ས་སྲོད་ཅིག་ལ་སྤྱི་སྤྱོད་རླངས་འཁོར་དུ་བསྡད་པ།

བསོད་ནམས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-23

   ལས་མཚམས་གྲོལ་རྗེས། སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཕྱིར་རང་ཁྱིམ་དུ་ལོག་པའི་ལམ་དུ་ཞུགས།
   འབབ་ཚིགས་གཅིག་ལའང་འགྲོ་མ་དགོས་པར། ངས་སྒེའུ་ཁུང་གི་འགྲམ་ནས་ འདུག་ས་ཞིག་ལག་ཏུ་སོན། སྒེའུ་ཁུང་གི་གན་དུ་བསྡད་ནས་ཕྱི་རོལ་ལ་བལྟ་དུས། མུན་པ་ནི་ནམ་མཁའ་ནས་མར་བཀབ་འོངས་ཏེ་ཉི་ཟེར་གྱི་ལྷག་མའི་ལྷག་མ་དེ་ཡང་ཁྱུད་མིད་གཏོང་བཞིན་འདུག  དེ་དང་མཉམ་དུ་ལམ་འགྲམ་གྱི་གློག་སྒྲོན་དང་གཡས་གཡོན་གྱི་ ཁང་བརྩེགས་མཐོ་དམན་ཀུན་ལས་འཕྲོས་པའི་གློག་འོད་ནི་མུན་པའི་ཀློང་ནས་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་མགོ་བརྩམས་ཤིང་། སྤྱི་སྤྱོད་རླངས་འཁོར་ནང་རོལ་གྱི་གློག་འོད་ ཀྱང་མག་མོག་ནས་རིམ་བཞིན་གསལ་བོར་གྱུར་ཏེ། འོག་ཏུ་འཚང་ཁ་ཤིག་ཤིག་གིས་འགྲེང་བའི་མི་རྣམས་ཀྱི་གདོང་དུ་འཕྲོས་བྱུང་།
   ཕར་བལྟས་ཚོད་ཀྱིས། མི་རྣམས་ཀྱི་གདོང་དུ་རྒྱུན་ལྡན་གྱི་དཀར་མདངས་དེ་ཡོངས་སུ་ཉམས་འདུག ཤུལ་དུ་སྔོ་ནག་གམ་དམར་ནག་གི་མདོག་གང་རུང་ཞིག་མངོན་ཏེ། གན་གྱི་ང་ལ་སེམས་མི་བདེ་བའི་ཚོར་བ་ཞིག་བསླངས་སོང་།  དེ་ནི་དོན་དག་གང་ ཞིག་འབྱུང་ངེས་པའི་སྔ་ལྟས་དང་འདྲ།
   ངས་ཁུག་མ་ལས་གསར་དུ་ཉོས་པའི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་བླངས་ནས་ སོག་པོའི་གཞས་ཤིག་ལ་ཉན་མགོ་བརྩམས། གཞས་གཏོང་མཁན་ནི་སུ་ཡིན་མི་ཤེས་ཀྱང་།
   གཞས་ཀྱི་མིང་ལ་<<ཨུའུ་ར་པ་ཐར་ལེའི་མཚན་མོ>>ཟེར། དེ་རིང་ཉིན་གུང་གཞུང་ལས་ ཁང་དུ་ངལ་གསོས་ནས་སྡོད་དུས། ལས་གྲོགས་ཤིག་གི་ཁ་པར་ལས་གཞས་འདི་གྲག་གིན་ པ་ཐོས་བྱུང་།  གཞས་དེའི་འགྱུར་ཁུགས་ཀྱིས་རྫོགས་པའི་དབྱངས་རྟ་དང་དྲན་པ་དང་ བརྩེ་བས་ཕྱུག་པའི་གཞས་ཚིག་གིས་སྐད་ཅིག་མའི་ནང་དུ་ངའི་ཡིད་སེམས་བཀུགས་སོང་། ངས་མྱུར་དུ་ལས་གྲོགས་ལ་གཞས་དེ་རང་ཉིད་ཀྱི་ཁ་པར་ནང་ལ་སྐུར་དུ་བཅུག་ནས་ཐེངས་འགར་ཉན་པ་ན། ཉན་གྱིན་ཉན་གྱིན་ཉན་རྒྱུ་ཡོད་པའི་ཚོར་སྣང་ཞིག་བྱུང་།  ངས་ཏག་ ཏག་དུས་ཡུན་ཕྱི་དྲོ་ཧྲིལ་བོ་ཞིག་ལ་ལས་ཀ་སྒྲུབ་ཀྱིན་གཞས་དེར་ཉན་ན་ཡང་། ད་དུང་ ཁོམ་ལོང་ཅུང་ཙམ་རེ་བྱུང་བ་དང་ཉན་འདོད་འགོག་མེད་ཅིག་འབྱུང་གིན་འདུག
ཡིན་ཀྱང་། ངའི་བར་སྐབས་ཤིག་གི་འདོད་པ་གློ་བུར་བ་དེས་གན་གྱི་རྨོ་མོ་དེ་ལ་ཕོག་ཐུག་བཟོས་བྱུང་བ་འདྲ། མོས་ང་ལ་མིག་ལོག་གིས་ཐེངས་འགར་བལྟས་རྗེས་སྡང་མིག་བགྲད་ནས་བསྡད་བྱུང་། མོའི་མགོ་སྐྲ་ཡོངས་སུ་དཀར་པོར་གྱུར་འདུག་ལ། སོ་ཡང་ཕལ་ཆེ་བ་ཞིག་ལྷུང་ཟིན་པ་འདྲ། ཚུར་ཕྱོགས་པའི་མིག་ཟུང་དུ་ཆུ་དང་རྣོ་ཅུང་ཟད་ཀྱང་ལྷག་ མི་འདུག ཡིན་ཀྱང་མོའི་སྡང་མིག་དེ་ལ་དེ་འདྲའི་སྟོབས་ཀྱིས་ཁེངས་ཤིང་། གན་གྱི་ང་རང་འདུག་བཟོད་མེད་པ་ཞིག་ཏུ་བཏང་སྟེ་སེམས་ནང་ནས་ཚོར་འདུ་སྣ་ཚོགས་ཤིག་ཤ་འོད་རྒྱུག་རྒྱུག་བྱས།
  ཡུད་ཙམ་ནས། ངའི་སེམས་སུ་དོགས་མི་བདེ་བའི་ཚོར་བ་ཤུགས་དྲག་ཅིག་ཀྱང་ བྱུང་ནས།  འདུག་སྟེགས་ལས་འགུལ་ཙམ་གྱིས་ཁ་ནས“དགོངས་པ་མ་ཚོམ”ཞེས་ཤོར།
   རྨོ་མོས་སྔར་བཞིན་ང་ལ་སྡང་མིག་བགྲད་ནས་བསྡད།
   ངས་དངོས་ནས་ཧ་གོ་མ་སོང་། མོས་ཅིའི་ཕྱིར་ང་ལ་དེ་འདྲའི་ཞེ་སྡང་ཞིག་འཆང་ བ་ཡིན་ནམ།  གན་ནས་གླུ་ཞིག་ལ་ཉན་ན་ཕོག་ཐུག་དེ་འདྲ་ཞིག་བཟོ་ག་ལ་སྲིད་ཨང་།
   མོ་རང་སོག་པོའི་གཞས་ལ་སྡང་བ་ཡིན་ནམ། ངས་ལག་ནང་གི་ཁ་པར་མྱུར་དུ་ཁུག་མའི་ ནང་དུ་བཅུག་རྗེས་མོ་ལ་བལྟས་ནས་འཛུམ་ཙམ་བྱས། གལ་ཏེ་ཨ་ཡེ་རྒན་མོ་ཞིག་མིན་ཙ་ན་ངས་ཀྱང་དེ་ལྟར་བྱེད་མི་སྲིད་ཨང་།
དེ་ལྟ་ནའང་། མོས་ང་ལ་བགྲད་པའི་སྡང་མིག་དེ་ད་དུང་ཕྱིར་བསྡུས་མ་སོང་།  ང་རང་སྔར་ལས་ཀྱང་སོམ་ཉིའི་རྒྱ་རུ་ཚུད་དེ་བསམ་བློ་གཏོང་ཞོར་རང་ཤུགས་ཀྱིས་མགོ་བོ་སྒུར་ནས་རྐང་པར་བལྟ་ཙམ་བྱས་ཤིང་། འཕོང་ཚོས་ཡར་བཀྱགས་ནས་སྐུབ་སྟེགས་སྟེང་ལ་བལྟ་ཙམ་བྱས། ངའི་རྐང་བས་མོའི་རྐང་བའམ་གང་ཞིག་གི་སྟེང་ལ་སྤོས་སོང་བའི་རྟགས་ མི་འདུག་ལ། འཕོང་ཚོས་ཀྱིས་ཀྱང་མོའི་གོན་པའམ་ཅི་ཞིག་འོག་ཏུ་གཅུར་སོང་བའི་ཚུགས་ཀའང་མི་འདུག  འོ་ན་ཅི་ཞིག་བྱས་སོང་བ་ཡིན་ནམ། ངས་གློ་བུར་མོའི་ཕྱོགས་སུ་བལྟ་ཙམ་བྱས་པ་ན་མོའི་མིག་མདངས་ཡ་མཚར་བོ་ཞིག་ཏུ་གྱུར་འདུག  བལྟས་ཀྱིན་ བལྟས་ཀྱིན་ཤི་བོ་ཞིག་གི་བཟོ་བལྟའམ་རོ་ལངས་རྒྱབ་པ་གང་ཞིག་གི་བཟོ་བལྟ་དང་ཡང་ འདྲ། གང་ལྟར། མོའི་མིག་མདངས་དེས་ང་ལ་རྣམ་རྟོག་དང་ཞེ་སྡང་འདྲེས་མའི་སེམས་འགྱུ་ཞིག་བསླངས་སོང་།
   དེ་བས། ང་རང་དལ་བུར་སྒེའུ་ཁང་གི་ཕྱོགས་སུ་འཁོར་ནས་མོའི་ཅི་བྱེད་ལ་ཁ་ཡ་མ་བྱས།  ཕྱི་རོལ་དུ་རླངས་འཁོར་མང་པོ་ཞིག་འཚང་ཁ་ཤིག་ཤིག་གིས་གྲོག་སྦུར་འདུར་འདུར་བྱེད། ངས་གློ་བུར་རི་བོའི་ཕ་རོལ་གྱི་ཕ་མ་དང་རང་ཁྱིམ། ཕྱི་མའི་ཡུལ་དུ་ འགྲིམ་ཟིན་པའི་རྨོ་མོ། ཆུང་དུས་ནུ་བོ་དང་མཉམ་དུ་རྩེད་མོ་ལ་གཡེང་སའི་གཡུལ་ཁའི་ ནང་། ད་དུང་། ངེད་ཚང་གི་དྲེལ་ཕྲུག་དང་བོང་ཕྲུག  འབྲུ་མོ་ཐོད་དཀར་མའི་འོ་མ་སོགས་དྲན་བྱུང་། དེ་མ་ཐག ངའི་མིག་ཟུང་ལས་མཆི་མ་དྲོན་མོ་ཞིག་བཞུར་ཏེ་མིག་ ཀོང་ཕྱི་ནང་མེད་པར་བརླན་སོང་།
   བར་སྐབས་ཤིག་ལ། ངས་སེམས་པ་ཅུང་ཟད་ལྷོད་ལ་བབས་ཏེ། མིག་ཆུ་འབྱིད་ བཞིན་སླར་ཡང་སྒེའུ་ཁུང་གི་ཕྱི་རོལ་དུ་བལྟ་དུས།  མདུན་གྱི་སྒེའུ་ཁུང་ངོས་ནས་མིའི་ངོ་གདོང་ཞིག་མཐོང་བྱུང་།  དེ་ནི་ཨ་ཡེ་རྒན་མོ་ཞིག་སྟེ།  མོའི་རོ་མདོག་ཤར་བའི་ངོ་ གདོང་དེས་ང་ལ་ཚུར་བལྟས་ནས་འདུག  ངས་ཤེལ་སྒོའི་ངོས་ཕྱིས་ཙམ་བྱས་ནས་ཞིབ་ཏུ་ བལྟས་པ་ན། ངོ་གདོང་སྐྱ་བོ་དེ་ནི་ཤེལ་སྒོའི་ངོས་སུ་མེད་ལ་ཤེལ་སྒོའི་ཕྱི་རོལ་གྱི་གཞུང་ ལམ་ནང་དང་གན་གྱི་རླངས་འཁོར་གྱི་སྟེང་དུའང་མེད་པར། ཤེལ་སྒོའི་ནང་རོལ་གྱི་ག་ ཤེད་ཅིག་ཏུ་འཛུལ་ནས་ཡོད་པ་དང་འདྲ། ངའི་སེམས་སུ་གློ་བུར་འདི་ནི་འདྲེ་ག་ལ་ཡིན་ ཨང་སྙམ་གྱིན་ཡང་བསྐྱར་ཞིབ་བལྟ་ཞིག་བྱེད་དུས། ངོ་གདོང་དེ་ནི་རྒྱུས་ཡོད་ཤིག་ཏེ།  གན་གྱི་ཨ་ཡེ་རྒན་མོ་དེའི་ངོ་གདོང་ཡིན་འདུག ངའི་མགོ་བོ་མྱུར་དུ་གཡས་སུ་འཁོར་ནས་ བལྟ་དུས།  དངོས་ནས་ཨ་ཡེ་རྒན་མོ་དེའི་སྡང་མིག་སྔར་བཞིན་ང་ལ་བགྲད་ནས་འདུག
   ཅི་འདྲའི་མིག་ཟུང་འཚར་བོ་ཞིག་ཨང་། མོའི་མིག་ཟུང་དེ་ལྟར་བགྲད་ནས་ན་གིན་ མེད་དམ།  མོ་ང་ལ་ཞེ་སྡང་དེ་འདྲ་ཞིག་ཅིའི་ཕྱིར་ལངས་པ་ཡིན་ནམ། ངའི་སེམས་སུ་གློ་ བུར་ཁོང་ཁྲོ་ཕར་ཞོག་དགོད་རྒྱུ་ཞིག་ཡོང་ནས་ཕ་ཡུལ་གྱི་ཨ་ཡེ་རྒན་མོ་རྣམས་ནི་འདི་འདྲ་ ཞིག་ག་ལ་ཡིན་སྲིད་ཨང་སྙམ།
   ངས་མོ་ལ“ཨ་ཡེ་རྒན་མོ།  ངས་ཁྱོད་ལ་ཕོག་ཐུག་འདྲ་བཟོས་པ་མིན་ནམ”ཞེས་ དྲིས་པ་ན།
   མོའི་རྒས་འཁོགས་ཀྱི་མཆུ་མུར་མུར་བོ་དེས་ང་ལ་བསྡིགས་མགོ་བརྩམས་བྱུང་།
   “ཅི་འདྲའི་སློབ་གསོ་མེད་པའི་བྱིས་པ་ཞིག་ཨང་། ལོ་ན་འདི་འདྲ་གཞོན་ནའང་ལོ་ ལོན་དག་གི་འདུག་ས་འཕྲོག་ནས།  ཁྱོད་ཀྱིས་ཕ་མ་གཉིས་ཀྱིས་ཁྱོད་ལ་སློབ་གསོ་འདྲ་མ་བཏང་ངམ།  དངོས་ནས་མི་སྤུས་ཟེར་བ་ཞིག་མི་འདུག  … …  ”
    དེ་དང་མཉམ་དུ་མོའི་རྒྱབ་ལོགས་སུ་འདུག་སྟེགས་ལ་ཁེན་ནས་ཡོད་པའི་རྒད་པོ་ ཞིག་གིས་ཀྱང་ང་ལ་བསྡིགས་མགོ་བརྩམས་བྱུང་།
   “དེང་སང་གི་ན་གཞོན་འདི་དག་ལ་དངོས་ནས་མི་སྤུས་ཟེར་བ་ཞིག་དངོས་ནས་ མི་འདུག ……”
     རྒན་རྒོན་དེ་གཉིས་ཀྱིས་སྡིག་དམོད་ཀྱིས་ང་རང་ཧ་ལས་སུ་བཅུག
     ཉེ་འཁོར་གྱི་མི་ཡོད་ཚད་ཀྱིས་ང་ལ་བལྟས་ནས་འདུག ཁོ་ཚོའི་མིག་ཟུང་ལས་ མངོན་པའི་མདངས་དེས་ང་རང་ཅི་བྱ་གཏོལ་མེད་དུ་བཏང་སོང་།
བར་སྐབས་ཤིག་ལ། མདུན་ཕྱོགས་ནས་མོ་སྐད་ཅིག་གིས་“ང་རང་ཆེས་སྙིང་ ལངས་པ་ནི་གྲོང་གསེབ་པ་འདི་ཚོ་འདུག་སའི་གྲོང་གསེབ་ཏུ་བསྡད་དེ། ཟོག་འཚོས་ནས་ ཞིང་བཏབ་ནས་མི་འདུག་པར། གྲོང་ཁྱེར་དུ་ཐོན་ནས་འུ་ཅག་གི་སྐལ་འཕྲོག་པ་དེ་རེད”ཟེར་གྱིན་པ་ངའི་རྣ་ལམ་དུ་ལྷུང་སོང་། ང་རང་དེ་མ་ཐག་ཡར་ལངས་ཏེ་སྐད་སྒྲའི་ཁུངས་ བཙལ་ཏེ་ཅི་ཞིག་བཤད་འདོད་ཀྱང་སུ་ཡིན་མ་ཤེས།
སྐབས་དེར་ངའི་རྒྱབ་ལོགས་ཀྱི་སྐྱེས་པ་དེས་ང་ལ་“ཁྱོད་ཀྱིས་རྒན་པོ་འདི་འདྲ་ ཞིག་གི་འདུག་ས་འཕྲོག་ནས་ངོ་མི་ཚའམ།  མྱུར་དུ་འདུག་ས་ཁོ་ལ་བྱིན་ཨང”ཟེར།
ངས་ད་གཟོད་གན་གྱི་ཨ་ཡེ་རྒན་མོ་དེས་ཞེ་སྡང་གིས་ང་ལ་དོན་གྱི་བྱུང་རིམ་རབ་རིབ་ཅིག་གསལ་བཤད་བྱེད་ཀྱིན་པ་ཐོས་བྱུང་། མོས་ཁ་ནང་གི་ཚིག་འབྲུ་མི་གསལ་ལ་སྐད་ ཆ་ལ་གོ་རིམ་ཡང་གསལ་བོ་ཞིག་མེད་ནའང་། ངས་དོན་གྱི་སྤྱི་ཁོག་ཅིག་གོ་བྱུང་། དེ་མ་ཐག  ང་རང་ཡར་ལངས་ནས་འདུག་ས་རྒད་པོ་དེར་བྱིན་པ་ཡིན།
མ་གཞི། དང་ཐོག་ང་རང་ནང་དུ་ཡོད་དུས། རྒན་རྒོན་དེ་གཉིས་རང་རང་སར་ བསྡད་ཡོད་པ་ལ། རྒན་མོས་གན་གྱི་མི་དེ་སོང་རྗེས་རྒད་པོ་དེ་གཞུག་གི་འདུག་སྟེགས་ལས་ ཐོན་ཏེ་རྒན་མོའི་གན་དུ་འདུག་ས་སྤོར་གྱིན་ཡོད་པ་ལ། ངས་མྱུར་སྟབས་ཀྱིས་འཕྲོག་སོང་ བ་ཡིན་འདུག  དེ་འདྲ་ཞིག་ཡིན་ངེས་རེད། ང་རང་ནང་དུ་ཐོན་དུས་མི་ཚོགས་དེ་འདྲ་མང་བ་ལ། ངས་སླ་མོར་འདུག་སྟེགས་ཤིག་ལག་ཏུ་སོན་པ་ནི་སུ་ཞིག་གིས་བཀོད་སྒྲིག་བྱས་ སོང་བ་དང་མི་འདྲའམ།  ངས་དེ་ལྟར་བསམ་མུར་གན་གྱི་རྒན་རྒོན་དེ་གཉིས་ལ་གནས་ ཚུལ་མ་ཤེས་ཚུལ་གསལ་བཤད་དང་དགོངས་དག་ཞུས།
   ང་རང་འདུག་སྟེགས་ལས་ཚུར་ཐོན་ཏེ། གཡས་གཡོན་གྱི་མི་རྣམས་ཕར་གཏོད་ ཚུར་གཏོད་ཀྱིས་རྒན་པོ་དེ་ལ་འགྲོ་ལམ་ཞིག་མཁོ་སྤྲོད་བྱེད་ཀྱིན་ཡོད་དུས།  མི་ཆུང་ཞིག་ངའི་མཆན་འོག་ནས་འཛུལ་ཏེ་མྱུར་སྟབས་ཀྱིས་ངའི་འདུག་སྟེགས་སྟེང་དུ་བསྡད་སོང་། དེ་ ནི་བུ་མོ་ཞིག་རེད། ཕལ་ཆེར་ལོ་བཅུ་གཉིས་བཅུ་གསུམ་ཙམ་ལ་བུད་འདུག་པ་འདྲ། ངས་དེ་ མ་ཐག་བུ་མོ་དེ་ཚུར་འཐེན་ནས་འདུག་ས་རྒད་པོ་དེ་ལ་སྤྲོད་རྩིས་བྱས་ཀྱང་། བུ་མོ་དེས་ གློ་བུར་ཨག་སྐད་ཅིག་འདོན་གྱིན་ང་ལ་སྦར་འབྲད་ཅིག་བྱས་པ་ལ། ངའི་གཡས་ལག་ཚ་ རེག་སེར་བཏང་སོང་། ངས་མྱུར་དུ་ལག་པ་ཚུར་བསྐུམས་ནས་བལྟས་པ་ན། ལག་པའི་སྟེང་ དུ་སེན་རྗེས་ཟབ་མོ་ཞིག་བབས་འདུག་ལ་ཁྲག་མིག་ཙམ་ཡང་ཕྱིར་བརྡོལ་གྱིན་འདུག དེས་ ང་ལ་ཁོང་ཁྲོ་བཟོད་བརླག་མེད་པ་ཞིག་བསླངས་སོང་། ངས་སླར་ཡང་བུ་མོ་དེའི་ཕྲག་པ་ ནས་བཟུང་ནས་ཤེད་ཀྱིས་ཚུར་འཐེན་ཙ་ན། མོས་ཨག་སྐད་འདོན་གྱིན“ཁྱོད་ཀྱིས་ཉི་མ་ ཀར་དཀར་ལ་མི་ཚོགས་མང་པོའི་གྲལ་ནས་ང་འདྲའི་བུ་མོ་ཆུང་ཆུང་ཞིག་ལ་བཙན་པོ་བྱེད་འདོད་དམ”ཟེར། སྐད་ཆ་དེས་ང་རང་ཧང་སེང་ངེར་བཏང་སོང་། འདིས་ཅི་ཞིག་ཟེར་  རམ།  ངའི་ལག་པའང་རང་ཤུགས་ཀྱིས་ཕྱིར་བསྐུམས།
དེ་ནས་མདུན་གྱི་རྒན་མོ་དེ་དང་གན་གྱི་རྒད་པོ་དེ་གཉིས་ཀྱིས་སླར་ཡང་ང་ལ་བསྡིགས་བྱུང་།
ཁོ་གཉིས་ཀྱིས་“ཁྱོད་ཀྱིས་དངོས་ནས་ཅི་ཞིག་བྱེད་འདོད། ངོ་མི་ཚའམ”ཟེར།
    ངས་ཁོ་གཉིས་ལ“བུ་མོ་འདིས་རྒད་པོ་ཁྱོད་ཀྱི་འདུག་ས་འཕྲོག་སོང”ཞེས་ལན་ བཏབ།
   རྒད་པོས་སྣ་དགོད་ཅིག་འཐེན་ནས་བཤད་རྒྱུར“མོ་འདུག་ན་འདུག་ཏུ་ཆུགས”ཟེར།
   ངས་སླར་ཡང་ཅི་ཞིག་གསལ་བཤད་བྱེད་བསམ་དུས། རྒན་མོ་དེས་བུ་མོ་དེའི་མགོ་ ལ་བྱིལ་བྱིལ་བྱེད་ཀྱིན“མོ་ངའི་ཚ་མོ་ཡིན”ཟེར།
ངས་ཧ་གོ་སོང་། ང་ལ་བཤད་རྒྱུ་མང་པོ་ཞིག་ཡོད་ནའང་ངས་ལོ་ལོན་གཉིས་ དང་བྱིས་པ་ཞིག་ལ་འཛིང་རེ་བྱས་ནས་སྙིང་བོ་མི་འདུག་སྙམ་གྱིན་ཁ་རོག་གེར་ཕྱིར་བཀྱེད།
མཚམས་ཤིག་ལ་བུ་མོའི་རྒྱབ་ལོགས་ཀྱི་སྐྱེས་པ་དེས་བུ་མོ་དེ་ལ་“ཁྱོད་རང་ད་ དུང་ལོ་ན་འདི་འདྲའི་གཞོན་པ་ལ། ཁྱོད་ཀྱིས་འདུག་ས་ཨ་མྱེས་ལ་བྱིན་ན་མི་བཟང་ཨང” ཟེར་བ་ལ། བུ་མོ་དེས“དེ་ཁྱོད་ལ་འབྲེལ་བ་ཡོད་དམ། ཨ་མྱེས། ཁྱོད་ཀྱིས་ཅུང་ཙམ་ལ་ཤུ་རེ་བྱོས་དང་། ད་ཐོན་ལ་ཉེ”ཟེར། དེ་ལ་སྐྱེས་པ་དེས་ཡང་བསྐྱར་ཅི་ཞིག་བཤད་བསམ་ དུས། རྒན་མོ་དེ་ཁ་དྲག་བྱུང་།“སྐུ་ཞབས། ད་ཆོག་གི ཁྱོད་ལ་བཀའ་དྲིན་ཞུ། ད་ནི་ ཐོན་ལའང་ཉེ་བས་རྒད་པོས་ཤུ་རེ་ཞིག་བྱས་ན་སྐྱོན་ཡོད་པ་མ་རེད”ཟེར། མཐུད་ནས་ རྒད་པོས་ཀྱང་ཁ་སྣོན་རྒྱག་རྒྱུར། “ཁྱིམ་དུ་ཐོན་ན་བུ་མོའི་ཕ་མ་གཉིས་ཀྱིས་ཤེས་སོང་ན་ མི་བཟང”ཟེར།
   སྐྱེས་པ་དེས་ཧ་གོ་བ་འདྲ། ཁོ་མྱུར་དུ་ཡར་ལངས་ཏེ་རང་ཉིད་ཀྱི་འདུག་ས་རྒད་པོ་དེ་ལ་བྱིན་སོང་། དེ་ནས་འབབ་ཚིགས་སུ་ཐོན་པ་ན་ཁོ་རང་ཁྱིམ་དུ་ཐོན་པ་འདྲ། སྤྱི་ སྤྱོད་རླངས་འཁོར་ལས་ཕྱིར་བུད་སོང་། ཡིན་ཀྱང་། གྲོང་ཁྱེར་གྱི་ཤར་མཐའ་རུ་ཡོད་པའི་ ངའི་ཁང་བའི་ནང་ལ་ད་དུང་ཁ་ཐག་ཤིན་ཏུ་རིང་།  ལམ་ཐག་ཕྱེད་ཙམ་ལས་སོང་ཚར་ མི་འདུག
   ད་ནི་རླངས་འཁོར་ནང་རོལ་གྱི་མི་ཇེ་ཉུང་དུ་འགྲོ་ཡིན་འདུག་ལ། གློག་འོད་ ཀྱང་མངོན་གསལ་གྱིས་ཇེ་གསལ་དུ་ཕྱིན་འདུག ངས་འདུག་སྟེགས་རྒྱབ་སྔས་ཤིག་ལ་གཡོན་ལག་གིས་དམ་པོར་འཇུས་ནས། རླངས་འཁོར་གྱི་ནང་རོལ་ལ་སྐོར་བལྟ་ཞིག་བྱས་ པ་ན། འདུག་སྟེགས་མང་པོ་ཞིག་ཏུ་ང་དང་འདྲ་བའི་ན་གཞོན་མང་པོ་ཞིག་ཀྱང་ཙོག་ནས་འདུག ཡར་སྔོན་གྱི་བུ་མོ་ཆུང་ཆུང་བསམ་མེད་དེ་དང་མོའི་རྨོ་མོ་གཉིས་ཀྱང་འདུག་  སྟེགས་སྟེང་དུ་ཅི་ཞིག་ཁ་བརྡ་བྱེད་ཅིང་དགོད་སྒྲ་ལྷུག་ལྷུག་འབྱིན། མཚམས་ལ་རེར་རྒད་ པོ་དེས་ཀྱང་མོ་གཉིས་ཀྱི་ཕྱོགས་སུ་མགོ་བོ་སྒུར་ནས་ཅི་ཞིག་ལ་ཉན་རྗེས་དགོད་སྒྲ་རྣ་བར་གཟན་པ་ཞིག་འབྱིན་པར་བྱེད།
   ང་རང་འགྲེང་འགྲེང་ནས་རྐང་མཐིལ་ཡང་ན་མགོ་བརྩམས་དུས་ཤིག་ལ། བུ་མོ་ དེས་ངའི་གན་དུ་འགྲེང་བའི་བཟའ་ཟླ་དེ་གཉིས་ལ་སྐད་བརྒྱབ་ཏེ་ཚུར་བོས་རྗེས། མོ་དང་ རྨོ་མོ་གཉིས་ཡར་ལངས་ཏེ་འདུག་ས་བཟའ་ཟླ་དེ་གཉིས་ལ་བྱིན་རྗེས་རླངས་འཁོར་གྱི་སྒོའི་ཕྱོགས་སུ་ཕྱིན། ལམ་བར་དུ་མོ་ཁ་ཕྱིར་འཁོར་ནས་“འདུག་ས་འདི་འདྲ་བཟང་པོ་ཞིག་ འབྲོག་རྒན་གན་འདྲ་ཞིག་གི་ལག་ལ་ཤོར་དུ་འཇུག་ག་ལ་ཉན་ཨང་། ད་ནི་ལངས་ནས་ བསྡད་ན་སྐྱིད་པོ་ཨེ་རེད། སྡུག་སྦྱོང་རེད”ཟེར།
   མོས་ལྕེ་ནར་ནར་བྱས་ནས་ང་ལ་སྐྱུག་ལོག་ལྡང་བའི་རྣམ་འགྱུར་ཡང་ཡང་བསྟན་བྱུང་།
   དེ་ལ་ངས་ཅི་ཞིག་བཤད་བསམས་ཀྱང་། འབབ་ཚིགས་ལ་ཐོན་ཟིན་པས་ཁོ་གསུམ་ ཀ་སྤྱི་སྤྱོད་རླངས་འཁོར་གྱི་ཕྱིར་བུད་སོང་། དེ་བས་ངས་ཀྱང་སྐད་ཆ་ཡོད་ཚད་ཁ་ནང་ ནས་ཕྱིར་མི་མིད་ཐབས་མེད་བྱུང་སོང་།
   ང་ནི་རོང་ཕྲུག་གཞོན་ནུ་ཞིག་ཡིན་པ་ཙམ་ལས་འབྲོག་རྒན་ཞིག་ག་ལ་ཡིན་ཨང་།
   ཕར་འདུག་ས་བྱིན་ཡང་ད་དུང་ཕྱིར་འདི་ལྟར་བྱེད་པ་ཅི་རེད།
   མོ་ལ་རྒྱུ་སྤུས་མི་འདུག་ཅེས་སྡིགས་མཁན་གཅིག་ཀྱང་མེད་པ་ཅི་ཡིན་ནམ།
   བྱིས་པ་ཞིག་དང་རྒན་རྒོན་གཉིས་རེད་ཟེར་བ་ཙམ་ལས་ངས་འདི་ལྟར་མི་སྐྱུར་ཁོ་ཐག་ཡིན།
   གྲོང་ཁྱེར་གྱི་ལོ་ལོན་དང་བྱིས་པའང་འདི་འདྲའི་ཐབས་སྡུག་ཅིག་ཡིན་པ་ཅི་རེད།
   ངས་སྔོན་ནས་འདུག་ས་མ་བྱིན་ན་ཡིན་ཨང་།
   ................
    ངའི་གཡས་ལག་སྟེང་གི་སེན་ཤུལ་དེ་ལས་ཙག་ཤེད་ཅིག་ཡང་ཡང་རྒྱུགས་ནས་ ལུས་ཀྱི་དབང་རྩ་ཡོངས་སུ་ཁྱབ་སོང་།
   ཕྱི་རོལ་དུ་རླངས་འཁོར་མང་པོ་ཞིག་འཚང་ཁ་ཤིག་ཤིག་གིས་གྲོག་སྦུར་འདུར་འདུར་བྱེད།
   ངས་མདུན་གྱི་ཤེལ་སྒོའི་ངོས་ནས་རང་ཉིད་ཀྱི་ངོ་གདོང་མཐོང་བྱུང་། དེ་ནི་ གསལ་ལ་མི་གསལ་བ་ཞིག་སྟེ།  ནུབ་ཀྱི་དེང་རབས་རིང་ལུགས་ཀྱི་རི་མོ་ཟུར་ངོས་ཅན་དེ་ དག་དང་འདྲ་བར།  ངས་རང་ཉིད་ཀྱི་གདོང་གི་ཕྱེད་ལྷག་ཤེལ་སྒོའི་ངོས་སུ་འཆར་ཙམ་
འཆར་ཙམ་བྱེད་ཀྱིན་པ་མཐོང་བྱུང་།
    ངས་ཞིབ་ཏུ་བལྟས་པ་ན། ཤེལ་སྒོའི་ངོས་སུ་འཆར་བའི་ངའི་ངོ་གདོང་ནི་ཡིད་ དྭགས་ཤིག་གམ་དྲང་སྲོང་ཞིག་དང་འདྲ་བར། མིག་ཀོང་ཁོག་ཏུ་ལྷུང་ཞིང་གདོང་ཡོངས་ འུ་ཐུག་ཐབས་ཟད་ཀྱི་རོ་མདངས་ཉམ་ང་བ་ཞིག་གིས་གཡོགས་འདུག
རླངས་འཁོར་སྔར་བཞིན་མདུན་དུ་བསྐྱོད་ཀྱིན་འདུག
   ངས་གློ་བུར་རི་བོའི་ཕ་རོལ་གྱི་ཕ་མ་དང་རང་ཁྱིམ། ཕྱི་མའི་ཡུལ་དུ་འགྲིམ་ཟིན་ པའི་རྨོ་མོ། ཆུང་དུས་ནུ་བོ་དང་མཉམ་དུ་རྩེད་མོ་ལ་གཡེང་སའི་གཡུལ་ཁའི་ནང་། ད་དུང་། ངེད་ཚང་གི་དྲེལ་ཕྲུག་དང་བོང་ཕྲུག  འབྲུ་མོ་ཐོད་དཀར་མའི་འོ་མ་སོགས་དྲན་བྱུང་།  དེ་མ་ཐག  ངའི་མིག་ཟུང་ཕྱི་ནང་མེད་པར་འཁྱག་སིབ་སིབ་ཀྱི་མཆི་མས་བརླན་སོང་།  ལུས་ཡོངས་དངངས་འདར་ཡང་ཡང་བརྒྱབ་སོང་།
                     2013.5.27 མཚན་མོར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ས་སྲོད་ཅིག་ལ་སྤྱི་སྤྱོད་རླངས་འཁོར་དུ་བསྡད་པ།

2013-09-23 བསོད་ནམས་རྡོ་རྗེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།