སྣང་བའི་ཕ་རོལ།

                  ———སྔོན་དུ་འགྲོ་བ།
  ངས་ཉིན་དང་མཚན་མོའི་དབྱེ་བ་མ་ཁོར་བར་ཡུན་རིང་འགོར་སོང་།དྲང་མོར་བཤད་ན། དངོས་ཡོད་དང་སྒྱུ་འཕྲུལ། རྨི་ལམ་དང་མངོན་སུམ་མཐའ་དག་ཁོ་བོའི་དབང་ཤེས་ཀྱི་ཁམས་ལ་སྨུག་བུན་ལྟར་འཐིབས་པས།ད་ལྟ། བེམ་ཤེས་གཉིས་ཀྱི་བདག་ཉིད་དུ་གྱུར་བའི་“རང་ཉིད་”ཀྱང་། མཚན་ཉིད་ཚུགས་ཐུབ་ཞིག་གི་རྒྱ་ཁྱོན་ལ་ཤོང་བར་གདེང་ཚོད་ཅིག་ཁྱོན་ནས་སྐྱེས་མ་སོང་། དེས་རྐྱེན། སྐབས་འདིར་ལག་ཕྱིས་ཀྱིས་ཁྱེད་ཀྱི་འདྲ་པར་འབྱིད་བཞིན་པའི་བདག་ནི། དངོས་སྒྱུ་གང་ལ་གཏོགས་མིན་དང་མངོན་སུམ་དང་རྨི་ལམ་གང་གི་འཕྲོ་རྒྱུན་ཡིན་པ་ཐ་ན་རང་གིས་ཀྱང་ར་སྤྲོད་མི་ཐུབ་པར་གྱུར། །   དེ་ལྟ་ནའང་། སྐྱ་ཆད་སྔོ་སྡུག་གི་འཚོ་བའི་ཁ་དོག་ཁྲོད་ཅིས་ཀྱང་མངོན་སུམ་འཁྲུལ་མེད་དུ་གོ་ཐུབ་པ་ནི། ཁྱེད་ལ་ལྟོས་པའི་སེམས་འགྱུ་ཁྱད་པར་བ་སྟེ། ང་རང་དང་བའི་སྒོ་ནས་སེམས་ཆུང་ངང་ཁྱེད་ལ་དུངས་ཤིང་ཁྱེད་ལ་གཅེས་པ་འདིའོ།།
                                                                      
                 གཅིག

  བདག་གིས་བློ་ཐག་རྦད་ཆོད་ཀྱིས་ཁེར་རྐྱང་དང་འཐབ་འཛིང་བྱས།དོན་ངོ་མར། ཉིན་ཞིག་དེ་ལས་ཕྱིར་ཐོན་པར་ཞེ་འདུན་ཇི་འདྲའི་ཆེ་ཨང་། འོན་ཀྱང་། ད་ཆ་གནས་སྟངས་དེ་རིགས་ཀྱིས་ང་རང་ཡོངས་སུ་ཁྱུར་མིད་བཏང་བས། ཡང་སྙིང་ཁེར་རྐྱང་གི་ཕ་རོལ་ན་ང་ལ་འདྲིས་ཆེ་བའི་གནས་ཚང་ཞིག་ཡོད་མིན་རང་ལའང་མི་གསལ།
  སྲོད་མདངས་མོག་པོ་དང་གློག་སྡོང་ཁྲ་བོ། འུར་འུར་ཟིང་ཟིང་གི་སྐབས་འདིར། སྲང་མདོ་ནས་དམིགས་མེད་ལོང་འཁྱམ་ངང་ཉུལ་ནས་འགྲོ་རྒྱུར་ང་རང་ཧ་ཅང་དགའ། དེ་ནི་ཕལ་ཆེར་གནམ་འོག་ཏུ་ང་ལ་བསྐྱུར་བའི་རྒྱས་སྤྲོས་གཅིག་པུ་ཡིན་ཚོད་འདུག     འགྲོ་ཞོར་དུ། ངས་དོ་ནུབ་ཀྱི་གྲང་རླུང་དེ་འདྲའི་འཁྱག་པར་ལེ་བདའ་བྱས་ཤིང་། ལུས་ཟུར་ནས་ཤར་རེ་རྒྱུག་འགྲོ་བའི་རླངས་འཁོར་ལ་འཁང་ར་དང་དམོད་མོ་བཏང་། འཚམས་འཚམས་སུ། ལམ་འགྲམ་གྱི་ལྕགས་ར་ལ་ཤེད་ཀྱིས་རྡོག་པས་གཞུས་ཤིང་།ཡོངས་སུ་ཐང་ཆད་དུས།ད་གཟོད་ནང་ཁོག་གི་རླུང་ཡན་ཅིག་འཇགས་སོང་བ་དང་འདྲ། སྤྱིར་ན། འཆལ་སྤྱོད་དེ་རིགས་ཀྱིས་དུས་རྒྱུན་བག་ལ་ཉལ་བའི་ངང་གཤིས་ལ་ཚ་འདྲི་སློང་སྲིད་ནའང་། རྐྱེན་ངན་ལམ་འཕྲད་ཀྱི་དུས་སུ་ང་ལ་གདམ་ཀ་ཅི་ཡང་མ་ཡོད། སྣང་ཤེས་ཀྱིས་ངའི་ཕྱི་ནང་གསང་གསུམ་ཡོངས་སུ་བཟུང་བས། ཉམས་ང་བའི་དཔྱོད་ཤེས་ལ་མགོ་བོ་འཇོག་ས་ཞིག་མེད་འགྲོ  ཁམས་འདི་གཡོ་སྒྱུ་དང་ཟོལ་རྫུ། ཁེར་རྐྱང་དང་སྡུག་བསྔལ་གྱིས་བཀང་པས། དམྱལ་བའི་སྒལ་ཁྱིམ་འདི་རུ་ང་ལ་སོས་དལ་བག་ལྷོད་ཀྱི་དབུགས་ཀ་ཞིག་ཀྱང་ལེན་ས་མི་འདུག ཅི་ཁག ཅི་ཁག ང་ལ་ཅི་ཁག
  དེ་ལྟ་ནའང་། ངས་ད་དུང་ཡིད་ཀྱི་གློ་ཟུར་དུ་གང་གིས་ཀྱང་མ་བསླད་པའི་གནས་མལ་གཙང་མ་ཞིག་བསྲུང་ཡོད། དེ་ནི་ཁྱེད་ལ་སྒྲིག་པ་ཞིག་སྟེ། མི་ཧྲེང་འཆལ་བོ་ཞིག་ལ་བཟང་ཆ་ཉག་གཅིག་ཡོད་པ་བཞིན། དེ་ཁོ་ནས་ང་རང་ང་རྒྱལ་སྐྱེ་སྲིད།།
  ལམ་འཁྲིས་སུ། “མ་སྐྱེས་ཨ་མའི་ཆང་ཁང་”གི་སྒོ་ཡིག  གློག་བཞུ་མང་པོས་མུ་ཁྱུད་དུ་སྐོར་ཞིང་ཟིམ་ཙམ་འཆར་ཙམ་གྱི་བསྐྱར་ཟློས་བྱེད། རེད་དེ། ང་ནི་སྔར་བཞིན་ཆེས་མཐའ་མཇུག་གི་མགྲོན་པོ་དེ་ཡིན། ། ཇ་ཞུ་མའི་ཟོལ་འཛུམ། སྒྲ་སྒམ་ལས་གྱེར་བའི་ཚངས་མགུར། འཆར་ཡན་ལ་རོལ་བའི་ཕོ་མོ། ལམ་ཐག་རིང་བོ་ནས་འཐེན་འོང་སའི་མ་སྐྱེས་ཨ་མས། འདི་ལྟར་ཡ་ང་སྙིང་རྗེ་མེད་པར་བདག་གི་ཁེར་རྐྱང་ལ་ཟུར་ཟ་བྱས་འོང་། འོན་ཀྱང་། འདི་ཡིས་ང་རང་ཆང་ཁང་འདིར་ཡོང་རྒྱུར་བཀག་རྐྱེན་དོག་ཙམ་མ་ཞུས། མཐོང་སྣང་འདི་དག་གིས་ཚོར་ཤེས་ཀྱི་ཁམས་ལ་ཟུག་རྔུ་བསྐྱེད་ཐེངས་རེ་རེར། བདག་གིས་ཁྱེད་རང་ཅི་སྲིད་བར་བརྗེད་མི་འགྲོ་བའི་གདེང་ཚོད་རྙེད་ཀྱི་འདུག  སྤྱིར་ན་བརྩེ་དུང་དང་དྲན་པ་བསྲུང་ཆེད་སྡུག་བསྔལ་ཉོ་བ་ནི་བདེ་སྐྱིད་ཞིག་ཀྱང་རེད། མ་མཐའ་འང་ཁོ་བོར་མཚོན་ན་དེ་འདྲ་རེད།
                སྲོད་ལ་བྱམས་པ་བཙལ་བས།།
                ཐོ་རེངས་ཁ་བ་བབས་བྱུང་།།
                གསང་དང་མ་གསང་མི་འདུག །
                ཞབས་རྗེས་གངས་ལ་བཞགས་འདུག །
  དེ་སྔ། ཚངས་མགུར་ལ་ཉན་གྱིན་ངས་རང་ལུས་ཀྱི་རྩ་ལམ་དང་ཁྲག་རྒྱུན་དུ་ཡང་། དབྱངས་རྟ་ལྷོད་པོ་ཞིག་གིས་བག་ཡངས་བགོ་བ་ཚོར་སྲིད། འོན་ཀྱང་། དོ་ནུབ་ཀྱི་དབྱངས་འགྲོས་རེ་རེ་ནི་རྟ་ལྕགས་བཞིན་གཡས་གཡོན་ནས་དབྲབ་འོང་བས། ང་ལ་སྐད་ཅིག་ཙམ་གྱི་འདུག་བཟོད་ཀྱང་མ་བྱུང་། ཕལ་ཆེར་བག་ཆགས་ཀྱི་ཆེས་སྙི་ས་གང་ན་མ་སྐྱེས་ཨ་མ་ཡི་བསླུ་བྲིད་ཐེབས་སོང་བ་འདྲ། ང་རང་གཡུལ་ལ་བྱོལ་བའི་བྲོས་དམག་ཞིག་དང་འདྲ་བར་སྒོར་ཐོན་ཞིང་། གྱང་འདབས་དེ་ནས་ཡུན་རིང་སྐྱུགས་རྗེས། ཆང་དཀར་འཐུང་གིན་གན་རྐྱལ་དུ་ལོག   ཨོ། ཕལ་ཆེན་བཟི་སོང་བ་འདྲ། ནག་ཡར་ཡོར་གྱི་གྲིབ་མ་དག་གིས་གཡས་ནས་གཡོན་དང་གཡོན་ནས་གཡས་སུ་བགམས་སོང་ནའང་། ཟླ་བ་ཁ་གང་མ་དེའི་མཛེས་སྡུག་དང་བསྡུར་ན་དེ་དག་ལ་མཉམ་འཇོག་རིན་ཅི་ཡང་མི་འདུག ལྟོས་དང་། སེང་རས་ལྟ་བུའི་སྨག་བུན་སྲབ་མོ་དེའི་ཁུད་ན་ཡར་ཡར་འཕགས་ཀྱིན་པའི་དཀར་གསལ་ཟླ་བ། ཟླ་བའི་ནང་དུ་ཡིད་འོང་ཁྱེད་ཀྱིས་སྐེད་སྐབས་གཡོ་བར་བྱེད། དར་འཁྲི་འཕྱོ་བར་བྱེད། ཙི་ཙི། གླུ་སྐད་ཀྱང་གོ་མ་ཡོང་ངམ། ངས་ཡུན་རིང་རེ་སྒུག་ཁྲོད་འཚོས་པ་ཁྱེད། འདི་ལྟར་མཛེས་སྡུག་གིས་སླེབས་བྱུང་། ཨེ་མ། ཀྱེ་མ། ག་རེ་་་་།  ངས་ཁྱེད་རང་ཅི་ལྟར་བསྔགས་སམ། སྙན་ངག་གིས་མ་ཟིན་ཅིང་། གླུ་སྐད་ཀྱིས་མ་སྙོབས་པའི། དོན་དམ་བྱ་དངོས་གང་གིས་ཀྱང་ཐུག་པར་མི་བྲ་བ་ཁྱེད། སྔར་བཞིན་གཙང་དག་ཡང་དག་ཏུ་འཇོག་འདོད་ལགས། །  དཀོན་མཆོག་མཁྱེན།  འདི་རང་རྨི་ལམ་མིན་པར་ཆུག འདི་རང་འཁྲུལ་སྣང་མིན་པར་ཆུག  ཆང་རག་འཐུང་རྗེས་ཀྱི་སྣང་བ་རབ་རིབ་དེས། ཁྱེད་ཀྱི་གར་སྟབས་སུ་འཁྱུད་པའི་མངའ་ཐང་མ་ལུས་ཁྱུར་མིད་མི་གཏོང་བར་མཁྱེན།  འོན་ཀྱང་།  འོན་ཀྱང་ངས་རང་གི་བརྩེ་དུང་དང་གདོད་གཤིས་སུ་བདེན་ཁ་ཇི་འདྲ་སྟེར་ཡང་རུང་། མཐའ་མཇུག་ཁྱེད་རང་ཡང་བསྐྱར་བུད་སོང་། མཚན་གུང་གི་རླུང་བུ་འཁྱག་པོ་འདིས་ཤུམ་སོང་པའམ། བདག་གི་རྫོབ་མདོག་ཁ་པོ་འདིས་སུན་སོང་བ་གང་ཡིན་ཅི་ཆ། སྨག་རུམ་གྱིས་ཁྲོས་པའི་སྤྲིན་པ་ལེབ་མོ་དེས་ཁྱེད་ཉིད་ཐག་རིང་ཐག་རིང་ལ་འཁྲིད་པར་རྩོམ་དུས། ངའི་ལུས་ངག་ཡིད་གསུམ། དོན་ལྔ་སྣོད་དྲུག་གི་གཏིང་ནས་བྱུངས་པའི་སྨྲེ་ངག་འདིར་རང་དབང་མ་ཡོད་་་་་་་་་་་་་ཀྱེ།།

                 གཉིས།

  ཧར་གྱིས་འདྲོགས་ཤིང་གཉིད་ལས་སད་དུས།  ཡང་སྙིང་རྨི་ལམ་འཁྲུག་འདུག  ཉིན་འདི་ཚོར་སྔར་ལྟར་དངོས་སྒྱུ་བརྣོལ་མའི་འཚོ་ཐབས་སུ་སྡུག་ཐུག་གིས་འདུར་ཞིང་། ཁྱེད་ལ་མཇལ་འདོད་ཀྱི་འཁྲེང་པས་ཡང་ཡང་དེད་ནའང་། འཇའ་གུར་སྙེགས་ཚུལ་གྱི་གླེན་རྟགས་རྒོད་པོ་འདིས་ང་རང་ཡང་གཅིག་ཕམ་པར་བཏང་སོང་། གང་ལྟར། རྨི་ལམ་ཞིག་གི་མཇུག་བསྡུ་ཚུལ་འདིས་དེ་རིང་ཀྱང་ང་ལ་སེམས་བག་སྤྲོ་པོ་ཞིག་སྟེར་ས་མ་རེད། དེ་ལྟར་སྙམ་ན། མལ་ནང་དུ་དགྱེ་དགྱེ་གནང་བའི་ང་རང་འགུལ་ཙམ་མ་གནང་། འགུལ་ཙམ་མ་གནང་པའི་སྐབས་སུ་ངས་ད་གཟོད་རང་གི་ཁང་པ་འདིར་ཞིབ་ལྟ་ཐེངས་ཤིག་བགྱི་ཆོག་ཨང་།  ————གློག་ཐབས་ཟད་པོ་ཞིག  སྣོད་ངོ་མ་འཁྲུད་པའི་ཟས་སྣོད་འགའ། གང་སར་བརྩེགས་པའི་དཔེ་ཆ་སྣ་ཚོགས། ད་དུང་། གོ་རིམ་མེད་པར་སྟོར་བའི་ཤོག་རལ་དང་སྟོང་བར་བསྐྱུར་བའི་ཆང་དམ་དག  ཨ་ཧོ། ངས་ང་རང་དབུལ་ཕོངས་ཞེ་དྲག་གི་འཚོ་ཐབས་འདིར་ཅི་ཙམ་ལུས་སོང་པ་མ་ཤེས། སུ་ཞིག་གིས་ལྡེབས་རིས་སུ་སྐྱ་ཐིག་བཏབས་པ་ལྟ་བུའི་འཚོ་ཚིས་ངན་ངན་འདི། ངའི་ཚེ་གཅིག་ལུས་གཅིག་རིང་གི་ནོམ་པ་ལགས་ན། སྙིང་ནས་བརྩེ་བའི་འཁོར་བའི་བདག་མོ་ཁྱེད་ཉིད་ད་དུང་ང་ལ་དགའ་སྲིད་དམ།། ང་ཡིས་ཁྱེད་ཉིད་ཅི་ལྟར་སྐྱོང་བར་བྱེད་དམ།།
    ཐག  ཐག  ཐག་་་་  གྱང་ངོས་སུ་ཐག་གེར་འཁོར་བའི་དུས་ཚོད་ཀྱི་མདའ་རྩེ། མ་གཞིར་བདག་གིས་འཚོ་བའི་གསལ་འདེབས་སུ་ཚད་མའི་ལམ་སྟོན་དུ་བཀུར་ནའང་། ད་ནི་དེས་ཀྱང་ང་ལ་བསམ་བཞིན་མགོ་སྐོར་དང་བརྙས་ཞགས་འཕང་འོང་པ་འདྲ། སྡུག་ཡུས་དེ་རིང་ལྟ་བུར། ངའི་ལྷིང་འཇགས་ཚུན་ཆད་ཀྱི་སྙིང་པོར། ཁྱད་གསོད་དང་གསེག་འདྲི་བྱས་པར་བཟོད་སྒོམ་བགྱི་ཐབས་མ་བྱུང་། དེས་ཕྱིར། ལུས་ཟུར་ནས་ཆང་དམ་ཞིག་ཤེད་ཀྱིས་གཡུག་པ་ལ་དུས་ཚོད་ཀྱི་རུས་སྒྲོམ་ས་རུ་འཐོར་དུས། རང་གཤིས་རྒྱ་ཡན་ལ་བཏང་པའི་ཉམས་སྣང་སྐྱིད་པོ་དང་། དགྲ་བོ་ཆམ་ལ་ཕབ་འདྲའི་གཡུལ་གྱི་སེམས་ཤེད་རྒོད་པོ་འདིས་ང་ལ་ཡུད་ཙམ་གྱི་བདེ་ཚོར་རྒྱས་ཡོང་།
   ང་རང་ཁེངས་ཉམས་སྒོས་མལ་ལས་ལངས། ཞལ་ངོ་བཀྲུས་ཤིང་མེ་ཁ་གསོས་རྗེས། ཇ་དེམ་ནང་གི་ཚུར་སྒྲ་དང་གཞི་གཅིག་ཉིན་མོ་ཞིག་ལམ་ལ་ཆས་སོང་། ཡངས་པའི་མྱ་ངན་གྱི་ཐང་ཆེན་པོར། ངལ་དུབ་ལྕི་བའི་རྟ་བདུན་གྱི་དཔྲལ་བར་རྔུལ་ཆུ་འཚང་པ་བཞིན། ད་ནི་གླུ་བརྒྱ་གདངས་གཅིག་ལྟ་བུའི་ཉི་མ་འདི་ཚོར་ཡང་ཨ་ཐང་ཆད་ཅིང་། ནང་མོའི་སྐྱ་རེངས་ལའང་ཨ་གསར་དང་མཚར་སྣང་གི་ཚོས་རིས་ཉག་ཙམ་མི་འདུག  གལ་ཏེ། ཤུལ་ཏུ་ལུས་པའི་སྒུལ་ཤུགས་ཧ་ལམ་འདི། ལྷེམ་ལྷེམ་འགུལ་བའི་ངའི་ཚེ་ཡི་གཟུང་ཐག་ཐ་མ་ཡིན་ཚེ། དེ་ནི་ཁྱེད་རང་སྟེ། མྱ་ངན་གྱི་ཐང་ཆེན་པོ་འདིའི་མཚར་སྡུག་ཡོད་ཚད་ལགས། །
སྤྱིར་ན། འཕྲལ་རྐྱེན་དེ་རིགས་ཀྱིས་ཁྱེད་རང་ས་མཐར་བདས་མི་འགྲོ་རྒྱུ་ན། 
སྤྱིར་ན། གཞིས་ནིང་ལོའི་ནོར་བུ་གླིང་ག་ལྟར་འུ་གཉིས་ཀྱི་འཛོམས་ཆད་འདི་མི་རིང་མངོན་འགྱུར་ཞིག་ཡོང་རྒྱུ་ན། 
སྤྱིར་ན། ཁྱེད་རང་ཞེ་དུང་དུང་སྒོས་ཕྱིར་ཕེབས་འོང་ན།
ངས་ཆུ་ཆེན་བཞིའི་མགོ་ཁུངས་སུ་དོན་ལྔ་སྣོད་དྲུག་གིས་རྨི་ཐག་འཐེན་འོང་།
ངས་རི་ཆེན་བཞིའི་སྤོ་བོ་རུ་ལུས་ངག་ཡིད་གསུམ་གྱི་དར་ལྕོག་བསླང་ཡོང་།
་་་་་་་་་
ང་རང་ཅི་ཙམ་ལུས་སོང་པ་མ་ཤེས། ཆུ་ཚན་འཕྱུར་དུས་ད་གཟོད་ཡ་སྒྱེད་དུ་རྟོག་པ་འཕྲོས་ཤིང་སྨོན་ལྗོངས་སུ་ཚུད་ནས་ཡོད་པ་རྟོགས། ཁྱེད་རང་དྲན་དུས་ནམ་ཡང་ཆོ་འཕྲུལ་ཞུགས་པ་ལྟར་དྲན་ཤེས་ཀྱི་རྟ་ཁ་རང་ལག་ཏུ་མི་འདུག་ཅིང་། མུ་མཐའ་བྲལ་བའི་སྟོང་བསམ་གྱི་ཐང་ཆེན་པོར་ལྷོད་གྱིས་གཤར་བའང་ཕྱི་ཡུལ་གྱིས་དཀྲོགས་ཙམ་མ་བྱས་ན་ཡུན་རིང་ལུས་འགྲོ   དེ་ལྟར། གྲོད་པ་འགྲངས་ཕྱིན་ལས་ཞུགས་སུ་འགྲོ་གྲབས་བྱས་ཤིང་། མི་ཁོམས་པའི་ཁམས་འདི་ན་ད་དུང་རང་ཉིད་ཐེ་སའི་འབྲེལ་ཐག་ཅིག་ཡོད་པས། འབྲེལ་བ་འདི་དག་གིས་སྟབས་བདེ་ཇི་ཙམ་བཟོས་པ་དེ་ཙམ་གྱིས་སེམས་ཁྲལ་དང་དཀའ་ལས་ཡང་ངང་གིས་སྟེར་ཡོང་། བདག་གིས་གྲོང་མཐའི་ལམ་ཕྲན་ཀྱ་ཀྱུ་དག་བརྒྱུད་ནས་ཐད་གར་གཞུང་ལམ་གཏུབ་ཅིང་། ལུས་རྩལ་ཐང་ཆེན་ནས་སྣ་འཛོམས་ཁྲོམ་ལམ་དང་། གུ་གེའི་ཇ་མཁར་ནས་སྒྲོལ་མའི་ལག་ཟས་སོགས་མང་པོ་བརྒྱུད་མཐར་གཞི་ནས་ལས་ཁུངས་ཀྱི་སྒོ་ཁར་ཐོན་ཡོང་།ང་རང་རྒྱུས་ཆེ་བའི་ལས་ཁུང་དེ།
                     “་་་་ས་གནས་རྩོམ་རིག་ལྷན་ཚོགས།”
ཇི་འདྲའི་འཇིགས་སུ་རུང་བའི་སྒོ་བྱང་ཞིག་ཨང་། དེ་རིང་ངས་གློ་རྒྱག་ཏུ་དེ་ལྟར་སྙམ་སོང་། དེ་རིང་ཅི་ཡིན་ཆ་མ་འཚལ་བར་ང་ལ་འདང་རྒྱག་ལྷག་མ་ཞིག་ཐོན་ཡོང་།གཅན་གཟན་གང་གིས་ཟ་སྒོ་གདེངས་བ་ལྟ་བུའི་སྒོ་ཆེན་ནག་ཐིང་ངེ་བ་འདིས་སེར་སྣ་ཅི་ཡང་མེད་པར་ང་རང་འཆའ་འདོད་ཡོད་དམ། ང་ལ་དངངས་སྐྲག་ཞིག་སྐྱེས་ཡོང་། ངའི་དབུགས་ཀྱི་འབྱིན་རྔུབས་ཇེ་མགྱོག་ཏུ་ཕྱིན་སོང་། དེ་དག་ཡོད་ཚད་ངས་གསོན་པོ་དྲོན་པོ་བྱས་ནས་ཚོར་བྱུང་། སེམས་ཅན་ཇི་འདྲའི་མང་པོ་ཞིག་སྒོ་ཆེན་འདི་རུ་འཛུལ་ནས་སྒོ་ཆེན་འདི་ལྟ་བུའི་སྲོག་གཟན་དུ་གྱུར་ཡོད་ལགས། 
  ཀི་ཧི་ཧི། འདི་ན་མྱི་ཟ་གི་འདུག  རྩོམ་རིག་གིས་་་་། མིན། རྩོམ་རིག་ཞྭ་རུ་བྱས་པ་འགས། ཁོ་ཚོས་ཡི་གེ་ལ་མཐུ་བརླབས་ཀྱིན་འདུག  དུག་འདེབས་ཀྱིན་འདུག 
  ཨ་ཙི་ཙི། མྱི་རྐྱང་ངའི་འགྲོ་རོགས་འདུག་རོགས། ཉལ་རོགས་ལངས་རོགས། ངུ་རོགས་དགོད་རོགས། དགའ་རོགས་སྡུག་རོགས་ཀྱི་རྩོམ་རིག་ལ་ཁོ་ཚོས་བཤུ་གཞོག་བཏང་སོང་། ཞབས་འདྲེན་ཞུས་སོང་། དང་ཐོག་ང་རང་ཞེ་དུང་དུང་བློ་ཉེ་ཉེ་ཡིས་བཏུད་སའི་ལས་ཁུངས་འདིས། ངའི་གོང་ན་བཀུར་བའི་རྩོམ་རིག་གི་བླ་གཡུ་དྲི་མ་མེད་པ་དེ། ལོ་རྒྱུས་རྫུན་མ་ལ་འཐགས་སོང་།དབང་དང་རྒྱུ་ནོར་ལ་བཏབས་སོང་།  དེ་ག་ལ་ཆོག  ང་རང་ཁྱོན་ནས་མགུ་མ་སོང་ངོ་། དུས་འདིར་ངས་ན་ནིང་རང་ཤི་རྒྱབ་པའི་ལས་གྲོགས་སྙན་ངག་པ་དེ་དྲན་གྱི་འདུག  རང་ཤི་རྒྱབ་པའི་སྔ་ནུབ་དེར་ཁོས་གཟབ་ནན་གྱིས་ང་ལ་“ས་རུབ་ཡོང་། ཡུལ་ལ་ལོག་འགྲོ”་ཞེས་བཤད་པ་དེ་དྲན་གྱི་འདུག །
   ས་རུབ་རྗེས་ང་རང་ད་བར་ཁེར་རྐྱང་དུ་བསྡད་པ་ཡིན། ཁེར་རྐྱང་ནི་རྣམ་ཤེས་དང་བཅར་ཆོག་པའི་དུས་ཚོད་དེ་ཡིན་ན། རྩོམ་རིག་ནི་ངའི་ལག་གི་དཀར་མེ་ཡིན། སྙིང་ཉེ་ཁྱེད་ལ་མི་གཙང་ལྗན་ལྗིན་གྱི་ཟུར་ཙམ་ཕོག་ན་མི་འདོད་པ་བཞིན། རྩོམ་རིག་ཁོ་ན་ད་བར་ང་ཁྱེད་དང་ཉེ་བར་བཅར་བྱེད་ཡིན། དེ་ཡིན་པས། ཝ་ཡེ། འཇིག་རྟེན་གྱི་རང་མདངས་གཅིག་པུ་སྒུལ་ཙམ་མི་བྱེད་རོགས།།
  ཉི་ནུབ་ལམ་ཟད་ཀྱི་འུ་ཐུག་གིས་གཅུན་དེ། ལས་ཁུངས་སྒོ་དྲུང་ནས་ང་ལ་ནང་དུ་འཛུལ་སྙིང་མི་འདུག ནག་ཆུའི་འཚོ་བ་གསར་བའི་སྙན་ཞུ་དེ་དང་ཀྲུས་རིན་ཨ་ལགས་བསམ་གཏན་གྱི་སྐུ་བསྟོད་སོགས་འགན་བབས་འཕྲོ་མ་དག་གིས་ལས་ཅོག་ཏུ་སྒུག་ནས་ཡོད་པར་བསམ་ན། ང་རང་དངོས་གནས་སུན་པོ་ཞེ་དྲག་ཆགས་འགྲོ  དེས་ཕྱིར། ཁྱབ་ཁུངས་ལ་ཤས་སུ་ང་ལ་སྨྲ་བ་བསྡམ་པའི་དབང་ཆ་མཁོ་སྟེ། སྨྲ་བ་བསྡམ་དོན་ནི་ང་རང་སྐད་ཆའི་ལང་ཚོ་ལ་བློ་དཀར་བས་ཡིན།། 
  བདེ་མོ་ཞུ།     “་་་་རྩོམ་རིག་ལྷན་ཚོགས།”ཀྱི་ཕྱི་ར་ནང་སྐོར།
  བདེ་མོ་ཞུ།     ཐམ་ག་དང་ལྕགས་ཐག་དྲུད་པའི་ཡི་གེའི་དཔུང་སྡེ།
  བདེ་མོ་ཞུ།   ་་་་
  ང་རང་དེ་ལྟར། ཕྱི་འགྱོད་དང་འཚེར་དོགས་མེད་པར་ནང་མོ་འདིར་ལས་ཁུངས་སུ་རྒྱབ་གཏད་ནས་བུད་ཡོང་། ལངས་ཤོར་རྒོད་པོ་འདིས་ངའི་སྣང་བ་བདེ་བས་ཁེངས་འགྲོ་ཞིང་། དར་ཅིག་རྣམ་ཤེས་ཀྱི་མགོ་རྔ་གཅུན་པའི་སྒྲོག་ཐག་ལས་ཐར་སོང་བ་བཞིན། ད་ནི། སྙན་ངག་གི་འཤོག་འགྱུ་ལ་འཇུས་དེ་སྲིད་པའི་ཡང་སྙིང་བརྩད་ཅིང་། བླ་སྲོག་གི་ཟབ་རྒྱ་བརྟོལ་ནས་ཁྱེད་ཀྱི་མཛེས་སྡུག་ལ་བསྔགས་ཆོག་ཨང་། སྙིང་གི་དུམ་པུ་ལགས། བདག་གིས་འཁོར་བའི་ཟ་ཟི་བསྐྱུར་ཞིང་། འབྱོར་བའི་བསླུ་བྲིད་ལྡོག་ཏེ་སྙན་ངག་གི་རོལ་མོ་ལ་འཁྲི་དོན་ནི་སྔར་བས་ཀྱང་ཁྱེར་ཉིད་གླུ་རུ་ལེན་འདོད་པས་སོ།།
    ང་རང་སྨྱོན་པ་ཇི་བཞིན་བར་སྐོར་ནས་ཡར་རྒྱུག་མར་རྒྱུག་བྱས།   འཚམས་རེར་ཧབ་ཆ་རྒྱག་གིན། ལན་རེར་འབེ་གར་རྩེ་བཞིན། ཨ་ཅག་མས་སྣ་གཉེར་དང་ཡུལ་སྐོར་བའི་མཚར་ཉམས་ཁྲོད་ནས་་་་་
   ང་འབེ་གར་བསམ་པའི་དོན་འགྲུབ་ཡིན། །
   ང་ད་ནང་ཡོང་བ་ཤར་ནས་ཡོང་། །
   ཤར་མི་གཙང་རྫུན་ཆོས་སྤང་ནས་ཡོང་།།
   ང་དོ་དགོང་འགྲོ་བ་ནུབ་ལ་འགྲོ།
   ནུབ་ཨ་ཕོའི་སྣང་བ་བསྟོད་ནས་འགྲོ།
 འདི་ལྟར། ངས་སྤྱོད་ལུགས་ཐུན་མིན་གྱིས་རང་ཉིད་སྒྲོག་ལས་ཐར་བར་དགའ་སྟོན་སྒྲིག་ཤིང་། བར་སྐོར་གྱི་རླུང་ཡན་ཁྲོད་ན་ཡིབ་པའི་ཁྱེད་ཀྱི་སྣང་བརྙན་འཚོལ་བ་ལྟར་ལ་རྒྱུག་ལུང་འདུར་བྱས། སྤྱིར་ན། ལོ་དེ་ནས་ཁྱེད་དང་བསྐལ་བའི་བརྩེ་གདུང་གིས་ང་རང་དམྱལ་བ་བཅོ་བརྒྱད་ཀྱི་གཏུང་རིམ་དུ་བསྐྱུར་ནའང་། དེ་རིང་རྩོམ་རིག་གི་སྙིང་པོར་ཁྱེད་ཉིད་བསྐྱར་དུ་མྱོང་དུས། ཚེ་བླ་སྲོག་གསུམ་གྱི་ཟབ་སར་བསྟིམས་པའི་སྤྲོ་དགའ་དང་བདེ་སྐྱིད་ཀྱི་ཕྲ་ཕུང་དག་ངང་གིས་སད་ཡོང་། རེད་དེ། སྐྱ་ཆད་སྔོ་སྡུག་གི་འཚོ་བའི་རི་ཐང་ཀུན་དུ། ཧོར་ཟླ་དང་པོའི་དབུགས་ཐོབ་ཀྱི་གསོན་ཤུགས་ཇི་བཞིན། རྣམ་ཤེས་ཀྱི་ཁམས་ན་རྒྱས་པའི་རྩྭ་ལོ་ནེམ་པོ་དག་ལྗང་ཡུག་ཡུག་གིས་འབུ་དུས། འདི་དག་ཐམས་ཅད་ནམ་ཞིག་ཁྱེད་ཉིད་ཕེབས་སའི་ལོག་མལ་དུ་འགྱུར་བའི་སྨོན་ལམ། སྐྱེ་བ་ཕྱི་མ་ལགས་ཀྱང་།། 
ཐ་མར་ང་རང་པོ་ཏ་ལའི་མདུན་ཐང་དུ་ལོག་ཡོང་། བར་སྐོར་དོག་མོ་དེ་ནས་སྨྱོ་རྒྱུག་གཟའ་རྒྱུག་གིས་ངལ་བའི་ནོན་ཏེ། ད་ལྟ། མཐོང་ལམ་ཡངས་མོ་འདི་ཁོ་ནས་ཀྱང་ང་ལ་སོས་དལ་བག་ལྷོད་ཅིག་གནང་སོང་།།
 བསེར་བུ་ཤུ་རུ་རུ།  ལོ་རྒྱུས་ཀྱི་རྦ་ཀླུང་ཀྱང་ཆིལ་ལི་ལི། 
གནམ་སའི་བར་ཁེར་རྐྱང་དུ་ལྷག་པའི་ཕོ་བྲང་འདི་ལ་ལྟ་བཞིན། ང་ལ་བསམ་དབང་དྲན་དབང་མ་བྱིན་པར་མིག་ཆུ་འཁོར་ཡོང་། དེ་སྔ་དེ་སྔ་ཞིག་ལ།  ཁྱེད་རང་ཐང་འདིར་ལྷ་མོ་རྩེས་པ་དྲན་ནམ། 
_______དབུ་རྒྱན་ཐ་ར་ར།   སོག་བྱིལ་ཡོ་ལོ་ལོ།  གློ་ཕྲེང་སི་ལུ་ལུ།  སྣང་བརྙན་འདི་དག་དྲན་དུས། པོ་ཏ་ལས་ཀྱང་ཁྱེད་རང་བརྗེད་པར་དཀའ་འོ་སྙམ་སོང་། ། ངའི་སྙིང་ཉེ་ལགས། །  
 ད་ནི།  ཡབ་མེས་རྒན་པོ་ཞིག་གི་ཚུལ་གྱིས། ཤེས་རབ་ཀྱི་སྤྱན་ལ་འཁྲེང་བའི་མིག་ཆུ་བསིལ་གྱིན། རི་བོ་གྲུ་འཛིན་གྱིས་ཁྱེད་ལ་སྒུག་ཅིང་།། སླད་མེད་གངས་དཀར་གྱི་ཟོལ་གྱིས། དྭགས་གཙང་གི་སེམས་ལ་སྐྱིད་ཤོད་གཞིས་ཀ་འདེབས་ཀྱིན། ཆུང་འདྲིས་ངས་ཁྱེད་ལ་སྒུག་ཡོད། ཕེབས་ཡོང་རོགས། ཉི་ཟླའི་འཁོར་ལམ་འགྲིག་ཉིན་ཞིག་ལ། རི་ཆུའི་ཆགས་བབས་བདེ་ཉིན་ཞིག་ལ། ལྷ་ལྕམ་མཛངས་མ་ཞིག་གི་སྐྲ་ལྕོག་མ་འབོར་བར་ཤོག་དང་། ངས་རྒྱུན་རིང་བསགས་པའི་དྲན་ཡོས་དེ་སྙན་ངག་བུམ་གང་གི་ཟོལ་གྱིས་ཁྱེད་ལ་བཏེགས་ཡོང་།།
________
སྐྱིད་ཆུའི་འགྲམ་ངོགས་སུ
སྐར་མ་འཐུ་བའི་ཆུང་དུས་ཀྱི་རྨི་ལམ་སྲུབས་ཀྱིན
བསེར་བུ་གཉོམ་པོ་ཞིག་གི་འགྲོས་ལྟར
དོ་ནུབ    ངའི་སེམས་པ
འཕྱོངས་རྒྱས་བུ་མོ་ཞིག་གི་རྣ་ལོང་ལྟར་གཡོ

བར་སྐོར་གྱི་དུང་སེམས་ནས
རྩེ་ཕོ་བྲང་གི་གཟི་འོད་མཐའ་དག
གནས་མོས་ཕྱིར་མིག་ལན་གཅིག་གིས་འཇུས་ཤིང
ཐག་རིང་དུ་ཆུ་མོ་ལྟར་བཞུར་དུས
ངའི་རྡོག་སྣེ་ན
གངས་ཀྱི་ཁྱམས་ར་སྟོང་བ་ཞིག་ལས་ཅི་ཡང་མེད

དོ་ནུབ
ངས་ཁྱེད་ཀྱི་འུ་ཐུག་དང་སྐྱོ་འཛུམ་བསམ་གྱིན
དགུན་ཟླ་ཞིག་སེམས་དྲོད་ཀྱིས་བཞུས་པ་དྲན་ཞིང
ཉི་ཟླའི་འཁོར་ལམ་གྱི་ས་རྡུལ་ངང་གིས་དག་ཚེ
ཁྱེད་ཉིད་སླར་ཡང
སྐར་མདའ་བཞིན
ངའི་ཉེ་སར་འབབ་ཨེ་ཡོང་གི་སྨོན་ལམ་བཅིངས་ཡོད
སྙིང་ཉེ་ལགས  སྐྱེ་བ་ཕྱི་མ་ལགས་ཀྱང
ཕྱི་མའི་ཕྱི་མ་ལགས་ཀྱང

           གསུམ།

  གྲོང་ཁུལ་གྱི་འབབ་ཚིགས་ལས་ཅོང་བརྡ་ཐེངས་དུ་མར་གྲག་པས། རྨི་ལམ་དཀྲོགས་དུས་ཆུ་ཚོད་བདུན་ལ་ཉེ་འདུག མདང་ནུབ་ཀྱང་ཆ་ཡོད་མེད། ངོ་ཤེས་མིན་གྱི་བྱ་དངོས་གང་མང་རྨིས་སོང་བས། སད་མ་ཐག་རེ་ཞིག་དྲན་སྣང་འཁྲལ་འཁྲུལ་དུ་མཆིས་ཤིང་། ཐ་ན་མནལ་ལམ་གྱི་སྙན་ངག་དུམ་བུ་དེ་ལ་ཡང་གོ་བ་ག་འདྲ་ལེན་དགོས་འདུག་མ་ཤེས།
ཤུ་རེ་ཁོ། གཅིག་རྗེས་གཉིས་མཐུད་ཀྱི་འཁྲུལ་སྣང་འདི་ཚོས་རྦད་དེ་བཅུམ་འོང་བས།  ད་སྐབས་ཀྱི་ང་ནི་མཚེའུ་ངོགས་སུ་ལྷུང་བའི་ཟླ་གཟུགས་ཉིད་དང་ཅི་མི་འདྲ། ཚེ་སྲོག་གི་རྒྱུན་མ་ཉམས་པ་གཅིག་ལ་ཁ་དོག་མི་འདྲ་བའི་རྣམ་ཤེས་ཀྱི་རྩེད་མཚར་མང་དུ་བྱས་རྗེས། ད་ནི་མངོན་སུམ་དུ་སྣང་པ་འདི་ཡང་རྨི་ལམ་གཞན་ཞིག་གི་མགོ་རྩོམ་ཚུལ་མིན་ནམ། ད་ནི་ཉམས་མྱོང་འདི་ཚོས་ཀྱང་ང་ལ་འཚོ་བའི་ཡིད་རྟོན་ཅིག་སྟེར་མ་སོང་་་་་་་་སྟེར་མ་སོང་། །   གང་ལྟར། རྒྱུན་འཇགས་ཀྱི་ཁྱིམ་ཐབས་དག་མི་སྔར་བསྟར་འོང་དུས། རང་གི་རོ་ཁོག་འདི་ལ་ཡང་ལོག་གནས་ཤིག་ཡོད་འདོད་དེ་སེམས་ལ་དྲོད་ཙམ་བྱུང་ཞིང་། དྲན་ཤེས་ཀྱི་འཕྲང་ན་ཁྱེད་ཉིད་འཕག་འཚག་རྒྱག་ཐེངས་རེར། རང་གི་རྣམ་ཤེས་ལའང་འཁོར་ས་ཞིག་ཡོད་འགྲོ་སྙམ་དེ་ཚིམ་སྣང་སྐྱེས།།  སྐབས་དེ་དག་ལ། ངས་སླར་ཡང་སེམས་ཤུགས་བཀྱགས་ཤིང་དངོས་སྒྱུ་གང་རུང་གི་འཚོ་བའི་འཐབ་ས་འདིར་གཡུལ་གྱི་སྟ་གོན་བཤམ། ཡང་གཅིག་བཤད་ན། འདི་ཁོ་ན་ངའི་གདམ་ག་རེད་ལ། ཐར་ལམ་ཀྱང་རེད། ། 
  བོད་ཟླ་བདུན་པའི་གནམ་གང་གི་ལུ་ཐོ་གཤགས་རྗེས།  དེ་རིང་ནི་ཞོ་སྟོན་གྱི་ཚེས་གཅིག་ཡིན་འདུག་ལ། གློག་ཀླད་དྲ་སྐུད་བར་ན་འཚང་བའི་གྲོགས་པོ་ཚོས་ཤེས་ཚིག་དང་ཁྱེད་ཀྱི་འཛོམས་ཆད་དག་མཐོང་བས། རེ་ཞིག་ང་རང་ཧོན་འཐོར་བ་ལྟར་དགའ་བས་བཟི་ཞིང་།སྨྲ་བསམ་བརྗོད་འདས་ཀྱི་བདེ་སྐྱིད་ཅིག་བྱུང་སོང་། རེད་ལགས། བདག་གི་འཚོ་བའི་དོན་སྙིང་ཡོད་ཚད་དང་དེ་སྔའི་རེ་སྒུག་གི་སྡུག་བསྔལ་མ་ལུས་པས་སྐལ་བ་འདི་ལ་སྒུག་པ་འདྲ་ཨང་།  བརྩེ་བའི་བདག་མོ་ལགས། ཁྱེད་ཀྱི་སེམས་པའི་ལྟོངས་ཀ་ལས་ཤོར་བའི་བརྩེ་བའི་ཉག་ཕྲན་འདིས་བསམ་ལོངས་དྲན་ལོངས་མ་བྱིན་པར་བདག་གི་དོན་སྣ་གཤགས་སོང་། བདག་གིས་གློ་བུར་བའི་ཚ་ཟུག་འདི་ལ་སྒུག་ནས་ལོ་ཟླ་ཇི་འདྲའི་རིང་བོ་ཞིག་འགོར་སོང་ཨང་།།
  བར་སྣང་སྔོ་ཐིང་ངེར་ཡོད་པ་འདི།སེམས་པ་ལྷོད་ཡངས་སེ་ཡོད་པ་དང་འདྲ། ཐོལ་གྱིས་སད་པ་ལྟར་མངོན་སུམ་ཁྲོད་ཁྱེད་དང་གཤིབ་ནས་ཆས་དུས།ངས་ད་ལོའི་ཞོ་སྟོན་འདི་ཚངས་མགུར་ལས་ཀྱང་འཆར་ཡན་ཆེ་བ་ལ་སྙམ་ཞིང་། བར་སྐོར་འདབས་ཞོད་ཀྱི་ལྷ་མོ་རྩེ་མཁན་དང་། ལྕིང་གླིང་ཡོལ་རྒྱབ་ཀྱི་བརྩེ་དུང་ཤོད་མཁན་ཚོ་བརྒྱུད་དུས།བདག་གི་ལག་མགོར་འཇུས་པའི་ཁྱེད་ཀྱི་ཕྱག་ཟུང་འཇམ་པོས། སྤྱིར་ན་ཤ་དྲོད་དེ་ཁོ་ནའི་ཀྱང་ཚུལ་འདི་རྨི་ལམ་མིན་པར་བསམ། འོ་ལེ། ཁྱེད་ཀྱི་ཡིད་དབང་འཕྲོག་པར་བྱེད་པའི་ལྷ་ལྕམ་མཛངས་མའི་སྒེག་འགྲོས་དང་། གཡེར་བག་རྒོད་པོའི་འཇོ་སྒེག་གི་ཆ་བྱད་དེས་ཀྱང་ང་ལ་མཐོང་སྣང་འདི་སྒྱུ་འཕྲུལ་ཡིན་པའི་བདེན་ཁ་སྟེར་མ་སོང་།
  ཉི་འོད་ཀྱིས་སྲུབས་པའི་གསེར་མདོག་གི་རྒྱལ་མཚན་རིང་བོ། རི་བོ་གྲུ་འཛིན་གྱི་ཡང་སྟེང་ནས་མངོན་པར་འཕྱར་ཞིང་། གདུགས་དང་བ་དན། ཀ་འཕན་སོགས་ཀྱི་ཤམ་བུ་རབ་ཏུ་གཡོ་བའི་སྤྲིན་དཀར་གྱི་ཁྱོན་ན། ལྷ་ཚོགས་ཀྱི་ཞིང་བཀོད་ལྟ་བས་ཆོག་མི་ཤེས་ཤིང་།དྲི་ཞིམ་བདུག་སྤོས་དང་སྣང་གསལ་དྲི་ཆབ་ཀྱི་ཀློང་ན་མཆོད་པའི་ལྷ་མོ་དག་ལ་ལ་ནི་གླིང་བུ་འཛིན་པ། ལ་ལ་ནི་པུ་དབང་ཐོགས་པ། ལ་ལ་ནི་མེ་ཏོག་མཆོད་པ། ཨེ་མ་ཧོ། སྐྱིད་ཆུ་རིང་མོའི་རྦ་ཀློང་ན་ཡང་རིན་པོ་ཆེ་སྣ་ཚོགས་ཕྲ་རུ་ཁུར་བའི་ཀླུ་མོ་རྣམས། ལ་ལ་ནི་ཉམས་བརྒྱད་གར་གྱིས་བཟི། ལ་ལ་ནི་ཚངས་དབྱངས་གླུ་ཡིས་སྨྱོས།ཐ་ན། སྐྱིད་ཆུའི་འདབས་ཞོད་ཀྱི་རི་ཆུ་ནགས་གསུམ། སྐྱེ་དངོས་ཡོད་ཚད་ཀྱིས་ཀྱང་དགའ་སྟོན་གྱི་དཔལ་ལ་རོལ་ཡོང་།
  མཐོང་བ་ཨེ་བྱུང་། ཐོས་པ་ཨེ་བྱུང་།   བརྩེ་བའི་བདག་མོ་ལགས། 
  རྩེ་ཞོལ་འཁོར་ཚོགས་སུ་གླུ་གར་གྱི་མཆོད་པ་ཀུན་ནས་བཀྲ་བ་འདི། འུ་གཉིས་ཀྱི་འཛོམས་པ་ཡག་མོའི་རྟེན་འབྲེལ་གྱི་སྟོན་མོ་མི་འདྲའམ།།
  སྤྱིར་ན། སྒྱུ་མའི་གྲོང་ཁྱེར་ལྟ་བུའི་སྟེང་འོག་བར་གསུམ་དུ། ལྷ་ཀླུ་ཀུན་འདུས་ཀྱི་མཆོད་གཤམ་གྲ་རྒྱས་པོ་འདི། ངས་མིག་ཟུང་འབྱེད་འཛུམ་གྱི་དུས་ཡུན་སྐད་ཅིག་ཙམ་ལ་ཡང་འཁྲུལ་སྣང་ཡིན་དེ་ཡལ་ཨེ་འགྲོ་ལ་ཞེད་སྣང་སྐྱེས་མོད། ཁྱེད་ཀྱི་ངག་སྒོ་ན་འཁྲིལ་བའི་ཁ་རླངས་དྲོན་མོ་དང་། ལག་ཁུད་ན་ལྡེམ་པའི་སྐེད་སྐབས་མཉེན་མོ་དེས། ང་ལ་འདི་སྣང་གི་རི་མོ་ཡོད་ཚད་མངོན་སུམ་འཁྲུལ་མེད་ཡིན་པའི་བློ་ཚོད་རྙེད། རེད་ལགས། སྐལ་བ་འདིའི་སླད་དུ། གདུག་པའི་འཁྱགས་རི་རེ་རེ་བྲང་ཁའི་ཤ་དྲོད་ཀྱིས་བཞུས་ཤིང་། མི་བཟད་མེ་རི་རེ་རེ་ཡང་མིག་མཐའི་མཆི་མ་ཡིས་གཞོམས་ཏེ། ནམ་ཞིག་ཁྱེད་རང་ཕྱིར་ཕེབས་པ་ལ་ཁོད་སྙོམས་པའི་བསུ་ལམ་ཡངས་མོ་ཞིག་སྟ་གོན་བགྱིས།།  དེ་ལྟར་སེམས་ཐག་རྦད་ཆོད་ཀྱིས་ཁྱེད་ལ་བཙལ་ཞིང་ཁྱེད་ལ་སྙེགས་དོན་ནི། བདག་གི་སྐྱེ་བ་ནས་སྐྱེ་བའི་ལན་གྱི་རྣམ་ཤེས་ཀྱི་ལས་འཕྲོ་སྒུག་པ་ཡིན་ཆོག་སྟེ། ང་ནི་ཇི་སྲིད་དེ་སྲིད་བར་ཁྱེད་ཀྱི་བརྩེ་བའི་མར་ཁུ་ལ་འཁྱིལ་བའི་མེ་ལྕེ་དྲོན་པོའམ། ཁྱེད་དང་མཉམ་དུ་འབར་ཞིང་། ཁྱེད་དང་མཉམ་དུ་ཞུ་འགྲོ་བ་དེའོ།།
  གློ་བུར། ཉི་མའི་དཀྱིལ་འཁོར་སྤྲིན་པས་སྒྲིབས་ཤིང་། རླུང་དམར་གྱིས་གཡོས་པའི་སྤྲིན་ནག་ལང་ལོང་འཕྱུར་ཏེ། ལྷ་དང་ལྷ་མོ་ཡལ་སོང་། ཀླུ་དང་ཀླུ་མོ་ཡལ་སོང་། གླུ་གར་དང་རོལ་དབྱངས་ཀྱང་ཡལ་སོང་། གློག་དམར་གྱི་སྣེ་ན་འཚུབ་འོང་བའི་དྲག་ཆར་གྱིས་སྐད་ཅིག་དེ་ཉིད་ལ་ས་ཡི་བྲང་གཞུང་རྡུང་ཞིང་། ཆར་རྗེས་ཀྱི་འདམ་སྙིགས་དང་རྩི་ཤིང་གི་ཟགས་རོས་ཡུལ་ལྗོངས་ཉམས་དགའ་བ་འདི་མི་གཙང་ལྗན་ལྗིན་གྱིས་སྦགས་པར་བརྩམ་སོང་། ཆར་བྱོལ་ལ་འབྲོ་བའི་མི་ཚོགས་ཀྱི་རྦབ་རྡོ་སྟེང་འོག་བར་གསུམ་ནས་འགྲིལ་ཞིང་། དྲག་རླུང་གིས་སྐྱོམས་པའི་རླབས་ཀྱི་འདུ་འགོད་དང་གདབ་གསིག་གིས། ངེད་གཉིས་ནི་གྲུ་ཞབས་བརྡོལ་བའི་གཡོལ་གྲུ་བཞིན་དུ་ཁ་ཕྱོགས་འཆོལ། ངག་སྙན་དང་འདབས་ཡངས་གཉིས་ཀྱི་ཟློས་གར་ལྟ་བུའི་པད་ཚལ་གྱི་སྐྱོ་གར་ཞིག་མངོན་སུམ་འཛེམ་མེད་དུ་བདག་གི་ལུས་སྟེང་ནས་སྨིན་ཞིང་། ཉི་མ་གཅིག་ལ་དབང་ཆོག་པའི་བདེ་སྐྱིད་ཀྱི་ལྷན་འཛོམས་ཤིག་ཐ་མ་རྫ་ཆུ་བྲུག་བྲུག་བྱས་སོང་།། ང་ནི་ཁྱུ་ཚོགས་བོར་བའི་ཤྭ་བ་སྨུག་ཆུང་ཞིག་ལྟར་འུ་ཐུག་ཐབས་ཟད་ཀྱིས་ཡར་མར་འདུར་ནའང་ཐ་མར་ཅི་ཡང་རྙེད་མ་སོང་། རྙེད་མ་སོང་བའི་ཞེད་སྣང་དང་སེམས་འཚབ་དེས་ཧར་གྱིས་དཀྲོགས་དུས།  ཤི་རེ་ཁོ། སྒེའུ་ཁུངས་ཕྱི་རོལ་ན་ད་གཟོད་སྐྱ་རེངས་ཐ་མའི་འོད་དཀར་གཡོག་འདུག  རྨི་ལམ་ཨང་། ། 

          བཞི།

  ཅིའི་ཕྱིརའདི་འདྲའི་སྔ་མོ་ཞིག་ནས་མལ་ལས་ལངས་ཏེ་སྲིང་ལ་ཆས་དགོས་སོང་། གང་དུ་འགྲོའམ།། ཅི་བྱེད་ད་ུའགྲོའམ། ཡིད་སྐྱོ་བ་ནི་རང་ཉིད་ལའང་ཨ་ལན་མི་འདུག 
དགུན་ཞོགས་ཀྱི་བཙག་འཁྱག་གྲང་མོ་ཐད་གར་ངོ་གདོང་ལ་ཚ་འོང་ཞིང་། དབུགས་ཀྱི་རྔུབ་ལེན་ལས་ཁ་རླངས་ཕྱུལ་ཕྱུལ་དུ་བྱུང་བ་ནི། ཁེར་རྐྱང་གི་སྣང་ངོར་འཚུབ་པའི་ཐ་མག་རྐང་གཅིག་གི་དུད་ཞག་དང་འདྲ། ལམ་འགྲམ་དུ། སྐྱ་རེངས་དང་དུས་མཉམ་སད་པའི་ལྷ་སའི་ཨ་མ་ལགས་ཚོས་ཚོང་ཟོག་ཙག་ཙིག་ལ་བཅིངས་བའི་ལས་དབང་སྐྱ་མོ་མདུན་ས་ནས་བཤམ་ཞིང་། སླར་ཡང་ཉིན་གང་བོར་རྒྱ་བོད་དབྱིན་གསུམ་གྱི་སྐད་ཀྱིས། “སྐུ་ཞབས་ལགས། གོང་ཁེ་པོ་རེད།”ཅེས་འབོད་ལ་སྒུག     གཡོན་ཕྱོགས་ཀྱི་མགྲོན་ཁང་སྒོ་ལམ་དུ། འགྲོ་ཁ་མའི་རླངས་འཁོར་རྫབ་པོ་ཞིག་རྡི་རུ་རུ་གྲག་གིན་འདུག དེ་ཡི་ཉེ་ལོགས་ན་ཨམ་སྐད་ལབ་པའི་མཇལ་བ་བཟའ་ཉོག་ཅིག་ཁ་རླངས་ཁྲོད་སྐྱ་ཐར་རེར་འགྲེང་འདུག  ཨ་ཙི། རྒན་མོའི་པགས་རྩག་ལ་རུམ་པའི་བྱིས་པ་དེས་ལག་པ་ཕྱི་ལ་བསྣར་ནས་གཉིད་འདུག  གྲང་བ་ལ་ཨང་། 
  ང་རང་མུ་མཐུད་མདུན་དུ་ཆས། རྣ་བ་གཡས་གཡོན་ནས་ཚོང་ཁང་ལྕགས་སྒོ་དག་ཐྲོག་གེར་ཕྱེ་བ་ཐོས་འོང་ཤིང་། ཆབ་ཅིག་ཟི་ཁྲོན་རྒྱ་མོ་རེ་ཡི་འཁང་ར་དང་སྐད་ཅོར་ཡང་མཆེད་ཡོང་། རེད་དེ། དལ་ལྷོད་མེད་པར་བར་སྐོར་གྱི་གྲང་ངད་འགྲིམས་ནས་འགྲོ་དུས། སྣང་བ་ཞིག་ལ་རང་ཉིད་ནི་“ཇེ་རུ་ས་ལེམ་གྱི་ངུ་མཁར”་ལ་མཇལ་བའི་ཡོའུ་ཐེ་པ་ཞིག་དང་འདྲ་ལ། སྡུག་གཏམ་ལུང་པ་གང་ཁྱེར་ནས་སུ་ཞིག་འཐེན་འཐེན་ལ་གཏུག་བཤེར་ཞུ་རུ་འགྲོ་བ་དང་འདྲ།  ཐ་ན། ཇོ་ཁང་མདུན་ནས་ཀྱང་ཝ་ལེར་པྰ་ལི་འཕགས་མའི་ལྷ་ཁང་དྲན་ཞིང་། “ཁྰ་ཞི་མོ་རྡོ”་ཡི་མིག་མདངས་སླད་མེད་པ་འདིས། སྙིང་ཉེ་བའི་“ཨེ་ཟི་མེ་ལ་ཏི”་ཁྱེད་རང་ཟིན་ཨེ་ཡོང་ལ་རྔམ་སེམས་འཆང་།  འཆར་སྣང་འདི་དག་ནི་བུ་ཡུག་བཞིན་སེམས་ཀྱི་བར་སྣང་ནས་ག་ལེ་ག་ལེར་འཕྱོ་ཞིང་། འཐོར་རླུང་ལྟ་བུའི་དྲན་གདུང་ཞིག་ཀྱང་གློ་སྙིང་གི་ཧྲག་བར་ནས་ལྡིང་འོང་བ་ཇི་འདྲའི་འཁྱག་པ་ལ། ཨོ། འཁྱག་སྣང་འདིས་དལ་མོར་སྒུལ་གྱིན་པ་ནི་བདག་གི་རྨི་ལམ་ཡིན་ནམ། ད་ནི་མཐོང་ལམ་གྱི་རི་ར་བ་ཁང་ཁྱིམ་ཡོད་ཚད། མ་ཟད་སྣང་བའི་ཁམས་ན་གཡོ་བའི་མངོན་ཤེས་ཀྱི་ལྟད་མོ་ཐམས་ཅད། མདང་ནུབ་ཀྱི་ཁྱེད་རང་མི་ཚོགས་ཀྱི་རླབས་ལ་བྱིངས་བ་བཞིན་རྗེས་མེད་ཤུལ་མེད་དུ་ལན་ཆགས་རུམ་གང་ཁྱེར་ནས་འཐིམ་སྲིད་དམ།  ང་ནི་རྨི་ལམ་གྱིས་བཏང་བའི་སྒྱུ་མའི་བང་ཆེན་ཨེ་ཡིན། ང་ནི་ཉི་ཟླས་གྱེར་བའི་གཟུགས་འདས་ཀྱི་གླུ་གཞས་ཨེ་ཡིན། ངས་འཕྲོ་རིམ་འཕྲོར་རང་ཉིད་ལ་ཨ་ལན་ཡོད་མི་སྲིད་པའི་དྲི་བ་བཏོན། དྲང་མོར་བཤད་ན། ངས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ངེས་བཟུང་མ་བྱས་ཤིང་། ཆོས་ཐམས་ཅད་མི་རྟག་སྒྱུ་མ་ཡིན་ལུགས་དེས་ཀྱང་བློ་ཡིད་མ་དྲངས་མོད། ལུས་དང་སེམས་ཀྱི་རྐྱེན་གང་དུ་ལགས་ཀྱང་། རྨི་ལམ་འཁྲུལ་སྟངས་འདིས་ནི་ང་རང་གློག་བརྙན་གྱི་སྦྱིན་ཤོག་བསྟར་མ་བཞིན་དུ་དངོས་ཡོད་ལ་འཕྲོ་རིམ་འཕྲོར་ཀུ་རེ་རྩེས་ཡོང་། དེ་བས་ན། ད་ནི་ངས་ཁེར་རྐྱང་གི་སྡུག་ཡོས་འདི་རྨི་ལམ་བཞིན་སད་པར་སྒུག་ཡོད། ད་ནི་ངས་མངོན་སུམ་གྱི་ཉི་ཟེར་ཁྲོད་ཁྱེད་དང་ལག་རྡང་སྦྲེལ་བར་སྒུག་ཡོད།   བདག་གི་སྙིང་ཉེ་ལགས།།
གལ་ཏེ། ནང་པ་ཚོས་འདི་སྣང་གི་ཆོས་ཐམས་ཅད་རང་བཞིན་སྟོང་བ་ཉིད་དེ། ཁྱེད་ཀྱི་འཁྲུལ་སྣང་ནི་འཁོར་བའི་རང་གཟུགས་སོ་ཞེས་ཟེར་དུ་སྲིད་ན། །
གལ་ཏེ། ཕྱི་པ་ཚོས་འཇིག་རྟེན་རྒྱུ་འབྲས་མ་ལུས་དཀོན་མཆོག་གི་ཐུགས་བཀོད་ཉིད་དེ། ཁྱེད་ཀྱི་འཁྲུལ་སྣང་ནི་གཉུག་མའི་སྡུག་འབྲས་ཀྱི་རྣམ་སྨིན་ནོ་ཞེས་བརྗོད་དུ་དཔེ་ན། །
ཅི་ཡང་ཡིན་དེ། གང་ཡང་མ་ཡིན་ནོ། 
ཀྱེ་ཀྱེ།  སྐྱེ་བ་ནས་སྐྱེ་བར་མི་བསླུ་བའི་དཀོན་མཆོག་རང་མཁྱེན། 
ཁྱེད་ཀྱིས་ཐ་མལ་སྣང་པའི་སོར་སྐྱེས་ཀྱི་བརྩེ་དུང་ལ་བཟོད་གསོལ་བགྱི་རོགས། 
ཁྱེད་ཀྱིས་རྐང་འགྲོ་མི་ཡི་མ་དག་པའི་ཆགས་སྡང་ལ་བཟོད་གསོལ་བགྱི་རོགས།
ང་ནི་རང་ཉིད་ཀྱི་དུང་ཞེན་ལ་བློ་མ་ལོག་པའི་འཁྲེང་ཞེན་རྫ་མ་གང་བོ་དེ་ཡིན།
ང་ནི་རང་ཉིད་ཀྱི་བརྩེ་ཡ་སྲོག་གིས་མི་གཏོང་བའི་སྒལ་རུས་འདོམ་པ་གང་པོ་དེ་ཡིན།

ད་ལྟ། ང་པོ་ཏ་ལའི་རྡོ་གཅལ་དུ་སླེབས་ཡོད། ཞོགས་ཀའི་ཉི་གཞོན་དང་ཆེས་ཉེ་ས་འདི་ནས། བདག་གིས་འོད་དཀར་སྙིམ་པ་གང་བཏེགས་ཏེ། གནམ་སའི་ཧྲག་བར་འབྱེད་ཚུལ་གྱིས་ཁྱེད་ལ་ལམ་མེ་སྒྲོན་ཡོད། སྙིང་ཉེ་ལགས། ད་ནི། ཇི་སྲིད་དེ་སྲིད་བར་གནས་འདི་ནས་ཁྱེད་ལ་ཕེབས་སྒུག་ཞུ། མགོ་རུས་ས་ལ་འཇོག་རག་བར། ། 
                           
                                                                                                              2011.12.12ཉིན་རྫོགས།
1.ངག་སྙན་དང་འདབས་ཡངས་ནི་《གཏམ་པད་མའི་ཚལ་གྱི་ཟློས་གར》་ནང་གི་བུང་བ་གཉིས་ཡིན། 

2.耶路撒冷哭墙  英文:Wailing Wall.又称::Western Wall  犹太教把该墙看作是第一圣地,教徒至该墙例须哀哭,以表示对古神庙的哀悼并期待其恢复。千百年来,流落在世界各个角落的犹太人回到圣城耶路撒冷时,便会来到这面石墙前低声祷告,哭诉流亡之苦,所以被称为“哭墙”。

3.卡西莫多 Quasimodo   文学名著《巴黎圣母院》里的一个十分重要的人物

4.艾丝美拉达 Esmeralda 文学名著《巴黎圣母院》中的女主人公

           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་བའི་ཕ་རོལ།

2014-10-26 ཨ་སྒང་ཡར་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།