ཕུར་བཀྲའི་སྒྲུང་ཐུང་གསར་བ་འགའ།

            རྨི་ལམ།
 
  བདག་གིས་ཀློག་བཞིན་པའི་དཔེ་ཆ་སྔས་འགྲམ་དུ་བཞག་ནས་བསམ་བློ་བཏང་།
  ལོ་མང་བོའི་རྗེས་ཀྱི་དབྱར་ཁ་ཞིག་ལ་ཡངས་ཤིང་མཐའ་ཡས་པའི་སྤང་ཐང་དུ་ར་སྐོར་གྲུ་བཞི་ཞིག་བསྐོར།དེའི་ནང་དུ་རྒྱུ་སྤུས་བཟང་ཞིང་བཟོ་བཀོད་ལེགས་པའི་ཉིས་ཐོག་ཅན་གྱི་ཁང་བ་ཞིག་འཛུགས་དགོས།ཁང་བའི་ཕྱོགས་བཞིར་སྒེའུ་ཁུང་ཡོད་པས་ལྷོ་ཡི་སྒེའུ་ཁུང་ལས་མཐོ་ཞིང་བརྗིད་པའི་གངས་རི་མཐོང་བ་དང་།ནུབ་ཀྱི་སྒེའུ་ཁུང་ལས་གནའ་བོའི་འཇིག་རྟེན་གྱི་གཟི་མདངས་མ་ཉམས་པའི་རི་གྲོང་གི་ཡུལ་ལྗོངས་མཐོང་བ།བྱང་གི་སྒེའུ་ཁུང་ལས་དྭངས་ཤིང་བསིལ་བའི་མཚོ་མོ་མཐོང་བ།ཤར་གྱི་སྒེའུ་ཁུང་ལས་གདོད་མའི་འཚོ་བའི་ཁྱད་ཆོས་མ་ཡལ་བའི་འབྲོག་ཐང་མཐོང་བར་བྱས་ཡོད།    འབྲོག་ཐང་གི་འཚོ་བ་ནི་ངའི་དྲན་པའི་རྩིག་ལྡེབས་ངོས་སུ་བྲིས་པའི་ལོ་ངོ་སྟོང་ཕྲག་ལྷག་ལ་ཡལ་མ་མྱོང་བའི་རི་མོ་རྙིང་བ་ཞིག་དང་མཚུངས་པས་ཤར་གྱི་སྒེའུ་ཁུང་ལས་འབྲོག་པའི་འཚོ་བ་མཐོང་རྒྱུ་བྱས་ཡོད། དེ་ནི་ཇ་འཐུང་ཞོར་དང་ཟ་མ་ཟ་ཞོར།ཁ་བརྡ་བྱེད་ཞོར་དང་གླུ་དབྱངས་ལེན་ཞོར་དུ་སྒེའུ་ཁུང་ལས་བལྟས་ཆོག  ཐ་ན་ཁོམ་དུས་བྲེལ་དུས་གཉིས་ཀར་བལྟས་ཆོག
        ཁང་བ་ཐོག་ཁང་ཅན་ཞིག་ཡིན་པས་སྟེང་འོག་གཉིས་ལ་བསྡོམས་པའི་ཁང་བ་གྱན་བཅུ་གཉིས་ཡོད།ཁང་བ་དེ་དག་ནི་མཆོད་ཁང་དང་མཛོད་ཁང་།འགྲུལ་ཁང་།ཉལ་ཁང་།སྤྱོད་ཁང་སོགས་ཁང་བ་རེ་ལ་མིང་རེ་བཏགས་ཡོད།མིང་རེ་དང་དེ་མཐུན་གྱི་བེད་སྤྱོད་གཏོང་ལུགས་ཤིག་ཡོད།
       བདག་གིས་ཆུང་མ་ལེན་སྲིད་ལ་ཆུང་མ་ལེན་དུས་གཉེན་སྟོན་རྒྱ་ཆེར་སྤེལ་སྲིད། གཉེན་ཉེ་དང་གྲོགས་པོ། སློབ་གྲོགས།ལས་གྲོགས་སོགས་མི་སྣ་ཧ་ཅང་མང་བོ་བདག་གི་གཉེན་སྟོན་ལ་ཡོང་སྲིད།ང་དང་ཆུང་མས་འཛུམ་དམུལ་དམུལ་གྱིས་ཆང་ཕོར་བཏེགས་ཏེ་མགྲོན་པོ་རེ་རེར་ཞབས་དག་གནང་དགོས།
       ལོ་མང་བོའི་རྗེས་སུ་ཆུང་མར་བྱིས་པ་སྐྱེ་སྲིད།བྱིས་པ་དེ་ནི་གཅེས་སུ་འོས་པའི་བུ་ཆུང་ཞིག་ཡིན་སྲིད།ཡང་ལོ་མང་བོའི་རྗེས་སུ་བུ་ཆུང་གིས་ཆུང་མ་བསུས་ཏེ་བྱིས་པ་སྐྱེ་སྲིད།བྱིས་པ་དེ་ཡང་གཅེས་སུ་འོས་པའི་བུ་ཆུང་ཞིག་ཡིན་ངེས། “ཨ་རོགས། བཀྲ་ཤིས།” སྐད་སྒྲ་དེས་ང་རང་གཉིད་ལས་བསླངས།དངངས་སྐྲག་དང་བཅས་ཏེ་མིག་ཟུང་ཕྱེ་དུས་དེ་ནི་རྨི་ལམ་ཡིན་པ་གཞི་ནས་རྟོགས་སོ།།
                           
           སྐྱབས་ཆེན་བདེ་གྲོལ།
 
      ཉིན་དུ་མའི་སྔོན་གྱི་ཉིན་ཞིག་ལ། ཆུང་མའི་སོ་ལ་གློ་བུར་དུ་ནད་བྱུང་སྟེ། ཉིན་གང་བོར་གཟེར་དྲག་ཏུ་བརྒྱུག་པ་དང་ཕྱི་དྲོ་འགྲམ་པ་སྐྲངས་ཤིང་ཟ་མ་མིད་དཀའ་བའི་གནས་སུ་ལྷུང་།ཟ་མ་ཟ་མི་ཐུབ་པ་ནི་ཉིན་གཅིག་གམ་གཉིས་ཀྱི་དོན་དག་ཡིན་ཡང་།ཚེ་སྲོག་ལ་ཉེན་ཁ་ཆེ་བས་རྫོང་སྨན་ཁང་དུ་སོང་།སྨན་པས་ལག་རྩལ་ཡོད་རྒུ་བཏོན་ཡང་ཕན་པ་ཅི་ཡང་མི་འདུག་པས་ང་རང་ཐབས་ཟད་དེ་ཨ་ལགས་Qཚང་ལ་ཕྱག་མོ་གཟིགས་པར་སོང་བ་ཡིན།
      ཨ་ལགས་ཚང་འབོལ་གདན་སེར་བོ་ཞིག་གི་ཐོག་སྐྱིལ་ཀྲུང་དུ་བཞུགས་ཤིང་ཕྱག་ཏུ་ཙན་ཏན་ཕྲེང་བ་ཞིག་ཕུར་ཕུར་བྱེད་བཞིན་སྤྱན་གཉིས་བཙུམས་ཤིང་སྨིན་མ་ཕྱོགས་གཅིག་ཏུ་བསྡུས་འདུག  ང་རང་ག་ལེར་གཟིམ་ཤག་ཏུ་འཛུལ་ཞིང་ཕྱག་གསུམ་བཙལ་ཏེ་“ཨ་ལགས་རིན་པོ་ཆེ།ང་ལ་ཕྱག་མོ་ཞིག་གཟིགས་རོགས།འདི་ཕྱི་མཁྱེན་པའི་ཡིད་བཞིན་གྱི་ནོར་བུ།”ཞེས་ཞུས།ཨ་ལགས་ཚང་གིས་གློ་བུར་དུ་སྤྱན་ཟུང་ཐོ་རེངས་སྐར་ཆེན་ལྟར་ཕྱེས་ཏེ་སྐད་གསེང་མཐོན་པོས་“ཅི་ཞིག་ལ་ཕྱག་མོ་གཟིགས་དགོས།   རྒྱུ་མཚན་ནམ་མོ་འདེབས་ཡུལ་མ་བཤད་པར་ངས་ཇི་ལྟར་ཤེས།”ཟེར། ང་རང་སྐྲག་ཞོར་དང་ཧད་ཞོར་དུ་“ངའི་ཆུང་མའི་སོ་ན་བཞིན་འདུག་པས་ཧ་ཅང་ཚབས་ཆེན་རེད།སྲོག་ལ་ཉེན་ཁ་ཆེ་ཡང་སྨན་པ་རྣམས་ལ་ཐབས་བཀོད་ཅི་ཡང་མི་འདུག  རིན་པོ་ཆེ།   ཁྱེད་ཤེས་ཁྱེད་མཁྱེན།”ཞེས་ནུར་མ་གོག་གིས་ཞུས། ཨ་ལགས་ཚང་གིས་ཁ་རོག་གེར་ཕྱག་མོ་གཟིགས་བྱུང་།
“ནང་བ་སངས་རྒྱས་ཀྱི་ཆོས་དང་འགལ་བ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འཚོ་བ་ལ་འགལ་བ།མིག་ཤེལ་དཀར་བོ་དྭངས་མོ་ཞིག་གྱོན་པ།ལུས་པོ་ཐུང་ལ་རྒྱགས་པ།མིག་ཟུང་ཆུང་ཞིང་ལྟོ་བ་འབུར་བ། ཕྱི་སྐད་དང་ཕྱི་ཡིག་འཇོན་མཁན།ཕྱི་རོལ་ནུབ་ཕྱོགས་པའི་རྩོམ་རིག་གི་གྲུབ་མཐའ་འཛིན་མཁན་ཞིག་གི་དངོས་པོ་གདོན་འདུག  གདོན་དེས་གནོད་པ་བྱེད་བཞིན་འདུག  དངོས་པོ་དེ་རང་གིས་ངོས་ཟིན་ན་གསུར་ཞིག་བསྔས་ཏེ་ལྷན་དུ་ཕུད་དང་ཆོག    གལ་ཏེ་རང་གིས་ངོས་མི་ཟིན་ན་དགེ་བཤེས་རྟ་མགྲིན་ར་མ་དྲོངས་ཤིག”ཅེས་ཨ་ལགས་ཚང་གིས་གཟུགས་ཅན་བཞིན་དུ་གསུང་བྱུང་།ངས་ཞིང་འདང་ཞིག་བརྒྱབ་པ་ན་ལོ་སར་སྐབས་སུ་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་བར་ནས་མཛོ་མོ་རྫོང་གི་དཔེ་མཛོད་ཁང་ནས་སྐྱབས་ཆེན་བདེ་གྲོལ་གྱི་དཔེ་ཆ་ཞིག་ཉོས་པ་དེ་ཡིད་ལ་དྲན།
 ཕྱིར་ཡུལ་ལ་ཐོན་རྗེས་རྩམ་པ་སྤར་མོ་གང་དང་ལྷན་དུ་དཔེ་ཆ་དེ་མེ་ལ་བསྲེག ཨ་ལགས་Qཚང་གི་བཀའ་བཞིན་བསྒྲུབ་ཀྱང་ཆུང་མས་ནད་ཇེ་དགར་འགྲོ་རྒྱུ་ལས་ཇེ་སྡུག་ཏུ་ཕྱིན་པས།  ང་རང་ཁོང་ཁྲོ་ལངས་ཏེ་དགེ་བཤེས་རྟ་མགྲིན་ར་མ་ཡང་མ་དྲངས་བར་ངེད་ཚང་གི་མཆོད་སྟེགས་སུ་བཤམས་པའི་ཨ་ལགས་Qཚང་གི་སྐུ་པར་དེ་གསུར་ཞིག་བསྔོས་ཏེ་མཉམ་དུ་དམར་བོ་མེ་ལ་བསྲེག  དེའི་ཕྱི་ཉིན་ཆུང་མའི་ནད་སངས་དྲག་ཏུ་གྱུར་འདུག      “ཨ་ལགས་Qརིན་པོ་ཆེ་ཚང་མཁྱེན།”ཆུང་མས་བློ་གཅིག་སེམས་གཅིག་གིས་གསོལ་འདེབས་བྱས།
 
          སྤྱོད་ཁང་གི་གྱང་ངོས་སུ་བྲིས་པའི་ཡི་གེ།
   
      གཟའ་འཁོར་གཅིག་གི་སྔོན་དུ་དགེ་རྒན་བཀྲ་ཤིས་གོང་རིམ་གྱིས་བཀོད་སྒྲིག་ལྟར་ནང་ཁུལ་དུ་སློབ་སྦྱོང་ལ་མངགས།སྡེ་དཔོན་རྟ་མགྲིན་ངོ་ལུགས་ཀྱིས་སློབ་གཙོ་བཀྲ་ཤིས་མེད་པ་ཤེས་ཏེ་“སྐལ་མེད་སར་སྐེ་བསྲིང་ནས”དགེ་རྒན་རྟ་རྡོ་ལ་སློབ་གྲྭའི་དོ་དམ་ཕྱོགས་ཀྱི་འགན་ཁུར་གཙང་སྤྲོད་བྱས་སོང་།དགེ་རྒན་རྟ་རྡོ་ནི་སློབ་གྲྭའི་སྒོ་སྲུང་ཡིན་པ་དང་སློབ་ཆུང་གི་ཡོན་ཚད་ལས་མེད་པས་སློབ་མ་རྣམས་ཀྱིས་ཁོ་ལ་“དགེ་རྒན་སློབ་ཆུང་”ཞེས་པའི་མཚང་མིང་ཞིག་བཏགས་ཡོད།རྗེས་སུ་སྡེ་མི་ཀུན་གྱིས་དགེ་རྒན་རྟ་རྡོ་ལ་“དགེ་རྒན་སློབ་ཆུང་”ཞེས་འབོད་པ་མ་གཏོགས་དགེ་རྒན་རྟ་རྡོ་ཞེས་འབོད་མཁན་ལྡབ་འགྱུར་གྱིས་ཇེ་ཉུང་དུ་ཕྱིན་འདུག
     གཟའ་པ་སངས་ཉིན་གྱི་སྔ་དྲོའི་བོད་ཡིག་སློབ་ཐུན་གྲོལ་དུས་བཀྲ་ཤིས་ཀྱིས་སློབ་ཁང་ནང་ནས་ས་སྨྱུག་ཅིག་བརྐུས་ཏེ་སྤྱོད་ཁང་གི་གྱང་ངོས་སུ“ང་ལ་རང་དབང་དགོས་”ཞེས་པའི་ཚིག་འབྲུ་འགའ་བྲིས།བཀྲ་ཤིས་ནི་སློབ་རིམ་ལྔ་བའི་སློབ་མ་ཞིག་ཡིན་ལ་སློབ་ཆུང་དེའི་སློབ་མ་མ་རབས་ཀྱི་གྲས་སུ་གཏོགས།བཀྲ་ཤིས་ཀྱིས་གཟབ་ནན་ངང་སྤྱོད་ཁང་གི་གྱང་ངོས་སུ་ཡི་གེ་དེ་དག་འབྲི་བཞིན་པ་དཔལ་འབྱོར་གྱིས་མཐོང་ནས་དགེ་རྒན་རྟ་རྡོ་ལ་གཏུག་པ་རེད།རྟ་རྡོས་དོན་དག་སྤྱིར་བཏང་བ་ཞིག་མིན་པ་རྟོགས་ཏེ་རང་གིས་ཐད་ཀར་དུ་ཐག་གཅོད་མ་བྱས་པར་སྡེ་དཔོན་རྟ་མགྲིན་ངོ་ལུགས་ལ་གཏུག རྟ་མགྲིན་གྱིས་ནན་ཏན་ངང་རྟ་རྡོས་བཤད་པའི་བཀྲ་ཤིས་ཀྱི་དོན་དག་ལ་མགོ་ནས་མཇུག་བར་ཐེངས་གཅིག་ལ་ཉན་རྗེས།བསམ་བློ་ཞིབ་ཏུ་མ་བཏང་བར་“བཀྲ་ཤིས་ངེས་པར་དུ་སློབ་གྲྭ་ནས་ཕུད་དགོས”ཚིག་ཐག་ཆོད་པོས་སྨྲས།
    རྟ་རྡོ་སློབ་གྲྭར་འབྱོར་རྗེས་བཀྲ་ཤིས་གཞུང་ལས་ཁང་དུ་བོས་ཏེ“སྡེ་དཔོན་གྱིས་བཤད་པ་ལྟར་ན་ཁྱོད་ཀྱིས་སྤྱོད་ཁང་གི་གྱང་ངོས་སུ་བྲིས་པའི་ཡི་གེ་དེ་དག་ཚབས་ཆེན་ཡིན་པས་སློབ་གྲྭ་ནས་གཏན་ཕུད་བྱས་པ་རེད།ཕྱིར་རང་ཉིད་ཡུལ་ལ་སོང་།ད་ནས་བཟུང་སློབ་གྲྭ་འདིར་ཡོང་ས་གཏན་ནས་མེད།དོན་དག་འདི་སྡེ་དཔོན་རྟ་མགྲིན་གྱིས་ཐག་གཅོད་བྱས་པ་ཡིན་པས་སུ་ལའང་གཏུག་བཤེར་བྱེད་ས་མེད”ཅེས་ཁ་བདེ་ལྕེ་བདེ་བྱས་ནས་བཤད།
    བཀྲ་ཤིས་ཀྱིས་རྙིང་ཞིང་རལ་བའི་དཔེ་ཁུག་ཁུར་ཏེ་ཡུལ་ལ་ལོག་པའི་རྐང་ལམ་སྐྱ་མོ་རྡོག་པ་ཆུང་ཆུང་གིས་ག་ལེར་མནན།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕུར་བཀྲའི་སྒྲུང་ཐུང་གསར་བ་འགའ།

2013-11-20 ཕུར་བ་བཀྲ་ཤིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།