རྩོམ་པ་པོ།

བདེ་ཁང་བྱམས་པ།༼གཞིས་ཀ་རྩེ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-09-02

  བཀྲ་ནོར་ནི་རང་མི་རིགས་ཙམ་མ་ཟད་རྒྱལ་ནང་དུ་སྐད་གྲགས་ཆེན་པོ་ཡོད་པའི་རྩོམ་པ་པོ་ཞིག་ཡིན་ཞིང་། ཁོང་བོད་ལྗོངས་སློབ་ཆེན་ནས་སློབ་ཐོན་བྱས་ཏེ་ད་བར་བགྲང་བྱ་གསུམ་ཙམ་ལས་སོང་མེད་ནའང་དུས་ཐུང་དེའི་ནང་དུ་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་ལམ་ནས་ལྷུག་རྩོམ་དང་སྙན་ངག སྒྲུང་གཏམ་སོགས་བརྒྱ་ཕྲག་ལོན་པ་བྲིས་ཡོད་ལ་བྲིས་པའི་རྩོམ་ཡིག་དེ་དག་ཀྱང་གྲངས་ཚད་མང་བ་ཁོ་ན་མིན་པར་སྤུས་ཚད་ཀྱང་ངེས་ཅན་ཞིག་ཡོད་པས་རྒྱ་ཆེའི་ཀློག་པ་པོས་དགའ་བསུ་ཚད་མེད་འཐོབ་ཡོད་པར་བརྟེན་ད་ཐེངས་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་ཁོང་གདན་འདྲེན་ཞུས་ནས་ཁོང་ཇི་ལྟར་བྱས་ནས་གྲགས་ཅན་གྱི་རྩོམ་པ་པོ་ཞིག་ལ་གྱུར་བའི་སྐོར་ལ་བཅར་འདྲི་ཞུ་རྒྱུ་ཡིན་པ་རེད།གཏམ་བཟང་དེ་ནི་འབར་རྫས་ཞིག་དང་མཚུངས་པར་སློབ་རྭའི་ནང་དུ་གས་པས་སློབ་ཕྲུག་ཚང་མ་ནི་གུང་གསེང་བཏང་བ་དང་མཚུངས་པར་རྐང་འཁྲབ་ལག་འཁྲབ་བྱེད་ཅིང་། དེ་བས་ཀྱང་རྩོམ་རིག་ལ་དགའ་ཞེན་ཆེ་བའི་སློབ་ཕྲུག་རྣམས་ཀྱིས་སྔ་ས་ནས་ལག་ཏུ་ཟིན་བྲིས་དང་སྨྱུ་གུ་འཁྱེར་ཏེ་ངང་སྒུག་བྱས་ནས་བསྡད་ཡོད་པས་རྒན་ལགས་ཚོ་ཡང་ཧང་སངས་ཧོན་འཐོར་བར་གྱུར་སོང་།
  ༼རྒྱ་ཆེའི་གཟིགས་མོ་བ་ལྷན་རྒྱས་སྐུ་ཁམས་བཟང་།ང་བཀྲ་ནོར་ཡིན།དེ་རིང་ང་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་རྒན་ལགས་རྣམ་པ་ཚོས་གདན་ཞུ་བྱས་པ་ལྟར་ང་རང་རྩོམ་ཡིག་གི་ལམ་བུར་ཇི་ལྟར་བསྐྱོད་པའི་སྐོར་གྱི་གནས་ཚུལ་མདོར་བསྡུས་ཙམ་ལྷན་རྒྱས་ལ་ཞུ་རྒྱུ་ཡིན།༽ཅེས་བཀྲ་ནོར་གྱིས་ཉམས་འགྱུར་དོད་པོས་གཏམ་བཤད་སྤེལ་འགོ་ཚུགས།བཀྲ་ནོར་གྱི་ཨ་མ་རྒད་མོ་ནི་དུས་རྒྱུན་བཞིན་བ་ཕྱུགས་བཞོ་བ་དང་ཆུ་ལེན་པ།ལྕི་བ་སྐམ་པ་སོགས་ཀྱི་བྱ་བ་ཙག་ཙིག་དེ་དག་བསྒྲུབ་ཟིན་རྗེས་བརྙན་འཕྲིན་གྱི་ཁ་ཕྱེ་སྟེ་དགོང་ཟས་བཟོ་བའི་གྲ་སྒྲིག་བྱེད་སྐབས་བརྙན་འཕྲིན་གྱི་ནང་ནས་བུའི་སྐད་དང་གཉིས་སུ་མེད་པ་ཞིག་ཐོས་བྱུང་།ཡིན་ནའང་རྒད་མོས་སྣང་བ་དེ་ཙམ་མ་བཏང་བར་ལྕགས་ཐབ་སྟེང་དུ་ལྷོག་ལྷོག་ཏུ་འཁོལ་བཞིན་པའི་ཆུ་འཁོལ་དེ་ཇ་དམ་ནང་བླུགས་ཞོར་བརྙན་འཕྲིན་ལ་བལྟ་ཙམ་བྱས་པས་རྒྱུས་མངའ་ཆེ་བའི་བུའི་ངོ་གདོང་དེ་མིག་ལ་ཕྲ་ལྷམ་མེར་འཆར་བྱུང་བས་ཨ་མས་དགའ་ཚོར་ཆེན་པོས་བརྙན་འཕྲིན་གྱི་མདུན་དུ་སོང་ནས་བུ་ལ་ལྟ་ཞོར་༼པཱ་དོན་གྲུབ་ལགས།པཱ་དོན་གྲུབ་ལགས།༽ཞེས་སྐད་འབོད།པཱ་དོན་གྲུབ་ནི་ཉི་གཡབ་ཀྱི་སྟེང་ན་བློ་རྩེ་གཅིག་སྒྲིམ་གྱིས་མ་ཎི་འདྲེན་བཞིན་འདུག་པས་ཨ་མའི་སྐད་ཐོས་མ་ཐག་༼ག་རེ།སྤྲེའུ་བསྟན་གྱི་འདུག་གམ་༽ཞེས་དྲིས་པར་ཨ་མས་༼མ་རེད།ང་ཚོའི་བུ་རེད།ང་ཚོའི་བུ།༽ཞེས་བཤད་པས་པཱ་བཀྲ་ཤིས་ཀྱང་ཡ་མཚན་སྐྱེས་ནས་ཁང་པའི་ནང་དུ་འཛུལ་སྟེ་༼བུ་བརྙན་འཕྲིན་ནང་ག་རེ་བྱེད་ཀྱི་འདུག་གམ།༽ཟེར་བཞིན་བརྙན་འཕྲིན་ལ་བལྟས་ནས་ཉན་པས་བཀྲ་ནོར་གྱིས་༼མ་གཞི་ངའི་ཁྱིམ་ཚང་རི་གྲོང་ན་གནས་པས་གྲོང་ཁྱེར་གྱི་ཕྲུ་གུ་ལྟ་བུར་ཆུང་དུས་ནས་སློབ་གསོ་ལེགས་པོ་འཐོབ་རྒྱུའི་ཁོར་ཡུག་ལེགས་པོ་ཞིག་མེད་མོད།ཡིན་ནའང་ངའི་ཨ་ཕ་ནི་གྲོང་ཚོའི་ནང་རིག་གནས་ཡོད་པ་གཅིག་པོ་དེ་ཡིན་པས་ཁོང་གིས་ང་ཆུང་དུས་ནས་བོད་ཡིག་དང་རྒྱ་ཡིག་སྦྱོར་ཀློག་དང་འབྲི་སྟངས་ཡང་ནས་བསྐྱར་དུ་བསླབ་མྱོང་ལ་སྐབས་དེ་དུས་ང་རང་ཕྲུ་གུའི་སྣང་བ་ཞིག་གིས་ཁོང་གི་སློབ་འཁྲིད་ལ་ཉན་རྒྱུར་མི་དགའ་ཡང་རིག་པ་རྒོད་པོ་ཞིག་ཡོད་པས་ཁོང་གིས་ཐེངས་གཅིག་བསླབ་ན་ཡིད་ལ་བརྟན་པོར་ངེས་ཐུབ་ཀྱི་ཡོད།རྨང་གཞི་ལེགས་པོ་ཞིག་ཡོད་པའི་རྐྱེན་གྱིས་རྗེས་སུ་ང་སློབ་གྲྭ་ཆུང་འབྲིང་གང་འདྲ་ཞིག་འགྲིམ་ཡང་རྒྱ་བོད་གཉིས་འབྲི་ཀློག་ལ་འཕྱུག་པ་མེད།ད་ལྟ་གྲུབ་འབྲས་དེ་ལྟ་བུ་ཞིག་འཐོབ་དོན་ཡང་ཆུང་དུས་ཀྱི་རྨང་གཞི་དང་ཁ་བྲལ་ཐབས་མེད་ལ་དེ་བས་ངའི་ཨ་ཕ་དྲིན་ཆེན་དང་ཁ་བྲལ་ཐབས་མེད་ཟེར།༽སྐད་ཆ་དེས་པཱ་དོན་གྲུབ་བཟའ་ཚང་གཉིས་ལྐུགས་པས་ལྷ་མཐོང་བ་ལྟར་ཧོན་འཐོར་ནས་ལུས།དུས་ཡུན་གང་ཙམ་ཞིག་སོང་རྗེས་པཱ་དོན་གྲུབ་ཀྱིས་རྒད་མོར་བལྟས་ནས་༼ང་ཚོའི་བུས་ཡང་སྙིང་ག་རེ་ཤོད་ཀྱི་ཡོད་དམ།ང་ཀ་ཁའི་རྐང་པ་གནམ་ལ་ཀེར་བ་དང་ས་ལ་ཚུགས་པ་གང་ཡིན་མི་ཤེས་པ་ཞིག་གིས་ཁོ་ལ་རིག་གནས་བསླབ་བྱུང་ཟེར་བ་ཡིན་ནམ།དེ་བས་ཀྱང་ང་ཚོའི་བུ་མ་གཞི་རིག་པ་ལྐུགས་པོ་ཞིག་མ་ཡིན་མོད།ཡིན་ནའང་ཁོ་ལ་དེ་ལྟ་བུའི་རིག་པ་རྒོད་པོ་ཞིག་ཡོད་ན་ནམ་ཉིན་མེད་པར་འབད་བརྩོན་བྱེད་དགོས་དོན་མེད།༽ཅེས་བཤད་པས་རྒད་མོས་གད་མོ་ཧ་ཧ་ཞེས་དགོད་ནས་བུ་རྒྱུས་ཨ་མས་ལོན་པའི་ཉམས་འགྱུར་ཞིག་གིས་པཱ་དོན་གྲུབ་ལ་བལྟས་ནས་༼ང་ཚོའི་པ་ཕ་ལྐུགས་པོ་འདི་འདྲ་ཞིག་ལ་རིག་གནས་ཡོད་པའི་བཟོ་ལྟ་ཞིག་འདུག་གམ།ང་ཚོའི་བུས་བཤད་པ་ནི་སྒྲུང་ཡིན་པ་ལས་བུའི་ལོ་རྒྱུས་མ་རེད།གལ་ཏེ་བུས་བཤད་པ་རང་ཉིད་ཀྱི་ལོ་རྒྱུས་ཡིན་ན་མི་གཞན་ཕར་ཞོག་ང་ཡང་གད་མོ་ཤོར་བ་འདུག།༽ཟེར་བས་པཱ་བཀྲ་ཤིས་ཀྱིས་བློ་ཅུང་ཟད་ཕམ་བཞིན་དུ་༼མ་གཞི་ང་ཚོའི་བུ་བརྙན་འཕྲིན་ལས་ཁུངས་ཀྱིས་སྒྲུང་ཤོད་དུ་བཅུག་པ་ཡག་པོ་རེད།ཡིན་ནའང་སྒྲུང་མཁན་གྲགས་པ་བཞིན་དུ་སྙན་པོ་ཞིག་ཤོད་ཐུབ་ཀྱི་མི་འདུག་༽ཅེས་བཤད།
  ད་ལྟ་བཅར་འདྲིའི་ལེ་ཚན་མཇུག་སྒྲིལ་ནས་རྒྱུན་མཐུད་འཁྲབ་ཚན་སྟོན་བཞིན་འདུག་མོད།  རྩོམ་རིག་ལ་དགའ་ཞེན་ཆེ་བའི་སློབ་ཕྲུག་རྣམས་ནི་སེམས་ནད་ཆེན་པོ་ཞིག་གིས་མནར་ནས་མགོ་བོ་འདེགས་པའི་ནུས་པ་ཙམ་ཡང་མིན་འདུག།གློ་བུར་དུ་བཀྲ་ཤིས་ཀྱིས་རླུང་འཚུབ་འཚུབ་ངང་ཡར་ལངས་ནས་མཐའ་འཁོར་དུ་ཡོད་པའི་གྲོགས་པོ་ཚོ་ལ་བལྟ་བཞིན་༼ངས་དེ་སྔོན་ནས་བསམ་བྱུང་།གྲགས་ཅན་གྱི་རྩོམ་པ་པོ་ཞིག་ཏུ་གྱུར་དགོས་ན་བླ་མ་དང་སྤྲུལ་སྐུ་འཁྲུངས་པ་བཞིན་དུ་གནམ་ལ་འཇའ་ཚོན་ཤར་བ་དང་ས་ལ་མེ་ཏོག་ཆར་པ་བབས་མི་དགོས་ཀྱང་ངེས་པར་དུ་ཆུང་དུས་ནས་ཤེས་བྱའི་རྨང་གཞི་ཡག་པོ་ཞིག་ཡོད་དགོས་ལ་ཁྱིམ་ཚང་གི་ཁོར་ཡུག་ཡག་པོ་ཞིག་ཀྱང་ཡོད་དགོས་པ་ལས།ང་ཚོ་ལྟ་བུ་ཕ་མ་ཡིག་རྨོངས་ཡིན་ལ་ཤེས་བྱའི་རྨང་གཞི་ཡག་པོ་དེ་ཙམ་མེད་པ་ཞིག་འབད་བརྩོན་ཇི་འདྲ་བྱས་ཀྱང་ཕུལ་བྱུང་རྩོམ་པ་པོ་ཞིག་ཏུ་གྱུར་མི་སྲིད།འདི་ལྟར་འགྲུབ་མི་སྲིད་པའི་དོན་ཞིག་ལ་ཕུགས་རེ་བཅོལ་ནས་མི་ཚེ་སྟོང་ཟད་དུ་འགྲོ་བ་ལས་ཇ་ཁང་ཆང་ཁང་ནང་དུ་སྐྱིད་པོ་བྱས་ན་དགའ་    ༽ ཞེས་བཤད་ནས་སེམས་ཐག་ཆོད་པོས་ལག་ནང་གི་སྨྱུ་གུ་དང་ཟིན་བྲིས་གད་སྙིགས་བླུགས་སྒམ་ནང་དུ་བསྐྱུར་ནས་ཤར་རེར་སློབ་གྲྭའི་ཕྱི་ལོགས་སུ་ཕྱིན་སོང་།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩོམ་པ་པོ།

2014-09-02 བདེ་ཁང་བྱམས་པ།༼གཞིས་ཀ་རྩེ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།