལྟར་མིག་གི་མཐོང་ལམ་དུ་མངོན་རྒྱུ་མ་བྱུང་བས་གཞི་ནས་ཁོ་མོའི་སེམས་ལ་དོགས་པ་སྐྱེས་མགོ་བརྩམས་བྱུང་། ཁྱིམ་མཚེས་ཀྱི་བུད་མེད་ཚོས་བཤད་པ་ལྟར་ན། ད་ལྟའི་དཔོན་པོ་དག་ནི་ལས་ཁུངས་ནང་གི་བུ་མོ་ལོ་ཆུང་དག་དང་འབྲེལ་བ་བཟང་ཚུལ་དང་། དཔོན་པོ་སུ་ཞིག་ནི་ལོ་ལོན་ཏེ་བུ་ཕྲུག་དག་ཀྱང་བྱ་བར་ཞུགས་ཟིན་ཡང་གཉེན་ཐོར་བྱས་ཏེ་བུད་མེད་གཞན་ལ་གཉེན་སྒྲིག་བྱས་པ། དཔོན་པོ་སུ་ཞིག་གིས་ལྐོག་ནས་ཆུན་མ་བཙལ་བར་མ་ཟད་གྲོང་ཁྱེར་ནས་ཁང་བ་ཉོས་ཏེ་བྱིན་ཡོད་ཚུལ་སོགས་ཀྱི་གསར་འགྱུར་སྣ་ཚོགས་ཐོས་མྱོང་བས། དོན་གྲུབ་་ཀྱང་ཉིན་འགའ་རེར་ཡུལ་དུ་མི་ཡོང་བར་ཕྱི་རོལ་ཏུ་སྡོད་པར་བལྟས་ན་ལྐོག་ཏུ་བུད་མེད་དེར་ཟི་ལིང་དུ་ཁང་བ་ཉོས་ཡོད་པ་ཨེ་ཡིན་ནམ། དེ་འདྲ་མིན་ན་ཕོ་རྐྱང་ཞིག་དོན་མེད་དུ་ཉིན་འགའ་རེར་ཕྱི་རོལ་ཏུ་སྡོད་ཐབས་ཡོད་དམ། གལ་ཏེ་དངོས་གནས་ཁོ་རང་ལ་ཡང་སེམས་ཅན་གྱིས་བཤད་ཀྱིན་པའི་དཔོན་པོ་དེ་དག་དང་འདྲ་བར་ཕྱི་རོལ་ན་བུད་མེད་དེར་ཁང་བ་ཞིག་ཉོས་ཡོད་ཚེ་རང་ཉིད་ཀྱིས་ཅི་ཞིག་བྱས་ན་འོས་སམ་སྙམ་བཞིན་སེམས་མི་བདེ་འཚབ་འཚུབ་ཏུ་གྱུར་ཅིང་། དེ་མུར་ཁ་པར་བླངས་ནས་དོན་གྲུབ་ཀྱི་ལག་འཁྱེར་ཁ་པར་གྱི་ཨང་ཀི་དག་མནན།
  “ཝེ། ”ཕ་རོལ་ནས་ཁ་པར་གྱི་ཁ་ཕྱེ་བྱུང་།
  ཚེ་སྐྱིད་ཀྱིས་ངག་ཅུང་འདར་གྱིན་ཡོད་ན་ཡང་ད་དུང་འཁང་ར་བྱེད་པའི་ཚུལ་གྱིས་། “ཁྱོད་གང་དུ་ཡོད། ད་དུང་ཡུལ་དུ་ཡོང་རྒྱུ་མིན་ནམ། ”ཞེས་དྲིས།
  ཕ་རོལ་ནས་“ད་དུང་ཉིན་འགར་ཡུལ་དུ་ཡོང་མི་ཐུབ་”ཟེར།
  ཚེ་སྐྱིད་དེ་མུར་ཁོང་ཁྲོ་ལངས་ཏེ་སྐད་གདངས་ཇེ་དྲག་ཏུ་གྱུར་སོང་། “ཁྱོད་ཀྱིས་ཟི་ལིང་དུ་ཅི་ཞིག་བྱེད་པ་ཡིན། ཁྱོད་ལ་ངོ་མ་ཡུལ་འདི་མི་དགོས་པ་ཡིན་ནམ། ཁྱོད་ཀྱིས་དོན་ངོ་མར་ཅི་ཞིག་བྱེད་སྙམ་པ་ཡིན་”ཞེས་བསྟུད་མར་དྲིས་བྱུང་།
  ཕ་རོལ་ནས་ཅུང་འཚེར་སྣང་དང་བཅས་ཏེ་སྐད་དམའ་མོས་། “ཁྱོད་ཀྱིས་སྐད་དམའ་མོ་བྱོས་དང་། ང་ཚོ་འདི་གར་ཚོགས་འདུ་འཚོགས་ཀྱིན་ཡོད་”ཟེར།
ཚེ་སྐྱིད་ཀྱི་རྣར་མ་སོང་བར་“ད་དུང་ཚོགས་འདུར་སོང་བ་ཡིན་ཟེར། ངས་ཁྱོད་རང་བུད་མེད་བདའ་རུ་སོང་བ་ཤེས་ཀྱིན་མི་འདུག་སྙམ་པ་ཡིན་ནམ། ངས་ཁ་པར་བཏང་ན་ཁྱོད་གཉིས་ལ་བར་ཆད་བཟོ་ཡིན་འདུག་གམ་་་་་”ཞེས་སྡིགས་མོ་བྱེད་མགོ་བརྩམས་པ་ན་ཕ་རོལ་ནས་ཁ་ཡ་མི་བྱེད་པར་དེ་མ་ཐག་ཏུ་ཁ་པར་གྱི་སྒོ་བརྒྱབ་བྱུང་།
དོན་གྲུབ་ཀྱིས་ཁོ་མོའི་ཁ་པར་ལ་ཉན་འདོད་མ་བྱུང་བར་སྒོ་བརྒྱབ་བྱུང་བ་དེས་ཚེ་སྐྱིད་ཀྱི་སེམས་ལ་སྔར་བས་ཀྱང་བཟོད་མི་ནུས་པའི་ན་ཟུག་སྐྱེས་སུ་བཅུག་སོང་། ཁོ་མོས་ཁ་པར་ཁྲོག་གེར་ཕྱིར་བཞག་ཅིང་ཞེ་སྡང་ཆེན་པོས་ཁྱིམ་ནང་དུ་ཕར་འགྲོ་ཚུར་འགྲོ་ལན་འགའ་བྱས་ཤིང་། སླར་ཡང་འགྲོ་མཚམས་བཞག་ནས་ཀྲོང་ཀྲོང་བོར་འགྲེང་སྟེ་བསམ་བློ་གཏོང་བར་བྱེད། ཁོ་མོའི་སེམས་ལ་ཁོ་རང་ད་ལྟ་བུད་མེད་ཅིག་དང་ལྷན་དུ་བསྡད་ཡོད་པ་ངེས་ཅན་རེད་པས་ངེས་པར་དུ་ཐབས་བཀོད་ནུས་ཡོད་ཅིག་མ་བཀོལ་ན་དོན་དག་ཇེ་བཙོག་ཏུ་འགྱུར་ངེས་པ་དང་། དོན་དག་ཇེ་བཙོག་ཏུ་གྱུར་ན་མཇུག་མཐའ་བསྡུམ་དཀའ་ངེས་རེད་སྙམ། ཡིན་ན་ཡང་ཁོ་མོས་ཁྱིམ་ནང་དུ་ཕར་འགྲོ་ཚུར་འགྲོ་བྱས་ཏེ་བསམ་བློ་ཇི་ལྟར་བཏང་ཡང་དེ་འདྲའི་ཐབས་བཀོད་ལེགས་པོ་ཞིག་སེམས་ལ་དྲན་མ་བྱུང་། ཁོ་མོ་སླར་ཡང་འབོལ་ཁྲིའི་ཐོག་ཏུ་བསྡད་ནས་འགྲམ་དུ་ཡོད་པའི་ཐིག་ལྭ་སླེ་རྒྱུ་དེ་ལག་ཏུ་ལེན་ཙམ་བྱས་རྗེས་སླེ་འདོད་ཀྱི་འདུན་པ་གཏན་ནས་མ་བྱུང་བར་དེ་མུར་ཕྱིར་རང་མལ་དུ་གཡུགས་པ་ན་ཐ་གུའི་གྲུ་གུ་སར་ལྷུང་སྟེ་འགྲིལ་ནས་མར་ཞོལ་གྱི་ནང་སྒོ་ཁའི་ཐང་གཅལ་དུ་སླེབས་འཕྲལ་རྟེན་ཡུལ་ཅི་ཡང་མེད་པ་ལྟར་རང་འགུལ་གྱིས་དེ་གར་གཡོ་འགུལ་འགའ་བྱས་ཏེ་བསྡད་བྱུང་།
  ཚེ་སྐྱིད་ཀྱིས་ནང་སྒོའི་ཐང་གཅལ་དུ་མ་ཉེས་ཁ་གཡོགས་ཐེབས་པ་ལྟར་སྡོད་པའི་གྲུ་གུ་དེར་ལྟ་བཞིན་ད་ལྟའི་རང་ཉིད་ཀྱང་ཁྱིམ་ནས་སྒོ་ཕྱིར་མ་ཕུད་པ་ཙམ་གྱི་གྲུ་གུ་དེ་ཡིན་པ་ལྟ་བུའི་སྣང་བ་སྐྱེས། ཁོ་མོའི་སེམས་ལ་གནའ་མིའི་གཏམ་དཔེར་བུ་མོ་སྐྱིད་སར་མི་སྡོད་ཅིང་བོང་བུ་བདེ་སར་མི་ཉལ་ཟེར་སྲོལ་ཡོད་ཀྱང་། ད་ལྟའི་རང་ཉིད་ཀྱིས་དངོས་གནས་སྐྱིད་མ་ཐེག་པ་མ་ཡིན་པར་དོན་གྲུབ་ཁོ་རང་བདེ་སར་མི་འདུག་པས་ལན་པ་རེད་སྙམ། ཡིན་ན་ཡང་དོན་གྲུབ་ལ་ཇི་ལྟར་ཚོད་འཛིན་བྱེད་པའི་ཐད་ཁོ་མོར་ཐབས་བཀོད་ཅི་ཡང་མི་འདུག་པས་སེམས་པ་ཨ་ཐང་ཆད་པར་གྱུར་སོང་།
  དགོང་མོ་བུ་མོ་གཉིས་ཀ་གཉིད་དུ་ཡུར་བའི་རྗེས་སུ་ཁོ་མོས་ཡང་བསྐྱར་དོན་དེའི་ཕྱོགས་ལ་བསམ་བློ་བཏང་། ཁོ་མོའི་སེམས་ལ་ད་ལྟ་རང་ཉིད་ཀྱིས་འདི་ལྟར་མལ་ཁྲི་སྟོང་བའི་ནང་དུ་ཁེར་རྐྱང་དང་འདང་རྒྱག་ངང་གཉིད་མ་ཡོང་བར་ཁོ་ལ་རེ་ལྟོས་བྱེད་ཀྱིན་ཡོད་ཀྱང་། ཁོས་ནི་ད་ལྟ་རང་ཉིད་གཏན་བརྗེད་དུ་གྱུར་ཏེ་བུད་མེད་གཞན་ཞིག་གི་པང་དུ་དགའ་བདེའི་འཚོ་བར་རོལ་གྱིན་ཡོད་པ་རེད་ཨང་སྙམ་བཞིན་མལ་ཁྲི་ལས་གློ་བུར་དུ་ཡར་ཙོག་དགོས་བྱུང་།
  “ཨ་མ། ཨ་ཕ་ནམ་ཞིག་ལ་ཡོང་རྒྱུ་རེད། ”
  གཉིད་དུ་ཡུར་ཡོད་པ་ལྟ་བུའི་བུ་མོས་དེ་ལྟར་དྲིས་བྱུང་བས་ཁོ་མོ་རེ་ཞིག་ཧད་པར་གྱུར་སོང་། ཕར་བལྟས་ཚོད་ཀྱིས་བུ་མོ་ཆེ་བ་ལྷ་མོ་སྒྲོལ་མ་ཡང་གཉིད་འདུག་པ་ལྟར་སྣང་ཡང་དོན་དངོས་སུ་ཁོ་མོས་ཀྱང་མོ་རང་དང་འདྲ་བར་ཨ་ཕའི་དོན་ལ་སེམས་ཁྲལ་བྱེད་ཀྱིན་འདུག ཁོ་མོས་ཡུན་རིང་དུ་འདང་བརྒྱབ་ཀྱང་ལན་འོས་འཚམ་ཞིག་གདབ་རྒྱུ་མ་རྙེད་པས་ཅུང་ཁྲོས་པའི་ཉམས་ཤིག་བསྟན་ཏེ། “མྱུར་དུ་གཉིད་ན་མི་ཆོག་གམ། ཁྱོད་ཀྱིས་ཡི་གེ་བཟང་པོ་མ་བཏོན་པས་ཨ་ཕས་འདི་ལྟར་བྱེད་པ་རེད་”ཅེས་བཤད་རྗེས། སེམས་ལ་རིག་པ་རྟུལ་ཏེ་ཡི་གེ་མ་ཤེས་ན་སྡིགས་མོ་བྱས་པས་ཕན་ཐོགས་ཅི་ཡོད་སྙམ་ནས་སེམས་གཏིང་ནས་བུ་མོར་སྙིང་རྗེ་ཞིག་སྐྱེས་བྱུང་།
བུ་མོ་སྐྲག་ནས་སྐད་ཆེན་པོས་སྨྲ་མི་ཕོད། སྐད་ཤུབ་བུས་“ཁྱོད་ཚོས་གང་བྱུང་དུ་ང་ལ་སྡིགས་ཀྱིན་འདུག ངས་རྗེས་ནས་ཨ་མེས་ལ་བཤད་རྒྱུ་ཡིན་”ཟེར།
ངས་ཨ་མེས་ལ་བཤད་རྒྱུ་ཡིན་ཞེས་པའི་སྐད་ཆ་དེས་ཚེ་སྐྱིད་ཀྱི་བློ་སྒོ་ཡོངས་སུ་ཕྱེ་བྱུང་། ཁོ་མོའི་སེམས་ལ་དོན་འདི་ངེས་པར་དུ་དོན་གྲུབ་ཀྱི་ཕ་རྒན་ཨ་ཁུ་དབང་ལོར་ཞུ་གཏུགས་བྱས་ན་རང་ཉིད་ལ་རྒྱལ་ཁ་ཡོད་ངེས་ཅན་རེད་སྙམ། ད་ལྟ་ཁོང་ཚང་གི་ཁྱིམ་ནང་དུ་ཁ་པར་འཐེན་ཡོད་པས་ཞུ་གཏུག་བྱེད་རྒྱུ་ནི་ཧ་ཅང་ལས་སླ་མོ་ཞིག་རེད། ཡིན་ན་ཡང་ད་ལྟ་ནམ་གུང་གི་དུས་ཡིན་པས་ཁ་པར་བཏང་ནས་ཁྱིམ་ནང་དུ་ཕུང་དཀྲུགས་བཟོས་ན་མི་ལེགས་སྙམ་སྟེ་ཕྱི་ཉིན་ནམ་ལངས་རྗེས་ཁ་པར་རྒྱག་པའི་སེམས་ཐག་བཅད། ཁོ་མོར་གཉིད་མི་འདུག་པས་ལན་རེར་ཕྱི་ཉིན་ཡུལ་ཕྱོགས་ལ་ཁ་པར་ཇི་ལྟར་གཏོང་བའི་ཕྱོགས་ལ་བསམ་བློ་གཏོང་བ་དང་སྐབས་རེར་ད་ལྟ་དོན་གྲུབ་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་དམ་སྙམ་ནས་ཁོང་ཁྲོ་ལངས་པ་སོགས་ཀྱིས་ཧ་ཅང་ཚད་མེད་པའི་མནར་གཅོད་འོག་ཞག་གཅིག་གི་དུས་ཚོད་ཕར་འཁྱོལ་ཐབས་བྱས། ངོ་མ་གཉིད་ཀྱི་ཕོ་ཉ་མི་ཁུགས་པའི་མི་ཞིག་ལ་མཚོན་ན་མཚན་མོའི་དུས་ཚོད་ནི་ཅི་འདྲའི་ཡུན་རིང་ཞིང་བསྐྱལ་དཀའ་བ་ཞིག་རེད་ཨང་།
  ཕྱི་ཉིན་སྔ་སེ་བུ་མོ་གཉིས་ཀ་སློབ་གྲྭར་བསྐྱལ་རྗེས་ཁོ་མོས་གཞི་ནས་ཨ་ཁུ་དབང་ལོར་ཁ་པར་བརྒྱབ་པ་རེད།
  ཨ་ཁུ་དབང་ལོས་ཁོ་མོའི་ངུ་སྐད་ཐོས་མ་ཐག་“ཁྱོད་གཉིས་ལ་ཅི་ཞིག་མ་འཕྲོད་པ་རེད་”ཅེས་དྲིས་བྱུང་།
  ཚེ་སྐྱིད་ཀྱིས་མ་ཉེས་ཁ་གཡོགས་ཐེབས་པའི་གདངས་ཀྱིས། “ཁོ་རང་ཡུལ་དུ་མི་ཡོང་བར་འདུག ཟི་ལིང་དུ་འཁོར་ནས་བསྡད་དེ་་་་་་་བུ་མོ་གཉིས་ཀའང་མི་དགོས་པར་འདུག་”ཅེས་བཤད།
  ཁ་པར་ལས་“ཁོ་རང་ཟི་ལིང་དུ་འགྲོ་དོན་ཅི་རེད་”ཅེས་དྲིས་བྱུང་།
  ཁོ་མོས་ཚིག་ཐག་ཆོད་པའི་ངང་། “འགྲོ་དོན་ཅི་ཡང་མེད་པ་རེད། ངས་ཁ་པར་བཏང་ཡང་མི་ཉན་པར་འདུག་་་་་”ཞེས་བཤད་བཞིན་ངུ་སྐད་ཇེ་གསལ་དུ་གྱུར་བར་མ་ཟད་མིག་ཆུ་ཤུར་ཤུར་དུ་བཞུར་བྱུང་།
  ཨ་ཁུ་དབང་ལོ་ཡང་དེ་མ་ཐག་ཏུ་ཅུང་ཁྲོས་བྱུང་བ་འདྲ། “ཁྱོད་སྡོད་དང་ངས་ཁོ་ལ་ཁ་པར་གཏོང་། ”ཟེར་ནས་ཁ་པར་ཁྲོག་གེར་སར་བཞག་བྱུང་།
  ཚེ་སྐྱིད་ཀྱིས་ཁ་པར་བརྒྱབ་ཚར་རྗེས་ངུ་མཚམས་ཀྱང་བཞག་བྱུང་། མིག་ཆུ་འབྱིད་བཞིན་དུ་འབོལ་ཁྲིའི་སྟེང་དུ་བསྡད་པ་དང་དོན་དག་ཧ་ཅང་ཆེན་པོ་ཞིག་འགྲུབ་སོང་བའི་སྣང་བ་སྐྱེས། ཁོ་མོའི་སེམས་ལ་ཕལ་ཆེར་སྔོན་ཞིག་ནས་ཁོ་རང་ལ་བུད་མེད་དེ་འདྲ་ཞིག་ཡོད་པ་ཡིན་ཡང་སྲིད། དེ་མིན་ཚེ་ཁོའི་ཆུང་མ་སྔོན་མ་དེ་ཡང་གང་བྱུང་ངང་ཁོ་རང་ལ་གཉེན་འཐོར་བྱེད་པར་ཡིད་འཐད་བྱུང་སྲིད་དམ། སྟབས་ལེགས་ཏེ་ད་ཐེངས་རང་ཉིད་ཀྱིས་ཚོར་རྟོགས་བྱུང་སོང་བས་ཁོ་ལ་ངོས་ཟིན་གསལ་བོ་ཞིག་ཐོབ་ཏུ་འཇུག་སྲིད་སྙམ། ཁོ་མོས་དེ་ལྟར་བསམ་བཞིན་དུ་གདོང་གི་ཤ་སྐྱིའི་གཏིང་རུམ་ནས་ཧ་ཅང་ཡིད་ཚིམ་པའི་འཛུམ་ཞིག་མངོན་བྱུང་།
  ཅུང་མ་འགོར་བར་ཁ་པར་གྱི་སིལ་སྒྲ་སིལ་སིལ་དུ་གྲགས་བྱུང་བས། ཁོ་མོས་སུ་ཞིག་ཡིན་ནམ་སྙམ་སྟེ་ཡར་ལངས་ནས་དལ་བུར་ཁ་པར་བླངས་པ་ན་ཁ་པར་རྒྱག་མཁན་ནི་ཁོ་མོའི་སྒྱུག་པོ་ཨ་ཁུ་དབང་ལོ་ཡིན་འདུག   
  ཨ་ཁུ་དབང་ལོ་ཁ་གྲགས་ནས་ཧ་ཅང་ཁྲོས་འདུག“ཁྱོད་གཉིས་ནི་བྱིས་པ་རྩེད་ཀྱིན་པ་ཡིན་ནམ། ད་བར་དུ་རྩོད་རྒྱུ་ཅི་ཡང་མེད་ཀྱང་ད་ནི་བུ་མོ་གཉིས་ཀ་ནར་སོན་པའི་སྐབས་འདིར་ད་ནི་འུར་རྒྱག་རྒྱུ་ཅི་ཞིག་འདུག”ཟེར།
  ཚེ་སྐྱིད་ཀྱིས་སྒྱུག་པོས་གང་བྱུང་ངང་ཁོ་མོར་སྡིགས་བྱུང་བ་ཅི་ཡིན་ནམ་སྙམ་སྟེ་རེ་ཞིག་ཇི་ལྟར་བཤད་དགོས་པའང་མ་ཤེས་པར། “ངས་་་་་ངས་ཅི་ཡང་མ་བྱས། ཁོ་རང་ཉིད་མ་ཡོང་བ་རེད་་་་་ད་དུང་་་་་”ཅེས་བཤད།
  ཨ་ཁུ་དབང་ལོས་ཁོ་མོའི་སྐད་ཆར་མི་ཉན་པར། “གང་བྱུང་དུ་མ་བཤད། དོན་གྲུབ་ད་ཐེངས་ཚོགས་འདུར་སོང་བ་ཡིན་ཟེར། ད་ནི་བུ་མོ་གཉིས་ཀར་སེམས་ལྷོད་པོས་སློབ་སྦྱོང་བྱེད་དུ་བཅུག་ན་མི་ཆོག་གམ། ཁྱོད་གཉིས་ཀས་རང་ཚོད་ཟིན་དུ་ཆུགས་”ཞེས་བཤད་རྗེས་ཁོ་མོས་ཅི་བཤད་ལ་མི་ཉན་པར་ཁ་པར་ཁྲོག་གེར་གཏན་བྱུང་།
  སྤྲིན་བྱིའུ་མགོ་ཙམ་ཡང་མེད་པར་ཐོག་སྟ་རེ་འདྲ་བ་ལྷུང་ཞེས་པའི་དཔེ་ལྟར་ཚེ་སྐྱིད་ནི་དེ་མ་ཐག་ཏུ་ས་རུ་ལྷུང་བའི་བྱ་རྒོད་བཞིན་དུ་གྱུར་སོང་། ཁོ་མོ་དལ་དལ་ངང་འབོལ་ཁྲིའི་སྟེང་ཕྱིར་བསྡད་ཅིང་བསམ་གཞིགས་ཀྱི་ཀློང་དུ་འཁྱམས་སོང་། སྒྱུག་པོས་ཀྱང་ཁོ་མོར་ལེ་བདའ་བྱེད་ཀྱིན་པའི་སྐད་ཆ་འདུག་པས་ཚེ་སྐྱིད་ཀྱི་སེམས་རྩ་བ་ནས་ཕམ་པར་གྱུར། ཁོ་མོས་བསམ་བློ་ཇི་ལྟར་བཏང་ཡང་ཁྲེལ་ཁ་དང་སྙིང་འཕྱས་འདི་དག་སེལ་བར་བྱེད་པའི་ཐབས་ལམ་གཅིག་ལས་མེད་དེ། དེ་ནི་ཁོ་མོ་ཁོ་ཚོའི་ལས་ཁུངས་ནང་དུ་སོང་སྟེ་ལྕགས་མོ་ཐར་ཟེར་བའི་བུད་མེད་དེ་བཙལ་ནས་དོན་དག་འདི་ས་འཕྱར་རྡོ་འབུད་ཅིག་བྱེད་པ་དང་། གལ་ཏེ་དོན་གྲུབ་དང་ཁོ་མོའི་བར་དུ་དངོས་གནས་འབྲེལ་བ་དེ་འདྲ་ཞིག་ཡོད་ཚེ་ཁོ་མོ་དང་ཤི་འཛིང་རོ་འཛིང་བྱས་ཏེ་ཕྱིན་ཆད་ཁྱོ་གའི་གན་དུ་འགྲོ་མི་ཕོད་པ་ཞིག་ཏུ་གཏོང་རྒྱུ་དེ་རེད། འོན་ཀྱང་དོན་དག་དེ་འདྲ་ཞིག་མེད་པ་ཡིན་ན་རང་ཉིད་ཀྱིས་ཁྱོ་གའི་གདོང་སྨད་པ་ཡིན་པར་མ་ཟད་མི་ཚེ་ལ་ཁྲེལ་ཁ་བཞག་པ་རེད་པས་ཅི་བྱའམ། ཁོ་མོ་ཐེ་ཚོམ་གྱི་ཁྱོགས་སུ་འཕྱང་ནས་རེ་ཞིག་ཅི་ཞིག་བྱེད་དགོས་པའང་མི་ཤེས་པར་གྱུར།
  ཁོ་མོ་ཧང་ཧང་བོར་སྡོད་པའི་སྐབས་སུ་གློ་བུར་དུ་སྒོ་རྡུང་བའི་སྒྲ་ཞིག་གྲགས་བྱུང་བས། ཁོ་མོས་དོན་གྲུབ་ཕྱིར་ཐོན་པ་རེད་སྙམ་ནས་དགའ་དྲགས་ཏེ་མྱུར་མོར་སོང་སྟེ་སྒོ་ཕྱེ་བ་ན། ཁ་གཏད་དུ་ལངས་འདུག་པ་ནི་རྒྱ་མོ་སྐྱིད་རེད་པས་ཁོ་མོའི་སེམས་དེ་འཕྲལ་འཁྱག་པར་གྱུར་བ་དང་ལྷན་དུ་རྒྱ་མོ་སྐྱིད་ཀྱི་ངོ་ལ་ལྟ་བའི་སྤོབས་པའང་མེད་སོང་།
“ཅི་རེད། སྒོ་བརྒྱབ་སྟེ་གཅིག་པུ་ཁྱིམ་ནང་དུ་བསྡད་ནས་མི་སུན་ནམ། ”རྒྱ་མོ་སྐྱིད་ཀྱིས་དེ་ལྟར་ཟེར་བཞིན་ལག་ནང་གི་ཐིག་སླེ་ཞོར་དུ་ཁྱིམ་ནང་དུ་ཡོང་ལོབས་ཕྱོགས་ལྟར་འབོལ་ཁྲིའི་ཟུར་ཞིག་ཏུ་བསྡད་བྱུང་།
  ཚེ་སྐྱིད་ཀྱིས་་རེ་ཞིག་ཅི་ཞིག་བཤད་དགོས་པའང་མ་ཤེས་བར། “ཉིན་འདི་འགར་མགོ་བོ་ན་ཡིན་འདུག་པས་ཕྱི་སྒོར་འབུད་མི་འདོད། ཉལ་ནས་བསྡད་པ་ཡིན་”ཞེས་རྫུན་ལབ།
  རྒྱ་མོ་སྐྱིད་དེ་མུར་བྲེལ་བ་ལངས་བྱུང་། ལག་ནང་གི་ཐིག་ལྭ་སླེ་མཚམས་བཞག་ནས་“ཨ་ཙི་བླུན་མ་འདི། ན་བ་བྱུང་ན་དེ་ལྟར་གང་བྱུང་དུ་འཇོག་ག་ལ་རུང་། འགྲོ ངེད་གཉིས་ད་ལྟ་ཉིད་དུ་སྨན་ཁང་ལ་སྟོན་དུ་འགྲོ་”ཞེས་བཤད་དེ་ཡར་ལངས་རྩིས་བྱས་བྱུང་།
  ཚེ་སྐྱིད་ཀྱིས་ངོ་གདོང་ལག་པས་བསྐྱོར་ནས་“མིན། སྨན་ཁང་དུ་འགྲོ་མི་དགོས་པར་འདུག་་་་་”ཟེར་བཞིན་དུ་མིག་ཆུ་ཐར་ཐོར་དུ་འགྲིལ་བྱུང་།
  རྒྱ་མོ་སྐྱིད་ཀྱང་བུད་མེད་གྲུང་བོ་ཞིག་ཡིན་པས། དེ་མ་ཐག་ཁེ་སྔོན་བཀྲ་ཤིས་དབང་མོས་བཤད་པའི་སྐད་ཆ་དེའི་རྐྱེན་ཡིན་པ་ཤེས་ཏེ། “ཨ་ཙི་བླུན་མ་འདིས་ཅི་བྱེད་ཀྱིན་འདུག ཁྱོད་ཀྱིས་འདི་ལྟར་བྱས་ན་ཁོ་མོའི་འདོད་ཐོག་ཏུ་རྟ་བརྒྱུགས་པ་མ་རེད་དམ་”ཅེས་ཟེར།
  ཚེ་སྐྱིད་ཀྱང་དེ་མུར་ངུ་མཚམས་བཞག་བྱུང་། མིག་ཆུ་འབྱིད་བཞིན་དུ་ཧ་ཅང་ཐེ་ཚོམ་དང་བཅས། “གང་ལྟར་ངས་དོན་དག་འདི་ས་འཕྱར་རྡོ་འབུད་ཅིག་བྱེད་ན་འདོད་”ཅེས་བཤད།
  རྒྱ་མོ་སྐྱིད་ཀྱིས་ཁོ་མོའི་སྐད་ཆའི་ཧ་མ་གོ་བར། “ཇི་ལྟར་ས་འཕྱར་རྡོ་འབུད་བྱེད་དམ་”ཟེར་ནས་ཁོ་མོའི་གདོང་ལ་ཅེར་བྱུང་།
  “ང་ཁོ་ཚོའི་ལས་ཁུངས་ཀྱི་ལྕགས་མོ་ཐར་ཟེར་བའི་བུད་མེད་དེ་འཚོལ་དུ་འགྲོ་རྒྱུ་”ཚེ་སྐྱིད་ཀྱིས་མདུན་ཅོག་སྟེང་ལ་བལྟས་ནས་ཞེ་སྡང་ཆེན་པོས། “གལ་ཏེ་དོན་དག་དངོས་ནས་དེ་འདྲ་ཞིག་ཡིན་ཚེ་ཁོ་མོ་དང་ཤི་འཛིང་རོ་འཛིང་ཞིག་བྱས་ཏེ་ཕྱིན་ཆད་དོན་གྲུབ་ལ་བལྟ་མི་ཕོད་པ་ཞིག་བཟོ། འོན་ཀྱང་་་་་་་”ཁོ་མོས་ཅུང་ཐེ་ཚོམ་དང་བཅས་“གལ་ཏེ་དོན་དག་དེ་འདྲ་ཞིག་མེད་ཚེ་མི་མང་ལ་ཁྲེལ་ཁ་བཞག་པ་རེད་པས་་་”ཟེར།
  རྒྱ་མོ་སྐྱིད་ཀྱིས་ཁོ་མོའི་སྐད་ཆ་དེར་འདང་ཞིག་བརྒྱབ་རྗེས། “དེར་སྐྱོན་ཅི་ཡོད། ཕྱི་དྲོ་ངས་ཀྱང་ཁྱོད་ལ་འགྲོ་རོགས་བྱས་ཆོག ང་ཚོ་མི་མང་གི་ཁྲོད་དུ་འཛིང་དོན་མེད་པས་དོན་དག་ཡོད་ཁུལ་གྱིས་ཁོ་མོ་བཙལ་ཏེ་ཕྱིར་བོས་ཆོག་པ་རེད། གལ་ཏེ་དོན་དག་དེ་ངོ་མ་ཡིན་ཚེ་གཅར་རྡུང་ཡིད་ཚིམ་པ་ཞིག་བྱེད་ཆོག་”ཅེས་ཟེར།
  ཕྱི་དྲོ། ཚེ་སྐྱིད་ཀྱིས་ལྷ་མོ་སྒྲོལ་མ་བྱིས་པ་ཁང་དུ་བསྐྱལ་ནས་ཕྱིར་ཡོང་དུས་རྒྱ་མོ་སྐྱིད་ཀྱང་ལམ་ལ་ལངས་ཏེ་ཁོ་མོར་བསྒུགས་འདུག ཁོང་གཉིས་ཀྱིས་ཀླུ་མོ་སྒྲོལ་མ་དེ་གའི་རྒྱ་མོ་སྐྱིད་ཀྱི་ངོ་ཤེས་རྒན་མོ་ཚང་ཞིག་ལ་བཅོལ་བ་ན། རྒན་མོ་དེས་ཁྱོད་གཉིས་གང་ལ་འགྲོ་ཡིན་ཞེས་དྲིས་བྱུང་། རྒྱ་མོ་སྐྱིད་ཀྱིས་ངེད་གཉིས་ལ་དོན་དག་ཅིག་བསྒྲུབ་རྒྱུ་འདུག་ཅེས་བཤད། རྒན་མོ་དེས་དུས་ཚོད་ག་ཙམ་གྱིས་ཕྱིར་ཐོན་ཡོང་ཞེས་དྲིས་བ་ལ། རྒྱ་མོ་སྐྱིད་ཀྱིས་དུས་ཚོད་མང་པོ་འགོར་མི་སྲིད་ཟེར། རྒན་མོས་ཡང་བསྐྱར་ཅི་ཡང་དྲིས་མ་བྱུང་།
  ལམ་ལ་ཆས་རྩིས་བྱེད་དུས་རྒྱ་མོ་སྐྱིད་ཀྱིས་སེམས་ལ་ཅི་ཞིག་དྲན་པ་ལྟར། “སྡོད་དང་། ངེད་གཉིས་ལ་ད་དུང་ལག་ཆ་ཞིག་ཀྱང་དགོས་པ་རེད་”ཟེར།
ཚེ་སྐྱིད་ཀྱིས་ཧ་ཅི་ཡང་མ་གོ་བར་“ཅི་ཞིག་བྱེད་པའི་ལག་ཆ་”ཞེས་དྲིས།
  “རྡུང་རེས་བྱེད་ན་ལག་ཆ་མེད་ན་ག་ལ་ཆོག”རྒྱ་མོ་སྐྱིད་ཀྱིས་ཧ་ཅང་ཉམས་མྱོང་ཡོད་པའི་ཚུལ་གྱིས་འདང་ཞིག་བརྒྱབ་ནས་“རེད། ཐག་པ་ཞིག་དང་ལག་ཕྱིས་ཤིག་ཡོད་པས་ཆོག་”ཟེར།
  ཚེ་སྐྱིད་ཀྱིས་ཧ་ཅི་ཡང་མ་གོ་བར་“ཐག་པ་དང་ལག་ཕྱིས་ཀྱིས་ཅི་བྱེད་རྒྱུ་”ཞེས་དྲིས།
  རྒྱ་མོ་སྐྱིད་ནི་གློག་བརྙན་དང་བརྙན་འཕྲིན་ནང་དུ་མཐོང་རྒྱུ་ཡོད་པའི་འཇིགས་སྐུལ་མི་སྣ་ཞིག་དང་འདྲ་བར་“གལ་ཏེ་དོན་དག་དེ་ངོ་མ་ཡིན་ཚེ། ངེད་གཉིས་མི་གཉིས་ཡོད་པས་ཐོག་མར་ཁོ་མོ་བསྡམས་བཀྱིགས་བྱེད་དགོས། བསྡམས་བཀྱིགས་བྱས་ཏེ་གཅར་རྡུང་བྱས་ན་ཁོ་མོ་ངུ་བ་ལས་ཐབས་ཡོད་པ་མ་རེད། སྐད་ཆེན་པོས་ངུས་ན་མི་གཞན་གྱིས་ཐོས་འགྲོ་བས་ཁ་ནང་དུ་ལག་ཕྱིས་རྫོངས་དགོས་པ་རེད། དེ་ལྟར་བྱས་ནས་གཅར་རྡུང་བྱས་ན་གཅིག་ནས་ཁོ་མོར་ངོས་ཟིན་ཐོབ་ཐུབ་པ་རེད་ལ་གཉིས་ནས་ང་ཚོའི་སྙིང་ནད་ཀྱང་དྭངས་ཐུབ་”ཟེར།
  ཁོ་མོ་གཉིས་ཀས་གྲ་སྒྲིག་ཡོད་ཚད་ཚགས་སུ་ཚུད་པར་བྱས་ནས་ལག་ཆ་དག་འཁུར་ཁུག་ནང་དུ་བཙུད་རྗེས་གཞི་ནས་ལམ་ལ་ཆས། ཁོ་ཚོ་ཡོད་ས་ནས་དོན་གྲུབ་ཀྱི་ལས་ཁུངས་ལ་བར་ཐག་རིང་བོ་མེད་པས། ཁོ་མོ་གཉིས་ཡུལ་ནས་ཡོང་དུས་དཔའ་སྟོབས་སྟག་ལྟར་ཆེ་བ་ཡོད་ཀྱང་ཐག་ཉེར་ཐོན་གྱིན་དུ་རྒྱབ་ལ་རྡོ་ལོག་ཅིག་ཁུར་ཡོད་པ་ལྟར་རྐང་བ་ཇེ་ལྗིད་དུ་འགྱུར་གྱིན་འདུག  ཐ་ན་གཞུང་སྒྲུབ་ཐོག་ཁང་གི་སྒོ་ཁའི་ཐེམ་སྐས་ལ་འགོ་དུས་ཀྱང་ཚེ་སྐྱིད་ཨེན་ཙམ་གྱིས་ས་རུ་འགྱེལ་སོང་།
  སྒོའི་ནང་རོལ་ཏུ་འཛུལ་མ་ཐག་མི་ཞིག་ཕྱིར་ཡོང་བ་དང་འཕྲད་པས་ཚེ་སྐྱིད་ཀྱིས་སྐད་དམའ་མོས་“ལྕགས་མོ་ཐར་གྱི་གཞུང་ལས་ཁང་གང་རེད་”ཅེས་དྲིས་པ་ན། མི་དེས་“མི་ཤེས་ཟེར། ”རྒྱ་མོ་སྐྱིད་ཀྱིས་མྱུར་མོར་དག་བཅོས་བྱས་ཏེ་རྩ་འཛུགས་པུའུ་ཡི་གཞུང་ལས་ཁང་གང་རེད་ཅེས་དྲིས་པས། མི་དེས་“ཁྱོད་གཉིས་སུམ་ཐོག་ཏུ་སོང་དང་། གཡོན་གྱི་གྲུ་གའི་ནང་དུ་ཡོད་པ་དེ་རེད་”ཟེར།
  ཚེ་སྐྱིད་ཀྱིས་རྩ་འཛུགས་པུའུ་ཞེས་པའི་མིང་ཐོས་མ་ཐག་དེ་གར་ཡོད་པའི་མི་ཐམས་ཅད་ཁོང་ཚང་ལ་ཡོང་མྱོང་ཞིང་འདྲིས་ཆེ་བར་ཡོད་པས་འགྲོ་མ་ཕོད། རྒྱ་མོ་སྐྱིད་ཀྱིས་“འོ་ན་ང་འགྲོ་ལ་ཁོ་མོ་ཕྱིར་བོས་ཏེ་ཡོང་། སྐད་ཆ་ཁྱོད་ཀྱིས་དྲིས་ཤིག་”ཟེར།
  ཚེ་སྐྱིད་ཧ་ཅང་བག་འཁུམས་པར་གྱུར་“འོ་ན་དེ་བྱ་”ཞེས་བཤད།
  རྒྱ་མོ་སྐྱིད་ལ་འཛེམ་དོགས་ཅི་ཡང་མེད་པར་སྐས་ཐོག་ནས་ཡར་འཛེགས་ཏེ་བུད་སོང་། ཚེ་སྐྱིད་ཀྱི་སེམས་ལ་བུད་མེད་དེ་ཐོན་ཚེ་སྐད་ཆ་ཇི་ལྟར་དྲིས་ན་བཟང་སྙམ་སྟེ་གློ་བུར་བའི་འཚུབ་ཆ་ཞིག་ལངས་ཤིང་ཕར་འགྲོ་ཚུར་འགྲོ་བྱས། ཡང་རང་གིས་རང་ལ་སྙིང་ཕུར་བརྡབས་ནས་སེམས་ལ་“ཧིན། ཁྱོད་ལ་ངའི་ཁྱོ་ག་འཕྲོག་པའི་སྤོབས་པ་ཡོད་ན་ངར་ཁྱོད་ལ་སྐད་ཆ་འདྲི་བའི་དབང་ཆ་ཅི་ལ་མེད་”སྙམ་པ་དང་ད་སྔོན་གྱི་ཞེ་སྡང་སླར་ལངས་ཤིང་སེམས་ཀྱང་སྔར་བས་ཇེ་བརྟན་དུ་གྱུར། ཁོ་མོའི་སེམས་ལ་“འདི་གར་སྐད་ཆ་དྲིས་ན་མི་བདེ་བས་ཕྱི་རོལ་གྱི་མི་མེད་ས་ཞིག་ཏུ་འཁྲིད་དགོས་”སྙམ་བཞིན་ཁོང་གཉིས་མིག་མདུན་དུ་མངོན་ཡོང་བར་བསྒུགས་ནས་བསྡད།
  ཅུང་ཙམ་ནས་རྒྱ་མོ་སྐྱིད་སྐས་ཐོག་ནས་མར་བབས་ནས་ཐོན་བྱུང་ཡང་ལྕགས་མོ་ཐར་ཁྲིད་ཡོང་མི་འདུག་པས། ཁོ་མོ་མྱུར་མོར་ཕར་སོང་སྟེ་“དོན་དག་ཅི་འདྲ་རེད་”ཅེས་དྲིས།
  རྒྱ་མོ་སྐྱིད་ཀྱི་ངོ་མདངས་སྐྱ་བོར་གྱུར་ཏེ། ཁོ་མོར་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མེད་པར་ཁ་ཚུར་གྲགས་ལ་“ང་ཚོ་འགྲོ་”ཟེར།
  ཚེ་སྐྱིད་ཀྱིས་དོན་དག་ཅི་ཞིག་བྱུང་སོང་བ་མ་ཤེས་བས་སྔར་བས་ཀྱང་བྲེལ་འཚབ་ལངས་ཏེ་ཁོ་མོའི་སྔུན་བཀག་ནས་འགྲོ་རུ་མ་བཅུག་པར་“ཁྱོད་ཀྱིས་དྲང་བོར་ཤོད་དང་། དོན་ངོ་མར་དོན་དག་ཅི་ཞིག་བྱུང་སོང་”ཞེས་དྲིས་ནས་མ་གློད་པས་རྒྱ་མོ་སྐྱིད་ཀྱང་ཐབས་ཟད་པར་གྱུར་སོང་།
  ཁོ་མོས་ཚེ་སྐྱིད་ཀྱི་ངོ་ལ་བལྟ་མི་ཕོད་པར་ཅུང་ཐོགས་བཞིན་དུ། “ཁོ་་་་་་་ཁོ་མོ་ཡང་་་་ཚོགས་འདུར་བུད་སོང་”ཞེས་བཤད་བྱུང་།
ཚེ་སྐྱིད་རེ་ཞིག་ལ་ཧད་ནས་སྡོད་པ་དང་དེ་ནས་མགོ་ནང་ཀུན་ཏུ་ནག་ཐིབས་སེར་གྱུར་ཏེ་རྒྱ་མོ་སྐྱིད་གང་མྱུར་ངང་མ་བསྐྱོར་ཚེ་དེ་ག་རུ་འགྱེལ་སོང་།
  ཕྱིར་ཁྱིམ་དུ་འབྱོར་བ་ནས་བཟུང་ཚེ་སྐྱིད་ཀྱི་ཡིད་སེམས་རླུང་གིས་གཡོས་པ་ལྟར་ལྷོད་དུ་འབབ་མི་ཐུབ་པར་གྱུར། ད་ལྟའི་ཁོ་མོའི་སེམས་ཁམས་ནི་ཅི་ཞིག་གིས་ཀྱང་མཚོན་ཐབས་མེད་པ་ཞིག་རེད་ལ་ཐ་ན་ཁོ་མོ་རང་ཉིད་ཀྱིས་ཀྱང་སྨྲ་མི་ཤེས་པ་ཞིག་རེད། ཁོ་མོས་ཤེས་པ་ཉག་གཅིག་ནི་རང་ཉིད་ཀྱིས་ད་ཐེངས་ཀྱི་དོན་དག་འདི་ལ་ཁ་གཏད་ཇི་ལྟར་གཅོག་པའི་ཐད་ཐབས་བཀོད་ལེགས་པོ་ཞིག་བཙལ་དགོས་པ་དེ་རེད། ཡིན་ན་ཡང་བུ་མོ་གཉིས་ཀའི་འུར་ཟིང་གི་ཁྲོད་ནས་ཁོ་མོར་ཅི་དྲན་འདི་དྲན་མེད་པར་ཉིན་གཅིག་མཇུག་རྫོགས་སོང་།
  དགོང་མོ། བུ་མོ་གཉིས་ཀར་ནུབ་ཟས་བླུད་རྗེས་སྔ་མོ་ནས་ཉལ་དུ་བཅུག་པ་དང་། ཁོ་མོ་མལ་ཁྲིའི་སྒང་དུ་བུད་ནས་དོན་དེ་ཁོ་ནར་བསམ་བློ་བཏང་། ཁོ་མོའི་སེམས་ལ་འཆར་གཞི་སྣ་ཚོགས་ཤིག་འཐེན་ཡང་བཀོལ་ཏུ་རུང་བ་གཅིག་ཀྱང་མི་འདུག
  ཁོ་མོའི་སེམས་ལ། ཁོ་རང་ཐོན་མ་ཐག་ཏུ་རང་ཉིད་ཀྱིས་སྨྱོས་པ་ལྟར་ཁོའི་མདུན་དུ་མཆོངས་ནས་འཛིང་རེས་སྙིང་ཚིམ་པ་ཞིག་བྱེད་དགོས་སྙམ། གལ་ཏེ་དེ་ལྟར་བྱས་པ་ཡིན་ན་སེམས་ཀྱི་ན་ཟུག་ཅུང་ཡང་དུ་འགྲོ་མོད། ཁོ་རང་ཡང་ལ་རྒྱ་ཡོད་པའི་མི་ཡིན་པས་དེ་མ་ཐག་ཏུ་ཁ་ཕྱིར་འཁོར་ནས་བུད་འགྲོ་བར་ཐེ་ཚོམ་ཅི་ཡོད། ཁོ་རང་ཕྱིར་བུད་ཚེ་རང་ཉིད་གཏན་ནས་གཏན་དུ་ཁང་སྟོང་འདིའི་ནང་དུ་གཅིག་པུར་འདུག་དགོས་ལ། ངོ་ཚ་མེད་པའི་བུད་མེད་དེའི་འདོད་ཐོག་ཏུ་ཆར་བབས་པ་རེད་པས་མཐའ་མཇུག་ཕམ་ཁ་ཉོ་མཁན་ནི་རང་ཉིད་ཡིན་པ་རེད། རང་ཕམ་གཞན་ཁེ་ཡི་བྱ་སྤྱོད་དེ་འདྲ་གཏན་ནས་སྒྲུབ་མི་རུང་སྙམ།
  ཁོ་མོའི་སེམས་ལ། ཁོ་རང་རེ་ཞིག་བཏང་སྙོམས་སུ་བཞག་ན་འགྲིག  སྔོན་ལ་གོ་སྐབས་གང་ལེགས་ཤིག་ལ་བསྟུན་ནས་བུད་མེད་དེ་འཚོལ་དུ་ཕྱིན་ཏེ་་རྒྱ་མོ་སྐྱིད་ཀྱིས་བཤད་པ་ལྟར་ཐག་པས་བཀྱིགས་ཤིང་ཁ་ནང་དུ་ལག་ཕྱིས་བརྫངས་ནས་གཅར་རྡུང་སྙིང་ཚིམ་པ་ཞིག་བྱེད་དགོས་སྙམ། གལ་ཏེ་དེ་ལྟར་བྱས་པའི་དབང་དུ་བཏང་ན་ཡང་། ཁོ་མོས་ལན་དུ་ཁོ་ནི་དཔོན་པོ་ཡིན་པས་ནམ་རྒྱུན་ང་རང་འདུག་ཏུ་མ་བཅུག་པ་ན་ང་ལ་ལེ་བདའ་བྱེད་རྒྱུ་ཅི་འདུག  འོ་ན་ཁྱོད་ལ་ང་རང་ལས་སྤོར་བྱེད་པའི་དབང་ཆ་ཡོད་དམ་ཞེས་བཤད་ཚེ་ཅི་བྱ་རྒྱུ། ཁོས་མུ་མཐུད་དུ་བུད་མེད་དེའི་རྗེས་སྙེག་ངེས་རེད་ཅིང་ཁོ་ཚོར་བཀག་འགོག་གི་ནུས་པ་ཅི་ཡང་ཐོན་མི་སྲིད་པས་དེ་ལྟར་བྱ་མི་རུང་སྙམ།
  ཁོ་མོའི་སེམས་ལ། ཁོ་ཚོ་ལས་ཁུངས་ཀྱི་མི་ཚང་མ་ཡོད་པའི་མདུན་དུ་ཤོར་སོང་སྟེ་ཁོང་གཉིས་ཀྱི་སྐྱུག་དྲི་བྲོ་བའི་ལྐོག་འབྲེལ་གྱི་གནས་ཚུལ་ཡོངས་རྫོགས་སྒོག་པའི་ཤུན་པ་བཤུ་བ་ལྟར་ཐེར་འདོན་བྱས་ནས་ཁ་སྐྱེངས་ཉམས་ཤོར་ཡིད་ཚིམ་པ་ཞིག་བྱེད་དགོས་སྙམ། གལ་ཏེ་དེ་ལྟར་བྱས་ན་ཁྱོ་གའི་གོ་ཐོབ་དང་སྣང་བརྙན་ལ་བསྣད་ངེས་པར་མ་ཟད་དེང་ཕྱིན་རང་ཉིད་ལ་འདང་རྩིས་ཆུང་དུ་འགྲོ་ངེས་ཅན་ཡིན་པ་དང་མངོན་སུམ་འཛེམ་མེད་ཀྱིས་ཁོང་གཉིས་མཉམ་འགྲོ་མཉམ་འདུག་བྱེད་སྲིད་ལ། ཐ་ན་ཁྱིམ་ཚང་འཐོར་ཞིག་ཏུ་འགྲོ་ཡང་སྲིད་པས་རང་ཉིད་ཀྱིས་དེ་ལྟར་ཡང་བྱེད་མི་རུང་སྙམ།
  ཁོ་མོའི་སེམས་ལ། དེ་མིན་ན་ཁོ་མོར་ཡང་ཁྱོ་ག་ཞིག་ཡོད་ངེས་པས། ཁོ་མོའི་ཁྱོ་ག་བཙལ་དུ་ཕྱིན་ནས་ཁོ་ལ་ཞུ་གཏུགས་བྱས་ན་ཁོས་ཁོ་མོར་གཅར་རྡུང་སྙིང་ཚིམ་པ་ཞིག་བྱེད་ངེས་པར་མ་ཟད་། རྗེས་ཕྱོགས་སུ་དོན་གྲུབ་ཀྱི་གན་དུ་འགྲོ་བར་སྐྲག་པ་ཞིག་བྱེད་དགོས་སྙམ། རེད། འདི་ནི་ཐབས་བཀོད་ལེགས་ཤོས་རེད། འོན་ཀྱང་ཁོ་མོའི་སྤྱོད་པ་ལ་བལྟས་ན་ཁྱོ་གའི་དབང་འོག་ཚུད་ཀྱིན་མེད་པའི་འཆལ་མོ་ཞིག་ཡིན་བཟོ་འདུག  གལ་ཏེ་དོན་འདིར་རྐྱེན་བྱས་ཏེ་ཁྱོ་ག་དང་གཉེན་འཐོར་བྱས་སོང་ཚེ་ཁོ་མོ་སྔར་བས་ཀྱང་ཁ་སྟོང་མགོ་སྟོང་དུ་གྱུར་བ་རེད་པས། ངས་ཁོང་གཉིས་ཀར་སྟབས་བདེ་བཟོས་སོང་བ་མ་རེད་དམ། འདི་ལྟར་བྱས་ནའང་མི་འཚམ་པར་འདུག་སྙམ།
  ཁོ་མོའི་སེམས་ལ། དོན་ངོ་མར་རང་ཉིད་ཀྱིས་ཅི་ཞིག་བྱས་ན་བཟང་སྙམ།
  མཚན་གང་བོར་ཁོ་མོས་དེ་ལྟར་བསམ་བློ་ཡར་གཏོང་མར་གཏོང་བྱས་ནས་གཉིད་རྒྱུ་གཏན་ནས་མ་བྱུང་བར་ནམ་ལངས་ཁར་ད་གཟོད་ཡུད་ཙམ་ལ་གཉིད་པ་རེད།
ནམ་ལངས་རྗེས་ཁོ་མོ་ལྡབ་ལྡིབ་ངང་ཡར་ལངས་ནས་ནངས་ཟས་ཤིག་བཅས་རྗེས་རང་ཉིད་ལ་འཐུང་འདོད་ཀྱི་ཡི་ག་མི་འདུག་པས་བུ་མོ་གཉིས་ཀར་འཐུང་དུ་བཅུག། བཟའ་བཏུང་བྱས་ཚར་འཕྲལ་ཀླུ་མོ་སྒྲོལ་མ་ཕྱིར་མལ་སའི་ནང་དུ་ཉལ་དུ་བཅུག་སྟེ་སྒོ་ལ་ལྕགས་ཟྭ་བརྒྱབ་ནས་ལྷ་མོ་སྒྲོལ་མ་བསྐྱལ་ནས་བྱིས་པ་ཁང་དུ་སོང་། ཕྱིར་ཐོན་དུས་ཀླུ་མོ་མལ་སའི་ནང་དུ་གཉིད་འདུག་པས་སླར་ཡང་ཁོ་མོ་གཅིག་པུ་འབོལ་ཁྲིའི་སྟེང་དུ་བསྡད་ནས་འདང་རྒྱག་ནང་དུ་ལྷུང་།
  རྒྱ་མོ་སྐྱིད་ཀྱིས་ཀྱང་ཚེ་སྐྱིད་ཀྱི་ད་ལྟའི་སེམས་ཀྱི་སྡུག་བསྔལ་རྟོགས་ཐུབ་པས་ཅུང་མ་འགོར་བར་ཁོང་ཚང་ལ་ཐོན་བྱུང་། ཐེངས་འདིར་ཁོ་མོའི་ལག་ཏུ་ཐིག་ལྭ་སླེ་རྒྱུ་ཡང་ཁྱེར་མི་འདུག  ཁོ་མོ་ཁྱིམ་དུ་ཐོན་ཏེ་ཚེ་སྐྱིད་ལ་ནངས་ཟས་འཐུང་ཡོད་མེད་དྲིས་བྱུང་།
  ཚེ་སྐྱིད་ཀྱིས་སྐད་ཆ་བཤད་རྒྱུ་གཞན་ཅི་ཡང་མེད་པར། “ད་ནི་ངས་ཅི་བྱེད་དགོས་”ཞེས་བཤད་བཞིན་དུ་ཁ་ངོ་ལག་པས་སྐྱོར་ནས་ངུས་བྱུང་། ཧ་ཅང་ཡིད་སྐྱོ་བའི་ངང་ངུས་བྱུང་།
  རྒྱ་མོ་སྐྱིད་ཀྱིས་ཀྱང་རེ་ཞིག་ཇི་ལྟར་སེམས་གསོ་བྱེད་དགོས་པ་འང་མ་ཤེས་པར་“ཁྱོད་ཀྱིས་དེ་ལྟར་མ་བྱེད་དང་། ཐ་ན་དོན་དག་དེ་འདྲ་ཞིག་གཏན་ནས་མེད་ནའང་ཐང་། འདི་དག་ཡོད་ཚད་གོ་ནོར་ཐེབས་པ་ཡིན་ཡང་སྲིད་”ཅེས་བཤད་དགོས་བྱུང་།
  ཚེ་སྐྱིད་ངུ་བཞིན་དུ་“ཨིན་་་་ཨིན་་་་ཅི་ལ་མེད། སེམས་ཅན་གྱིས་བཤད་ཀྱིན་པའི་ཐོག་ལ་ཨིན་་་་ཨིན་་་་ད་ནི་ཁོང་གཉིས་ཀྱིས་མིག་སྟོན་བྱས་ཟིན་པ་འདི་རེད་་་་་ཨིན་་་ཨིན་་་”ཞེས་བཤད།
  དེ་ལྟར་བཤད་པས་རྒྱ་མོ་སྐྱིད་ལ་ཡང་བཤད་རྒྱུ་གཞན་མེད་པར་གྱུར།
  ཚེ་སྐྱིད་ཅུང་ཙམ་ལ་ངུས་རྗེས་སླར་ཡང་མིག་ཆུ་འབྱིད་ཙམ་བྱས་ཏེ་“ད་ནི་ཁོ་ཐོན་ན་ངས་ཅི་ཞིག་བྱེད་དགོས་པ་རེད། ཁོ་མཐོང་མ་ཐག་ང་ཕལ་ཆེར་སྨྱོ་རྒྱུ་ཡིན་པ་འདྲ། ངས་མི་ཁ་འདི་འདྲ་ཞིག་ཁུར་ནས་ཇི་ལྟར་འདུག་རྒྱུ། ངས་ངོ་མ་བཟོད་མི་ནུས་པར་འདུག་”ཅེས་བཤད།
  རྒྱ་མོ་སྐྱིད་ཀྱང་ཁོ་མོར་གདུང་སེམས་འཆང་བཞིན་དུ། “ད་ནི་ཁྱོད་རང་ངུས་ན་ཕན་ཐོགས་ཅི་ཡང་མེད་པ་རེད། དེ་ལས་དགོན་པར་སོང་སྟེ་ཨ་ལགས་ཚང་ལ་གཞིས་མོ་ཞིག་གདབ་ཏུ་བཅུག་ན་བཅའ་བ་ཞིག་ཡོད་པ་ཡིན་ཡང་སྲིད། ཁྱོད་རང་ངོ་ཚ་དགོས་པ་མ་རེད། ཨ་ལགས་ལ་དྲང་པོར་ཞུས་དང་ཨ་ལགས་ཀྱིས་དོན་གྲུབ་ལ་སློབ་གསོ་གཏོང་ངེས་རེད་ལ། ཁོས་ཀྱང་ཨ་ལགས་ཀྱི་ཁར་ཉན་ངེས་རེད་”ཟེར།
  རྒྱ་མོ་སྐྱིད་ཀྱི་སྐད་ཆ་དེས་ཚེ་སྐྱིད་ཀྱི་སེམས་ལ་གློ་བུར་དུ་དགོན་པའི་ནང་དུ་ཡོད་པའི་དགེ་འདུན་རྒྱ་མཚོ་དྲན་དུ་བཅུག་བྱུང་། རེད་ཡ། ད་ལྟ་ཁོ་རང་ཡང་དྲག་སྐྱེད་བྱུང་སྟེ་མི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་པ་མིན་ནམ། ད་ལྟ་གྲྭ་བ་ཚང་མས་ཀྱང་ཁོ་ལ་གྲུབ་ཐོབ་ཚང་འབོད་ཀྱིན་པ་མིན་ནམ། རེད། ད་དུང་ཨ་ལགས་ཀྱི་དྲུང་དུ་ཕྱིན་ཏེ་ཁྱིམ་ཚང་གི་གཞིས་མོ་ཞིག་བཏབ་ན་ཁྱིམ་ནང་འདིར་ད་ལྟ་བཅའ་བ་རིམ་གྲོ་ཞིག་བསྒྲུབ་རྒྱུ་ངེས་པར་དུ་ཡོད་འདུག་སྙམ། ཁོ་མོས་དེ་ལྟར་སྙམ་མུར་སེམས་ཁམས་ཀྱང་ཅུང་བག་ལྷོད་པར་གྱུར་ཅིང་། ཕྱི་ཉིན་སྔ་སེ་བུ་མོ་སློབ་གྲྭར་བསྐྱལ་རྗེས་དགོན་པའི་ནང་དུ་འགྲོ་བར་སེམས་ཐག་བཅད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༥

2012-03-27 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།