རབ་རིབ་ཏུ་ལུས་པའི་རྔོན་པ།
༠
ནགས་ཀློང་ཡོད་ཚད་གྲྭ་བའི་དབུ་སྐྲ་བཞིན་བྲེགས་ཚར་ལ། སྔོ་རྩྭ་ཕྲ་མོ་དག་གི་ཚབ་ཏུ་བྱེ་རླུང་འཚུབ་ཅིང་། རི་དྭགས་ཀྱི་གཟུགས་རིས་ཤིག་ཉིན་ཞག་བཅོ་བརྒྱད་ལ་རྟ་ཞོན་ནས་བཙལ་རུང་རྙེད་དཀའ་བའི་གནས་འདི་ནས། ངས་རྔོན་པ་དེའི་གཏམ་རྒྱུད་ཅིག་འབྲི་རྒྱུ་ནི་དེ་འདྲའི་ལས་སླ་བོ་ཞིག་གཏན་ནས་མིན་ནོ།།
ཐོ་ཐོ་ནི་རྫུན་ལབ་རྒྱུར་བྱང་ཡོད་པའི་བདག་གི་གྲོགས་པོ་ཞིག་སྟེ། ལྟས་ངན་འདིར་ཆང་དཀར་རྒྱ་མ་ཕྱེད་ཀ་བླུད་དེ་གང་འདོད་འདོད་ལབ་ཏུ་བཅུག་ན་། ཁོས་རང་དང་ཆ་རྒྱུས་ཡོད་པ་དག་གི་ལུས་ན་སྨེ་བ་ཅི་ཙམ་ཡོད་པ་དང་། རང་དང་རྒྱུས་མེད་པ་དག་གི་འཕོང་ཚོས་ན་རྒྱ་མ་ཅི་ཙམ་ཡོད་པ་སོགས་འགྲིག་འགྲིག་བདེན་བདེན་དག་དག་ལབ་རྒྱུ་ཡོད་པས། ཁོ་ངོ་ཤེས་པའི་མི་ཞིག་ཡིན་ཕྱིན་ལས་རྒྱུ་མེད་དུས་དང་སུན་སྣང་ཆེ་དུས་ཐོ་ཐོ་མི་འབོད་མཁན་གཅིག་ཀྱང་མེད་དོ།།
ཞོགས་པ་ཟེར་བ་འདི་ནི་མི་ཡོད་ཚད་ཀྱི་རྐང་མགོར་ཟ་འཕྲུག་སློང་མཁན་གྱི་ནད་ཡམས་ཤིག་དང་འདྲ་བར་འདུག་ཏེ། མི་ཚོ་རང་ཁྱིམ་བོར་བ་དང་འདྲ་བར་ཡར་ལ་འདུར་ཡོད་ལ། ཡང་རང་གི་གྲིབ་མར་ཡིབ་པ་དང་འདྲ་བར་མར་ལ་འདུར་གྱིན་ཡང་འདུག་པས། ང་གྲོག་ཚང་དཀྲུག་པ་འདྲ་བའི་སྲང་ལམ་འདི་འདྲར་ཉུལ་རྒྱུ་ནི་ཁུར་བོ་ཁུར་བ་ལས་ཀྱང་སུན་སྣང་ཆེ་ཞིང་ཆད་སྣང་སྐྱེ་བ་ཞིག་ཡིན་མོད། ཐེངས་འདིར་ཐོ་ཐོའི་ཆེད་དུའམ་རྔོན་པའི་གཏམ་རྒྱུད་ཀྱི་ཆེད་དུ་མི་འགྲོ་ཀ་མེད་བྱུང་སོང་།
“ཨ_བཀའ་འགྱུར། མི་ལྡིང་ལ་ནག་མོ་ཡག་མ་ཞིག་ཡོད་ཡ།”
གོང་གི་སྐད་ཆ་ཐུང་ཐུང་དེ་ནི་ངས་ཐོ་ཐོ་བཙལ་ཏེ་རྒྱུ་མཚན་གསལ་བོ་བཤད་རྗེས་ཀྱི་ཁོའི་ལབ་དང་བོར་བརྩིས་ཆོག
༡
“ནགས་ཚལ་ནི་ཉི་འོད་འགོག་པའི་སྒེའུ་ཡོལ་ལྟར་འཛིང་ཏེ་ཁྱོད་ཀྱིས་ས་སྟེང་དུ་སྐྱེས་པའི་རྩྭ་ལྗང་དང་མེ་ཏོག་གི་མཛེས་པ་མཐོང་ཐབས་བྲལ་ལོ།། ”འདི་ནི་གླག་རྒོད་ཅིག་གི་བར་སྣང་གི་ནང་སེམས་དེ་ཕྲན་གྱིས་རྟོགས་བཟོ་བྱས་པ་ཙམ་ཡིན།
“གླག་རྒོད་དེས་ཉིན་གཅིག་གི་འགྲོ་ལམ་ཙམ་མཐོང་ཐུབ་ལ། གླག་རྒོད་དེ་སྒོ་ང་ཡིན་དུས་རྔོན་པས་ལམ་འགྲམ་ཞིག་ནས་རྙེད་པ་ཡིན།”ཐོ་ཐོས་ཅི་བཤད་འདི་བཤད་མེད་པར་རྔོན་པའི་གཏམ་རྒྱུད་ཀྱི་མགོ་འདི་འདྲ་ཞིག་ནས་བསླངས་བྱུང་།
“ས་ཆེན་གྱི་ཕྲག་པ་ལྟ་བུའི་རི་རབ་ཀྱི་སྒང་དང་། རྒས་པོའི་གཉེར་མ་ལྟ་བུའི་ལུང་ཤུར་གྱི་ཁུད་དང་། སུ་ཞིག་གི་པགས་པ་ཐར་བཅལ་བ་ལྟ་བུའི་ཐང་ཆེན་གྱི་ངོས་དང་། སྤང་ཐང་དང་རི་རབ་ཀྱི་འདབ་རྒྱན་ལྟ་བུའི་ཆུ་འགྲམ་སོགས་ནས་གླག་རྒོད་ཀྱིས་སྡེར་མོ་བགྲད་ཅིང་རྔོན་པས་མདའ་གཞུ་བདུངས་ཏེ་གཅན་གཟན་སྟག་གཟིག་དོམ་དྲེད་སོགས་དང་། རི་དྭགས་ཤྭ་བ་དགོ་བ་། གནའ་དང་ཁ་ཤ་སོགས་སྲོག་ཐག་མ་བཅད་པ་གཅིག་ཀྱང་མེད་ཟེར།”
ཐོ་ཐོ་ཅུང་བཟི་བཞིན་པ་འདྲ་ཏེ་ཁོས་ཆང་ཕོར་བ་གསུམ་བསྟུད་མར་འཐུང་ནས་“འོན་ཀྱང་རྔོན་པ་དེ་སྙིང་རྗེ་མེད་པ་ཞིག་དང་གླག་རྒོད་དེ་བརྩེ་བ་མེད་པ་ཞིག་གཏན་ནས་མིན་ཟེར།”
“རྔོན་པའི་ཨ་ཕ་ནི་ཇག་པ་ཞིག་ཡིན། རྨ་ཆེན་གངས་འདབས་ནས་སྟོང་དཔོན་ཞིག་བསད་དེ་རྨ་ཆུའི་ཚུ་རོལ་ཏུ་བྲོས་ཡོང་ཞིང་། རྨ་ཆུའི་ཚུ་རོལ་ནས་ཕྱུག་པོ་གཏེར་རི་འདྲ་བ་ཞིག་བསད་དེ་མཚོ་སྔོན་པོའི་ཕྱོགས་སུ་བུད་སོང་ལ། དེ་ནས་ཀྱང་ཉིན་གཅིག་ལ་གྲྭ་བ་གཅིག་དང་སྔགས་པ་གཉིས་བསད་པས་ཕྱོགས་ཡར་མར་ལ་དུས་ཚིགས་བཞི་ལྟར་ལྡོམ་ལྡོམ་ནས་རྔོན་པའི་དུས་སུ་གནས་འདིར་ཐོན་པ་རེད”ཟེར་བཞིན“དེའི་འཕྲོ་ཡི་བརྒྱུད་རིམ་དག་ཁྱོད་ཀྱིས་ཀྱང་ཤེས་སྲིད”ཟེར།
༢
ཉིན་འགའི་རྗེས་ནས་ཐོ་ཐོའི་ང་ལ་འཕྲིན་པ་ཞིག་བཏང་བའི་ནང་དོན་ཕལ་ཆེར་ནི་འདི་ལྟར།
རྔོན་པ་གནས་འདིར་ཐོན་ཏེ་ཡུན་རིང་འགོར་བའི་དུས་ཤིག་ལ། གླག་རྒོད་ནར་སོན་ཞིང་ཡུལ་ལྗོངས་ཀྱི་མཛེས་པ་མི་ཚོགས་ཀྱི་ཁ་ལུད་དང་དུས་ཚོད་ཀྱི་རྣག་ཁྲག་གིས་སླད་ཀྱིན་འདུག མཛེས་སྡུག་ཁ་ཤས་གཏམ་རྒྱུད་ཀྱི་རྩྭ་གསེབ་ཏུ་འཐོར་ནས་ཆུ་མིག་གི་མེ་ལོང་དུ་ཁེར་རྐྱང་ཚ་སྨུག་འཐིབ་ཀྱིན་འདུག ཡུན་རིང་ལ་ལྷིང་འཇགས་ཀྱི་མལ་ཏུ་གཟིམ་པའི་རྨི་ལམ་གྱི་དབུ་ཐོད་དུ་འུར་ཟིང་གི་རྭ་ཅོ་སྐྱེ་བཞིན་འདུག
དུས་དེ་འདྲ་ཞིག་གི་ཞོགས་པར། རྔོན་པས་སྨུག་པའི་ནགས་རྫོང་གསེབ་ནས་རང་གི་ཉིན་གྱི་རྩེད་གྲོགས་དང་མཚན་གྱི་འདུག་གྲོགས་ཡིན་པའི་གླག་རྒོད་མདའ་མོས་བསྒྲལ་སོང་།
འགྱོད་གདུང་དང་སྐྱོ་སྣང་གི་རླུང་ཤུགས་དྲགས་པོས་རྔོན་པ་གཡང་ལ་བརྫངས་སོང་། འོན་ཀྱང་། གཙང་བོའི་འཇམ་མཉེན་དང་ལས་སྐལ་གྱི་རྩེད་མཚར་ཞིག་གིས་རྔོན་པ་འདི་ཕྱི་གཉིས་ཀྱི་གྱང་སྟེང་ནས་ཕྱིར་ལ་ལོག་ཅིང་། རྔོན་པ་གཞན་ཞིག་གི་ཁྱིམ་གཞི་དྲོན་པོས་ཁོ་རང་ལེགས་པོར་བསྐྱངས་ཤིང་། ད་ལྟའི་ཁོའི་ཆུང་མ་སྟེ་མཛེས་པས་ལྟེམས་ལ་སྒེག་པས་འགྱིང་བའི་བུ་མོ་དེ་ནི་རྔོན་པ་གཞན་དེའི་བུ་མོའོ།།
ཁྱོད་ཀྱིས་གཏམ་རྒྱུད་མུ་མཐུད་དུ་འབྲི་འདོད་ན། ང་ཡི་འཕྲིན་པ་རྗེས་མར་སྒུགས་རོགས།
༣ཟླ་༨ཚེས་ལ། ཐོ་ཐོ་ནས།
ཕྲན་གྱིས་སྒྲུང་འདི་ལེགས་པོ་ཞིག་ཡོང་ཕྱིར་སང་ཉིན་ཐོ་ཐོ་འཚོལ་རྒྱུ་ཐག་གིས་བཅད།
༣
ཕྱི་ཉིན་ང་རང་ཐོ་ཐོའི་རྒྱལ་སྒོའི་ཁར་ཐོན་དུས་སྒོ་ལ་ཟྭ་ཆེན་ཞིག་བརྒྱབ་འདུག་ལ། སྒོ་གསེབ་ལ་ཡི་གེ་ཞིག་བཞག་འདུག ཚོར་བ་ཁྱད་པར་བ་ཞིག་གིས་དེ་ལ་བལྟ་འདོད་སྐྱེས་ཏེ་ལག་ཏུ་བཟུང་བ་ན་སྟེང་དུ་ཕྲན་གྱི་མིང་ཡིག་བྲིས་འདུག
ཐོག་མར་ཁྱོད་ཀྱིས་ང་ཡི་གཏམ་རྒྱུད་འབྲི་རྒྱུ་དང་དུ་བླངས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། ལོ་འགའི་སྔོན་ང་ཡི་ཆུང་མ་ཚེ་ལས་འདས་པས་ང་རང་ཡང་སྐྱོ་སྡུག་དང་རེ་ཆད་ཀྱིས་ཟིན་ཏེ་ཆང་ལ་འདྲེས་ཤིང་ལབ་ལ་ཕྱོགས་ནས་ད་བར་བསྡད་པ་ཡིན། འོན་ཀྱང་། ཉིན་འགའི་སྔོན་ནས་ང་རང་འཇིག་རྟེན་འདིའི་ཟང་ཟིང་དང་འབྲལ་རྒྱུ་བློ་ཐག་བཅད་ཅིང་ཁ་སང་ཁྱོད་ལ་འཕྲིན་པ་དེ་བསྐུར་བ་ནས་ས་འདི་དང་ཁ་གྱེས་པ་ཡིན། བདག་གི་གྲོགས་པོ་བདེ་མོ་བྱོས།
ཁྱོད་ཀྱིས་འཚོལ་གྱིན་པའི་རྔོན་པ་ཐོ་ཐོ་ནས།
སྨག་རུམ་མཐུག་པོས་མཚན་མོའི་སྣོད་ཆུང་ཅི་འདྲ་གང་དུ་བཅུགས་རུང་ཞོགས་པ་རེ་རེར་དེ་ཉིད་སྟོང་བར་གྱུར་འགྲོ། དུས་ཚིགས་བཞི་བོས་ལོ་འཁོར་གཅིག་ཅི་ལྟར་བདས་རུང་མཐའ་མར་རྒྱང་རིང་དུ་ཐིམ་འགྲོ། ང་ཡི་སྙིང་ཉེ་བའི་རྔོན་པ་ཐོ་ཐོ་ལགས་ད་ལྟ་གང་ན་ཡོད་དམ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
རྩོམ་ཁུངས། ངེད་དྲ་བ།