འདྲ་པར།

            ༡
  གློག་བརྙན་ལ་ལྟ་བ་དང་། དཔེ་ཆ་ཀློག་པ། ཆང་འཐུང་བ། བུ་མོ་ཚོར་འཁྲིག་པ་སྤྱོད་པ་སོགས་མིའི་འཚོ་བའི་ཁྲོད་ཀྱི་བྱ་བ་ཙག་ཙིག་དག་གིས་ང་ཡི་དུས་ཚོད་མང་ཤོས་བརླག་གིན་ཡོད་ལ། དུག་འཚོང་རྒྱག་དང་། འཕྲུལ་འཁོར་བཟོ་བ། དཔོན་ས་སྙེག་པ།      ཨར་ལས་ལག་རྩལ་སློབ་པ་སོགས་ནི་ང་དང་འབྲེལ་བ་ཅི་ཡང་མེད་དོ།།
  ལག་རས་རློན་པ་ཞིག་གིས་ངོ་གདོང་བཀྲུས་པ་ནས་གྱོན་པ་གྲལ་དག་ཅིག་གོན་ནས་སྒོ་ལ་འབུད་པ་དང་། ང་ཡི་གྲིབ་མ་སྣོག་གིན་པའི་ཁང་རྩེག་གི་གྲིབ་མའི་གསེབ་ནས་མདུན་ལ་འགྲོ་བ་དང་དུས་ཚོད་ཀྱི་རླབས་རིས་ཁུར་ནས་ཆུ་རྙོག་ཅིག་ལྟར་རྒྱུགས་ཀྱིན་པའི་མི་ཚོགས་ཁྲོད་ནས་སྒམ་བརླིང་གིས་འགྲོ་བ།  ལས་ཀའི་བུ་ག་མང་བོ་ཞིག་སྲུབས་ཐབས་དང་གས་ཆག་མང་བོ་ཞིག་སྒྲིག་ཐབས་བྱེད་པ་ནས་ཁང་མིག་ནང་གི་ཁེར་རྐྱང་གི་ལྡེབས་རིས་ངོས་སུ་འཕྲུལ་སྣང་སྣ་ཚོགས་འབྲི་བ་སོགས་ནི་ང་ཡི་མི་ཚེའི་ཕུང་བོ་ནས་འབལ་ཐབས་མེད་པའི་རྩིབས་རུས་ཤིག་གོ།
  ངས་དུས་དེབ་ག་གེ་མོ་ནས་དྲུས་ཏེ་འོང་བའི་བུ་མོ་མཛེས་མ་དེའི་འདྲ་པར་ལ་བལྟས་ཀྱིན་བལྟས་ཀྱིན་ང་རང་གི་ལག་རྩལ་དང་མིའི་རིགས་ཀྱི་རྣམ་རིག་ལ་ངུ་སྙིང་ཞིག་སྐྱེས་བྱུང་།
  ངས་ཅིའི་ཕྱིར་མོའི་གྱོན་པའི་སྟོད་གོས་དམར་བོ་དེ་མེ་ལྕེ་བཅིལ་བ་ལྟར་གཟིམས་པར་བྱས་ནས་ཤུལ་གྱི་སྣང་བའི་རྩེད་མོ་ལྟ་བུའི་མྱོས་བུམ་གཉིས་ཁྱོར་བའི་ནང་དུ་ཆུ་དྭངས་མོ་ལྟར་བཟུང་ནས་རང་གི་སྐོམ་པ་སེལ་ན་ཅི་ལ་མི་ཆོག  ངས་ཅིའི་ཕྱིར་དགོད་སྒྲ་མེད་
པར་འཛུམ་གྱིན་པའི་མོའི་མཛེས་སྡུག་དེ་རང་གི་མི་ཚེའི་གར་སྟེགས་སུ་བླངས་ནས་ཤ་དྲོད་དང་ཁྲག་རྩ་ལྡིང་བའི་འཚོ་བའི་ཟློས་གར་ལེགས་པོ་ཞིག་འཁྲབ་ན་ཅི་ལ་མི་ཆོག  ངས་དེ་ལྟར་སྟོང་འདང་བརྒྱབ་ནས་རང་གི་སྒལ་གཞུང་གི་ཤིག་དེ་ཇི་ལྟར་སྐེ་ཁུག་ཏུ་ཐོན་
པའང་མ་ཤེས།
  ཤིག་དེ་ང་ཡི་སྐེ་ཁུག་ནས་ཉིན་ཁ་སྲོ་བའི་རྒན་པོ་ཞིག་ལྟར་གང་ནས་འདུག  ཁོ་བསང་གི་དུད་སྨུག་ལྟར་མཐོ་དམའ་གཉིས་ཀྱི་བར་ན་དཔྱངས་པའི་ང་ཡི་སྐྲ་འདབ་རྒྱུད་ནས་རླུང་རྟས་རི་ངོས་གཡོག་པ་ལྟ་བུའི་ལུས་པོའི་ཕྲ་ཕུང་རེ་རེ་ལ་དོགས་མེད་དུ་འགོམ་
ནས།  ཕྱུགས་རྫིར་སོང་བའི་མེས་པོ་སྟོད་རྗེན་ཞིག་དང་འདྲ་བར་ང་ཡི་ཕྲག་པ་ནས་བྲང་ཁ། བྲང་ཁ་ནས་ལྟེ་བའི་ཁར་ཐོན་པ་ན་ང་ཡང་གློ་བུར་ཏུ་ཁོང་ཁྲོ་འགོག་དཀའ་བ་ཞིག་གིས་དེད་དེ་ཁོ་རང་མཐེབ་རྒན་གཉིས་ཀྱི་སེན་མོ་སྟེང་ལ་བཞག་ནས་རོ་ཤུན་ལེན་སྲོལ་མེད་པ་ཞིག་ཏུ་བཅིར་བཞག
  ངས་སེན་མོའི་སྟེང་གི་མིག་ཆུ་ལྟར་ཆུང་བའི་ཁྲག་ཐིགས་དེར་བལྟས་ཀྱིན་བལྟས་ཀྱིན། དེ་ཉིད་མེ་ལྕེ་དམར་བོ་ཞིག་ཏུ་གྱུར་སོང་། མེ་ལྕེ་དམར་བོ་དེ་དབུགས་ཀྱིས་རྒྱག་གིན་པའི་ལྒང་ལི་ཞིག་ལྟར་ཇེ་ཆེ་ནས་ཇེ་ཆེར་གྱུར་ཏེ་མཐར་སྟོད་གོས་དམར་བོ་ཞིག་ལ་
གྱུར་བྱུང་།  སྟོད་གོས་དམར་བོ་དེའང་ཐག་བརྡང་དུ་དཔྱངས་པའི་སྟོད་གོས་སྟོང་བ་ཞིག་ལྟར་ལྷབ་ལྷུབ་ཏུ་བསྐྱོད་པ་མ་ཡིན་པར་བྱིས་པ་ཞིག་གི་གཡེར་བག་ལྟར་གཅེས་པར་འདོད་པའི་མྱོས་བུམ་གྱིས་རྒྱགས་པའི་བུ་མོ་མཛེས་མ་ཞིག་གིས་གྱོན་འདུག
མོ་ནི་དུས་ཆད་བཏབ་པའི་མཛའ་མོ་ལྟར་འཛེམ་བག་གིས་ཁེངས་པ་ཞིག་མ་ཡིན་པར་ང་རང་གི་གྲིབ་མ་ལྟར་ཧ་ཅང་འདྲེས་དྲག་པའི་སྣང་བ་ཞིག་གིས་ཁེངས་འདུག
           ༢
  ངས་དྲུས་འོང་བའི་འདྲ་པར་དེའི་རྒྱབ་ལྗོངས་ནི་རྫ་རི་མཐོ་ལ་སྨུག་པ་དྭངས་ཤིང་། ནོར་ལུག་མང་ལ་རུ་སྡེ་ཐར་ཐོར་ཏུ་ཆགས་པའི་འབྲོག་ལྗོངས་ཤིག་རེད།
  མཚན་མོ་དེར།    སྟོད་གོས་དམར་པོ་ཅན་གྱི་བུ་མོ་དེས་ང་ལ་ཐོག་དང་བོར་སྨྲས་པ་ནི“ང་རང་ཕ་ཡུལ་ཏུ་མ་ཐོན་པར་ཡུན་རིང་འགོར་ཡོད། དེང་ཐོག་ཕ་ཡུལ་དྲན་པའི་ངོ་གདོང་མཆི་མས་ཟིན་པ་དེའང་ད་ལྟ་སྐག་ཚོས་ཀྱི་དྲི་མས་ཟིན་ཡོད། སྦྲ་ནག་ནང་གི་
དངོས་པོ་ཙག་ཙིག་ལྟ་བུའི་སེམས་ཀྱི་བརྩེ་བ་དག་ཀྱང་ད་ལྟ་གོམས་ལོབས་སུ་སོང་བའི་འཕྲུལ་ཆས་ཀྱི་སྒྲ་འཛེར་བོ་དག་གིས་ཞིབ་བུར་འཐག་འདུག  འདང་བརྒྱབ་ན། ཕ་ཡུལ་དྲན་པ་ནི་ཐང་ལ་བཞག་པའི་ཁུར་བོ་ཞིག་ཕྱིར་ཕྲག་སྟེང་དུ་ལེན་པ་དང་འདྲ། སྙིང་བོ་
མི་འདུག”ཟེར།
  ངས་ཅི་ཡང་མ་སྨྲས་པར་མེ་ལོང་དུ་ལྟ་བ་བཞིན་མོའི་ངོ་གདོང་ལ་ཅེར་ནས་བསྡད། བསྡད་ཀྱིན་བསྡད་ཀྱིན་མོའི་ངོ་གདོང་གི་སྨེ་བ་ནག་པོ་དེ་སྦྲ་ནག་ཅིག་ཏུ་གྱུར་ཞིང་ཤོག་སྐྱ་ཞིག་ལྟར་སྣུམ་གྱིས་མ་བཟུང་བའི་གདོང་དཀར་བོ་དེ་ཁ་བས་གཡོགས་པའི་
ཡུལ་ལྗོངས་ཤིག་ཏུ་གྱུར་སོང་།
  སྐབས་དང་སྐབས་སུ། འཁྱག་རེངས་སུ་གྱུར་ཏེ་འགུལ་རྒྱུ་ཆེར་མེད་པའི་རླུང་བུ་རེ་སྦྲ་ནག་དེའི་ཧྲག་བར་ནས་འཛུལ་འོང་ལ།  མེ་ལྕེ་དམར་བོ་སྟག་མོའི་མཆེ་བ་གཙིགས་པ་བཞིན་འབར་གྱིན་པའི་ཐབ་ཀའི་སྟེང་ན་ཤ་བཙོ་བའི་དྲི་མ་ཞིག་གིས་སྦྲ་ནང་ཧྲིལ་བོ་ཁྱབ་
འདུག    ལོ་རྒྱུས་ཟེར་བའི་རྒྱལ་བོའི་མངའ་ཐང་དང་བློན་པོའི་ཐབས་ཇུས་ཀྱིས་ཁེངས་པ་དེའང་དུས་ཚོད་ཀྱི་ཁྲོད་ནས་ཐག་རིང་དུ་ཁུ་སིམ་མེར་ཐིམས་པ་བཞིན།  གངས་རིའི་མཐོ་ས་ཙག་གིས་དཀྲིས་ཤིང་གཙང་བོའི་རྔམ་ཁ་དར་གྱིས་བསྡམས་པའི་དགུན་ཁ་ཟེར་བ་འདི་ཡང་ཁུ་སིམ་མེར་གང་ཞིག་ཏུ་འཐིམ་རེག་བར་སུས་ཀྱང་འགྲན་མི་བཟོད་པ་འདྲ།
  ནོར་ལྷས་སུ་སྤྲིན་གསེབ་ནས་བརྡོལ་བའི་ཉི་འོད་སློག་རྙིང་འདྲ་བ་རེ་འདར་ཤིག་ཤིག་གིས་འཁྱིལ་འདུག  འབྲོག་མོ་ཞིག་གིས་བཤས་ཟོག་གི་ནང་ཁྲོལ་བདག་བྱས་ཏེ་ཚར་ལ་ཉེ་བ་དང་འདྲ་བའི་ཨོང་ར་ནས་ཨོང་བ་ཐུ་བ་གང་ཁྱེར་ཏེ་སྦྲ་ནང་དུ་འཛུལ་བྱུང་།   གོ་
ཁ་ན་སློག་པ་ཡང་བཤམས་བྱས་ཏེ་ནར་འདུག་པའི་སྐྱེས་པ་དེས་“ཨོང་བ་སྐམ་ཨེ་འདུག”ཟེར། བུ་མོ་དེས་སླ་ང་ལས་ཤ་ལེན་ཞོར་ཏུ་“ད་དུང་ཉིན་འགའ་ལ་མ་སྒུག་ན་ལེན་སྲོལ་མི་འདུག”ཟེར།
  གློ་བུར་ཏུ། སྐྱེས་པ་དེ་མུན་ནག་གི་གསེབ་ནས་ཞེ་སྡང་གིས་གས་པའི་གློག་ཞགས་ཤིག་དང་འདྲ་བར་ཡར་ལངས་ཏེ། བུ་མོ་དེར་བཤད་དབང་འབྲོ་དབང་མ་བྱིན་པར་ཅི་འདོད་དུ་བརྡུང་བྱུང་།   མཚམས་ཤིག་ལ་ཁོས་གཅར་བ་ལས་བཤད་ན་མོའི་སྙིང་ལ་ལོས་
ཕོགས་འདོད་པ་ལྟར་“གོ་ཁ་དྲོན་པོ་ནས་ལག་པ་བསྲོ་བཞིན་ཨོང་བ་ཞིག་སྐེམ་མི་ཐུབ་ན། ཁྱོད་ངས་སློག་པའི་སྤུ་ཟད་བྱེད་དུ་རུམ་པ་དོན་མེད་མིན་ནམ། ད་སོང་ཤིགས།     མྱུར་ཏུ་སོང་ཤིགས།”ཞེས་སྐད་བརྒྱབ་བྱུང་།
   མུ་གེས་ཤི་བའི་ནོར་ལུག་གི་རོ་སྟེང་དུ་བྱ་ཚོགས་ཀྱིས་ཁེངས་འདུག  སྤྱང་ཚོགས་ཀྱིས་རུབ་འདུག ཉི་མ་ནི་ཆུ་ལ་སྣུབ་ཀྱིན་པའི་རྒད་པོ་ཀླད་དམར་ཞིག་གི་སྤྱི་གཙིག་བཞིན་གངས་དང་ན་བུན་གྱི་ཁྲོད་ནས་གང་ཞིག་ལ་འཐིམ་ལ་ཉེ།
           ༣
  ང་ལ་གླུ་ཚིག་ཡང་ཡང་སློང་མྱོང་བའི་གཞས་མ་དེ་ལོ་འགའི་སྔོན་རྩྭ་ཐང་གི་པང་ནས་ནང་ལས་ཙག་ཙིག་དང་ཕྱི་ལས་རྫབ་རྫོབ་ཀྱིས་ལོ་འཁོར་གཅིག་གི་ཟླ་བ་བཅུ་གཉིས་པོ་འཁོར་ལོ་བསྐོར་བསྐོར་བྱས་པའི་འབྲོག་མོ་ཞིག་ཡིན། གནས་ཡུལ་ནས་ཡིད་དུ་འོང་
བའི་བརྩེ་བ་ཞིག་མ་རྙེད་པར་སྐུད་པ་དྲུག་གི་སྟེང་ནས་རང་གི་སྐྱོ་སྡུག་ཁོག་ལ་མིད་ཀྱིན་གཞན་གྱི་དགའ་སྐྱོ་གང་རུང་ཞིག་རང་གི་ཡིན་ཁུལ་གྱིས་ཉིན་མ་ཕུད་ཀྱིན་པའི་གཞས་མ་ཞིག་ཡིན།
  མཚན་མོ་དེར།     མོས་ཧ་ཅང་མོས་པ་ཆེན་པོས་ང་དང་མཉམ་དུ་འཁྲིག་པ་ཞིག་སྤྱོད་ཅིང་ཤིན་ཏུ་རྫོབ་པའི་གཡེར་བག་གི་ངང་ནས་ངའི་གླུ་ཚིག་ཐུང་ཐུང་དེ་བརྐུས་པ་ནས་ཡུན་རིང་དུ་ངའི་གམ་ལ་ཐེངས་གཅིག་ལའང་མ་འོང་།      མོ་ལ་སྡུག་བསྔལ་ལྕེ་ངལ་རེག་བར་ཏུ་ལབ་རྒྱུ་འདུག་ཏེ།   གནས་ཡུལ་ནས་འོང་ཏེ་ཅང་མ་འགོར་བར་རྒྱལ་འཇོག་ཅིག་གིས་མགོ་སྐོར་ཐེབས་ཚུལ།   ཚོང་བ་ཞིག་གིས་མོར་གསེར་གྱི་མགུལ་རྒྱན་ཞིག་ཉོ་བར་ཁ་གཡར་ནས་ཟླ་འགའ་ལ་རུམ་ཚུལ།    དཔོན་ཆུང་ཞིག་གིས་བཙན་བཀོལ་ནས་ནུབ་མ་འགའ་ལ་མགྲོན་ཁང་ནས་བཀག་ཚུལ། རང་ལ་དགའ་མཁན་མང་བོ་ཞིག་ཡོད་ཀྱང་རང་གིས་གང་འདེམས་དགོས་པ་མི་ཤེས་ཚུལ་སོགས་མང་བོ་ཞིག་ལབ་པས།     ངའི་སེམས་ལ་“དམྱལ་བ་མ་འདིའི་དེ་ཟད་རྒྱུ་ཞིག་མེད་པ་བཞིན་མི་དེ་ཚོའི་ཡི་ག་ལའང་ཅི་འདྲའི་ཞེ་མེར་རྒྱུ་ཞིག་མེད་པ་ལ་ཨང་།”སྙམ་བྱུང་།
  མོའི་སྟོད་གོས་དམར་བོ་དེ་ཕུད་པ་ན་འོག་ཏུ་ནང་གོས་དཀར་བོ་ཕུར་ཐུང་ཞིག་གོན་འདུག མྱོས་བུམ་གཉིས་ཀ་མོའི་ལུས་པོའི་འགུལ་སྟངས་དང་བསྟུན་ནས་ལུ་གུ་བཞིན་རྩེད་ཀྱིན་འདུག འཁྲིག་ཐབས་ཀྱི་ཕྱོགས་ནས་ངོ་མ།   མོ་གཡང་ལ་མ་རྡང་མགོར་འདོགས་རྒྱུ་ཞིག་ཡིན་པ་འདྲ་སྟེ་འོག་གི་འདེགས་འཇོག་ནས་སྟུ་ཁའི་དམ་ལྷོད། མཆུ་ཡིས་འཇིབ་ལུགས་ནས་འཁུན་སྒྲ་འདོན་ལུགས་སོགས་ཀྱིས་ང་རང་འཕྲུལ་ཏུ་བཅུག་སོང་། སྨྱོ་རུ་བཅུག་སོང་།
  འཇིག་རྟེན་གྱི་སྒེའུ་ཁུང་ཕྱེ་འདྲའི་ཉིན་གཅིག་པོ་ཚར་ཏེ་ས་སྲོད་ཀྱི་སྒེའུ་ཡོལ་བསུམས་པ་ན། ངའི་བསྒྲུབ་མི་ཚར་བའི་ལས་ཀ་ནི་སྟོང་འདང་བརྒྱག་རྒྱུ་དེའོ།།
  ད་ལྟ་འདྲ་པར་དེ་ངས་རང་གི་ཁང་སྟོང་གི་གྱང་ངོར་བཀལ་ཡོད།    སྟོད་གོས་དམར་བོ་ཅན་གྱི་བུ་མོ་དེའི་རོ་སྨད་མི་མཐོང་བ་བཞིན་ངས་ཀྱང་སྒྲུང་གཏམ་འདིའི་མཇུག་སྐྱོང་ཐབས་མི་འདུག འོན་ཀྱང་།  གཞས་མ་དེས་བར་སྐབས་འདིར་ང་ལ་ཉིན་གཅིག་
ལ་ཁ་པར་ཐེངས་དྲུག་རེ་བརྒྱབས་འོང་། སྙིང་བསྲེག་རྒྱུའི་དོན་དག་འདིས་ང་ཡི་རྨི་ལམ་ཡང་གྱང་ངོར་བཀལ་བའི་འདྲ་པར་དེ་མུན་པའི་ཀློང་དུ་ཚུད་པ་བཞིན་རབ་རིབ་ནས་མག་མོག་དང་།    དེ་ནས་ཅི་ཡང་མི་མཐོང་བ་ཞིག་ཏུ་བཏང་འགྲོ
  ཐག་རིང་ན་སུས་ཡིན་མི་ཤེས་པའི་མིག་ཆུ་འདྲ་བའི་སྐར་མའི་ཚོགས་ཤིག་འདར་སིག་སིག་བྱེད།    ཧ་ཅང་འཁྱག་པའི་ངང་ནས་འདར་སིག་སིག་བྱེད།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདྲ་པར།

2014-05-27 མདའ་བཙན་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།