ཨ་མའི་གཅེས་ལོ།༼སྒྲུང་ཐུང་ཡིག་བརྒྱ་མ༽

ཁང་གསར་ཚེ་དབང་རིག་འཛིན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-05-12

  ཞོགས་པར།“ཨ་མའི་གཅེས་ལོ་ཡར་ལ་ལོངས།  སློབ་གྲྭར་འགྲོ་རན་ལ་ཉེ།”མཚོ་སྐྱིད་ཀྱིས་སྐད་ངག་ཧ་ཅང་འཇམ་པོས་ལོ་བཅུར་ལོན་པའི་བུ་ཆུང་རྡོ་རྗེའི་མལ་ཐུལ་གྱི་གོང་བ་ནས་འཐེན་བཞིན་བོས།   
  “ཨ་ཡ།   ཉལ་དུ་ཆུག་དང་དམྱལ་བ་མ།” མིག་ཀྱང་མི་ཕྱེ་བར་ཧ་ཅང་མི་འདོད་པའི་རྣམ་འགྱུར་བཅས་མགོ་བོ་མལ་ཐུལ་གྱིས་བཏུམ་སོང་།
  “མ་གཅེས།      ད་ནི་མྱུར་དུ་མ་ལངས་ན་ཁྱོད་སློབ་གྲྭའི་རྗེས་ལུས་ཐེབས་པ་དང་ཨ་མ་ལས་ཁུངས་ཀྱི་རྗེས་ལུས་ཐེབས་རན་སོང་།
  “ལུས་ན་ལུས་སུ་ཆུག   ང་སློབ་གྲྭར་མི་འགྲོ།”     

  ཉིན་གུང་།   “མ་ལོ་མྱུར་དུ་སྦྱང་བྱ་ཕྲིས།    དེ་རིང་ཅི་ཞིག་གི་སྦྱང་བྱ་ཡོད།”
  “ཀ་ཁ་ག་ང་ཡོད།”“མ་གཅེས་རྗེས་ཕྱོགས་བོད་ཡིག་ཟེར་དགོས་ཨ།”
  “བོད་ཡིག་ཡི་ན་མོད་ཡིག་ཡི་ན་དེ་ལ་ངོ་མ་སུན་གི”
  “གཅེས་ཕྲུག་དེ་འདྲ་གཏན་ནས་ཟེར་མི་རུང་། ང་ཚོ་བོད་པ་མིན་ནམ།  བོད་པས་བོད་ཡིག་མི་སློབ་ན་སུས་སློབ།”
  “བོད་པ་ཡིན་ན་རང་གིས་སློབ་གིན་སྡོད།”མཚོ་སྐྱིད་ཀྱིས་དབུགས་རིང་ཞིག་འབྱིན་བཞིན་ཁ་ཕར་འཁོར་སོང་།

  ནུབ་མོ།    “གཅེས་ལོ།    ཤོག་དང་ཟ་མ་ཁོལ་ཐལ།”
  “ཟ་མ་ཟོ་དང་ཁྱེད་རང་ཆེས་དགའ་སའི་ཟ་མ་ལས་ཡོད།”
  “མི་ཟ་ངས་ཡོའུ་ཤེའི་རྩེ་དགོས།”“ཨ་མའི་བུ་ཆུང་ངོ་མབཟང་།   ཡ་ད་ཤོག་ལ་ཟ་མ་ཟོ་མི་འཁྱག་ཐལ།”
  རྡོ་རྗེ་འཐད་ལ་མི་འཐད་པའི་ངང་ནས་ཟ་མ་ཟ་ཞོར་དུ་བརྙན་འཕྲིན་གྱི་རྒྱང་བསྒྱུར་བླངས་ནས་འགུལ་རིས་གློག་བརྙན་ཞིག་ལ་ཅེར་སོང་།  
  “ཨ་མས་མ་ལོ་ད་ཉལ་རྒྱུ་བྱོས་ཆུ་ཚོད་བཅུ་གཉིས་ལ་ཐོན་ཐལཁ་རོག་དང་།”
  “གཅེས་ཕྲུག་ད་ཉོལ།   ཞོགས་པར་ཡར་ལངས་མི་ཐུབ་པར་དཀའ”
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མའི་གཅེས་ལོ།༼སྒྲུང་ཐུང་ཡིག་བརྒྱ་མ༽

2013-05-12 ཁང་གསར་ཚེ་དབང་རིག་འཛིན། ཀློག་གྲངས། མཆན ཡོད།

  ཞོགས་པར།“ཨ་མའི་གཅེས་ལོ་ཡར་ལ་ལོངས།  སློབ་གྲྭར་འགྲོ་རན་ལ་ཉེ།”མཚོ་སྐྱིད་ཀྱིས་སྐད་ངག་ཧ་ཅང་འཇམ་པོས་ལོ་བཅུར་ལོན་པའི་བུ་ཆུང་རྡོ་རྗེའི་མལ་ཐུལ་གྱི་གོང་བ་ནས་འཐེན་བཞིན་བོས།   
  “ཨ་ཡ།   ཉལ་དུ་ཆུག་དང་དམྱལ་བ་མ།” མིག་ཀྱང་མི་ཕྱེ་བར་ཧ་ཅང་མི་འདོད་པའི་རྣམ་འགྱུར་བཅས་མགོ་བོ་མལ་ཐུལ་གྱིས་བཏུམ་སོང་།
  “མ་གཅེས།      ད་ནི་མྱུར་དུ་མ་ལངས་ན་ཁྱོད་སློབ་གྲྭའི་རྗེས་ལུས་ཐེབས་པ་དང་ཨ་མ་ལས་ཁུངས་ཀྱི་རྗེས་ལུས་ཐེབས་རན་སོང་།
  “ལུས་ན་ལུས་སུ་ཆུག   ང་སློབ་གྲྭར་མི་འགྲོ།”     

  ཉིན་གུང་།   “མ་ལོ་མྱུར་དུ་སྦྱང་བྱ་ཕྲིས།    དེ་རིང་ཅི་ཞིག་གི་སྦྱང་བྱ་ཡོད།”
  “ཀ་ཁ་ག་ང་ཡོད།”“མ་གཅེས་རྗེས་ཕྱོགས་བོད་ཡིག་ཟེར་དགོས་ཨ།”
  “བོད་ཡིག་ཡི་ན་མོད་ཡིག་ཡི་ན་དེ་ལ་ངོ་མ་སུན་གི”
  “གཅེས་ཕྲུག་དེ་འདྲ་གཏན་ནས་ཟེར་མི་རུང་། ང་ཚོ་བོད་པ་མིན་ནམ།  བོད་པས་བོད་ཡིག་མི་སློབ་ན་སུས་སློབ།”
  “བོད་པ་ཡིན་ན་རང་གིས་སློབ་གིན་སྡོད།”མཚོ་སྐྱིད་ཀྱིས་དབུགས་རིང་ཞིག་འབྱིན་བཞིན་ཁ་ཕར་འཁོར་སོང་།

  ནུབ་མོ།    “གཅེས་ལོ།    ཤོག་དང་ཟ་མ་ཁོལ་ཐལ།”
  “ཟ་མ་ཟོ་དང་ཁྱེད་རང་ཆེས་དགའ་སའི་ཟ་མ་ལས་ཡོད།”
  “མི་ཟ་ངས་ཡོའུ་ཤེའི་རྩེ་དགོས།”“ཨ་མའི་བུ་ཆུང་ངོ་མབཟང་།   ཡ་ད་ཤོག་ལ་ཟ་མ་ཟོ་མི་འཁྱག་ཐལ།”
  རྡོ་རྗེ་འཐད་ལ་མི་འཐད་པའི་ངང་ནས་ཟ་མ་ཟ་ཞོར་དུ་བརྙན་འཕྲིན་གྱི་རྒྱང་བསྒྱུར་བླངས་ནས་འགུལ་རིས་གློག་བརྙན་ཞིག་ལ་ཅེར་སོང་།  
  “ཨ་མས་མ་ལོ་ད་ཉལ་རྒྱུ་བྱོས་ཆུ་ཚོད་བཅུ་གཉིས་ལ་ཐོན་ཐལཁ་རོག་དང་།”
  “གཅེས་ཕྲུག་ད་ཉོལ།   ཞོགས་པར་ཡར་ལངས་མི་ཐུབ་པར་དཀའ”
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།