ཁ་ཆེམས་ཡི་གེ

  ནམ་མཁའ་གཡའ་དྭངས་པའི་ཞོགས་པ་དེར་ངས་ཀྱང་ཆོས་དབྱངས་འཚོའི་ལས་དབང་ལ་མནོ་བསམ་རེ་མི་བྱེད་ཀ་མེད་རེད།  ད་དུང་ཉི་མ་འཚོ་ཟེར་བའི་བུ་མོ་ཞིག་ཀྱང་ཡོད་ངེས།   ཁོ་མོས་རླུང་བུས་ཁུར་གྱིན་པའི་སྲང་ལམ་གྱི་གད་སྙིགས་དག་རང་གི་མཛེས་བརྒྱན་བཅུག་ཡོད་པའི་ཁུག་མའི་ནང་ཅི་ཐུབ་ཀྱིས་བསྡུ་གསོག་བྱས་པ་དང་འདྲ་བར་བྲེལ་འཚུབ་ངང་མདུན་དུ་སྐྱོད་ཀྱིན་འདུག  གཟའ་ཉི་མའི་དུས་ཚོད་འུར་ཟིང་དང་ཅ་ཅོའི་ཀློང་ནས་བཟི་སྣང་གིས་སྐྱེལ་བའི་རྒྱ་མཚོ་ཡང་ཁོ་མོར་ཁ་ཆད་བྱས་ཡོད་པའི་མེ་ཏོག་གླིང་ཀ་ཟེར་བའི་ཇ་ཁང་དེའི་ནང་དུ་ཐོན་བྱུང་།   དེའི་ནང་དུ་ཞབས་ཞུ་བྱེད་པའི་མི་ནི་ད་ལོ་སློབ་ཆེན་ནས་མཐར་ཕྱིན་པའི་བུ་མོ་གཉིས་དང་རྩིས་གཉེར་བྱེད་ཀྱིན་པའི་འབུམ་ལོ་གསུམ་ལས་མི་འདུག སྐབས་དེར་ཆོས་དབྱངས་འཚོ་དང་ཀུན་ཐར་འབུམ་གཉིས་ཀྱི་གཉེན་སྟོན་ལ་ཞུགས་པའི་འགྲུལ་བ་དེ་དག་ལྟོ་ཟས་ཀྱིས་ཚིམས་ནས་རང་རང་གི་གདོང་ན་མངོན་ཡོད་པའི་རྒས་ཉམས་དེ་ཡང་རྩ་བ་ནས་བརྗེད་སོང་བ་འདྲ།
“རྒྱ་མཚོ།   ཅི་ཞིག་ལ་ཧད་ཡོད།”
“ཆོས་དབྱིངས་འཚོ་ངའི་སློབ་ཆུང་སློབ་གྲོགས་ཡིན་ཡང་ང་ལ་ཤོག་སྒོར་བཅུ་ལས་མེད། ཁྱོད་ཀྱིས་ལྟོས་དང་ངའི་རྐང་མགོའི་ལྷམ་ཡང་ཐེད་འདུག” རྒྱ་མཚོས་ཚམ་ཚོམ་མེད་པར་དེ་ལྟར་བཤད་རྗེས་རང་གི་ཉིན་ཐོ་འབྲི་དེབ་བླངས་ནས་སྙན་ངག་ཅིག་འབྲི་བསམ་དུས། གཡང་འཛོམས་གསོལ་ཁང་གི་ཕྱོགས་སུ་རྒྱུག་གིན་པའི་མོ་ཊ་དེའི་ནང་དུ་གང་ཡང་མི་ཤེས་པའི་ཁེ་ལས་པ་ཆེན་པོའམ་རང་རྫོང་གི་རྫོང་དཔོན་ལགས་ཀྱང་ཕྱིར་མངོན་པའི་ལྟོ་བ་ལ་རེག་གིན་གཞི་ནས་སར་བབས་བྱུང་།   དེ་དུས་གཉེན་སྟོན་གྱི་མདོ་འཛིན་པས་འཛུམ་ཙམ་སྟོན་བཤད་ཀྱི་འགོ་རྩོམ་དུས་གར་སྟེགས་སུ་ཡོད་པའི་ཆོས་དབྱངས་འཚོ་བརྒྱལ་སོང་།
“བདག་གི་མཛའ་མོ། ”
“བདག་གི་མཛའ་མོ།”ཀུན་ཐར་འབུམ་ཁོ་མོའི་ལག་པར་འཇུས་ནས་ངོ་མདངས་ཀྱང་སྐྱ་བོར་གྱུར་རྗེས་མདོ་འཛིན་པའི་ཚིག་མཚམས་ཆད་པ་དང་མཉམ་དུ་ཉི་མ་འཚོས་ཁ་པར་ལས་སུ་ཞིག་གིས་བཤད་པའི་སྐད་ཆ་སྙིང་ཉེ་བ་དག་འཐུ་བཞིན་འདུག   མི་དམངས་སྨན་ཁང་གི་མྱུར་སྐྱོབ་ཚན་ཆུང་སླེབས་པ་དང་མཉམ་དུ་རྒྱ་མཚོས་སྐད་གདངས་མཐོན་པོས“མི་སེམས་གཡང་ལ་ལྕེབས་འདུག།  མིག་ཆུས་ལྷན་པ་བརྒྱབ་ཡོད།།  གཙང་བོར་འགྲམ་དར་ཆགས་དུས།།  སེམས་པ་མེ་རུ་བསྲོས་ཡོད།།”འདི་འདྲ་ཞིག་གྱེར་ནས་ཁོའི་ངོ་གདོང་ནས་མར་ལྷུང་གིན་པའི་མིག་ཆུ་ལ་ཕྱིར་དྲན་བྱེད་ཞོར་རང་ཉིད་དང་ཆོས་དབྱིངས་འཚོའི་གཏམ་རྒྱུད་དག་དྲན་བྱུང་།   ང་ལ་རྒྱུ་ནོར་མེད་པ་ལས་བརྩེ་བ་གསེར་འདྲ་བ་ཞིག་ཡོད་ཟེར་དུས་ཉི་མ་འཚོ་གཞི་ནས་གཉིད་ལས་སད་པ་བཞིན་དོན་དག་ཅི་བྱུང་སོང་།  བག་གསར་ལ་ཅི་བྱུང་།  ཇ་ཁང་ནང་དུ་ཡོད་པའི་མི་ཚང་མས་ཁོ་གཉིས་ཀྱི་རྣམ་འགྱུར་ལ་ཧད་འདུག   འོན་ཀྱང་ཇ་ཁང་ནང་དུ་འཐིབས་པའི་དུ་བ་ལང་ལོང་གིས་དུ་བ་མི་འཐེན་པའི་མི་རྣམས་མགོ་ཡུ་སྐོར་གྱིན་པ་འདྲ།  
“ཆོས་དབྱངས་འཚོར་བྱུང་པའི་ནད་གཞི་དེ་ནི་ཨེ་ཙི་ཡིན་ནམ།”
“དགོད་སྤྱད་མ་བཤད་ང་ཁོ་མོར་འགྲོགས་ནས་སློབ་ཆེན་གྱི་ལོ་བཞི་བསྐྱལ་བ་ཡིན།”
“དེ་རིང་ཁོ་མོའི་བཀྲ་ཤིས་པའི་ཉི་མ་ཡིན་པས་ཁོ་མོ་ངོ་མ་སྙིང་མ་རྗེ།”
“དེ་ན་ཁྱོད་ཀྱིས་ང་སྙིང་མི་རྗེའམ།”རྒྱ་མཚོ་ཅུང་ཙམ་ཁྲོ་བའི་ངང་དེ་ལྟར་བཤད་རྗེས་ཁ་རོག་དུ་བསྡད་བྱུང་།  ཉི་མ་འཚོས་ཀྱང་ཁ་པར་གྱི་ལྐོག་ཉན་རྣ་བར་གཏད་ནས་ནུ་ཟུང་ཕྱིར་མངོན་ཙམ་བྱས་ཏེ་གཡུ་འབྲུག་ཚན་སྡེབ་ཀྱིས་བླངས་པའི་གྱེས་ཁ་མའི་གླུ་སོགས་ལ་ཉན་བྱུང་།  
  གཟའ་རྗེས་མའི་སྤེན་སྐྱིད་རོལ་དུས་སླར་ཡང་ཉི་མ་འཚོ་དང་རྒྱ་མཚོ་གཉིས་མེ་ཏོག་གླིང་ཀ་ནས་འཕྲད་བྱུང་། འབུམ་ལོས་མ་ཎི་འདོན་ཞོར་རྒྱ་མཚོ་ལ་ཆོས་དབྱངས་འཚོ་ཚེ་ལས་འདས་པའི་གནས་ཚུལ་བཤད་པ་ན་ཁོས་ཅི་ཡང་མི་སྨྲ་བར་གསོལ་འདེབས་རེ་བྱེད་ཀྱིན་རང་གི་ལོགས་སུ་ཡོད་པའི་ཁོ་མོར་སྐད་གདངས་དམའ་མོས་ད་ནི་ངས་ཀྱང་འཇིག་རྟེན་གྱི་ཡོད་ཚད་ལ་སེར་སྣ་བྱེད་རྒྱུ་ཡིན་ཟེར་དུས་ཉི་མ་འཚོས་ཁོའི་ཚིག་མཚམས་བཅད་ནས་ང་ཁྱོད་ལ་དགའ་དོན་ནི་ཁྱོད་ལ་སེར་སྣ་མེད་པས་ཡིན།  དེ་མ་གཏོགས་ཁྱོད་ལ་བཟང་ཆ་གཅིག་ཀྱང་མེད་པ་ཁྱོད་རང་ཉིད་ཀྱིས་མི་ཤེས་སམ།     ཁོ་མོས་ཧ་ཅང་ནན་ཏན་ངང་དེ་ལྟར་བཤད་པ་ན་ཇ་ཁང་ནང་གི་མགྲོན་པ་ཡོད་ཚད་ཀྱང་ལྷིང་འཇགས་སུ་སོང་བའི་སྣང་བ་སྟེར། མིན།  ངས་བརྩེ་དུངས་ལའང་སེར་སྣ་བྱེད་རྒྱུ་ཡིན།
“སྐུ་ཞབས་ལགས་ཁྱོད་རྒྱ་མཚོ་ཡིན་ནམ།”
“ཡིན།”
“ང་ནི་ཀུན་ཐར་འབུམ་ཡིན།  ཁྱོད་ང་དང་མཉམ་དུ་མི་དམངས་ཉེན་རྟོག་ཁང་ལ་འགྲོ་དགོས།”
“དོན་དག་ཅི་བྱུང་སོང་།”  རྒྱ་མཚོས་ཅི་ཡང་མི་ཉམས་པར་དེ་ལྟར་དྲིས་པ་དང་མཉམ་དུ་ཡར་ལངས་བྱུང་།  སྲང་ལམ་དུ་ཡོད་པའི་མི་ཚོགས་ནི་ནམ་རྒྱུན་བཞིན་རང་རང་གི་འཁོར་བའི་ཆེད་དུ་བྲེལ་འཚུབ་ལ་གཡང་ཡོད་ཀྱང་ལམ་འགྲམ་དུ་ཡོད་པའི་གསོམ་སྡོང་དག་ལ་ཉམས་སྣང་ཅི་ཡང་མེད་པར་རྒྱ་མཚོ་དང་ཀུན་ཐར་འབུམ་གཉིས་ཀ་མི་དམངས་ཉེན་རྟོག་ཁང་གི་སྒོ་ཆེན་ལ་བསྐྱལ་བྱུང་།  ངའི་བུ་མོའི་འདས་དོན་ལ་ཁྱོད་དང་འབྲེལ་བ་ཡོད་དམ།    ཁོ་ནི་ཆོས་དབྱངས་འཚོའི་ཨ་ཕ་ཡིན་ལ་རྫོང་དེའི་འཕྲོད་བསྟེན་ཅུའུ་ཡི་འགོ་བ་ཡང་ཡིན།  ཁོའི་སྐུ་གཟུགས་ཐུང་བ་མ་ཟད་ལུས་པོ་རྒྱགས་པས་ཕྱི་ཚུལ་ནས་བལྟས་ན་ཁོ་དང་ཆོས་དབྱངས་འཚོ་ལ་རིག་ས་མཐུན་ས་མང་པོ་ཞིག་འདུག   ཁོས་ཐད་ཀར་རྒྱ་མཚོར་དྲིས་པ་ནི་ཟླ་འདིའི་ཚེས་བཅུ་བཞིའི་དགོང་མོར་ཁྱོད་དང་ངའི་བུ་མོ་གཉིས་གང་ནས་ཐུག་པ་ཡིན།  དེ་དུས་ཁོ་མོས་ཁྱོད་ལ་ཅི་ཞིག་བཤད་སོང་།   ཁོ་མོས་ང་ལ་འཇིག་རྟེན་འདི་ནས་གསོན་ན་སྙིང་བོ་མེད་ཚུལ་ལབ་པ་དང་ཨ་ཕ་དང་ཨ་མའི་བཟའ་འཁོན་ལ་སུན་སྣང་སྐྱེ་བའི་སྐོར་ཡང་གླེང་བྱུང་།   ད་དུང་་་་་་་། ད་དུང་་་་་་་་།   ཅི་རེད།   མུ་མཐུན་དུ་ཤོད།   རྒྱ་མཚོས་སྔངས་འདར་ཞིག་བྱེད་ཞོར་ད་དུང་ངེད་གཉིས་ཐུག་པའི་ཆེས་མཐའ་མཇུག་གི་ཉི་མ་ཡིན་ཚུལ་ཀྱང་བཤད་བྱུང་།   དེ་ན་ཁོ་མོའི་འདས་དོན་ཤེས་སམ།   མི་ཤེས།   འདི་ནི་ཁོ་མོས་བྲིས་པའི་ཁ་ཆེམས་ཡི་གེ་རེད།  “སང་ཉིན་ནི་ངའི་གཉེན་སྟོན་གྱི་ཉི་མ་ཡིན་ལ་ང་རང་འཇིག་རྟེན་འདི་ནས་ཁ་གྱེས་པའི་ཉི་མ་ཡང་ཡིན་སྲིད།   དྲང་མོ་བཤད་ན་ངས་རང་སྲོག་གཅོད་དོན་ནི་ང་རང་ཉིད་ཀྱི་ཆེད་དུ་ཡིན་པ་ལས་སུ་ལའང་འབྲེལ་བ་མེད།   བརྩེ་དུངས་ཀྱི་ཕྱོགས་ནས་བཤད་ན་ངའི་སེམས་ན་ཡོད་པ་ནི་རྒྱ་མཚོ་གཅིག་པུ་ཡིན་པ་དང་ལས་འབྲེལ་བྱས་པ་ཡང་ཁོ་གཅིག་པུ་ཡིན།  ང་ཁོ་ལ་དགའ་བ་གང་གིས་ཀྱང་མཚོན་ཐབས་བྲལ་བས་སྙིང་ཉེ་བའི་ཕ་མ་གཉིས་ལ་དགོངས་དག་ཞུ། དགོངས་དག་ཞུ”

       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་ཆེམས་ཡི་གེ

2014-05-18 དུག་ཞགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།