རྨི་ལམ་འཁྲུལ་བ།
གློ་བུར་དུ་ཁོ་མོ་སྔངས་སྐྲག་ཆེན་པོས་རྨི་ལམ་དེ་ལས་སད་ཅིང་། མགོ་ཡར་བཀྱགས་ནས་བལྟས་ཚེ་མིག་ལམ་དུ་མངོན་ཡོང་བ་ནི་ཁྲག་དང་བོའུ་སྐད། མཚན་མོ་སོགས་གང་ཡང་མ་ཡིན་པར། རྒྱུས་ཡོད་ཀྱི་ཁ་ཚུབ་དེ་ལྷབ་ལྷུབ་རླུང་གིས་སྐྱོད་ཀྱིན་པ་ཐོག་མར་མཐོང་། ཁོ་མོའི་རྨི་ལམ་ནང་གི་འཇིགས་སྐྲག་མཐའ་དག་ཀྱང་ཁོ་མོ་དང་གཏན་དུ་བྲལ་སོང་བ་ལྟར་དབུགས་རིང་ཞིག་འབྱིན་ཞིང་ཡང་བསྐྱར་སློག་ཚར་ཁུག་ཏུ་ཉལ་བར་གོམས་ཚེ། དེ་མ་ཐག་ཏུ་རང་གི་ཁྱོ་ག་ཕྱིར་ཡོང་མེད་པ་དྲན་ནས་མྱུར་མོར་སྦྲ་སྒོ་ཡར་བརྫེས་ནས་རྒྱང་ལྟ་རབ་རིབ་ཅིག་བྱས། ཡ་གིའི་ཉག་ག་དེ་ད་དུང་སྨུག་པ་ཞིག་གིས་བཏུམས་ཤིང་སྔར་བཞིན་ལྷིང་འཇགས་སེར་གནས་འདུག ཁོ་མོའི་སེམས་ལ་གར་ཡོང་མི་ཤེས་པའི་འཇིགས་སྣང་ཞིག་ཡོངས་སུ་ཁྱབ་ཡོང་ཞིང་། རང་གི་ཁྱོ་གའི་ཁ་ངོ་གཟུགས་བྱད་རེ་རེ་ཡང་དྲན་འཛིན་གྱི་མེ་ལོང་ངོས་སུ་བརྙན་དུ་ཤར་ཡོང་། དེར་མཐུད་ནས་དེ་རིང་རྨིས་པའི་རྨི་ལམ་དེ་ཡང་གསལ་ལ་མི་གསལ་བ་ཞིག་ཞེ་ངོར་འཁོར་ཡོང་། ཁོ་མོའི་ཇི་ལྟར་བསམ་བློ་བཏང་ཡང་རྨི་ལམ་དེ་མགོ་རྔ་འཕྲོད་པ་ཞིག་དྲན་མ་སོང་། དེ་ལས་ཀྱང་ཁྱོ་ག་ཚོ་དཔོན་སྤྱང་ནག་གིས་བཟུང་མ་བཟུང་དང་། བོའུ་སྐད་དེ་སུའི་ཕྱོགས་སུ་གྲག་པ་སོགས་གཏན་ཐག་ཆོད་པ་ཞིག་བློར་མ་ཤར། ཁོ་མོས་མུ་མཐུད་དུ་དེར་འདང་རྒྱག་འདོད་རྩ་ནས་བྲལ་ཏེ། གདོང་ལ་ཐེ་ཚོམ་དང་སོམ་ཉིས་ཁེངས་པའི་ཉམས་ཞིག་མངོན་ཞོར་ཕྱིར་སྦྲ་ནང་དུ་འཛུལ་སོང་།
༼རྨི་ལམ་དེ་གང་ནས་མགོ་བརྩམས་པ་རེད། ཡང་ན་གང་ཞིག་ནས་མཇུག་བསྡུས་པ་རེད།༽ ཁོ་མོའི་ཀླད་ཆུང་ནང་དུ་འདི་ལྟ་བུའི་འདྲི་གཞི་མང་པོ་ཞིག་གིས་འཚང་ཁ་རྒྱག་ཅིང་། དེ་ལ་གཏན་དུ་བསམ་བློ་གཏོང་མི་འདོད་པའི་སེམས་ངལ་སྐྱེས་ཀྱང་། ཁོ་མོའི་དྲན་ཤེས་ནི་མཐུར་ལས་ཤོར་བའི་རྟ་རྒོད་ཅིག་དང་འདྲ་བར་རང་གིས་ཀྱང་ཁ་ལོ་མ་བཏུལ་མ་ཐུབ་པར། མུ་མཐུད་དུ་རྨི་ལམ་དེར་ཕྱིར་དྲན་བྱས་པ་རེད།
༼དབྱངས་ཅན། ངའི་གྲི་ཁྱེར་ཤོག ངའི་གྲི་ཁྱེར་ཤོག་དང༽སྐད་ཆ་འདི་དག་ད་ལྟ་ད་དུང་ཁོ་མོའི་རྣ་ལམ་དུ་གྲགས་པ་ལྟ་བུར་སྣང་ཞིང་། རྨི་ལམ་དེ་ལས་ཆེས་བརྗེད་མི་བཏུབ་པ་ཡང་ཁྱོ་གའི་ཁོ་མོར་གྲི་ཁྱེར་ཤོག་ཅེས་པའི་སྐད་ཆ་དེ་རེད། དེའི་རྗེས་ནས་ཅི་བྱུང་སོགས་གང་ཡང་མི་དྲན་མོད། སྐབས་ཤིག་ལ་ཁོ་མོའི་ཁྱོ་གའི་ཁ་ངོ་དང་ལུས་ཡོངས་རྫོགས་ཁྲག་གིས་བསྒྱུར་འདུག་ལ། སྐད་རུད་དུ་གྱུར་བའི་ལག་པ་ཟུང་ཁོ་མོར་བསྲིངས་ཏེ། ཡང་བསྐྱར༼དབྱངས་ཅན། ངའི་གྲི་ཁྱེར་ཤོག ་ ་ ་ ་ ་ ་ ༽ཅེས་ཐེངས་དུ་མར་བོས་སོང་། དེའི་འཕྲོར་ཅི་ཡང་མི་དྲན་ཞིང་སྐབས་ཤིག་ལ་བོའུ་སྐད་འགའ་གྲག་འོང་བ་ཚོར། བོའུ་སྐད་དེ་ཕྱོགས་གང་སར་གྲག་པ་དང་གང་ནས་གྲག་འོང་བ། སུ་ཞིག་གིས་གྲག་ཏུ་བཅུག་པ་སོགས་པོ་ཁོ་མོས་གཞི་ནས་མ་ཚོར། འདི་དག་ནི་ཁོ་མོའི་རང་གི་རྨི་ལམ་ལས་ཆེས་འདང་མི་ཕོག་པའི་སྐོར་དག་རེད། གལ་ཏེ། བོའུ་དེ་འཕེན་མཁན་ཚོ་དཔོན་སྤྱང་ནག་རེད་ཟེར་ན། དེ་ཡང་ངེས་པ་མེད་ལ། ལྷག་ཏུ་སྐབས་དེར་ཚོ་དཔོན་སྤྱང་ནག་གི་ལག་ཏུ་མེ་མདའ་བཟུང་ཡོད་མེད་ཀྱང་ཁོ་མོས་གསལ་བོ་ཞིག་རྟག་ཏུ་དྲན་མ་སོང་།
༼འབ། འབ། ༽
མཚམས་ཤིག་ལ། ཁོ་ཚང་གི་སྒོ་ཁྱིས་ཟུག་སྐད་འགའ་བསྟུད་མར་བཏོན་བྱུང་ལ། ཁོ་མོ་ཡང་འཁྲུལ་སྣང་ལྟ་བུའི་རྨི་ལམ་གྱི་འཇིག་རྟེན་དེ་ནས་སྐད་ཅིག་ཉིད་དུ་དཀྲོག་སོང་། མྱུར་མོར་ཡར་ལངས་ཏེ་སྦྲ་སྒོར་བརྒྱུགས་ཤིང་། ལག་ཟུང་ཐོད་པར་བཞག་སྟེ་རེ་བའི་མིག་ཟུང་གིས་ཡ་གིའི་ཉག་ག་དེར་ཡང་བལྟ་བསྐྱར་བལྟ་མང་པོ་བྱས་མོད། ཁྱོ་ག་ཕར་ཞོག མི་ཞིག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་བར་གྱུར། ཁོ་མོར་སྔར་ལས་ཀྱང་སུན་སྣང་དང་འཇིགས་སྐྲག ཡི་མུག་སོགས་བཟོད་ཐབས་བྲལ་བའི་བསམ་པའི་མནར་གཅོད་ཅིག་གིས་ཡ་ཆུང་ཤོག་དཀར་ངོས་ལ་སྐྱོ་བའི་རྨ་ཁ་མང་པོ་བཏོད་ཅིང་། དམར་ལ་གཞོན་ཤ་ཆགས་པའི་མཁུར་ཚོས་གཡོན་པའི་སྟེང་གངས་ཀྱི་ཟེགས་མ་ལྟ་བུའི་མིག་ཆུ་ཞིག་སར་འགྲིལ་བྱུང་། ཁོ་མོར་ཡང་ཅི་ཁག ད་ནི་ཁྱོ་ག་ཇག་ལ་སོང་སྟེ་ཉིན་བཅུ་གྲངས་ཤིག་འགོར་ཞིང་ད་དུང་ཤི་གསོན་གྱི་གཏམ་ཅུང་ཙམ་ཡང་མི་གོ་ལ། ལྷག་ཏུ་ཁོ་མོར་ཡང་ཉིན་འདི་གར་རྨི་ལམ་འཁྲུག་ཅིང་འཁྲུལ་སྣང་སྣ་ཚོགས་སྐྱེ་བ་སོགས་ནང་སེམས་ལྷོད་ལ་འབབ་ཐུབ་པའི་དུས་ཤིག་ཡེ་ནས་མ་ཡོད།རྒྱང་ལྟ་དེས་ཁོ་མོར་སྨྲ་མི་ཤེས་པའི་དྲན་ཤིང་གི་མནར་གཅོད་ཅིག་བཞག་ཡོད་པ་ལྟར། མགོ་བོ་སྨད་ཅིང་གདོང་གི་མིག་ཆུ་དེ་ཕུ་ཐུང་གིས་ཕྱི་ཞོར་ཕྱིར་སྦྲ་ནང་ལ་འཛུལ་སོང་། ཕྱི་རོལ་གྱི་རི་རབ་དང་རྩྭ་ཐང་ནི་ཅི་འདྲའི་ལྷིང་ཞིང་འཇགས་པ་ལ་ཨང་། རྟ་བདུན་དབང་བོ་ཡང་ནུབ་རིའི་ཕྲག་སྟེང་ནས་བློས་མི་ཐོངས་པའི་འཇིག་རྟེན་ལ་ཕྱིར་མིག་འཕེན་ཞོར་ཚང་དུ་ཡིབས་སོང་།
༼ དབྱངས་ཅན། ངའི་གྲི་ཁྱེར་ཤོག༽ ཁོ་མོ་འཇིགས་སུ་རུང་བའི་རྨི་ལམ་དེ་དང་རྟག་ཏུ་བྲལ་མ་ཐུབ་པར་གྱུར་ལ།ཁྲ་ཆིལ་ཆིལ་གྱི་མིག་ཟུང་གཉིས་ཁ་ཚུབ་ནང་ཅེར་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་མུ་མཐུད་དུ་རྨི་ལམ་དེའི་ཕྱོགས་ལ་བསམ་གཞིག་བྱས་པ་རེད།ཀེམ་ཀེམ་འཚེར་བའི་སྐར་མའི་འོད་
ཞག་རེ་རེ་ཁོ་མོའི་གདོང་ལ་འཕྲོས་ཐེངས་རེར།ཧ་ཅང་བློ་ཡིད་ཚིམ་ཞིང་ལུས་སེམས་གཉི་ཀར་བརྗོད་ཐབས་བྲལ་བའི་བདེ་སྐྱིད་ཅིག་ཀྱང་རེག་ཡོང་། དེ་ཡིན་ཡང་རྨི་ལམ་དེས་ད་དུང་མཚམས་མི་འཇོག་པར་ཁོ་མོའི་ཡ་ཁོག་གི་སྦུབས་སམ་དྲན་ཤེས་ཀྱི་ཁམས་ནས་ཁོ་མོར་གཡབ་མོ་མང་དུ་བྱེད་སྲིད། དེ་ལྟར་ཁོ་མོ་ནི་རྨི་ལམ་རབ་རིབ་དེའི་གཟེབ་ནང་དུ་བཅུག་པའི་བྱེའུ་གཤོག་ཡས་ཤིག་དང་འདྲ་བར། ནང་ཡང་དེ་ལས་བརྒལ་བའི་རང་དབང་གི་སྣང་བ་ཞིག་མ་རྙེད།
་ ་ ་ ་ ་ ་
གློ་བར་དུ་ཁོ་མོ་སྔངས་སྐྲག་ཆེན་པོས་རྨི་ལམ་དེ་ལས་སད་པར་གྱུར།
༢༠༡༣ལོའི་ཟླ༡༠ཚེས༡༦ཉིན་ཤང་ཡང་ནས།

རྩོམ་ཁུངས། ངེད་དྲ་བ།