བསྐུར་མེད་པའི་ཡི་གེ

དྲང་སྲོང་།༼བོད་ལྗོངས་སློབ་ཆེན༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-08-04

            ༡
     སྟོན་ཀའི་དུས་ཚོད་ནི་ཇི་འདྲའི་ཡིད་གར་འོང་བ་ཞིག་རེད་ཨང་། འཁྲིས་སུ་ཡོད་པའི་ལྕང་སྡོང་རེ་རེའི་སྟེང་གི་ལོ་མ་སེར་པོ་དེ་ཚོར་ཉི་མའི་འོད་ཟེར་འོད་ཟེར་ འཕྲོ་དུས།  སེར་མདོག་གི་ཡུལ་ལྗོངས་ཤིག་ལ་སླེབས་པའི་སྣང་ཚུལ་སྟེར་སྲིད། ལོ་མ་རེ་རེ་ ས་ལ་ཟགས་པ་ནི་ཉར་ཚགས་བྱེད་རིན་ཡོད་པའི་མཛེས་སྡུག་རེ་རེད་ཨང་། ལྗོན་ཤིང་འཁྲིས་ ཀྱི་རྐུབ་སྟེགས་དེའི་སྟེང་ལོ་མ་འཛགས་ནས་གདན་ལྟར་བཏིངས་འདུག། ལྟ་ན་སྡུག་པའི་ ཡུལ་ལྗོངས་འདི་ལྟ་བུ་ནི་དམིགས་བསལ་གྱི་དུས་ཚིག་ལ་མ་གཏོགས་འཕྲད་མི་སྲིད་པ་ཞིག་རེད་ཨང་།
ངས་ལྗོན་ཤིང་འཁྲིས་ཀྱི་རྐུབ་སྟེགས་དེའི་སྟེང་བསྡད།།
རེད། དེ་ནི་ཁོ་མོ་རེད། ལུས་ལ་སློབ་གོས་ཆ་ཚང་ཞིག་གྱོན་ཞིང་། རྒྱབ་ཏུ་དཔེ་ ཁུག་ཐལ་མདོག་ཅིག་འཁུར་བ་དང་ལག་པར་དེབ་ཞིག་འཁྱེར་ནས་ངའི་འཁྲིས་སུ་སླེབས་བྱུང་།
“མི་འགྱུར།  ངསཁྱེད་འདིར་ཡོད་པ་ཤེས་རྗེས་ཕྲད་པར་ཡོང་བ་ཡིན”
དེ་ནི་ཁོ་མོའི་གཏམ་རེད། འོན་ཀྱང་ངས་ངག་ནས་ཅི་ཡང་མ་ཐོན། ནམ་རྒྱུན་སྙན་ངག་ པས་སྒྲོ་འདོགས་བྱེད་པའི་དཀར་གསལ་ཟླ་བ་ལྟ་བུའི་ཞལ་རལ་དང་། རྒོད་ཀྱི་གཤོག་པ་ བརྐྱངས་འདྲ་བའི་སྨིན་མ། ཐོ་རེངས་སྐར་ཆེན་ལྟ་བུའི་མིག་ཟུང་། པད་མའི་འདབ་ལྟར་ སྲ་བའི་མཆུ་སྒྲོས། རྦབ་ཆུ་བཞུར་བ་འདྲ་བའི་ལྟག་རྒྱབ་ཏུ་ཉིལ་བའི་སྐྲ་ལོ། མདོར་ན་མཛེས་པ་ མཐའ་དག་གཞིའི་གཅིག་ཏུ་བསྡུས་པའི་མཛེས་མ་ཞིག་རེད་ཨང་། སྐབས་འདིར་ངའི་རྣ་ལམ་དུ་ཡང་བསྐྱར་སྒྲ་ཞིག་ཐོས་བྱུང་།
“མི་འགྱུར།  ཁྱེད་ཀྱིས་ངའི་སྐད་ཆ་གོ་བྱུང་ངམ་”
མ་རེད།  དེ་ནི་ལྕང་སྟེང་བྱིའུ་ཆུང་གི་གླུ་ལེན་པའི་སྒྲ་རེད། རེད་དེ་ནི་ཁོ་མོའི་ངག་ལས་ ཐོན་པའི་སྐད་ཆ་རེད།  ངས་སྐད་ཆ་ཞིག་བཤད་དགོས་བསམས་ཀྱང་ངག་ལས་ཅི་ཡང་མ་ཐོན། ངས་ཁོ་མོར་དགའ་ཐུབ་པ་ལས་གང་ཡང་མི་ནུས།  ངས་ཁོ་མོ་དྲན་ཤེས་པ་ལས་ངག་སྙན་མོ་ ལ་རྟེན་ནས་བརྩེ་དུང་གི་བདུད་པ་བདུད་མི་ཤེས།
ཁོ་མོའི་ཡིད་དུ་འོང་བའི་བཞིན་གྱི་འཛུམ་ཆུང་དེ་བདག་གི་སེམས་ལ་ཤར་དུས། བཀྲག་མདངས་འཚེར་བའི་མེ་ཏོག་དེ་ཉམ་ཆུང་ཞིག་ཏུ་གྱུར་ཞིང་གང་ལས་ཀྱང་སྙན་པའི་ སྐད་ཆ་དེ་གོ་དུས་འཇོལ་མོའི་གླུ་དབྱངས་དེ་ཡང་གླེང་རིན་མི་འདུག།
དེ་ལྟར་ང་གཉིས་ཀྱི་ལག་ཟུང་དམ་པོར་སྦྲེལ་ཞིང་ཕན་ཚུན་གྱི་བརྩེ་བ་ལྷུག་པོར་སྨྲས་རྗེས་ བསམ་གཞིགས་ཀྱི་གཏིང་རིམ་མྱུལ་བའི་སྐབས།
“ཁྱེད་བསམ་བློ་ག་རེ་གཏོང་གི་ཡོད།”ཅེས་དྲིས་བྱུང་བས་ངས་ལམ་སེང་“ཁྱེད་ནི་འཇིག་རྟེན་ན་བཞད་ཁ་ཕྱེ་མ་ཐག་པའི་མེ་ཏོག་ཞིག་དང་། ཆར་རྗེས་ཀྱི་འཇའ་མཚོན་ལྟ་བུར་སྣང་བས་ཁྱེད་ངའི་འཁྲིས་ནས་འགྲོ་བར་སྐྲག་གི་འདུག། ཁྱེད་རང་རླང་པར་གྱུར་ནས་ངའི་འཇིག་རྟེན་ནས་ཡལ་བར་དོགས་ཀྱི།
“ང་ནམ་ཡང་ཁྱེད་དང་བྲལ་མི་སྲིད། ང་རླངས་པར་འགྱུར་རུང་ཁྱེད་ཀྱི་ཁོར་ཡུག་ལ་བརླན་ སྦྱར་འདོད་”ཅེས་ཁོ་མོས་ངང་རྒྱུད་རིང་མོས་སྐད་ཤུགས་དམའ་བོས་བཤད་བྱུང་། སྐད་ཆ་འདི་ནི་ཇི་འདྲའི་ཉན་འདོད་ཆེ་བ་ཞིག་རེད་ཨང་།     ངས་རྟག་པར་སྒུག་པའི་ཁོ་མོ་ དེ་རིང་རང་ཉིད་ཀྱི་མདུན་དུ་ཐོན་ཞིང་།   ཡུན་རིང་རེ་སྒུག་བྱས་པའི་བརྩེ་དུང་གི་ས་བོན་ ལ་རེ་བའི་མྱུ་གུ་འབུས་པ་དེ་ལས་དབང་གི་བཀོད་སྒྲིག་ཞིག་ཡིན་སྲིད་སྙམ་བྱུང།
ངས་དེ་ལྟར་བསམས་ནས་ཁོ་མོའི་ལག་ཟུང་དམ་པོར་འཛིན་ཏེ་ནམ་ཡང་མ་ལྷོད་ན་བསམས།  དེའི་སྐབས་ཁོ་མོ་བསྡད་མི་འདུག། ཁོ་མོའི་མིང་ནས་ཇི་ཙམ་བོས་ཀྱང་ཨ་ལན་སྟེར་མཁན་ མི་འདུག ལམ་སེང་ཡར་ལངས་ཏེ་བཙལ་དུ་འགྲོ་སྐབས་མགོ་བོ་ཉལ་ཁྲིར་བརྡུངས་པ་དང་ ཉལ་འཁྲི་ནས་མར་ལྷུང་བྱུང་།
ཨཱ། དེ་ནི་རྨི་ལམ་ཞིག་རེད་འདུག། ང་གཉིད་དེ་ལས་མ་བསད་ན་ཇི་འདྲའི་སྐྱིད་ཨང་། གལ་སྲིད་དེ་གཉིད་ལམ་ཞིག་མིན་ན།
དེ་ནི་སློབ་འབྲིང་སྐབས་ཀྱི་གནས་ཚུལ་རེད།
            ༢
   ཟླ་བ་བདུན་པའི་ཛ་དྲག་གི་ཡིག་རྒྱུག་དེ་མཇུག་རྫོགས་རྗེས་སློབ་ཆེན་གྱི་འཚོ་བར་རོལ་འགོ་བརྩམས། ངས་ད་ནས་བཟུང་སློབ་ཆེན་གྱི་སློབ་མ་ཡག་པོ་ཞིག་བྱེད་སྙམ་ནས་སེམས་ནང་ དམ་བཅའི་རྡོ་རིང་བཙུགས།
དེ་ཡང་། ལས་དབང་གི་བཀོད་སྒྲིག་བྱས། སྟེས་དབང་གི་གྲོགས་སུ་སྦྲན་ནས་སློབ་ཆེན་ནང་དུ་ཁོ་མོ་དང་ཕྲད་བྱུང་། སླར་ཡང་ཁོ་མོ་དང་འཕྲད་པ་ནི་ཇི་འདྲའི་སྨྲ་མི་ཤེས་པ་ཞིག་རེད་ཨང་།  ནམ་རྒྱུན་ཁོ་མོ་ཕྲད་ཐེངས་རེར་དེ་སྔོན་ཁོ་མོར་དགའ་མྱོང་བའི་གཏམ་རྒྱུད་རྣམས་རི་མོའི་ཚུལ་དུ་སེམས་ནང་དྲན་ཞིང་། ཁ་སང་ངས་ཁོ་མོར་བྲིས་པའི་སྙན་ངག་དག་ཀྱང་ལོ་ཟླའི་ཆར་ཆུས་ བངས་ནས་གསལ་ལ་མི་གསལ་རེད།
མ་གཞི་ངས་དེ་སྔོན་བརྩེ་དུང་གི་འདས་དོན་རྣམས་སེམས་ཀྱི་འཇིག་རྟེན་ནས་རྒྱང་ཕུད་བཏང་དགོས་བསམས་ཀྱང་སློབ་ཆེན་གྱི་འཁོར་རྭའི་ནང་ཁྱེད་ཉིད་མེ་ཏོག་བཞིན་ལྡུམ་རྭའི་ནང་  ནས་ཕྲད་ཅིང་ཁྱེད་ཉིད་སྦྲང་ཆར་བཞིན་ལུས་རྩལ་ཐང་ཆེན་དུ་ཐུག  སྟོན་འཇུག་གི་ལོ་མ་ སེར་པོ་བསིལ་རླུང་གི་ཕྱོགས་བཞིར་དེད་དུས་ཁྱེད་ཉིད་ངའི་འཇིག་རྟེན་དུ་གར་འཁྲབ་པའི་ དུས་རེད། དགུན་ཁ་གྲང་རླུང་བར་མེད་དུ་ལྡང་དུས། ཁ་བའི་ཁྲོད་ངའི་ཁེར་རྐྱང་གི་སེམས་ལ་ ཁྱེད་ཉིད་ཉར་ན་བསམས།
དེ་ལྟར་ངས་བརྩེ་དུང་གི་མེ་ཏོག་དེ་སློབ་ཆེན་གྱི་ལྡུམ་རྭའི་ནང་ས་ལུད་སྦྱར་དགོས་
སྙམ་ནས་ཁོ་མོ་ལ་དགའ་བའི་བརྩེ་བ་རེ་རེ་ཡིག་འབྲུའི་ལམ་ནས་དྲངས་ཏེ་ཁོ་མོའི་འཁྲིས་སུ་ བསྐུར་བ་འདི་ལྟར་ལགས།།
                 ༣
   འཇིག་རྟེན་གྱི་མཛེས་པ་ཐ་དག་གཞི་གཅིག་ཏུ་བསྡུས་པའི་ཡིད་འོང་གི་མཛའ་མོ་སྒྲོལ་མ་ལ། ཆེད་འབུལ།
མ་གཞི་ངས་གཏམ་རྒྱུད་དེ་གླེང་མི་འོས་པ་ཞིག་ཡིན་སྲིད།  འོན་ཀྱང་ངས་བསམ་བློའི་ འཐབ་རྩོད་ཡུན་རིང་གི་ཁྲོད་གླེང་དགོས་བྱུང་བ་དེ་ནི་ནོར་འཕྲུལ་ཞིག་མིན་པའི་ངེས་པ་ག་ལ་ ཡོད།།
དཔྱིད་དུས་ཚེ་སྲོག་གསར་པ་འཛིན་མར་སྦྲུམ་དུས་ངས་ཁྱེད་ལ་དགའ་བའི་སྟོབས་ཤུགས་ལྷག་ཏུ་རྒྱས།  དབྱར་དུས་སྦྲང་ཆར་ཟིལ་མའི་གར་གྱི་སྟང་སྟབས་ཁྲོད་ངས་ ཁྱེད་སྒུག་པ་དེ་ཇི་འདྲའི་ཨུ་ཚུགས་ཆེ་ཨང་། སྟོན་དུས་ངས་ལོ་མ་སེར་པོ་དང་འབྲེལ་བའི་ སེམས་འགྱུ་བརྗོད་བཞིན་ཁྱེད་དྲན་པ་དེ་ཁྱེད་ལ་དགའ་བ་མིན་ན་ཅི།  དགུན་དུས་ངའི་ འཁྱགས་རེངས་སུ་གྱུར་བའི་ལུས་ལ་ཁྱེད་ལ་དགའ་བའི་དམར་ཆུང་གི་སྙིང་ཞིག་ཡོད་པས་གྲང་རེག་ཐ་དག་ང་དང་རྒྱབ་གཏད་དེ་ཕྱིན།།
དེ་སྔོན་ངས་ཁྱེད་ཀྱི་རྒྱབ་གཟུགས་ལ་ཡུན་རིང་གཅེར་ནས་ལམ་ཐག་རིང་མོར་སྐྱེལ་བ་གྲངས་མེད་ལ། མེ་ཏོག་ཞལ་ཁ་ཕྱེ་བ་ལྟ་བུའི་འཛུམ་མདངས་དེ་ཁོ་ནའི་ཆེད་ཁྱེད་ཀྱི་རྗེས་ལ་ བསྙེགས་པ་དེ་ཇི་འདྲའི་བསམ་མེད་ཅིག་རེད་ཨང་།
དེ་དག་ནི་ངས་ཁྱེད་ལ་དགའ་སྟངས་རེད་དེ་དག་ཁྱེད་ཀྱི་མ་ཤེས་ཀྱང་ཆོག དེ་དག་ནི་ང་གཅིག་པུའི་དོན་ལས་ཁྱེད་ལ་འབྲེལ་བ་མེད་མེད་ཀྱང་ཆོག། འོན་ཀྱང་ད་ལྟ་ངས་རང་ཉིད་ པབཤམ་སྟོན་བྱེད་པ་དེ་ཡང་རྒྱུ་མཚན་གཞན་གང་ཡང་མེད། རེ་བ་གཞན་ཅི་ཡང་མེད།  ངས་ཁྱེད་ལ་དེ་སྔོན་དགའ་མྱོང་བ་དེ་ཤེས་སུ་ཅུག་བྱེད་ཡིན།   
མདོར་བསྡུས་ནས་བཤད་ན་ང་དང་རང་གི་གླེང་རིན་མེད་པའི་བརྩེ་དུང་དེ་མཇུག་སྒྲིལ་ཆེད་དུ་ཡིན།  བཤད་སྟངས་ཤིག་བརྗེས་ན་འཐོབ་འབྲས་མེད་པའི་བརྩེ་དུང་གི་བསླུ་ཁྲིད་ དེ་བསྐྱུར་ནས། ཁྱེད་ཁྱེད་ཀྱི་མཛེས་པ་འཁུར་ནས་བཞུད་རྒྱུ་དང་། ངས་ང་རང་གི་འདུན་པ་ འཁུར་ནས་བགྲོད་ལམ་སྟབས་བདེ་ཞིག་བཙལ་རྗེས་ཁྱེད་ལ་གྱེས་འཕྱག་ཞུ་འདོད་པ་ཙམ་ཡིན།
དེ་སྔོན་ངས་བརྩེ་དུང་ནི་འཇིག་རྟེན་ན་ཪྙེད་པར་དཀའ་བའི་སེམས་ཀྱི་ལོངས་སྤྱོད་ཅིག་དང་།  མི་རྟག་པའི་འཇིག་རྟེན་སྟེང་རྟག་བརྟན་དུ་གནས་པའི་མཛེས་སྡུག་གི་མེ་ཏོག་ཅིག།  མི་ཡུལ་ན་བགྲང་བྱའི་འགྲོས་དང་བསྟུན་ནས་མི་རྒས་ཤིང་ལོ་ཟླའི་ཆར་ཆུས་འཇིག་མི་ནུས་པའི་ས་འཁྱག་རྡོ་སྐམ་གྱི་ཚོད་སྒམ་ནུས་པའིབརྩེ་བ་དྭངས་མ་དེ་རེད་བསམས་བྱུང་།
འོན་ཀྱང་ངས་ནོར་འདུག ངའི་སེམས་སྟངས་དེ་ནི་རྨི་ལམ་གྱི་ཞིང་ཁམས་ན་མངོན་འགྱུར་ ནུས་པའི་མཛེས་སྡུག་དང་མདུན་པ་ཅིག་ལས་དོན་དངོས་ཀྱི་འཚོ་འི་སྟེང་སྒྲུབ་ཐབས་མེད་པ་ ཞིག་རེད་ཨང་།
འགྱུར་བཞིན་པའི་དུས་ཚོད།  འགྱུར་གྱིན་པའི་མི། འགྱུར་ཚར་བའི་དུས་རབས།   འགྱུར་ཆོག་པའི་བརྩེ་དུང་།  འགྱུར་ནས་རུལ་དྲི་ཁ་བའི་བརྩེ་དུང་།   རྒྱུ་ཡི་ཉོ་ཆོག་པའི་བརྩེ་དུང་།  དབང་གི་བཀུག་ཆོག་པའི་བརྩེ་དུང་།
དེ་དང་དེ་དག་གི་མདུན་དུ་ང་ཕམ་སོང་།  གྲོགས་པོ་ཚོས་བཤད་པར་བརྩེ་དུང་ནི་རྫུན་བཤད་ནས་བསླུས་ཆོག་པ།  བརྩེ་དུང་ནི་གྱོན་པ་བཞིན་བརྗེ་རུང་བ། བརྩེ་དུང་ནི་འགྱིག་བྱི་རིལ་བཞིན་མངར་མོ་ཡལ་ན་འཕངས་དགོས་པ་ཞིག་ རེད་ཅེས་བཤད་བྱུང་ཡང་ཐོག་མར་ང་ཡིད་མི་ཆེས་བར་དུ་ཐེ་ཚོམ་བཟའ་མཐའ་མར་ངས་དེ་ལྟར་ཡིན་སྲིད་སྙམ་བྱུང་།    རྒྱུ་མཚན་ནི་་་་་་་་་
ངས་ཁྱེད་ལ་འགྲེལ་བཤད་མང་པོ་མི་བརྒྱབ། ཁྱེད་ཁྱེད་ཀྱི་མཛེས་པ་བསྡུ་གསོག་རྒྱབ་ནས་ངའི་འཇིག་རྟེན་ནས་བཏོན་ཚར་བས།  ཡང་མིན་ ན་ཁྱེད་སྔ་ས་ནས་ཐོན་ཡོད་པས།།
                                                                   ཟླ་དུས་ངེས་མེད་ལ།
                                                                     དེ་སྔོན་ཁྱེད་ལ་དགའ་མྱོང་བའི་མི་འགྱུར་ནས།
                ༤
   དེ་ལྟར་ངས་སེམས་ཀྱི་འཚོར་བ་རྣལ་མར་བྲིས་པའི་ཡིག་ཆུང་དེ་ལྟེབ་བརྩེགས་གཅིག་བརྒྱབ།  གཉིས་རྒྱབ། ཡང་བསྐྱར་ཅིག་བརྒྱབ་ནས་ལྷ་སའི་སྐིད་ཆུར་བསྐུར་ཡོད་པས་ཁྱེད་ལ་ལག་སོན་ཨེ་བྱུང་།།།
                                            ༢༠༡༢ལོརབྲིས།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྐུར་མེད་པའི་ཡི་གེ

2013-08-04 དྲང་སྲོང་།༼བོད་ལྗོངས་སློབ་ཆེན༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།