འདས་དོན་གྱི་གྲིབ་མ།

  མིག་མདུན་གྱི་ཁང་ཚོགས་ལ་གཡོ་བ་མེད་ཅིང་མཚམས་སྤྲིན་གྱི་མཛེས་པ་སྐད་ཅིག་ཉིད་དུ་ཡལ། ང་རང་དུད་དྲེག་གིས་ཡོངས་སུ་བཟུང་བའི་ནམ་མཁའ་ཞིག་ལ་ཧད་ནས་ཉི་ཟླ་ཟུང་གི་འཆར་ནུབ་ལ་གཡེང་། སྐར་མ་རེ་རེ་བདག་གི་སྒེའུ་ཡོལ་ལས་མཆེད་ལ་ཤིན་ཏུ་གསལ་བའི་འོད་ཀྱིས་ལམ་ཕྲན་དེ་མག་མོག་གི་ཁམས་སུ་བསྲེས། ཡིན་ཡང་།  དུས་ཚོད་ལ་མཚོན་ན་དེ་དག་གསང་བ་ཞིག་ལར་ནས་མིན་ཞིང་མདའ་ཁབ་གསུམ་གྱི་འགྲན་རྒྱུགས་ཡང་ཡང་མཐོང་། ཁྱེད་ཀྱིས་ཤུགས་རིང་ཞིག་འབྱིན་ནས་ང་ལ་བལྟས་ཤིང་ངས་ཀྱང་ཤུགས་རིང་ཞིག་འབྱིན་ནས་ཁྱེད་ལ་བལྟས།
  མེ་ལོང་ངོས་སུ་མི་ཚོགས་ཀྱི་རྒྱབ་གཟུགས་གྲངས་མེད་ཅིག་བཏོད་ལ། དེ་ཚོས་རང་རང་གི་རྨི་ལམ་ལ་གཤོག་པ་བཟོ་བཞིན་འདུག  རི་མོ་དང་ཚོན་མདངས་མི་འདྲ་བའི་གསེང་དུ་སྒོར་མོ་དང་ཐོག་ཁང་། རླངས་འཁོར། གོ་གནས་སོགས་འདྲེས་ཡོད་པ་མ་ཟད།  འཆི་བ་ཁོ་ནའང་ཐེངས་དུ་མ་ཞིག་ལ་བསྐྱར་འདྲེས་བྱས་ཡོད།  ཏག་ཏག་སྐབས་དེར་དོན་འགྲུབ་རང་གི་ལས་ཁུངས་ལས་ཕྱིར་བུད་ནས་ཉི་འོད་ཀྱི་ཕྱོགས་སུ་བལྟས་ཤིང་།  འོད་དེ་ནི་འགོ་བ་ཚོན་པོ་དེ་དང་འདྲ་ལ།  འོད་དེ་ནི་གླ་ཕོད་སྒོར་སྟོང་གསུམ་པོ་དང་འདྲ། ཡང་སྐབས་སྐབས་སུ་འདས་དོན་ཞིག་དང་འདྲ་བས། ཁོས་རང་གི་ཨམ་ཕྲག་ལས་ཁ་པར་བླངས་ཏེ་ཆུང་མའི་འདྲ་པར་རེ་རེ་ལ་ཞིབ་ལྟ་ཞིག་བྱས་ཀྱང་།  སྔོན་གྱི་མཛེས་སྡུག་དང་གཤིས་འཇམ་གྱི་ཆ་དེ་གཏན་ནས་མ་རྙེད་པས་སྐྲག་ཐག་ཆོད་པར་གྱུར། ནང་སེམས་བྲེལ་བའི་སྒྲ་རླབས་ཀྱིས་གྲོང་ཁྱེར་ཞིག་གྲགས་མེད་དུ་བཏང་མོད།  དུས་ཚོད་ཀྱིས་དོན་འགྲུབ་གྲགས་མེད་དུ་བཏང་།  ང་རང་དགོད་ཙམ་བྱས་ནས་དོན་འགྲུབ་ལ་བལྟས་ཤིང་དོན་འགྲུབ་ཀྱང་དགོད་ཙམ་བྱས་ནས་ང་ལ་བལྟས།
  ༼  ག་རེ་བྱས་སོང་བ་ཡིན།༽དོན་འགྲུབ་ཕྱིར་འཁོར་ནས་ང་ལ་ཅི་ཡང་བཤད་མ་སོང་། ཁོ་བོ་སྐྱོ་བ་ཆེན་པོ་ཞིག་ཏུ་ལྷུང་ཞིང་དེ་ཡི་ནང་གི་ཚུལ་འཆལ་དང་རྫི་བག  གཡོ་སྒྱུ་དང་བསླུ་བྲིད་སོགས་བསམ་ནས་རང་གི་སྔོན་ཆད་ཀྱི་དོན་དག་ཡིད་ལ་དྲན།  
  ༼ངས་རང་གི་ཡོད་ཚད་ཁྱེད་ལ་ཕུལ་ཡོད། ཁྱེད་ནི་བདག་གི་ཚེ་ཐོག་འདིའི་དངོས་པོ་ཆེས་རྩ་ཆེན་པོ་དེ་ཡིན༽
  ༼ ང་ལ་ཁ་ཡག་མ་བཤད།  ཁྱེད་རང་དངོས་གནས་དྲང་གནས་དེ་འདྲ་ཞིག་ཡོང་རྒྱུ་དཀའ། མི་ནི་འགྱུར་མི་སྲིད་པ་དེ་མིན།༽ གཡུ་སྒྲོན་ལ་མཚོན་ན་དོན་འགྲུབ་ནི་རང་གི་དགའ་རོགས་འདང་ཆེན་ཞིག་ཡིན་མོད། སྐད་ཆ་དེ་གོ་བ་ནས་བཟུང་ཞེ་སེམས་གཉིས་ནས་ཁོ་ཆད་པར་གྱུར།  འདི་ཡང་དོན་འགྲུབ་ཀྱི་ན་ཟུག་ཅིག་ཡིན་པར་ངེས་མོད།  ད་ལྟ་དེ་ཡི་རྗེས་ཤུལ་ཙམ་ཡང་མི་མཐོང་བས་ཁོ་རང་རང་གི་ཆུང་མ་ལ་སྙིང་ནས་དགའ་ཆོག
༼ དོན་འགྲུབ་ཁྱེད་གང་ལ་འགྲོ་རྒྱུ། ང་བསྒུག་དང་འུ་གཉིས་མཉམ་དུ་འགྲོ༽ ཅི་ཡིན་འདི་ཡིན་མེད་པར་ངས་ཁ་ནས་ཀྱང་སྐད་ཆ་མདོ་མེད་པ་ཞིག་ཤོར་སོང་། ཡིན་ཡང་དོན་འགྲུབ་ཀྱིས་ཕལ་ཆེར་སྐད་ཆ་དེ་གོ་མེད་པ་འདྲ་བ་ནི་ཁོ་རང་མུ་མཐུད་དུ་མདུན་ལ་འགྲོ་བཞིན་འདུག མདུན་ཐད་དུ་ང་རང་ཚོ་འགྲོ་མྱོང་སའི་སློབ་འབྲིང་དེ་ཡོད་ལ་གཡུ་སྒྲོན་དང་ཁོ་གཉིས་ཀྱང་གནས་འདི་ནས་ངོ་ཤེས་སུ་གྱུར་བ་ཡིན་ཚུལ་ཟེར།  ཡིན་ཡང་སློབ་འབྲིང་གི་སྐབས་སུ་བརྩེ་དུང་ལ་དེ་འདྲའི་རང་དབང་མེད་པས་ཁོ་གཉིས་ནས་ལྐོག་ཏུ་འབྲེལ་བ་བཙུགས་མོད། སློབ་གྲོགས་རེ་འགས་དེ་ལ་དགག་པ་བརྒྱབ་པ་དང་ད་དུང་དགེ་རྒན་ལ་བཤད་པ་སོགས་བྱས་ནས་ཁོ་གཉིས་དེ་འདྲ་མཉམ་འགྲོ་མཉམ་འདུག་བྱེད་དུ་བཅུགམ་སོང་།  ༼ རེད། དེ་རིང་ནས་བཟུང་ངས་ཁྱེད་ཀྱང་རང་གི་གྲོགས་པོ་དགའ་ཞིག་གི་བསམ་པ་འཛིན་རྒྱུ་ཡིན།༽ དོན་འགྲུབ་ཀྱིས་ཁ་གྲགས་བྱུང་།  གྲགས་མ་ཐག་ནས་ང་ལ་སྐད་ཆ་དེ་འདྲ་འདང་མི་ཕོག་པ་འགའ་ལབ་བྱུང་། ངོ་མ་བཤད་ན་གཡུ་སྒྲོན་ལ་ཁག་ཡོད་རྒྱུ་མ་རེད།  འདི་སུ་ཞིག་གིས་བདེན་པར་འཛིན་ཐུབ།
  ༼ རེད།  ལོས་ཡིན།  གྲོགས་པོ་ཡིན་ནི་རེད།༽  སྐབས་དེར་ངས་ཁོ་ལ་ལན་དེ་ལྟར་བྱིན་མོད། རྗེས་ནས་ངས་ཀྱང་དེའི་ཕྱོགས་ལ་བསམ་བློ་མང་པོ་ཞིག་མ་བཏང་།
   དུས་ཚོད་མུ་མཐུད་དུ་འགྲོ་བཞིན་འདུག་ལ་རླངས་འཁོར་མང་པོ་ཞིག་ལ་སྐྱོན་བྱུང་ནས་བསྡད་འདུག  ཡང་མིན་ན་གློག་འོད་དམར་པོས་བཀག་འདུག  དོན་འགྲུབ་དང་ངེད་གཉིས་མདུན་ལ་སོང་། སྲང་ལམ་གྱི་གཡས་གཡོན་གཉིས་སུ་གད་སྙིགས་སྤངས་འདུག་ལ་དེ་ཡི་སྟེང་ལ་འཁོར་བའི་འབུ་སྲིན་གྱི་ཚོགས་པས་མིག་ཁ་བཀླུབས། རླུང་བུ་ལ་ཤུགས་དང་སྟོབས་ཟད་པས་དུ་བ་ནག་པོ་དེ་ཡང་ང་ཡི་མགོ་རུ་འཐིབས།  དོན་འགྲུབ་ཀྱིས་ང་རང་མཐོང་གི་མེད་པ་འདྲ་སྟེ། ཁོས་ཕར་ལྟ་ཚུར་ལྟ་གང་ཡང་མི་བྱེད་པར་འགྲོ་བཞིན་འདུག  ང་རང་ཅུང་ཙམ་ཁྲོས་ནས་ཕྱིར་ལོག་མགོ་བརྩམས།  ཡིན་ཡང་དོན་འགྲུབ་བསམ་ནས་འགྲོ་མ་ཐུབ་པ་དང་རང་ལའང་བྱ་བ་རེ་ཡོད་ནས་སྔོན་ལྟར་འགྲོ་དགོས་སོང་།
  ༼ དུས་ཚོད་དུ་རེད༽ དོན་འགྲུབ་ཀྱིས་ང་ལ་ནན་གྱིས་བལྟས་ནས་དེ་ལྟར་དྲིས།༼ གཅིག་དང་ཕྱེད་ཀ་རེད༽
  ༼ གནའ་ཤི་བོ། ཡང་འགོར་སོང་།  ཐེངས་མང་པོ་ཞིག་ལ་ཆུང་མར་རྫུན་བཤད་བཞག༽
  ༼ སྐྱོན་ནི་མརེད། མོས་ཁྱེད་ལ་བྲེལ་བ་ཆེ་བ་ཤེས་ཡོད་ངེས། ༽
  ༼ ང་ལས་ཁུངས་འདི་ལ་སུན་སྣང་སྐྱེས་ཡོང་། གལ་ཏེ་ཆུང་མ་མེད་ན། བུ་ཕྲུག་མེད་ན། དེ་བས་ཀྱང་སྒོར་མོ་ཟེར་རྒྱུ་ཞིག་བཙལ་མི་དགོས་ན། ང་འཛམ་གླིང་གི་ཡུལ་སོ་སོར་འཁྱམས་ན་འདོད་ཡོད།༽
  ༼ ཧེ་ཧེ་ཧེ་་་་་་་་་ ཁྱེད་ཀྱིས་་བསམ་རྒྱུ་ལ་ལྟོས་དང་འདི་རྨི་ལམ་ཞིག་ལས་ཀྱང་སྐྱིད་པོ་མ་རེད་དམ།  ད་སྐྱོན་ནི་མ་རེད། འཚོ་བ་རེད།  དཀའ་རྒྱུ་དང་སྡུག་རྒྱུ་ལོས་མང་།  སྐྱིད་སྐྱིད་དུ་སུ་ཞིག་གསོན་ཐུབ་ཡོད།༽
  ༼  ད་གནས་ལུགས་མ་བཤད། གང་ལྟར་ང་དེ་དག་ཚང་ལ་སུན་བྱུང་། དགའ་ས་གཅིག་ཀྱང་མི་འདུག༽
༼དེ་འདྲ་ཡིན་རུང་ཐབས་དང་བློ་ཞིག་གང་ནས་རྙེད༽  ངེད་གཉིས་ད་རུང་རང་རང་འབྱོར་དགོས་ས་དེར་མ་ཐོན། ཤིན་ཏུ་ཆད་པའི་སྣང་བ་དེས་མདུན་ནས་འགོག རང་དོན་ཙག་ཙིག་དེས་རྒྱབ་ནས་གཏད།
   ཡུན་རིང་འགོར་རྗེས་ང་ཚོ་རང་རང་གི་དམིགས་ས་དེར་ཐོན་ཞིང་དོན་འགྲུབ་ཁྱིམ་དུ་ལོག་སོང་། ང་རང་སྲང་ལམ་གྱི་བཞི་མདོ་ཞིག་ཏུ་ཁེར་རྐྱང་དུ་བགྲང་ནས། ཕྱོགས་ཕྱོགས་ཀྱི་དོན་དང་བྱ་བ་ལ་མིག་ལྟོས་བྱས། དེ་ཡང་མཁའ་ལམ་སྟོང་བ་ཞིག་དང་འདྲ་ལ། སྨིག་རྒྱུ་ཡ་ཡོལ་གྱི་གསེང་ནས་མདོག་མི་འདྲ་བའི་ངོ་གདོང་མང་དུ་མངོན།  ཡིན་ཡང་འདི་ནི་སྒྲོལ་མ་དང་འདི་ནི་བཀྲ་ཤིས། འདི་ནི་ཚེ་རིང་ཡིན་པའི་བདེན་དཔང་ཅི་ཡང་མེད་བྱུང་། ད་ནི་རང་ཉིད་ཀྱང་བཟི་ཡོད་པ་འདྲ་ཞིང་ཡལ་ཡོལ་འགུལ་བའི་ཕྱི་རོལ་དུ། ཅི་ཡང་འགུལ་གྱིན་མེད་པ་འདྲ།  དེ་བས་ང་རང་རླངས་ཁོར་ས་ཚུགས་ཀྱི་སྒོ་ཐད་དུ་བཀལ་བའི་དུས་ཚོད་ལ་བལྟས་ནས་ཁྱེད་ལ་ཁྲོ་གཏམ་བསྒྲགས། ཁྱེད་ཀྱིས་ཀྱང་དུས་ཚོད་དེར་བལྟས་ནས་ང་ལ་ཁྲོ་གཏམ་བསྒྲགས།

           (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདས་དོན་གྱི་གྲིབ་མ།

2014-07-20 རྡོ།༼རྨ་ཆུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།