རྨ་ཆུའི་གསང་བ།

  གནམ་ངོ་དྭངས་ལ་གསལ་བའི་རྩྭ་ཐང་གི་ཡ་ཐོད་དུ། འགྲོ་ཤུགས་མྱུར་བའི་རླངས་འཁོར་བརྒྱ་ནས་སྟོང་ལ་བུད་འདུག་ཅིང་། སྟོང་ནས་ཁྲི་ལ་མི་འབུད་པའི་ངེས་པའང་ཁྱོན་ནས་མ་ཡོད་པས། འབྲོག་ཕྱོགས་ཀྱི་རི་ལུང་ཀུན་ལ་རྗེས་གསར་བ་ཞིག་བཏོད་ཡོད་འདུག  དེ་ལས་མཐོང་བ་ནི་རྨ་ཆའི་ཟམ་སྟེང་ན་ལམ་གླ་ལེན་པར་དགའ་བའི་ཉེན་རྟོག་པ་དེ་ཡིན་ཞིང་། ལམ་གླ་སྤྲོད་པར་མི་དགའ་བའི་དབྱར་རྩྭ་དགུན་འབུ་འཐུ་མཁན་གྱི་དཔུང་སྡེ་གསར་བ་དེ་རེད། ཡིན་ཀྱང་ཕ་ཡུལ་ལ་འགྲོ་བའི་རླངས་འཁོར་མི་ཚོགས་ཀྱིས་བཀང་ཡོད།  ད་དུང་སྔོན་དང་སྡུར་ནས་བཤད་ན་ཁ་ལོ་བ་དེ་དག་ཀྱང་མི་ཁོམ་པར་གྱུར་ཞིང་།   གཡས་གཡོན་ཀུན་ནས་ཉེ་ས་སྤུན་ཡ་དག་ཀྱང་རླངས་འཁོར་དུ་ཤོང་གི་མི་འདུག    སྐབས་དེ་འདྲ་ཞིག་ལ་ཆོས་སྐྱོང་རྨ་ཆུ་ལ་ཐོན་པ་ཡིན།  ཁོ་ཡང་ཨ་མཚར་ནས་རྨ་ཆུ་རུ་ཉིན་འགའ་འགོར་སོང་བས།  ད་ནི་ཕྱིར་སློབ་གྲྭར་འགྲོར་དགོས་སྙམ་ནས་བསྡད་འདུག
  ༼ ཝེ།  དེ་རིང་འགྲོ་རྒྱུ་ཡིན་ནམ།༽  ཁ་པར་ལས་ཁ་ལོ་བ་དོན་འགྲུབ་ཀྱིས་དེ་ལྟར་འབོད་ཀྱི་འདུག  འོ་རེད། དོན་འགྲུབ་ནི་ཆོས་སྐྱོང་དང་སྡེ་བ་གཅིག་པའི་འབྲོག་མི་ཕལ་ཞིག་ཡིན་ཞིང་། རྒྱལ་འཇོག་ལ་དགའ་བའི་གསར་བུ་ཞིག་ཡིན་ཞིང་། དེ་བས་རླངས་འཁོར་དེ་ཡང་རྒྱལ་བཞག་ནས་བླངས་བ་རེད་ཟེར།༼བཀའ་དྲིན་ཆེ།  ད་ལྟ་ཁྱེད་གང་ན་ཡོད།༽༼  རྨ་ཆུའི་འབྲོང་ལམ་ན་ཡོད།༽༼དེ་ན་འགྲིག་པོ་རེད།   ང་དེ་སར་ཡོང་།༽༼ ཆོས་སྐྱོང་།   རླངས་འཁོར་གྱི་མགོ་ནང་ལ་མི་ཕུད་པས།  ཕྱི་ནས་བསྡད་ན་ཆོག་གམ།༽༼   མྱི་འདང་།དེ་རིང་རྨ་ཆུ་ན་ཆར་བ་ཆུང་ཆུང་ཞིག་ཀྱང་འབབ་ཀྱིན་འདུག་པས།  ང་ཕྱིེ་ནས་ཇི་ལྟར་འདུག་རེད།༽༼དེ་འདྲ་ཡིན་ན་སྤོ་མ་ལངས། ༽༼ སྐྱོན་མི་འདུག  ད་ང་ཡང་འགྲོ་རྩིས་མེད།  ཅི་བཤད་རུང་སྐབས་འདི་འདྲ་ཞིག་ལ་ཁྱེད་ལའང་ཁག་མི་འདུག༽༼    དེ་ན་ངོ་མ་བཀའ་དྲིན་ཆེ།   རྗེས་ཕྱོགས་མཁོ་ས་ཡོད་ན་ཁ་པར་ཐོངས་ཤོག༽༼   ཡ་ཡ་ཡ ༽ འདི་ནི་སྤྱིར་བཏང་བ་ཞིག་མ་རེད།   རྨ་ཆུ་ནི་འུར་འུར་ཟིང་ཟིང་གི་ཆ་ཤས་ཤིག་ཏུ་གྱུར་ཡོད་ཕྱིར།  སློབ་མ་མང་པོ་ཞིག་གིས་རང་རང་གི་ཐད་ནས་༼རང་བྱུང་ཐོན་ཁུངས་སྲུང་སྐྱོབ་བྱེད་དགོས།༽ཞེས་པའི་རྩོམ་ཡིག་རང་གིས་འཁྱོངས་ཚོད་ཅིག་རེ་བྲིས་རྗེས་སྒེར་གཞུང་ཅི་རིགས་ཀྱི་དཔེ་ཆ་དང་ཚགས་པར་སྟེང་དུ་བཀོད་ཀྱི་ཡོད་ལ།   མ་ཟད་སློབ་མ་རེ་གཉིས་ཀྱིས་རང་ཉིད་ནས་ཚགས་པར་དང་སྒེར་དེབ་སོགས་ལས་ནས་ཁོམ་གྱིན་མི་འདུག་པ་དེ་རེད།  
  ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་འདི་ནི་རྨ་ཆུའི་དཔལ་འབྱོར་གྱི་དགོས་མཁོ་ཞིག་དང་།  དང་ལེན་མི་བྱེད་ཐབས་མེད་ཅིག་ཀྱང་ཡིན་ཟེར་མོད། ཁ་སང་ལམ་གསར་བ་ལས་ཀྱིན་པའི་འབྲོང་རིའི་ལུང་བ་དང་བྲག་རི་མང་པོ་ཞིག་ས་སློག་རྡོ་སློག་བྱས་འདུག      དེ་བས་ད་སྐབས་རྨ་ཆུ་ནི་རྨས་མ་ཞིག་དང་ཧ་ཅང་མཚུངས་ལ། དེའི་རྐྱེན་གྱིས་ད་སྐབས་རྨ་ཆུ་ལ་སྨན་པ་རེ་ཡང་མཁོ་ནས་འདུག་པ་རེད་ལ། སྲང་ལམ་གྱི་མི་དག་གིས་ཀྱང་ད་ལོའི་མཐར་ཕྱིན་སློབ་མའི་ནང་དུ་སྨན་སྤྱོང་མཁན་ག་ཙམ་ཡོད་མེད་ཀྱི་རྩིས་ཕྲེང་ཡང་མང་པོ་ཞིག་བཟོས་འདུག་པ་རེད། ཡིན་ཡང་སེམས་མི་བདེ་བ་ཞིག་ཡོད་པ་ནི་ཁ་སང་ཐོས་པའི་རྫོང་དཔོན་སྐོར་གྱི་གཏམ་རྒྱུད་ཅིག་ཡིན།
  ༼ད་སྐབས་རྨ་ཆུ་ནི་འུར་ཟིང་ཆེ་བའི་ཧྲང་ཧེ་དང་ཧ་ལམ་མཚུངས་འདུག  མ་རེད།  མ་རེད། དེ་འདྲ་ཞིག་ཀྱང་མ་རེད༽ འདི་ནི་ཆོས་སྐྱོང་གིས་རང་ལ་བཤད་པ་ཞིག་ཡིན་མོད། ཞིབ་ཏུ་ཉན་ན་ཚང་མ་ལ་བཤད་པ་མིན་ནམ། གང་ལྟར་རྨ་ཆུ་ནི་སུས་ཀྱང་མིག་ལམ་ནས་ཡལ་བར་འགོ་བརྩམས་པའི་མཛེས་སྡུག་ཅིག་ཡིན་ཞིང་། དེ་ཡི་འཕྲོར་ལྷག་པའི་མཛེས་སྡུག་ནི་གསང་བ་ཞིག་ཡིན། གསང་བ་དེའི་ཁུག་ན་རྨ་ཆུའི་མི་ཚོགས་འབུ་གཤོག་ཆད་ཅིག་དང་འདྲ་བར་འཕུལ་ལྡང་གི་གར་ལ་རྩེན་ནས་ཡོད་ལ།  མཐར་འཆི་བའི་བདེ་སྐྱིད་རུམ།༼ དེ་འདྲ་ག་ལ་ཡིན་རྒྱུ། ༽ཆོས་སྐྱོང་གློ་བུར་དུ་བྲེལ་བྱུང་།༼ གལ་ཏེ། འདི་ནི་སྒྱུ་མ་མཁན་གྱི་པིར་རྩེ་ནས་ཐོན་པའི་རི་མོ་ཞིག་ཡིན་ན། འདི་ཡང་འགྲིག་གི་ཡོད་པ་མ་རེད༽༼ ཡང་མིན་ན་རང་ཡང་བེ་ཤིང་དགོན་པའི་རྒྱབ་རིའི་རྩེ་ལ་དབྱར་རྩྭ་དགུན་འབུ་འཐུ་རུ་འགྲོ་དགོས། མིན།དེ་རིང་ཡང་འདི་རུ་བྱ་བ་དེ་འདུག་པས། སོང་ཡང་དོན་སྙིང་གིས་དབུལ་འགྲོ༽ཞེས་རང་གི་རང་ལ་མང་པོ་ཞིག་ལབ་མོད། བདེན་པ་དང་དྲང་བཞག་ཅིག་སུས་ཀྱང་གཙང་མ་ཞིག་མི་འཁྱོངས་པ་ནི་ཆོས་ཉིད་རེད།
  རྨ་ཆུ་དེ་ལྟར་ཆོས་སྐྱོང་དང་ཆོས་སྐྱོང་གི་སྒྲུང་ཐུང་ལས་རྒྱང་ལ་བཞུར་མོད།མི་མང་གིས༼དེ་ནི་རྨ་ཆུ་ཡིན་པ་མ་རེད༽་ཅེས་ཚིག་ཐག་ཆོད་པའི་སྒོ་ནས་འུར་བྱུང་། སྐབས་དེ་ནི་རྨ་ཆུའི་གསར་འགྱུར་བཤད་པའི་དུས་ཡིན་ལ། གནམ་ཟླ་དང་ས་གནས་མང་པོ་ཞིག་ངོ་སྤྲོད་བྱས་རྗེས། ཆོས་སྐྱོང་གིས་ཀྱང་༼ འདི་རྨ་ཆུ་གང་ནས་ཡིན་རྒྱུ་༽ཟེར།  ད་ནི་རྨ་ཆུའི་འཁྲབ་གཞུང་ཚན་པ་གཅིག་གལ་ཆེན་དུ་འཛིན་དགོས་པས། དེ་ནང་གི་འབུ་དཀར་ནག་གཉིས་ཀྱི་དམག་འཁྲུག་ནི་རྨ་ཆུ་ངོ་མ་ཡིན་པར་བཟོས།
སྤྱིར་ཡིན་ན་རྨ་ཆུ་བཤད་ན་ས་སྐྱིད། ཆུ་གཙང་། རི་མཐོ། ཕྱུག་མང་། ལྷིང་འཇགས་སོགས་ཐ་སྙད་མང་པོ་མང་པོ་ཞིག་གིས་མཚོན་དགོས་མོད། དེ་ནི་ཁ་དཔེ་ཞིག་ལས་ཅི་ཡང་མ་ཡིན་པས། ཆོས་སྐྱོང་གིས་རང་གི་བརྩམས་སྒྲུང་གི་དཀྱིལ་དུ༼ ཕ་ཡུལ་གད་པ་ཡིན་རུང་སྐྱིད་༽ཅེས་བྲིས་སོང་།  ད་ནི་མང་པོ་ཞིག་གཏད་ནས་བསམ་དགོས་པ་མ་རེད། རྨ་ཆུ་ངོ་མ་གསང་བ་ཞིག་རེད། གསང་བ་དེ་ནི་ནག་པོ་ཞིག་མིན་ཚུལ། ནག་པོ་དེའང་ཁ་དོག་ཅིག་མིན་ཚུལ། ཁ་དོག་དེའང་ཚོན་ཞིག་མིན་ཚུལ་ཞིག་བཤད། ཉན་མཁན་ནི་མང་པོ་ཞིག་ཡོད། དེ་དག་ནི་བྱིས་པ་དག་དག་ཡིན།
  ཅི་ཞིག་བསམ་གྱིན་ཡོད་དམ། ཡང་ན་གང་ཞིག་དྲན་གྱིན་ཡོད་དམ། ཆོས་སྐྱོང་གིས་མུ་མཐུད་དུ་བྲིས་བྱུང་། ༼ བདག་གི་ཕ་ཡུལ་ན་ཇི་འདྲའི་དབྱར་རྩྭ་དགུན་འབུ་མང་པོ་ཞིག་༽༼ འོན་ཀྱང་ས་རིན་པོ་ཆེ་འདི་ད་རུང་འུ་ཚང་གི་འཚོ་བརྟེན་ཡིན་ནི་རེད༽ ༼ ཤུ། ད་ཐེངས་ཡང་ཡུལ་ལ་མ་ཐོན༽ འདི་ལྟར་གླེང་བ་ནི་ཆོས་སྐྱོང་ལ་མཚོན་ན་དགའ་དགོས་ས་ཞིག་ཡིན་ལ་སྐྱོ་དགོས་ས་ཞིག་ཀྱང་ཡིན་པས། ཆོས་སྐྱོང་གིས་སྐད་ཆ་གཞན་ཞིག་རྙེད། དེ་ནི་ཡུལ་ན་ཡར་རྨ་ཆུར་ཡོང་བའི་ཕུ་བོས༼དེང་སང་ཡར་རྨ་ཆུར་ཡོང་སྤྱད་ཀྱང་དཀའ་བའི་ཚོད་རེད༽་ཟེར། ད་ངེས་ནས་རྨ་ཆུ་ནི་གསང་བ་སྤྱིར་བཏང་བ་ཞིག་ཏུ་གྱུར་མེད་པས། ཆོས་སྐྱོང་རང་འདང་རྒྱག་གཞན་ཞིག་ཏུ་ལྷུང་། དེ་ནི་ཁོའི་གྲོགས་པོ་ཞིག་ཅང་མི་འགོར་བར་རྨ་ཆུ་བརྒྱུད་ནས་ཡུལ་ལ་འགྲོ་དགོས་པ་དེ་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨ་ཆུའི་གསང་བ།

2013-06-26 རྡོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།