རྨ་ཆུའི་ཟམ་པ།

  དཀོན་ལོ་འཇིགས་ཤིང་དངངས་པའི་རྨི་ལམ་དེས་ཡོངས་སུ་དཀྲོགས་དུས།  ཕྱི་རོལ་དུ་སྨུག་པ་སྲབ་མོ་ཞིག་འཁོར་འདུག་ལ་རྨ་ཆུའི་ཟམ་པའང་གསལ་ལ་མི་གསལ་བར་མིག་ལམ་ལ་མངོན་འདུག  སྒེའུ་ཁུང་ངོས་སུ་ཆགས་པའི་ཁ་རླངས་ནི་ཆུ་རྡུལ་འགར་གྱུར་ཞིང་། ལམ་ཕྲན་ལྟ་བུའི་རི་མོ་ནི་ཏག་ཏག་ཚེ་སྐྱིད་མནའ་མར་སོང་དུས་ཀྱི་རྐང་ལམ་དེ་དང་ཤིན་ཏུ་མཚུངས།  
  སྐབས་འདིར་དཀོན་ལོ་དང་བར་ཐག་ཅུང་རིང་བའི་རྫི་བོ་ཞིག་ཚུར་ཡོང་ནས༼ཚེ་སྐྱིད་ཐོན་འདུག  ཚེ་སྐྱིད་ཕྱིར་ཐོན་འདུག༽་ཅེས་སྐད་ཅོར་བརྒྱབ་པས། ཟམ་སྟེང་ན་འགྲོ་བཞིན་པའི་མི་རྣམས་དེ་མ་ཐག་ཕྱིར་འཁོར་ནས་བྲོས་སོང་། ཡིན་ཡང་གྲིབ་མ་ཞིག་ད་དུང་ཟམ་སྟེང་ན་བླ་འཁྱམས་འདུག   དཀོན་ལོ་རང་གི་རྣ་དང་མིག་དང་སེམས་ལ་ཡིད་མ་ཆེས་པར་ཞིབ་ཏུ་ཉན། ནན་གྱིས་བལྟས། དལ་མོར་འདང་བརྒྱབ་ཀྱང་རང་གི་མཐའ་འཁོར་ཡོད་ཚད་མི་མེད་ལུང་སྟོང་ཞིག་གམ་བྱེ་ཐང་སྐྱ་བོ་ཡིན་པ་ལས།  དབྱར་ཟླ་དྲུག་པའི་རྨ་ཆུའི་རྩྭ་ཐང་འདྲ་བ་ཞིག་ལར་ནས་མ་ཡིན།  དེ་བས་དཀོན་ལོ་ལྷག་ཏུ་སྐྲག་ཐག་ཆོད་ནས་བླ་མ་སྐྱ་སང་གི་མདུན་དུ་ཕྱག་མོ་ཞིག་འདེབས་ཏུ་སོང་།
    ༼གལ་ཏེ། ཁྱེད་ཀྱིས་རང་གི་འགྲོ་ལམ་ནོར་སོང་ན། རང་ཉིད་ཀྱི་ཁང་བའི་སྒོ་དང་སྒེའུ་དམར་པོ་ཡིན་པ་མ་བརྗེད༽་རྫི་བོ་དེས་ཡང་བསྐྱར་སྐད་ཅོར་བརྒྱབ་ནས་དཀོན་ལོ་ལ་ལམ་སྟོན་བྱས། ཡིན་ཡང་དཀོན་ལོ་མི་ཨུ་ཚུགས་ཆེ་བ་ཞིག་ཡིན་པས། སུས་ཀྱང་ཁོ་ལ་ཁ་བརྡ་སློབ་གསོ་གཏོང་མི་སྲིད། ༼ དེ་ན་ཨ་ཁུ་རྫི་བོ་དེས་ཁོ་ལ་སློབ་གསོ་གཏོང་དོན་ག་རེ་ཡིན།༽བྱིས་པ་ཞིག་རང་གི་ཨ་མའི་ལག་པར་འཇུས་ནས་དེ་འདྲ་བཤད་པ་མི་ཚང་མས་གོ་བས།  ལ་ལས་རྫི་བོ་དེ་འདྲེ་ཞིག་རེེད་ཟེར། ཡང་ལ་ལས་ཚེ་སྐྱིད་ཕྱིར་ཐོན་པ་རེད་ཟེེར། གང་ཡིན་སུས་ཀྱང་མི་ཤེས་པས། དཀོན་ལོ་མདུན་གྱི་ལམ་དེ་བརྒྱུད་ནས་བླ་མ་སྐྱ་སང་གི་ཕྱོགས་སུ་སོང་།  ཡིན་ཡང་བླ་མ་སྐྱ་སང་གང་ན་ཡོད་པ་དང་། ཁོང་གིས་བྱ་བ་གང་ཞིག་སྒྲུབ་ཀྱི་ཡོད་པ། འཚོ་བའི་གནས་ཚུལ་ཅི་ཡིན་ཤེས་མཁན་ཧ་ཅང་ཉུང་བས། སྐབས་ལན་རེར་མི་མང་བླ་མ་སྐྱ་སང་ལ་དོགས་པ་སྐྱེས། ཡིན་ཡང་སྔོན་མཁྱེན་ཡོད་པ་ཚང་མས་ཤེས་ཕྱིར། ཁོང་ཚང་ལ་བགག་པ་གཏོང་མཁན་ད་བར་དུ་གཅིག་ཀྱང་མ་བྱུང་། དེ་བས་དཀོན་ལོར་མཚོན་ན་འགྲོ་དགོས་ས་དེ་ཡང་ནོར་མེད་པ་འདྲ་མོད། ཞིབ་ཏུ་བལྟས་ན་ལམ་གྱི་སྣེ་ན་ཤིན་ཏུ་འཇིགས་པའི་ནག་ཡོར་ཡོར་གྱི་དངོས་པོ་ཞིག་འདུག་ཅིང་། དེ་ཡང་རླུང་བུ་ལྟ་བུ་ཞིག་གིས་དལ་མོར་སྒུལ་གྱིན་འདུག
   སོང་གིན་སོང་གིན་དཀོན་ལོ་ལམ་ཕྲན་ཆུང་ཆུང་ཞིག་གི་སྣེ་མོར་ཐོན། ཁོས་གསོལ་བ་འདེབས་ཀྱིན་འདེབས་ཀྱིན་ཕར་ལ་སོང་། ཅི་ཙམ་སོང་ན་ལམ་ནི་དེ་ལྟར་ཕྲ་བས། ཁོས་རང་ཉིད་མགོ་འཁོར་སོང་བ་ཤེས་བྱུང་། ཕྱིར་བལྟས་ན་ཟམ་པ་ཁོ་ན་མཐོང་ཞིང་ཟམ་གྱི་སྣེ་གཅིག་ན་༼ཉེན་བརྡ༽ཞེས་པའི་བརྡ་ཁྱབ་ཅིག་ཀྱང་སྦྱར་འདུག་པའང་མཐོང་།  
   ༼ རེད། ད་ནི་རང་ཉིད་སུ་ལའང་མི་དབང་བའི་འཁྱམས་པོ་ཞིག་ལས་ཅི་ཡིན།༽དཀོན་ལོ་རང་གི་རྐང་རྗེས་ལ་ཧད་ནས༼ བསུབ་དུ་མེད་པ་གཅིག་ཀྱང་མི་འདུག ང་ཡི་སྣང་ངོ་ད་ལྟ་སྟོང་བ་རེད། འདས་དོན་ཚང་བ་འདས་དོན་ཁོ་ནར་དབང་།༽མུ་མཐུད་དུ་བསམ་ན༼ ཁྱེད་ཀྱིས་མཛེས་སྡུག་ཁོ་ན་བསམ་ནས་འགྲོ་བཞིན་པ་ངས་གསལ་བོ་ཞིག་ཤེས་ཡོད།༽དེ་ནི་ང་ལ་བཤད་པའི་སྐད་ཆ་ཞིག་ཡིན་པ་འདྲ་མོད།  ངེད་གཉིས་དུས་རབས་གཉིས་ཀྱི་མི་རེེད་པས། དོན་དག་དེ་འདྲ་བྱུང་ག་ལ་དཔེ། དེ་བས། ངས་དཀོན་ལོ་བླ་མ་སྐྱ་སང་བཙལ་དུ་འགྲོ་བར་རེ་བ་ཡང་ཡང་ཞུས། དེ་ནི་ཁོ་ལ་མཚོན་ན་མི་ཚེ་གཅིག་ལ་ཐོབ་འདོད་པའི་འབྲས་བུ་ལྗང་གུ་ཞིག་ཡིན།  དེ་ནས་ཅུང་མ་འགོར་བའི་སྐབས་སུ་གནམ་གཤིས་སྔོན་དང་བསྡུར་ན་ཏུའུ་གྲངས་བཅུ་གསུམ་གྱིས་ཇེ་འཁྱགས་ཏུ་གྱུར་བས། དཀོན་ལོ་ཟམ་སྣེར་སྦྱར་བའི༼ ཉེན་བརྡ༽་དེར་ཁེན་ནས་རང་གི་རྐང་བ་དང་ལག་པ། གདོང་དང་ལུས་པོ་སྐེ་དཀྲིས་ནག་པོ་ཞིག་གིས་བཀླུབས་པར་བྱེད་ལ། དེའི་དྲོད་ཚད་ཀྱིས་རང་ཉིད་ཚེ་རབས་བརྒྱ་ལ་བསྐྱབ་ཐུབ་པར་ཡིད་ཆེས་བྱས། ཡིན་ཡང་། ཟམ་སྟེང་ན་ཡོད་པའི་རྫི་བོ་དེ་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་བཞིན་དཀོན་ལོ་ལ་བཅར་ནས༼ངས་ཁྱེད་ལ་ཨ་ཁུ་པདྨ་ཞེས་པའི་པུ་ཝང་ཞིག་བཀྲོལ་ན་ཆོག་གམ༽ཞེས་བཤད།
   ༼ཁྱེད་སུ་ཡིན།  ཁྱེད་ཀྱིས་ང་ལ་པུ་ཝང་བཀྲོལ་དགོས་དོན་ཅི་ཡིན།༽
   ༼ ང་རྨ་ཆུའི་རྩྭ་ཐང་ནས་ནར་སོན་པའི་རྫི་བོ་ཞིག་ཡིན། ངའི་མིང་ལ་སྐྱ་བྷ་ཟེར། ༽
   ༼ སྐྱ་བྷ།  སྐྱ་བྷ། སྐྱ་བྷ།  ངས་ཇི་ལྟར་བསམ་བློ་བཏང་ཡང་། ཁྱེད་རང་བདག་གི་ངོ་ཤེས་ཤིག་མིན་པ་ཐག་གིས་གཅོད་ཐུབ། ཡིན་ཡང་་་་་་༽
   ༼ ཚེ་སྲོག་གི་གཏིང་ན་སུས་ཀྱང་བཤད་རུང་རྟག་བརྟན་འགྱུར་མེད་ཀྱི་བརྩེ་འདང་ཞིག་ཡོད་ཟེར།  ཁྱེད་ཀྱིས་དངོས་ནས་ང་སུ་ཡིན་མི་ཤེས་ཟེར་ན་ངས་ཁྱེད་ལ་གསལ་བོ་ཞིག་བཤད་ཆོག ཡིན་ཡང་་་་་་་་་་་༽ ཐེ་ཚོམ་གྱི་རྒྱ་རུ་ཚུད་པའི་དཀོན་ལོས་རྫི་བོ་དེ་ལ་ནན་ཏན་གྱིས་མགོ་ནས་མཇུག་བར་ཞིབ་ལྟ་གཅིག་བྱས་པས་ཁོ་རང་གཞི་ནས་ཧ་ལས་ཧང་སང་བར་གྱུར་ཞིང་། མིག་གཉིས་ནི་འགད་ལ་ཡོད་པའི་རྫས་རྡུལ་གང་ཞིག་དང་འདྲ་ལ། ཁྲག་རྩ་ཡོངས་རྫོགས་རོམ་པོར་གྱུར། སྐྲ་ལོ་གྱེན་དུ་གཟེང་།
   ༼ སྐྱ་བྷ་ཁྱེད།  ཁྱེད།  ཁྱེད།  ཁྱེད་ཚེ་སྒྲོན་་་་་་་་་མ་ཡིན་ནམ།  ༽
   ༼ ཨོ་ལེ། འཇིག་པ་རྡོ་རྗེ་བྲག་ལའང་ཡོད།༽
   ༼ང་ཡི་སྙིང་ཉེ། ཁྱེད་མེད་དུས་འཇིག་རྟེན་སྟོང་བ་རེད༽ དཀོན་ལོ་ཤིན་ཏུ་སྐྱོ་ཞིང་རབ་ཏུ་གདུང་ནས་རང་གི་སྐད་ཆ་ཞིག་ཕྱི་ནང་མེད་པར་བཤད་མོད།  མཐའ་ཁོར་ཀུན་ནི་ཅི་ཡང་མི་མངོན་པའི་རྩྭ་ཐང་ཆེན་མོ་ཞིག་ཡིན་པ་རྩ་བ་ནས་བརྗེད་འདུག
   ཏག་ཏག་སྐབས་དེར་ཕྱེ་ལེབ་ཅིག་འཕུར་ནས་མེ་རུ་ལྡིང་བས། བརྩམས་སྒྲུང་ནང་གི་མི་སྣ་གཅིག་ལ་ང་ཚོས་ཅིས་ཀྱང་མྱ་ངན་ཞུ་དགོས།  འོན་ཀྱང་དཀོན་ལོ་ད་དུང་ཟམ་སྟེང་ན་ཀ་བ་ལྟར་འགུལ་མེད་དུ་ལངས་འདུག་པས། མི་ཚང་མས་ཁོ་ལ་སེམས་ཁྲལ་བྱས། ༼ཚེ་སྒྲོན་ཡོད་ན། བདག་གི་དུས་ཚོད་འདི་འཇིག་སྐྲག་གིས་གང་ཞིང་། བདག་གི་འཚོ་བ་འདི་རིན་མེད་དུ་གནས་ཀྱང་འགྱོད་དོན་ཅི་ཡོད༽ དཀོན་ལོས་རང་གི་ལག་པ་གཉིས་བྲང་ཁར་སྦྱར་ནས་སྨོན་ལམ་ཞིག་འདེབས་བཞིན་འདུག ༼ ད་ནི་སུ་ཡང་མེད་པས། འཆི་བའི་གཤོག་པ་ཡ་གཅིག་གི་སྟེང་ལ་རང་ཉིད་ཀྱི་མིང་བྱང་བྲི་བར་འདོད༽ ཡིན་ཡང་ས་མཐའ་སྡེ་མཐའ་འདི་འདྲ་ཞིག་ནས་ང་རང་བདག་མེད་དུ་འཆི་བ་ནི་རང་གི་རྨི་ལམ་ལ་རྩིས་ཐང་མ་སྤྲད་པ་མ་ཡིན་ནམ།  ༼ཨ་ཁུ། ཁྱེད་ཕྱིར་ཤོག རྨ་ཆུའི་ཟམ་པ་ལ་གས་ཆག་ཤོར་འདུག་པས། ང་ཚོར་འགྲོ་ལམ་གཅིག་གི་ཇེ་ཉུང་ལ་སོང་།༽
   མཇུག་མཐར།  དཀོན་ལོ་རང་གི་རྨི་ལམ་དང་གྱེས་ནས་མི་མཐོང་བར་གྱུར་ཞིང་། ཟམ་པ་ཞུགས་གསོ་བྱེད་མཁན་གྱི་གླ་བ་དག་རང་རང་གི་ཐད་ན་བྲེལ། གོང་རིམ་ནས་སྐུར་བའི་སྒོར་མོ་སྟོབས་ལྡན་ཆང་ཁང་ཆེན་མོའི་སྒེའུ་ཁུང་ལས་ཐུར་ལ་འཐོར་ཡོང་།

                   (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཆུའི་ཟམ་པ།

2014-09-09 རྡོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།