ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༤

                                         བཅུ་བཞི།
  དོན་གྲུབ་ཟི་ལིང་དུ་ལྟ་སྐོར་ཚོགས་འདུར་འགྲོ་དགོས་བ་ནི་གོང་རིམ་གྱི་རྩ་འཛུགས་སྡེ་ཁག་གི་དགོངས་དོན་རེད། བརྡ་ཐོའི་ནང་དུ་ད་དུང་ལྟ་སྐོར་ཚོགས་འདུར་རྫོང་རེའི་མི་གཉིས་རེ་ཞུགས་དགོས་ལ་དུས་ཡུན་ཚོགས་འདུ་ཉིན་གསུམ་དང་ལྟ་སྐོར་ཉིན་ལྔ་ཡིན་ཞེས་བྲིས་ཡོད་པས་དོན་གྲུབ་ཀྱིས་དེང་ཐོག་དྲུང་ཡིག་འཁྲིད་རྩིས་ཡོད་མོད། ལྕགས་མོ་ཐར་གྱིས་མོ་རང་ལ་ཟི་ལིང་དུ་དོན་དག་ཅིག་ཀྱང་ཡོད་པས་ངེས་པར་དུ་འགྲོ་དགོས་ཟེར་བས་ལས་གྲོགས་རྣམས་ཀྱིས་ཀྱང་ཕལ་ཆེར་དོན་གྲུབ་པུའུ་ཀྲང་དང་ཁོ་མོ་གཉིས་ཀར་གསང་བའི་འཆར་གཞི་ཞིག་ཡོད་པ་འདྲ་སྙམ་ནས་གོ་སྐབས་འདི་ཁོ་མོར་བྱིན་པ་རེད།
  ལམ་དུ་འགྲོ་དུས་ལྕགས་མོ་ཐར་ཧ་ཅང་དགའ་སྤྲོ་སྐྱེས་ཀྱིན་པའི་ངང་། “ད་ཐེངས་ཟི་ལིང་དུ་འགྲོ་ལ་སྐྱིད་པོ་ཞིག་རྩེ་”ཟེར།
དོན་གྲུབ་ཀྱིས་ཅུང་མ་དགའ་བའི་རྣམ་འགྱུར་གྱིས། “ཁྱོད་ལ་ཟི་ལིང་དུ་དོན་དག་ཡོད་པ་མིན་ནམ། ”ཞེས་བཤད་པ་ལས་སྐད་ཆ་མང་པོ་བཤད་མི་འདོད་པར་གྱུར།
ལྕགས་མོ་ཐར་གྱིས་ཅི་མི་སྙམ་པའི་ངང་། “དོན་དག་བསྒྲུབ་པར་དུས་ཚོད་འགའ་ཡིས་ཆོག་པ་རེད། ངས་ཟི་ལིང་ནས་ལམ་ངོ་མི་ཤེས་པས་ཁྱོད་ཀྱིས་འཁྲིད་རོགས་བྱས་ན་ཅི་འདྲ་རེད་”ཅེས་དྲིས་བྱུང་།
  དོན་གྲུབ་ཀྱིས་འདང་མི་རྒྱག་པར། “ང་རང་ལ་རྒྱ་སྲང་དུ་འགྲོ་བའི་དུས་ཚོད་ཡོད་མེད་མི་ཤེས་པས་ཁ་ལོ་བ་དང་ཁྱོད་གཉིས་སོང་ཆོག་པ་རེད་”ཅེས་བཤད།
སྐད་ཆ་དེ་ཁོ་མོའི་བློར་མ་བབས་པ་འདྲ། དེ་མུར་སྐད་ཆ་གཞན་མི་བཤད་པར་བསམ་བློ་ཞིག་བཏང་ནས་བསྡད་བྱུང་།
  ཚོགས་འདུ་འཚོགས་ས་ནི་ཟི་ལིང་མགྲོན་ཁང་ནང་ཡིན་ཞིང་། ཁོ་ཚོ་མགྲོན་ཁང་དུ་ཐོན་དུས་ཚོད་ད་དུང་སྔ་བར་འདུག་ན་ཡང་ཚོགས་འདུའི་ལས་གཉེར་བ་དག་གིས་སྔ་མོ་ནས་དེ་གར་བསྒུགས་ནས་འདུག་པས། དོན་གྲུབ་དང་ཁ་ལོ་བ་གཉིས་ཉིས་ཐོག་གི་ཁང་བ་ཞིག་ཏུ་བཀོད་སྒྲིག་བྱས་པ་དང་ལྕགས་མོ་ཐར་ནི་སུམ་ཐོག་གི་ཁང་བ་ཞིག་ཏུ་བཀོད་སྒྲིག་བྱས་སོང་ལ། མིང་ཐོ་བཀོད་རྗེས་ལས་གཉེར་བས་ད་དུང་ཉིན་རེ་རེའི་བཟའ་བཏུང་དང་ཚོགས་འདུའི་བཀོད་སྒྲིག་གི་དུས་ཚོད་རེའུ་མིག་དག་ཀྱང་ལག་ཏུ་བཞག་ནས་རེ་རེ་བཞིན་གསལ་བཤད་བྱས་བྱུང་།
  དོན་གྲུབ་དང་ཁ་ལོ་བ་གཉིས་ལས་གཉེར་བས་བསྟན་པའི་ཁང་བའི་ནང་དུ་སོང་ནས་དངོས་པོ་དག་བཞག་ཅིང་། སྔ་གཞུག་ལྟར་ཁ་ལག་གཙང་མ་ཞིག་བཀྲུས་རྗེས་རེ་ཞིག་ལ་རང་རང་གི་མལ་ཁྲིའི་སྟེང་དུ་གན་རྐྱལ་དུ་ལོག་ནས་ངལ་གསོ་བྱས་ནས་བསྡད།
  “ཁྲོག་ཁྲོག་ཁྲོག”ཅུང་མ་འགོར་བར་ཕྱི་རོལ་ནས་ཁང་བའི་སྒོ་བརྡུངས་པའི་སྒྲ་ཞིག་གྲགས་བྱུང་།
  “ནང་དུ་ཕེབས་ཤོག
  “ཁ་ལོ་བས་རྒྱ་སྐད་ཀྱིས་དེ་ལྟར་བཤད། དེ་དང་ལྷན་དུ་སྒོ་ཕྱེ་བྱུང་ལ། ནང་དུ་ཐོན་ཡོང་བ་ནི་ལྕགས་མོ་ཐར་ཡིན་འདུག།
  ཁོ་མོས་“ངའི་ཁང་བའི་ནང་དུ་སྡོད་གྲོགས་མི་འདུག་པས་གཅིག་པུ་ཡིད་སུན་གྱི་འདུག་”ཟེར།
  ཁ་ལོ་བ་མྱུར་མོར་ཡར་ལངས་ནས་ཁོ་མོ་གོང་རོལ་ཏུ་སྡོད་པར་ཞུས་ཀྱང་ཁོ་མོས་དེ་ལ་དོ་སྣང་མི་བྱེད་པར་ཐད་ཀར་འབོལ་ཁྲིའི་གན་དུ་སོང་ནས་བསྡད་བྱུང་།
  དོན་གྲུབ་ཀྱིས་མཁྲིག་མའི་ཆུ་ཚོད་འཁོར་ལོར་ལྟ་ཙམ་བྱས་རྗེས། “དུས་ཚོད་ད་དུང་སྔ་བར་འདུག་པས། ཁྱོད་དོན་དག་ཅིག་བསྒྲུབ་ཏུ་འགྲོ་དགོས་པ་མིན་ནམ་”ཞེས་བཤད།
ཁོ་མོ་དགོད་ཙམ་བྱས་ནས། “དོན་དག་སང་གནངས་བར་དུ་བསྒྲུབས་ཀྱང་ཆོག་པ་རེད། དེ་རིང་ཅུང་ཐང་ཆད་འདུག་པས་ངལ་གསོ་བྱེད་འདོད་”ཟེར་བ་དང་སླར་ཡང་འདང་ཞིག་བརྒྱབ་རྗེས་ན་རེ། “ཁང་བའི་ནང་དུ་བསྡད་ན་ཡང་དབུགས་ཐུམ་གྱིན་འདུག་པས། ང་ཚོ་ཕྱི་རོལ་ཏུ་ཕྱིན་ནས་ཁམས་གཡེང་ཞིག་བྱས་ན་ཅི་འདྲ་རེད་”ཅེས་ཟེར།
དོན་གྲུབ་ཀྱིས་འདང་ཞིག་བརྒྱབ་ནས་ཚང་མ་ལས་ཁུངས་གཅིག་གི་མི་ཡིན་པས་དེ་འདྲ་འོས་མེད་བྱས་ན་མི་ལེགས་སྙམ།
  “འོ་ན་དེ་བྱ། ”དོན་གྲུབ་ཀྱང་དེ་མུར་ཡར་ལངས་ནས་ཀོ་ལྷམ་གོན་རྗེས་ཁོ་ཚོ་གསུམ་ག་ལྷན་དུ་ཕྱི་རོལ་ཏུ་བུད་ནས་རྒྱ་སྲང་ལ་འཆམ་འཆམ་དུ་སོང་།
  ཟི་ལིང་གྲོང་ཁྱེར་ནི་ཁོ་ཚོ་སྡོད་སའི་རྫོང་མཁར་དང་མི་འདྲ་བར་རྒྱ་སྲང་ཧྲིལ་བོ་ཚོང་ཁང་དང་རྩེད་འཇོ་ཁང་། ཇ་ཁང་དང་ཆང་ཁང་སྣ་ཚོགས་པས་ཁེངས་ཡོད་ཅིང་། གཡས་གཡོན་གྱི་མི་དག་ལའང་འཛེམ་དོགས་དང་བག་ཚ་ཅི་ཡང་མེད་པར་ཕན་ཚུན་འཐམ་འཁྱུད་དང་འོ་བྱེད་པ་སོགས་ཅི་འདོད་འདོད་བྱེད་ཀྱིན་ཡོད་པས། ཁོ་ཚོ་རྒྱ་སྲང་དུ་ཉུལ་དུས་ཀྱང་ལྕགས་མོ་ཐར་ནི་སྔ་གཞུག་ཀུན་ཏུ་དོན་གྲུབ་ཀྱི་གཡས་གཡོན་ཀུན་ཏུ་ཕུག་རོན་བཞིན་ལྡིང་བཞིན་ཁ་བརྡ་སྣ་ཚོགས་བྱེད་ཅི་ཐུབ་བྱེད་ལ། ལན་རེར་འགྲམ་དུ་ཁ་ལོ་བ་ཡོད་པ་ཡང་བརྗེད་སོང་བ་ལྟར་གྲོང་ཁྱེར་གྱི་བུད་མེད་དེ་དག་དང་འདྲ་བར་གོ་སྐབས་བཙལ་ནས་དོན་གྲུབ་ཀྱི་ལག་པར་འཐམས་ནས་ཕར་འཐེན་ཚུར་འཐེན་བྱས་ཡོང་བས། དོན་གྲུབ་ནི་འཁྲིས་སུ་ཁ་ལོ་བ་ཡོད་པར་འཛེམ་སྟེ་ཡང་དང་ཡང་དུ་གཡོལ་དགོས་བྱུང་། ཁོ་ཚོ་སྲང་ལམ་དེར་བསྐོར་བ་ཞིག་བྱས་ཏེ་དལ་དལ་ངང་ཕྱིར་མགྲོན་ཁང་དུ་ཐོན་དུས་ཏག་ཏག་དགུང་ཇ་འཐུང་བའི་དུས་སུ་སླེབས་འདུག་པས་ལས་གཉེར་བས་ཁོ་ཚོ་མགྲོན་ཁང་ནང་རོལ་ཏུ་ཡོད་པའི་གསོལ་ཁང་ནང་དུ་བོས་བྱུང་།
གསོལ་ཁང་ནང་དུ་མི་མང་པོས་ཁེངས་འདུག་ལ། རྫོང་འགའ་རེའི་རྩ་འཛུགས་པུའུ་ཀྲང་གིས་དོན་གྲུབ་ངོ་ཤེས་པས་འཕྲལ་མར་ཡོང་སྟེ་ལག་པ་གཏོང་བཞིན་འཚམས་འདྲི་ཡང་བྱས་བྱུང་། མི་དེ་དག་ལ་འཚམས་འདྲིའི་ལན་བྱིན་རྗེས་ཁོ་ཚོ་གསུམ་ག་འགྲམ་དུ་ཡོད་པའི་ཅོག་ཙེ་ཞིག་གི་མཐའ་རུ་བསྡད།
  ལྕགས་མོ་ཐར་གྱིས་ཡིད་སྨོན་སྐྱེས་མདོག་གིས། “གྲོང་ཁྱེར་དུའང་ཁྱོད་ལ་ཅི་འདྲའི་ངོ་ཤེས་མང་པོ་འདུག་ཨང་”ཟེར།
  དོན་གྲུབ་ཀྱིས་ཐུར་མ་བླངས་ནས་ཟ་མ་ཟ་བཞིན་དུ། “ཁོ་ཚོ་ནི་གྲོང་ཁྱེར་གྱི་མ་རེད། རྫོང་སོ་སོ་ནས་ཡོང་བའི་རྩ་འཛུགས་པུའུ་ཡི་མི་སྣ་རེད་”ཅེས་བཤད།
ལྕགས་མོ་ཐར་གྱིས་ཀྱང་མགོ་ལྡེམ་ལྡེམ་ཞིག་བྱས་ཏེ་ཧ་གོ་བའི་བརྡ་ཞིག་བསྟན་པ་དང་། ཐུར་མ་བླངས་ཏེ་ཚོད་མ་ཞིག་ཟ་ཙམ་བྱས་རྗེས་སླར་ཡང་། “གྲོང་ཁྱེར་གྱི་མཚན་ལྗོངས་ནི་ཧ་ཅང་མཛེས་པ་རེད་པས། དགོང་ཟས་འཐུང་རྗེས་ང་ཚོ་གང་དུ་འགྲོ་རྒྱུ་”ཞེས་དྲིས་བྱུང་།
  དོན་གྲུབ་ཁོ་མོར་སུན་སྣང་སྐྱེས་ཀྱིན་པའི་ཚུལ་གྱིས། “ཐང་ཆད་འདུག་པས་ཁང་བའི་ནང་དུ་ཕྱིན་ནས་ཉལ་རྒྱུ་ཡིན། ཁྱོད་ལ་འགྲོ་ས་ཡོད་ན་རླངས་འཁོར་གྱིས་བསྐྱལ་ཆོག་”ཅེས་བཤད།
  ཁོ་མོས་དེ་མུར། “ང་ལ་འགྲོ་ས་མེད། དེས་ན་ང་ཚོ་ཁང་བའི་ནང་དུ་བསྡད་ནས་ཁ་བརྡ་བྱས་ཆོག་པ་རེད་”ཅེས་ཟེར་བཞིན་ཟ་མ་ཟ་མགོ་བརྩམས་བྱུང་།
  ཟ་མ་ཟོས་ཚར་ཏེ་གསོལ་ཁང་གི་སྒོར་འབུད་དུས། ད་སྔོན་གྱི་དོན་གྲུབ་ཀྱི་ངོ་ཤེས་གསུམ་དང་ཡང་བསྐྱར་འཕྲད་བྱུང་བས། ཁོ་ཚོས་ཧ་ཅང་དགའ་ཚོར་ངང་“འགྲོ ཡུན་རིང་དུ་མ་འཕྲད་པས་ང་ཚོའི་ཁང་བའི་ནང་དུ་འགྲོ་ལ་ཁ་བརྡ་ཞིག་བྱེད་”ཟེར།
  དཔོན་པོ་དག་གིས་ཁ་བརྡ་ཞིག་བྱེད་ཟེར་བ་ནི་ཆང་འཐུང་ཞེས་པའི་དོན་ཡིན་པ་སུས་ཀྱང་ཤེས་པས། དོན་གྲུབ་ཀྱིས་ཕྱི་བཤོལ་ཅི་འདྲ་བྱས་ཀྱང་ཕན་ཐོགས་མ་བྱུང་། ཁ་ལོ་བས་ཁོ་རང་སྔ་མོ་ནས་ཉལ་རྒྱུ་ཡིན་ཟེར་ནས་བུད་སོང་ལ། ལྕགས་མོ་ཐར་གྱིས་ཀྱང་ཁོ་མོའི་མགོ་བོ་ཅུང་ན་གིན་འདུག་ཟེར་ནས་མོ་རང་གི་ཁང་བའི་ནང་དུ་བུད་སོང་། སྤྱིར་ན་དོན་གྲུབ་ཀྱིས་ཆང་མང་པོ་འཐུང་གིན་མེད་ན་ཡང་དགོང་མོ་འདིར་གྲོགས་པོ་ཚོའི་ངོ་མ་བཟློག་པར་འཐུང་རྐྱང་བྱས་པས་ཧ་ཅང་ར་རོ་བར་གྱུར་ཏེ་ཁང་བའི་ནང་དུ་ཡོང་ནས་ཇི་ལྟར་ཉལ་བའང་མ་ཤེས། ཕྱི་ཉིན་སྔ་སེ་མལ་ལས་ལངས་དུས་ད་དུང་མགོ་བོ་ན་ཡི་འདུག་པས་ནངས་ཇ་འང་འཐུང་མ་འདོད་པར་ལྕགས་མོ་ཐར་ལ་སྒུག་རྗེས་ཐད་ཀར་ཚོགས་ཁང་དུ་སོང་ནས་ཚོགས་འདུར་ཞུགས་པ་རེད།
  ཉིན་གུང་ལས་གྲོལ་བྱས་ཏེ་གསོལ་ཁང་ནང་དུ་ཡོང་ནས་གུང་ཚིགས་འཐུང་དུས། ལྕགས་མོ་ཐར་གྱིས་ཅུང་སེམས་ཁུར་བྱེད་པའི་ཉམས་ཀྱིས། “ཁྱོད་རང་ནམ་རྒྱུན་ཚོགས་འདུར་ཡོང་དུས་འདི་ལྟར་ཆང་འཐུང་བ་ཡིན་ནམ། ནངས་ཟས་ཀྱང་མི་ཟ་བར་ཕུང་བོར་བསྣད་ཀྱི་རེད་”ཟེར།
  དོན་གྲུབ་དགོད་བཞིན་དུ། “གྲོགས་པོར་འཕྲད་ན་ངོ་མི་བཟློག་པར་འདུག་”ཅེས་བཤད།
  ལྕགས་མོར་ཐར་གྱིས་ཡིད་མི་ཆེས་པའི་ཉམས་ཀྱིས། “འོ་ན་དོ་དགོང་ཡང་ཆང་འཐུང་རྒྱུ་ཡིན་ནམ་”ཞེས་དྲིས་བྱུང་།
  དོན་གྲུབ་ཀྱིས་མགོ་བོ་འཕྲེད་དུ་གཡུགས་ཀྱིན། “ད་ནི་མི་འཐུང་། མདང་དགོང་ངའི་ཡི་ག་གཅོད་དུ་བཅུག་སོང་”ཞེས་བཤད།
  སྐབས་དེར་ཁ་ལོ་བས་ཀྱང་ཁོང་གཉིས་ཀྱིས་གན་དུ་རང་ཉིད་བསྡད་ན་མི་འོས་པར་སྙམ་པ་ལྟར། “པུའུ་ཀྲང་ལ་ཕེབས་ས་མེད་ན། ཕྱི་དྲོ་ང་རང་ལ་སྒེར་དོན་ཞིག་ཡོད་པས་དེར་སོང་ན་ཨེ་ཆོག སང་ཉིན་ཕྱི་དྲོ་ཕྱིར་ཐོན་ཐུབ་”ཅེས་དྲིས་བྱུང་།
  དོན་གྲུབ་ཀྱིས་ཚམ་ཚོམ་མེད་པའི་ངང་། “དོན་དག་ཡོད་ན་སོང་ཞིག འོན་ཀྱང་ལམ་བར་ཀུན་ཏུ་སེམས་ཆུང་བྱེད་དགོས་”ཞེས་ཆོག་མཆན་གནང་།
བར་དེར་ལྕགས་མོ་ཐར་གྱིས་ཀྱང་གཞི་ནས་ཁ་ལོ་བར་བལྟས་ཏེ། “གཙོ་བོ་ཆང་འཐུང་རྗེས་རླངས་འཁོར་བསྐོར་མི་རུང་། རང་ཉིད་ལ་སེམས་ཆུང་བྱེད་དགོས་”ཞེས་ཁ་ཡག་བཤད་བྱུང་། ཕར་བལྟས་ཚོད་ཀྱིས་ཁོ་མོ་ཡང་ཁོའི་མགོ་ཁྲིད་ཅིག་ཡིན་པ་ལྟ་བུའི་སྣང་བ་ཞིག་བྱིན་འགྲོ
  ཁ་ལོ་བ་ཧ་ཅང་དགའ་བའི་ངང་། “ངས་སེམས་ཆུང་ལོས་བྱེད། གྲོང་ཁྱེར་གྱི་‘སྤྱང་ཀི་’ཚོས་བཟུང་ཚེ་ཐ་ན་ཆང་དྲི་ཙམ་བྲོ་ནའང་ཆད་པ་ནན་མོ་གཅོད་པ་རེད་”ཟེར།
  དོན་གྲུབ་སླར་ཡང་དགོད་ཙམ་བྱས་ནས་མིག་ཟུར་གྱིས་ལྕགས་མོ་ཐར་ལ་བལྟས་ཏེ། “དེའི་ཐད་ནས་ཁྱོད་ལས་ཁོ་ལ་གསལ་ཆ་ཡོད་པ་རེད་པས་མང་པོ་བཤད་དགོས་པ་མ་རེད་”ཟེར་བས་ཁོ་མོར་ཡང་བཤད་རྒྱུ་གཞན་མེད་པར་གྱུར།
  གུང་ཚིགས་འཐུང་རྗེས་ཁ་ལོ་བ་ཐད་ཀར་རླངས་འཁོར་ལེན་དུ་བུད་སོང་བས། ལྕགས་མོ་ཐར་ཡང་དོན་གྲུབ་དང་ལྷན་དུ་དོན་གྲུབ་དང་ཁ་ལོ་བ་གཉིས་སྡོད་སའི་ཁང་བའི་ནང་དུ་ཡོང་བ་རེད། ཁོ་མོ་ཐད་ཀར་ཡོང་ནས་ཁ་ལོ་བའི་མལ་ཁྲིའི་སྟེང་དུ་བསྡད་བྱུང་བས་དོན་གྲུབ་ཀྱིས་འགྱིག་བཟོས་ཇ་ཕོར་ཞིག་གི་ནང་དུ་ཆུ་ཁོལ་བླུགས་ནས་ཁོ་མོའི་མདུན་དུ་བཞག་པ་དང་། སླར་ཡང་རང་ཉིད་ཀྱི་ཇ་ཕོར་ནང་དུ་ཆུ་ཁོལ་བླུགས་ཏེ་རང་ཉིད་ཀྱི་མལ་ཁྲིའི་གན་དུ་ཡོང་ནས་བསྡད།
  ཁོང་གཉིས་གཅིག་པུ་མ་གཏོགས་མེད་པའི་སྐབས་སུ་ལྕགས་མོ་ཐར་ལའང་ཁ་བརྡ་གཞན་མེད་པ་ལྟར་གྱུར་སོང་། ཁོང་གཉིས་རང་རང་སར་འདང་རྒྱག་བཞིན་བསྡད་བྱུང་། ལྕགས་མོ་ཐར་གྱི་བཟོ་ལྟར་བལྟས་ན་དོན་གྲུབ་ཀྱིས་ཁོ་མོར་སྐད་ཆ་ཞིག་བཤད་ཡོང་བའི་རེ་སྒུག་བྱེད་པ་དང་འདྲ་མོད། དོན་གྲུབ་ལ་ནི་ཚོར་བ་མེད་པ་ལྟར་ཡུན་རིང་ལ་བསྡད་རྗེས་གཞི་ནས་“ཁྱོད་ཀྱིས་ཆུ་ཁོལ་ཐུངས་ཤིག་”ཅེས་བཤད་ཞོར་རང་ཉིད་ཀྱི་ཇ་ཕོར་བླངས་ནས་ཧུབ་གང་བྱས་བྱུང་།
  ལྕགས་མོ་ཐར་གྱིས་ཧུར་རེ་ཁོ་བལྟས་དེ་ཡུད་ཙམ་ལ་བསྡད་པ་དང་། མཇུག་མཐར་གློ་བུར་དུ་“ཁྱོད་ང་ལ་དེ་འདྲ་སུན་གྱིན་འདུག་གམ་”ཞེས་བཤད་བྱུང་།
   དོན་གྲུབ་ཀྱིས་དོན་དག་ཅི་ཞིག་བྱུང་སོང་བ་ཡང་མ་ཤེས་ལ། ཕལ་ཆེར་ཁོ་མོས་ཅི་ཞིག་བཤད་ཀྱིན་པའི་ཧ་མ་གོ་བ་ལྟར་ཁོ་མོར་བལྟས་ཏེ། “ང་ཁྱོད་ལ་སུན་དོན་ཅི་ཡོད་དམ་”ཞེས་དྲིས།
  ལྕགས་མོ་ཐར་སླར་ཡང་དགོད་ཙམ་བྱས་ཤིང་ངོ་མདངས་གཞན་ཞིག་བསྟན་ནས། “འོ་ན་ཁྱོད་ཀྱིས་ང་ལ་བཟོ་ལྟ་ཅི་ཡང་མི་སྟོན་པ་ཅི་ཡིན་“ཟེར།
  དོན་གྲུབ་ཀྱིས་ཀྱང་གཞི་ནས་ཅི་ཞིག་གི་ཧ་གོ་སོང་བ་ལྟར། ངོ་གདོང་ཕར་འཁོར་བཞིན་དུ་སྐད་ལྡབ་ལྡིབ་ཀྱིས་“ངས་ཁྱོད་བཟོ་ལྟ་ཅི་ཞིག་སྟོན་ནམ་”ཟེར།
  ལྕགས་མོ་ཐར་གྱིས་དེ་མུར་ཀུ་རེ་རྩེ་བཞིན་པའི་ཚུལ་གྱིས་སྐད་མགོ་ཇེ་མཐོར་བཏང་ནས་། “ཨ་ལ་ཀུ་རེ་ཡིན། དོ་དགོང་ངེད་གཉིས་ཀས་ཕྱི་རོལ་ནས་ཟ་མ་ཟ། ངས་མགྲོན་བསུ་བྱེད་ཆོག་པས་ཁྱོད་རང་ཡིད་མི་འཐད་པ་ཡོང་མི་སྲིད་ཨང་”ཟེར།
  དོན་གྲུབ་ཀྱིས་ཀྱང་ཁོས་ད་བར་དུ་ཁོ་མོར་ངོ་འཛུམ་དཀར་བོ་ཞིག་བསྟན་མ་མྱོང་བས་ད་སྔོན་དེ་ལྟར་བཤད་པར་ཡང་ཁག་མི་འདུག་སྙམ་སྟེ། “ང་ནི་མགྲོན་བསུ་བྱེད་མཁན་བྱུང་ན་ཧ་ཅང་དགའ་བ་ཡིན། འོན་ཀྱང་ཁྱོད་རང་འགྱོད་པ་སྐྱེས་ཏེ་ཚིག་ཐོག་ནས་འགྱུར་མི་སྲིད་ཨང་”ཅེས་བཤད།
  ཁོ་མོ་ལྷག་ལྷག་ཏུ་བགད་བྱུང་། དགོད་བཞིན་དུ་“ང་རང་ནམ་ཞིག་ལ་འགྱོད་པ་སྐྱེས་མྱོང་བ་ཁྱོད་ལ་བཤད་རྒྱུ་ཡོད་དམ་”ཟེར།
  ཕྱི་དྲོ་ཚོགས་འདུ་གྲོལ་རྗེས། ཁོང་གཉིས་ཀ་ཐད་ཀར་མགྲོན་ཁང་དུ་མ་སོང་བར་ཉེ་འདབས་སུ་ཡོད་པའི་རྫ་ཁོག་གླིང་ཞེས་པའི་གསོལ་ཁང་ཆེན་མོ་ཞིག་གི་ནང་དུ་ཕྱིན། གསོལ་ཁང་ཆེན་མོ་དེའི་ཚོམས་ཆེན་ནང་དུ་སྲང་གོག་མང་པོ་རེའུ་མིག་ལྟར་སྦྲེལ་འདུག་ལ། དྲ་བས་བཅད་པའི་ཁང་བུའི་ནང་དུ་མི་གཉིས་རེ་གསུམ་རེད་བྱས་ཏེ་རྫ་ཁོག་བཞེས་ཀྱིན་འདུག ཁོང་གཉིས་ཀྱིས་གྲུ་ཕུག་ཏུ་ཡོད་པའི་ཁང་བུ་ཞིག་བདམས་ནས་བསྡད།
  ཞབས་གཡོག་མ་རྫ་ཁོག་རིགས་གང་དགོས་པ་དང་ཤ་སྡོར་ཚོད་སྡོར་རིགས་ཐོ་འགོད་བྱེད་དུ་ཐོན་བྱུང་བས། ལྕགས་མོ་ཐར་གྱིས་མི་རེར་རྫ་ཁོག་ཆུང་བ་རེ་བླངས་ན་བཟང་ཟེར་བ་དང་ཤ་སྡོར་དང་ཚོད་སྡོར་གྱི་རིགས་དོན་གྲུབ་ལ་གདམ་དུ་བཅུག དོན་གྲུབ་ཀྱིས་སྡོར་རིགས་འདེམ་པའི་སྐབས་སུ་ཁོ་མོ་ཡར་ལངས་ནས། “ཁྱོད་ཀྱིས་འདོམས་དང་ང་རང་མྱུར་མོར་ཕྱིར་ཡོང་”ཞེས་བཤད་རྗེས་ཕྱི་རོལ་ཏུ་བུད་སོང་།
  ཞབས་གཡོག་མ་ཕྱིར་སོང་རྗེས་དོན་གྲུབ་ཀྱིས་ཁོ་མོ་གང་དུ་ཕྱིན་པ་ཡིན་ནམ་སྙམ་ནས་སྡོད་པའི་ཚེ། གློ་བུར་དུ་ཁོ་མོ་ཕྱིར་ཐོན་བྱུང་ལ་ལག་ཏུ་ད་དུང་ཆང་དཀར་ཤེལ་དམ་གཅིག་དང་རྒུན་ཆང་ཤེལ་དེམ་གཅིག་བཟུང་འདུག ཁོ་མོ་ཁང་བུའི་ནང་དུ་ཐོན་མ་ཐག་དགོད་བཞིན་དུ་དོན་གྲུབ་ཀྱི་གན་བསྡད་ནས་ཆང་དཀར་ཤེལ་དེམ་གང་དེ་ཁོ་ལ་གཏད་ནས། “ཟ་མ་ཟ་ཞོར་དུ་ཆང་ཉུང་ཙམ་རེ་ཡང་འཐུང་ན་བཟང་བ་རེད། འོན་ཀྱང་བཟི་མི་རུང་”ཞེས་ཟེར།
  དོན་གྲུབ་ཀྱིས་མདང་དགོང་ཆང་འཐུང་སྟེ་བསྣད་འདུག་པས་ད་ནི་འཐུང་འདོད་གཏན་ནས་མི་འདུག་མོད། འོན་ཀྱང་ཁོ་མོས་ཉོས་ནས་ཐོན་ཟིན་འདུག་པས་ངོ་བཟློག་ཐབས་མ་བྱུང་། ཅུང་མ་འགོར་བར་རྫ་ཁོག་དང་སྡོར་རིགས་དག་ཀྱང་ཁྱེར་ཐོན་བྱུང་བས་ལྕགས་མོ་ཐར་གྱིས་རྫ་ཁོག་གཉིས་ཀའི་ཞབས་ཀྱི་སྤྲ་ཚིལ་ལ་མེ་སྒྲོན་ཞིང་ཁུ་དྭངས་གདུ་རུ་བཅུག་པ་དང་དེ་ནས་སྡོར་དག་ནང་དུ་བཏབ་རྗེས། ཤེལ་དེམ་གཉིས་ཀྱི་ཁ་སྔ་གཞུག་ལྟར་ཕྱེ་སྟེ་ཤེལ་ཕོར་གྱི་ནང་དུ་ཕྱེད་ཙམ་རེ་བླུགས་ནས་ན་རེ། “ཤོགཐོག་མར་ངེད་གཉིས་ཀྱིས་ཐོ་གཏུག་ཅིག་རྒྱག་”ཟེར།
  དོན་གྲུབ་ཀྱང་ཐབས་ཟད་དུ་གྱུར་བས་ཤེལ་ཕོར་ཕར་བླངས་ཤིང་“ཁྱོད་ཀྱིས་ཚང་མ་ཐུངས། ངས་ཕྱེད་ཙམ་འཐུང་”ཞེས་བཤད།
  དོན་གྲུབ་ཀྱིས་བཤད་མ་ཚར་གོང་ནས་ཁོ་མོས་ཤེལ་ཕོར་གཏུག་ཙམ་བྱས་ཏེ་རང་སྐལ་ཞབས་ཏག་བརྒྱབ་སོང་། དོན་གྲུབ་ཀྱི་སེམས་ལ་ཁོ་མོས་དེ་ལྟར་འཐུང་མི་ནུས་སྙམ་གྱིན་ཡོད་ཀྱང་ད་ནི་ཚིག་ཤོར་ལ་འཛིན་ཐབས་མི་འདུག་པས་རང་སྐལ་ཁམ་གང་གིས་འཐུང་དགོས་བྱུང་།
  ཐོ་གཏུག་བྱས་ཚར་རྗེས་ཁོ་མོ་ཡང་ཧ་ཅང་དགའ་བྱུང་། དེ་མུར་ཐུར་མ་བླངས་ནས་“ད་ནི་ཚོད་སྡོར་ཚོས་ཟིན་འདུག་པས་ཟ་མ་ཟ་བར་བྱ་”ཟེར།
  ཁོང་གཉིས་ཀྱིས་རྫ་ཁོག་ནང་གི་ཚོད་སྡོར་ཟ་བཞིན་དུ་ཆང་ཉུང་ཙམ་ཉུང་ཙམ་ཐོ་གཏུག་བྱས་པས་དུས་ཚོད་ག་ཙམ་འགོར་བ་ཡང་བཤད་རྒྱུ་མེད་པར་གཉིས་ཀ་ཡང་ཅུང་སྦྲིད་པར་གྱུར་སོང་བས། དོན་གྲུབ་ཀྱིས་མང་པོ་བཟི་མི་འོས་པས་ཕྱིར་མགྲོན་ཁང་དུ་ལོག་འགྲོ་ཞེས་བཤད་པ་ན། ཁོ་མོས་ད་དུང་འཐུང་འདོད། དོ་དགོང་ར་རོ་བར་གཏོང་དགོས་ཟེར། དོན་གྲུབ་ཀྱིས་ཁོ་མོ་བཟི་འདུག་སྙམ་སྟེ་རྒྱ་སྲང་དུ་བདེ་འཇགས་མིན་པས་ཕྱིར་ཁང་བའི་ནང་དུ་འགྲོ་ལ་འཐུང་ཞེས་བཤད་པས་ཁོ་མོ་ཡང་ཡིད་འཐད་བྱུང་སོང་།
  དོན་གྲུབ་ཀྱིས་ཆང་འཕྲོ་དག་ཁུག་མ་ཞིག་ཏུ་བཅུག་སྟེ་ལམ་ལ་ཆས་ཤིང་འགྲམ་ཞིག་ཏུ་ཡོད་པའི་རྩིས་ཐོ་རྒྱག་སར་ཕྱིན་ནས་རྩིས་ཐོ་འགོད་རྩིས་བྱེད་སྐབས་ཁོ་མོ་བར་དུ་འཚངས་ཏེ། “རྩིས་ཐོ་ངས་རྒྱག་དགོས་། ངས་ཁྱོད་ལ་ཁས་བླངས་ཡོད་”ཅེས་བཤད་བཞིན་རྩིས་གཉེར་མཁན་གྱིས་བཤད་པའི་གྲངས་ཀྱི་སྒོར་མོ་བྱིན་སོང་།
  ཁོང་གཉིས་རྫ་གོག་གླིང་གི་སྒོ་ཁར་འབུད་དུས་མུན་རུབ་ཟིན་ཏེ་མཐའ་འཁོར་ཡོངས་ཀྱི་གློག་འོད་ཁྲ་ཆིལ་ལེར་བཞད་འདུག་ཅིང་། གློག་འོད་འོག་ཏུ་སྲང་ལམ་ཀུན་ཉིན་མོ་བཞིན་གསལ་ན་ཡང་འགྲོ་འོང་བྱེད་པའི་མི་ཅུང་ཇེ་ཉུང་དུ་ཕྱིན་འདུག་པས་ཁོང་གཉིས་དལ་བ་དལ་བུར་ཕྱིར་ལོག་པའི་ལམ་དུ་ཞུགས། ལྕགས་མོ་ཐར་ནི་ཅུང་སྦྲིད་ཡོད་པའི་ཚུལ་གྱིས་གོམ་པ་ཅུང་འཆོལ་གྱིན་འདུག་པས་གྲོང་ཁྱེར་གྱི་བཟའ་ཚོ་བཞིན་དུ་དོན་གྲུབ་ཀྱི་གྲུ་ཁུག་གཡོན་པར་ལག་པ་འཇུས་ནས་ཡོང་གིན་འདུག སྔ་གཞུག་ཀུན་ཏུ་ཁོ་མོས་མདུན་ཕྱོགས་ཀྱི་གྲོང་ཁྱེར་གྱི་མཚན་མོའི་མཛེས་ལྗོངས་ལ་ལྟ་བཞིན་དུ་“དོ་དགོང་ངའི་སེམས་ཧ་ཅང་སྐྱིད་པོ་འདུག་”ཟེར།
  ཕྱིར་མགྲོན་ཁང་དུ་ཐོན་འཕྲལ་ཁོ་མོས་ཀྱང་རང་བཞིན་གྱིས་ལག་པ་དོན་གྲུབ་ཀྱི་གྲུ་ཁུག་ནས་བླངས་བྱུང་ཡང་། དོན་གྲུབ་ཀྱིས་ད་ནི་ངལ་གསོ་བར་བྱ་ཞེས་བཤད་པ་ན་ཁོ་མོས་ད་དུང་ཆང་ཉུང་ཙམ་མ་འཐུང་ན་གཉིད་ཡོང་གིན་མི་འདུག་ཟེར་བས། དོན་གྲུབ་ཀྱིས་ཀྱང་རང་ཉིད་ཀྱི་ཚིག་ཤོར་ཡོད་པ་དྲན་ནས་ཁང་བའི་ནང་དུ་ཕྱིན། ཁང་བའི་སྒོ་ཕྱེ་འཕྲལ་ཁོ་མོ་འཁྱལ་འགྲོས་བྱེད་བཞིན་ཐད་ཀར་ད་སྔོན་སྡོད་སའི་ཁ་ལོ་བའི་མལ་ཁྲིའི་སྟེང་དུ་བསྡད་ཅིང་ཚ་དྲོད་ཆེ་དྲགས་པ་ལྟར་སྟོད་གོས་ཕུད་དེ་མལ་ཐུལ་གྱི་སྟེང་དུ་གཡུགས་བྱུང་། དོན་གྲུབ་ཀྱིས་ལག་ཏུ་ཁྱེར་བའི་ཆང་དེམ་གཉིས་ཀ་མདུན་ཅོག་སྟེང་དུ་བཞག་རྗེས་སྟོད་གོས་ཕུད་ནས་རྩིག་ངོར་བཀལ་བ་དང་། ཡང་བསྐྱར་རང་ཉིད་ཀྱི་ཇ་ཕོར་དང་འགྱིག་ཕོར་གསར་བ་ཞིག་གི་ནང་དུ་ཆུ་ཁོལ་བླུགས་ནས་མདུན་ཅོག་སྟེང་དུ་བཞག་ནས། “ཆུ་ཁོལ་འཐུང་དང་བཟི་དྭངས་ངེས་རེད་”ཅེས་བཤད།
  ཁོ་མོས་ཅུང་ལྡབ་ལྡིབ་ངང་མགོ་འཕྲེད་དུ་གཡུགས་ཀྱིན་“ང་བཟི་དྭངས་མི་འདོད་པས། ཆང་བླུགས་ཤིག་”ཟེར།
  དོན་གྲུབ་ཀྱིས་སླར་ཡང་ཤེལ་དམ་གཉིས་ཀྱི་ཁ་ཕྱེ་སྟེ་འགྱིག་ཕོར་གཉིས་ཀྱི་ནང་དུ་ཉུང་ཙམ་རེ་བླུགས་པ་ན། ཁོ་མོས་དེ་མ་ཐག་ཏུ་ལག་ཏུ་བླངས་ནས་ཞབས་ཏག་བརྒྱབ་བྱུང་བས་ཁོས་ཀྱང་དེ་བཞིན་དུ་འཐུང་དགོས་བྱུང་།
  ཁོ་མོས་དེ་མུར་དོན་གྲུབ་བལྟས་ཏེ་དགོད་ཙམ་བྱས་ནས། “ངའི་ཆང་འགྲོ་ཅི་འདྲ་རེད་”ཟེར།
  དོན་གྲུབ་ཀྱིས་རེ་ཞིག་ཅི་ཞིག་བཤད་དགོས་པའང་མ་ཤེས་པར། “ཆང་འགྲོ་བཟང་ན་ཡང་མང་པོ་འཐུང་ན་ལུས་པོར་བསྣད་ངེས་རེད་”ཅེས་བཤད་རྗེས་སྐད་ཆ་དེ་ཉིན་གུང་ཁོ་མོས་རང་ཉིད་ལ་བཤད་པ་ཡིན་པ་དྲན།
  ཁོ་མོ་ཡིད་འཐད་མིན་པའི་ཚུལ་གྱིས་མགོ་བོ་གཡུགས་ཀྱིན་དུ་“ཆང་འཐུང་བའི་དམིགས་ཡུལ་ནི་བཟི་བར་བྱེད་རྒྱུ་དེ་མ་རེད་དམ། ངས་ཆང་འཐུང་ཚེ་མ་བཟི་བར་འདུག་མི་ནུས། ལན་རེར་ངས་རང་ཁྱིམ་ནས་གཅིག་པུས་ཆང་འཐུང་བ་ཡིན་”ཟེར།
  སྐད་ཆ་དེར་དོན་གྲུབ་ཀྱིས་ལན་ཇི་ལྟར་བཏབ་ན་འོས་པ་ཡང་མ་ཤེས་པར་ཁ་རོག་གེར་བསྡད། ཁོ་མོ་གཅིག་པུས་ཆང་འཐུང་བ་ཡིན་ཟེར་བ་ནི་བཟི་གཏམ་ཞིག་རེད་སྙམ།
ཁོ་མོས་ཀྱང་དོན་གྲུབ་ཀྱི་བསམ་ཚུལ་རྟོགས་བྱུང་འདྲ། ངུ་དགོད་ཅིག་བྱས་ཏེ་“འོ་ན་ཁྱོད་ཀྱིས་ངས་དེ་ལྟར་ཆང་འཐུང་དོན་ཅི་ཡིན་པ་ཨེ་ཤེས་”ཞེས་དྲིས་བྱུང་།
དོན་གྲུབ་ཀྱིས་མགོ་འཕྲེད་དུ་གཡུགས་ཀྱིན་དུ་“མི་ཤེས་”ཞེས་ལན་བཏབ།
  སྐབས་འདིའི་ཁོང་གཉིས་ཀྱི་ཁ་བརྡ་བྱེད་པའི་ངང་ཚུལ་ནི་དགེ་རྒན་ཞིག་གིས་སློབ་མ་ལ་ཧ་ཅང་དཀའ་བའི་དྲི་བ་འདོན་པ་གཅིག་མཚུངས་ཡིན་པའི་ཚོར་སྣང་བྱིན་འོང་། དོན་གྲུབ་ཀྱིས་ལན་བཏབ་པ་མ་འགྲིག་པ་བཞིན་དུ་ཁོ་མོ་དེ་མ་ཐག་ཏུ་ངོ་ལག་པས་བཀབ་ནས་ངུས་བྱུང་། ཧ་ཅང་སྐྱོ་བའི་ངང་ངུས་བྱུང་། དོན་གྲུབ་ཀྱིས་ཁོ་མོ་བཟི་དྲགས་པའི་རྐྱེན་ཡིན་རྒྱུ་རེད་སྙམ་ནས་སྐད་ཆ་ཡག་པས་སེམས་གསོ་སྣ་ཚོགས་བྱས། ཡིན་ན་ཡང་ཁོ་མོས་སྐད་ཆ་དེ་དག་ལ་མི་ཉན་པར་མུ་མཐུད་དུ་ངུ་བར་བྱེད། དོན་གྲུབ་ཀྱང་ཐབས་ཟད་ནས་“ཁྱོད་རང་བཟི་དྲགས་པས་ཁང་བའི་ནང་དུའང་འགྲོ་ཐུབ་རྒྱུ་མ་རེད། དེ་གར་ཉོལ་ལ་བཟི་དྭངས་སུ་ཆུགས་ཤིག་”ཅེས་སྐད་འཇམ་པོས་བཤད་ཀྱང་ཕན་ཐོགས་མི་འདུག
  མཇུག་མཐར་ཁོ་མོས་རང་ཤུགས་ཀྱིས་ངུ་མཚམས་བཞག་བྱུང་། མིག་ཆུ་ལག་པས་གཙང་མར་ཕྱིས་རྗེས་ད་སྔོན་གྱི་སྐད་ཆའི་རྒྱུན་མི་སྐྱོང་བར་དོན་གྲུབ་ལ་ཧུར་རེར་བལྟས་ཏེ་། “ངས་ད་བར་དུ་ཁྱོད་ལ་རེ་བ་ཇི་ལྟར་བྱས་ཀྱང་ཁྱོད་ལ་ཉམས་སྣང་ཙམ་ཡང་མེད་དོན་ཅི་ཡིན། ཁྱོད་དངོས་གནས་ང་ལ་སུན་གྱིན་འདུག་གམ་”ཞེས་དྲིས་བྱུང་།
དོན་གྲུབ་ཀྱིས་ཀྱང་གཞི་ནས་ཁོ་མོ་བཟི་མེད་པ་རྟོགས་བྱུང་། ཁོས་ཀྱང་གཟབ་ནན་ངང་འདང་ཞིག་བརྒྱབ་རྗེས་དྲང་བཤད་བྱས། “གང་ལྟར་ང་ཚོ་ཚང་མ་བཟའ་ཚོ་ཡོད་པའི་མི་ཡིན་པས་་་་་”
  ཁོས་སྐད་ཆའི་མགོ་ཕུད་མ་ཐག་ཏུ་ཁོ་མོ་བྲེལ་འཚུབ་ལངས་པ་བཞིན་དུ་བར་མཚམས་བཅད་ནས་“འོན་ཀྱང་ངས་བཟའ་ཚོ་ཁ་བྲལ་དུ་གཏོང་རྒྱུ་ཡིན་ཟེར་བ་མིན། བཟའ་ཚོ་ནི་ནམ་ཡང་རང་ཉིད་ཀྱི་སྲོག་ལྟར་གཅེས་འོས་པ་རེད། འོན་ཀྱང་་་འོན་ཀྱང་་་་སྤྲོ་སྣང་ནི་མ་གཞི་ནས་མི་ཚང་མར་འདྲ་མཉམ་དུ་ཡོད་འོས་པ་ཞིག་རེད། ང་ལ་མཚོན་ན་ཁྱོ་གར་མཐུན་འཇུག་གི་ནུས་བ་མེད་པར་ལོ་བཅུ་ཕྲག་འདས་ཟིན། གནམ་རྒན་མས་ངེད་གཉིས་ལ་བྱིས་པ་ཞིག་གི་གནང་སྐལ་ཡང་མ་བྱིན་མོད། འོན་ཀྱང་ངས་ཁོ་ལ་ད་བར་དུ་གཅེས་སྐྱོང་བྱས་པ་ཡིན་”ཟེར་བཞིན་སླར་ཡང་མིག་ཆུ་འགའ་འགྲིལ་བྱུང་།
  དོན་གྲུབ་ནི་དེ་མ་ཐག་ཧད་པར་གྱུར་ཏེ་ཆང་གིས་བཟི་བ་ཡང་གར་སོང་ཆ་མེད་དུ་གྱུར་སོང་། རྟབ་རྟབ་པོའི་ངང་“དོན་དངོས་སུ་དོན་དག་ཅི་ཞིག་བྱུང་སོང་བ་རེད་”ཅེས་དྲིས།
  ཁོ་མོས་མུ་མཐུད་དུ་བཤད་རྒྱུར། “ངེད་གཉིས་ཀྱིས་གཉེན་སྒྲིག་བྱས་རྗེས། བྱ་བར་སྟབས་བདེ་ཡོང་ཆེད་ལོ་འགའ་ལ་ད་དུང་བྱིས་མི་བཙའ་རྒྱུ་བྱས་པ་ཡིན། ཡིན་ན་ཡང་ལོ་གསུམ་ཙམ་འགོར་མ་ཐག་ཁོ་ལ་ཅི་བྱུང་མེད་པའི་ནད་ཅིག་བྱུང་སྟེ་ནུས་བ་མེད་པར་གྱུར་བ་རེད། སྨན་པ་མང་པོར་བསྟན་ཞིང་ལོ་མང་པོར་སྨན་འཐུང་ཡང་ཕན་ཐོགས་མ་བྱུང་བས། མཇུག་མཐར་ཁོས་ང་རང་སྡུག་རྒྱུ་རེད་སྙམ་སྟེ་ཐེངས་དུ་མར་གཉེན་འཐོར་བྱེད་རྒྱུའི་རེ་བ་བཏོན་བྱུང་། འོན་ངས་གཏན་ནས་ཁས་ལེན་མ་བྱས་པ་ཡིན། རྒྱུ་མཚན་ནི་ང་རང་ཁོ་ལ་ཧ་ཅང་དགའ་། ད་དུང་ནུས་བ་ཤོར་བའི་རྗེས་ཀྱི་ཁོའི་བཟོད་མེད་ཀྱི་མནར་གཅོད་དང་སེམས་ཁོང་གི་སྡུག་བསྔལ་དེ་ང་ལས་ལྡབ་བརྒྱ་ཕྲག་སྟོང་ཕྲག་གིས་ལྕི་བ་ངས་ཅི་ལ་མི་ཤེས། སྐབས་འདི་ཙམ་ལ་ཁོ་རང་དོར་བ་ནི་གནམ་ལ་ཤོང་བའི་ནག་ཉེས་ཆེན་པོ་ཞིག་རེད། ང་ནམ་ཡང་ཁོ་རང་དགའ་བ་ཡིན། འོན་ཀྱང་མིའི་སྐྱེ་ཁམས་ཀྱི་དགོས་མཁོ་དེ་ཧ་ཅང་གདུག་རྩུབ་ཆེ་བ་ཞིག་མ་རེད་དམ། གང་ལྟར་ཡང་སང་ཉིན་ནས་བཟུང་ང་རང་ཡང་ཁྱོད་དང་རྒྱང་དུ་བཀྱེད་ངེས་ཡིན། ”ཟེར་བཞིན་ཧ་ཅང་ལྷུན་ཆགས་ངང་ཁོ་རང་ལ་བལྟས་བྱུང་ལ། ལྟ་བའི་དུས་ཀྱི་མིག་མདངས་ཀྱང་དེ་འདྲའི་བབ་ཆགས་ཤིང་དེ་འདྲའི་ལྷད་མེད་པ་ཞིག་རེད།
  དོན་གྲུབ་ཀྱིས་ཁོ་མོའི་ཞིབ་བརྗོད་རིང་མོ་འདི་ལ་ཉན་བཞིན་དུ་མིག་མདུན་གྱི་ཁོ་མོའི་སྣང་བརྙན་དེ་ཇེ་མཐོ་ཇེ་ཆེར་འགྲོ་བཞིན་པའི་སྣང་བ་སྐྱེས་ལ། ཁོ་མོས་བཤད་པའི་ཚིག་འབྲུ་རེ་རེར་ཡང་དེ་འདྲའི་གཏིང་ཟབ་པའི་མི་ཚེའི་གཏན་ཚིགས་དང་ཟོལ་མེད་བརྩེ་དུང་གིས་ཕྱུག་པར་མ་ཟད། ཁོ་མོའི་བླ་མེད་ཀྱི་གཏོང་ཕོད་དང་ལྷག་བསམ་གྱི་གན་ནས་རང་ཉིད་ནི་དེ་འདྲའི་སྒེར་སེམས་ཆེ་ཞིང་སྤོབས་པ་ཆུང་བའི་ཉམ་ཞན་ནུས་མེད་ཅིག་ཡིན་པའི་སྣང་བ་སྐྱེས།
  སྐབས་འདིར་ཁོའི་ཡོད་ཚད་ཀྱང་ཁོ་མོས་དབང་དུ་བསྡུས་པ་ལྟར་ཅི་ཚོར་མེད་པར་ཁོ་མོའི་གན་དུ་བཅར་བྱུང་། ཅི་ཚོར་མེད་པར་ཁོ་མོའི་ལུས་པོར་རེག་བྱུང་། ཅི་ཚོར་མེད་པར་ཁོ་མོའི་སེམས་ངོར་ཐིམས་སོང་་་་་་་་་་
  ཕྱི་ཉིན་ནམ་གསལ་དུས་མ་གཏོགས་དོན་གྲུབ་གཉིད་ལས་སད་མ་བྱུང་། ཁོས་མིག་ཕྱེ་ནས་བལྟས་ཚེ་ཁོ་མོ་སྔ་མོ་ནས་ལངས་ཏེ་རང་ཉིད་ཀྱི་ཁང་བའི་ནང་དུ་སོང་ཟིན་འདུག ཁོས་སླར་ཡང་མིག་ཟུམ་ནས་མདང་དགོང་གི་དོན་དག་ཡོངས་རྫོགས་ལ་བསམ་བློ་གཏོང་ཙམ་བྱས་པ་ན། ཁོ་མོས་བཤད་པའི་སྐད་ཆ་དེ་སྒྲ་སྡུད་འཁོར་ལོའི་ནང་དུ་སྒྲར་བླངས་པ་ཇི་བཞིན་ཁོའི་རྣ་ལམ་ཡང་བསྐྱར་གྲགས་བྱུང་། ཁོང་གཉིས་ཀར་བྱིས་པ་མེད་པའི་ཁར་ཁྱོ་གའི་དབང་བོར་ནུས་བ་ཤོར་ནས་ལོ་ངོ་བཅུ་ཕྲག་འདས་ན་ཡང་ཁྱོ་གའི་སྐྱིད་སྡུག་ཁོ་ན་བསམ་ནས་ད་བར་དུ་ཁྱོ་གར་སེམས་ཁུར་བྱས་པའི་ཁོ་མོའི་རྣམ་དག་ལྷག་བསམ་དང་གཏོང་ཕོད་དང་། ཆུང་མ་སྔོན་མར་ཕྲུ་གུ་མ་སྐྱེས་པའི་སེམས་ངལ་ལ་རྒྱུས་ལོན་མི་བྱེད་པར་བརྩེ་མེད་ངང་གཉེན་འཐོར་བྱས་པ་དང་ཆུང་མ་རྗེས་མར་བུ་ཕྲུག་གཉིས་བྱུང་ཡང་གཉིས་ཀ་བུ་མོ་ཡིན་པར་སེམས་ཕམ་པའི་སྒེར་སེམས་དང་རྙིང་ཞད་ཆེ་བའི་རང་ཉིད་ཀྱི་བསམ་སྤྱོད་གཉིས་ཞིབ་བསྡུར་ཞིག་བྱས་ན་ངོ་མ་གནམ་དང་ས་ཡི་བར་ཐག་འདུག་པ་རྟོགས་ནས་ངོ་གདོང་ཧྲིལ་བོ་ཚ་ལམ་ལམ་དུ་གྱུར། ངོ་མ་བཟའ་ཚོའི་བར་གྱི་ལྷད་མེད་ཀྱི་བརྩེ་དུང་ནི་ཕྲུ་གུ་བཙའ་བ་ཙམ་དང་རང་ཉིད་ཀྱི་སྤྲོ་བ་གསོ་བ་ཙམ་གྱི་ཆེད་དུ་མ་ཡིན་པར་ཕན་ཚུན་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་པའི་ལྷད་མེད་ཀྱི་ལྷག་བསམ་དང་རྣམ་དག་གི་འདང་བརྩེ་དེ་ཡིན་པ་རེད་ཨང་།
  ཁོ་རང་མལ་ལངས་ཏེ་བྱད་འཁྲུད་བྱས་རྗེས་གསོལ་ཁང་གི་ཕྱོགས་སུ་ཕྱིན་པ་ན་། ཁོ་མོས་སྔོན་ནས་ནངས་ཟས་བཞེས་ཟིན་ཏེ་ཕྱིར་ཡོང་བ་དང་འཕྲད་བྱུང་། དོན་གྲུབ་ཀྱིས་ཁོ་མོར་འཚམས་འདྲི་བྱེད་རྩིས་བྱེད་སྐབས་ཁོ་མོས་ཕལ་ཆེར་སྔོན་ཆད་ཀྱི་དོན་དག་ཡོངས་རྫོགས་བརྗེད་ཟིན་པ་ལྟར་འཛུམ་ཙམ་བྱས་ཏེ། “ཁྱོད་ཀྱིས་ད་དུང་མ་འཐུང་ངམ། ང་རང་སྔོན་ལ་ཚོགས་ཁང་དུ་འགྲོ་རྒྱུ་ཡིན་”ཞེས་བཤད་རྗེས་ཁོའི་འགྲམ་བརྒྱུད་ནས་རླུང་བུད་པ་ལྟར་ཤུར་སེ་བུད་སོང་། ཕར་བལྟས་ཚོད་དུ་ཁོ་མོ་ནི་ལོ་བཅུ་ཕྲག་གིས་ཇེ་ཆུང་དུ་གྱུར་བ་ལྟ་བུའི་སྣང་བ་ཞིག་བྱིན་འོང་།
  དེ་ནས་བཟུང་ཁོ་མོ་སྔོན་ལྟར་ཁོའི་ཁང་བའི་ནང་དུ་མི་ཡོང་ལ། ཚོགས་འདུ་གྲོལ་རྗེས་ཁོང་གཉིས་གསོལ་ཁང་ནང་ནས་འཕྲད་ཙམ་བྱེད་ན་ཡང་སྔོན་ཆད་ལྟ་བུའི་ཉག་ཉོག་གི་སྐད་ཆ་ཅི་ཡང་མི་བཤད་པར་། ཕལ་ཆེར་སྤྱིར་བཏང་གི་ངོ་ཤེས་ཤིག་ལ་འཕྲད་པ་བཞིན་སྟབས་བདེའི་འཚམས་འདྲི་ཞིག་བྱས་པས་འཐུས་པར་བྱས་ཏེ་བུད་འགྲོ
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལོ་ཟླ་ནི་སྡོང་ལོའི་སྟེང་དུ་བཀོད་པའི་བརྙན་རིས་བཞིན།༡༤

2012-03-27 སྟག་འབུམ་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།