ཕྱིར་དྲན་གྱི་ལམ་སྣེ་ཞིག

ཕུར་བ་སྐྱབས།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-04-22

           གཅིག
  སློབ་གྲྭའི་སྒྲིག་ལམ་ལྟར་སློབ་བུ་ཕོ་མོ་གཉིས་ལ་སྡོད་ཤག་ཁ་ཁ་སོ་སོ་ཡིན་ལ།ར་བསྐོར་ཡང་ཁ་ཁ་ཡིན།དེའི་མ་ཟད་ལྷག་ཏུ་སློབ་གྲྭའི་ཕོ་མོའི་བརྩེ་དུང་གི་ཐད་ལ་བཀག་འགོག་གམ་ཐེ་གཏོགས་ནན་མོ་བྱེད་ལ།ཕོ་མོའི་བརྩེ་དུང་ལ་རོལ་བའི་གནས་ཚུལ་སློབ་གྲྭའི་དབུ་ཁྲིད་ཚོའི་གོ་སོང་ན་སློབ་གྲྭ་གཅིག་གྱུར་གྱི་ཕྲེང་བསྒྲིག་ནས་མདུན་ངོས་ཀྱི་གར་སྟེགས་སུ་ཕུད་ཅིང་།དབུ་ཁྲིད་རྣམ་པས་ཅི་ནུས་ཅི་ཐུབ་གྱིས་དམའ་འབེབ་དང་སྡུག་མོ་བྱེད།དེ་དུས་ཀུན་གྱི་གླེང་གིན་པའི་༼མི་གཞི་དང་རྩིས་ཐང་༽སོགས་ལ་འདང་རྒྱག་ཅི་ཡང་མེད་པར་ཁྱད་གསོད་དང་རྡོག་བརྫིས་བྱས་པའང་ཐེངས་གཅིག་ག་ལ་ཡིན།དེའི་མ་ཟད་ད་རུང་།སློབ་གྲོགས་དག་གི་ཕ་མ་སོགས་བོས་ནས་སློབ་གྲྭའི་ནང་ནས་༼བུ་བུ་མོ་ཚོའི་༽ཆེད་དུ་ཁས་ལེན་དང་དམ་བཅའ་བྱེད་དུ་བཅུག་སྲིད་མོད།འོན་ཀྱང་།༼འདོད་ཆགས་ཕ་མས་མི་ཁོག་དང་གཅིན་སྐྱག་རྒྱལ་བོས་མི་ཁོག་༽ཟེར་བ་བཞིན་སྒྲིག་ལམ་དེ་ཡི་གསའ་དང་གསེང་ནས་སློབ་མ་མང་པོ་ཞིག་ཁོག་གྱིན་མེད་པ་ཡང་ཆོས་ཉིད་ཅིག་ཏུ་གྲུབ་འདུག
བུ་ཆུང་ཆོས་པ་དང་བུ་མོ་མཚོ་མོ་གཉིས་ནི་རིག་པའི་ལྡུམ་རྭ་དེ་ནས་ངོ་ཤེས་ཤིང་བརྩེ་ཆེན་གྱི་བྲང་གཞུང་ནས་ལག་འཇུ་བྱས།ལག་འཇུ་བྱས་པ་ནི་གཅུན་སྡོམ་བྱསཔ་ལྟར་འཚོ་བཅུད་ལྡན་པའི་སྐད་ཆའི་མགོ་མཇུག་བསྒྲིགས་པ་ཅིས་ཀྱང་ཡིན་སྲིད།ཁོང་གཉིས་བརྩེ་དུང་གི་ཞིང་ཁམས་འགྲིམས་པའམ་དགའ་རོགས་སུ་གྱུར་ནས་ཟླ་ཁ་ཤས་ཤིག་མ་གཏོགས་འགོར་མེད།མ་གཞི་བརྩེ་དུང་ལ་སྲོག་ཆགས་ཀུན་ཀྱང་དགའ་བ་སྨྲས་མེད་རེད།ཁོང་གཉིས་ནི་སློབ་འབྲིང་གི་སློབ་མ་ཡིན་པས་སློབ་གྲྭའི་སྒྲིག་ལམ་ཡ་མ་བརླ་ཡིས་སློབ་མ་དག་གི་ཁ་པར་འཛིན་མི་ཉན་པའི་བཀག་འགོག་ཡོད་པས་ཁོང་གཉིས་ཀྱིས་ཀྱང་རང་ཉིད་ཀྱི་དགའ་དུང་གི་སྐད་ཆ་གསོན་པོ་དག་གམ་ཚུལ་འཆོས་མིན་པའི་སྐད་ཆ་དག་འཕྲིན་ཡིག་གི་ལམ་ནས་ཁ་བརྡ་དང་བརྩེ་དུང་གི་ཞིང་ཁམས་འགྲིམ་འགོ་བརྩམ།ཟིན་བྲིས་འབྲི་དེབ་ཆེན་པོ་རེ་ངོར་འཕྲིན་ཡིག་དག་ཆད་ལྷག་མེད་པར་གོ་རིམ་བཞིན་བྲིས་ཤིང་།འཕྲིན་ཡིག་གི་འབྲི་དེབ་ཆེ་བ་གཉིས་ལྷག་སློབ་སྐབས་གཅིག་གི་ནང་དུ་འདང་མི་འདང་བྱེད།འཕྲིན་ཡིག་དེ་དག་གི་ནང་དུ་དགའ་རབས་དུངས་རབས་ནི་བགྲང་གིས་མི་ལང་པ་ཞིག་བྲིས་ཡོད་པ་བཤད་ག་ལ་དགོས།དེ་ལས་ཁོང་གཉིས་ལ་གཅིག་གྱུར་གྱི་སྐད་ཆ་ཞིག་ནི་༼ཁྱོད་མེད་ན་ང་ཉི་མ་གཅིག་ལའང་འཚོ་དཀའ་རབས་དང་ཁྱོད་མེད་ན་ངའི་ཡ་ཁོག་གི་གློ་མཆིན་ལ་དྲོད་ཁོལ་ཅི་ཡང་མི་འདུག་༽ཞེས་པ་དེ་རེད།
  འཕྲིན་ཡིག་ལས་སྐད་ཆ་འགའ་བཤད་ན།བུ་མོ་ཆོས་མཚོས་བུ་ཆུང་ཆོས་པར་བྲིས་པའི་སྐད་ཆ་ཞིག་ལ་༼འགྲུལ་བཞུད་ཀྱི་འགོ་རྩོམ་ས་ནི་ཁྱོད་ཀྱི་སེམས་ཁོང་ཁོ་ན་ཡིན་པས།གངས་དཀར་ཨ་མའི་ཁ་ཟས་སྣུམ་པོ་དེ་ནམ་ཡང་བརྗེད་མི་སྲིད་ལ།སེམས་གཤིས་དྲོད་མོས་གཉོར་སྐྱོང་བྱས་པ་དེ་བས་བརྗེད་མི་རུང་བ་ཇི་བཞིན་འུ་གཉིས་ལ་དབང་བ་ནི་བརྩེ་དུང་གི་གར་སྟེགས་རེད་ལ།གཅིག་སེམས་གཅིག་ལ་མཐུན་པ་ནི་གར་སྟེགས་ཀྱི་མཛེས་རྒྱན་རེད།དེ་བས་འདི་ལྟར་མ་འོངས་བ་ལའང་འོད་སྟོང་འབར་བའི་མཛེས་ལྔོངས་ཤིག་བསྐྲུན་དགོས་ལ།དེར་ཡིད་ཆེས་དང་རེ་བ་ཡོད།མཐར་མ་ཤི་བར་དུ་ང་ཁྱོད་ལ་དགའ་༽ཞེས་ཡིག་འབྲི་ཆེ་བའི་སྒོ་ནས་བྲིས་འདུག
  བུ་ཆུང་ཆོས་པའི་འཕྲིན་ལན་དུ་༼ཕུགས་བསམ་དང་རེ་སྨོན་གྱི་དབྱངས་རྟ་གྱེར་བས་སློབ་རྭའི་སྐྱེད་ཚལ་གྱི་བར་སྐོར་འདི་ནི་སྐྱེས་བུ་གྲངས་མེད་ཅིག་གིས་ཕུགས་བསམ་གྱི་ཞབས་རྗེས་བཀོད་པའི་ལོ་རྒྱུས་ཀྱི་གླིང་ཀ་ཡིན་ལ།ཁྱོད་དང་ང་ཡིས་བརྩེ་དུང་གི་ལྗང་མྱུག་རྒྱས་པའི་དྲོད་ཁོལ་གྱི་བརྩེ་རྭ་ཆུང་ཆུང་ཡང་ཡིན།བརྩེ་རྭ་ཆུང་ཆུང་དེའི་ཁུ་སིམ་པའི་མཚན་མོའི་ཟླ་འོད་དུ་་་་་ཁྱོད་བདག་གི་བྲང་ཁར་བརྙེས་ནས་ཅི་ཞིག་བཤད་མྱོང་་་་་ཨ་མའི་ནུ་མ་དང་འདྲ་བའི་འོ་ཞིམ་པོ་དེ།ངའི་ནང་ཡང་བརྗེད་ཐབས་བྲལ་་་ངའི་སེམས་ཁོང་གི་མཚོ་མོ་་་༽སོགས་བསྐུར།
  གཞན་མཚོ་མོས་ཁོ་རང་ཉིད་མེ་ཏོག་སྣ་བརྒྱའི་བཀང་བའི་སྤང་ལྗོངས་ཤིག་ཏུ་ཡིད་སེམས་རབ་ཏུ་གསོས་ཤིང་རྣམ་དཔྱོད་ཀྱི་བར་སྣང་ནས་འཇའ་ཚོན་གྱི་སྤྲོ་གུར་ཕུག་ནས་འདྲ་དཔར་རེ་ཅ་ལག་བྱས་ཤིང་།པར་དེ་འཕྲིན་ཡིག་འབྲི་དེབ་གྱི་ཐོག་ལ་སྦྱར་ནས་མཇུག་ཏུ་འདི་འདྲའི་ཡི་གེ་ཞིག་བྲིས་འདུག
  དེ་འདི་ལྟར་ཏེ་༼ངས་འདི་ལྟར་མེ་ཏོག་སྣ་བརྒྱ་རྒྱན་ཏུ་སྤྲས་པའི་སྤང་ལྗོངས་ཤིག་ནས་མཛེས་པ་དག་གམ་དགའ་བ་དག་ཁྱོད་ལ་ཕུལ་ཞིང་རང་སེམས་ཀྱི་བཏུས་པའི་སྙིང་གཏམ་དག་ལ་བདག་པོ་རྒྱག་བཞིན་མཛེས་པའི་སྤང་ལྗོངས་འདི་ནས་རང་དབང་གི་སེམས་པ་བར་སྣང་ནས་ལྡིང་བསྐོར་རྒྱག་གིན་ནམ་ཡང་ཁྱེད་ཉིད་སྒུག་འདོད་ལ།བརྩེ་འཛུམ་གྱི་ང་ལ་དབང་བའི་མེ་ཏོག་དག་ལ་བློ་འདྲི་ཞོར་སྒུག་ཁོ་ཐག་ཡིན།གཞན་ཁྱོད་ཀྱིས་ང་རང་དྲན་པའི་ཉིན་མོར་འདྲ་པར་ལ་བལྟ་བཞིན་སེམས་དབུས་སུ་འཛིན་རོགས་༽ཅེས་བྲིས་འདུག
   དེ་ནི་ཁོང་གཉིས་ཀྱི་བརྩེ་དུང་གི་ཞིང་ཁམས་བསྐྲུན་ཚུལ་རེད་ལ།ཡང་གཅིག་བཤད་ན་འདི་དག་ནི་ཁོང་གཉིས་ཀྱིས་འདས་ཟིན་པས་སྙིང་གཏམ་རེད།
            གཉིས།
  ཁ་བ་ཟམ་ཟིམ་བབས་པའི་ནང་མོ་ཞིག་ལ་བུ་ཆུང་ཆོས་པས་གོམ་པ་རེ་རེ་དཀར་ཞིང་གཙང་དག་གི་ཁ་བའི་ཁྲོད་དུ་ཕབ་བཞིན་མགོ་བོ་རྐང་སྣེར་དུད་ཞིང་།ཁ་བའི་ཁྲོད་ཀྱི་རྐང་རྗེས་རེ་རེར་ཕྱིར་བལྟ་ཞོར་ཕྱིར་དྲན་གྱི་ཀློང་ཏུ་ཁྲིད།དེ་ནི་བུ་མོ་ཆོས་མཚོའམ་དགའ་མ་ཆོས་མཚོ་ཁོང་གཉིས་ཀྱི་འདས་དོན་ཡིན་པ་སྨྲོས་ཅི་ལ་དགོས།
  ཡུན་རིང་ཞིག་ལ་རེ་ཞིང་རྨི་ལམ་ནས་ཡལ་མ་མྱོང་བའི་དགའ་མ་ཆོས་མཚོ་དགའ་གྲོགས་སུ་གྱུར་བ་མ་ཟད་བརྩེ་བའང་རྒྱ་མཚོ་བཞིན་ཟབ་སྟེ་༼ཁྱོད་མེད་ན་ང་ཉི་མ་གཅིག་ལའང་འཚོ་དཀའ་རབས་དང་ཁྱོད་མེད་ན་ངའི་ཡ་ཁོག་གི་་གློ་མཆིན་ལ་དྲོད་ཁོལ་ཅི་ཡང་མི་འདུག་༽ལ་སོགས་པའི་ཚབ་མཚོན་རང་བཞིན་ཅན་གྱི་སྐད་ཆ་བགྲང་གིས་མི་ལང་བ་བཤད་མྱོང་།
  མ་གཞི་ངེད་གཉིས་ཀ་ནི་འཛིན་གྲྭ་གཅིག་ནས་ཡིན་པས་ཉིན་རྒྱུན་འདུག་ས་གཅིག་ནས་འདུག་སྲིད་ལ་དུས་རྒྱུན་བརྩེ་བ་དང་དགའ་བ་གླེང་སྲིད།
  མཚམས་ཤིག་ལ་ཁོ་བོས་བཤད་ཕོད་ལ་མི་ཕོད་ཀྱིས་ངང་ནས་༼འུ་གཉིས་དགའ་རོགས་སུ་གྱུར་བ་ཀུན་གྱིས་གོ་འདུག་ལ།དེར་འུ་གཉིས་མ་སྐྲག་པར་ཚད་འདིར་ཐོན་བྱུང་བ་ནི་མི་ལ་ལས་མི་བཟང་རབས་དང་མི་ལ་ལས་བཟང་རབས་བཤད་མོད།འོན་ཀྱང་སྐུ་ཞབས་ཏན་ཐེས་གསུངས་པ་ནང་བཞིན་༼རང་ཉིད་རང་གི་ལམ་ལ་ཞུགས།གཞན་གྱིས་ཅི་ཟེར་བཤད་དུ་བཅུག༽ཁོ་རང་ལ་མཚོན་ན་དེ་ནི་རླབས་ཆེན་ཞིག་རེད་འདོད།ཡང་གཅིག་བཤད་ན་མི་ལ་ལ་བརྩེ་དུང་གི་ཆེད་དུ་རང་སྲོག་རྟ་རྔ་འདྲ་བོ་དོར་གྱིན་འདུག དེའང་བཤད་ཚུལ་མང་མོད་སྒེར་རང་ལ་མཚོན་ན་དེ་ནི་བརྩེ་དུང་ལ་ངོས་ཟིན་ཐེབས་པའམ་༼བརྩེ་དུང་༽ཟེར་བ་རླབས་ཆེན་ཡིན་པ་རྟོགས་པས་རེད་འདོད།༽དེ་དུས་དགའ་མ་ཆོས་མཚོས་ཡིད་སེམས་གཏད་ནས་ཉན་འདུག་ལ་༼བདེན་གི་༽ཚབ་མཚོན་དུ་མགོ་བོ་ནང་དུ་ཡུག་ཡུག་བྱེད།
  མཚམས་འདི་ནས་ངའི་ཁྱེད་ལ་བཤད་འདོད་པ་ནི་༼མི་མང་པོས་སྐད་ཆའི་སྒྱུ་རྩལ་མངོན་ནས་བུད་མེད་མང་པོ་ཞིག་འགུག་གིན་ཡོད་མོད།བདག་པོ་ང་ལ་མཚོན་ན་དེ་ལས་ལྡོག་ནས་༼སྐད་ཆའི་སྒྱུ་རྩལ་༽ཟེར་བའི་ཁུག་མ་དེ་གོན་ན་མི་འདོད་པས་ཡིད་ལ་ཤར་བ་དེ་གསོང་བོའི་ངང་ཤལ་མར་བཤད་སྲིད་པས།མཚམས་འདི་ནས་བཤད་འདོད་པ་ནི་ཁྱེད་དང་ལུས་འབྲེལ་བྱེད་འདོད་ཡོད་པ་དེ་ཡིན།མ་གཞི་འུ་གཉིས་སམ་ཡང་དག་གི་བརྩེ་དུང་ཞིག་ལ་རོལ་ན་དེ་ནི་གལ་ཆེན་དང་འགངས་ཆེན་ཞིག་མིན་པ་ལོས་རྟོགས་མོད།འོན་ཀྱང་དེ་ནི་ཡང་དག་གི་བརྩེ་དུང་གྲུབ་བྱེད་ཀྱི་ཀ་བ་ལྟ་བུ་མ་རེད་ཟེར་ཕོད་མཁན་ག་ལ་ཡོད་༽སོགས་བཤད་པ་ན།
  དགའ་མ་ཆོས་མཚོ་ཡིས་ཅུང་ཙམ་ཞིག་ལ་མགོ་བོ་སྒུར་ནས་བསམ་གཞིགས་བཏང་བྱུང་ལ།མ་གཞི་ཁོ་མོ་གཤིས་རྒྱུད་བཟང་ལ་རྫུན་དང་ཕྲ་མ་སོགས་མི་གནས་པའི་བུ་མོ་ཡ་རབས་ཤིག་ལ་དགེ་སློབ་ཀུན་གྱིས་བརྩི་བཞིན་ཡོད།དེ་ནས་དགའ་མ་ཆོས་མཚོ་ཡིས་སྐད་ཆ་དྲང་མོའི་སྒོ་ནས་༼ཁྱེད་ཀྱི་བཤད་པའང་བདེན་གི མ་གཞི་ང་རང་ཇོ་མོ་མིན་པས་ལུས་འབྲེལ་མི་བྱེད་ཟེར་ན་རྫུན་ཏུ་གྱུར་སྲིད་མོད།འོན་ཀྱང་དེ་རིང་ཁ་སང་ནི་གཅིག་ན་སློབ་མ་ཡིན་པ་དང་གཉིས་ནས་སྒྲིག་ལམ་བཙན་པས་ཇི་ལྟར་བྱེད།༽
བུ་ཆུང་ཆོས་པས་༼སྐྲག་མི་དགོས་སྔོན་ཆད་བདག་གི་གྲོགས་པོ་ཞིག་ཀྱང་ཉལ་ཁང་གི་ར་ཐོག་ནས་ལྕིབས་ནས་སོང་ཚུལ་དང་གཞན་ཀུན་གྱི་གོ་མེད་རབས་རྒྱས་བཤད་བྱས།༽
           གསུམ།
  དགའ་མ་ཆོས་མཚོ་ཡིས་ཕྱི་དྲོའི་འཚོགས་ཐུན་གསུམ་པོར་བསམ་གཞིགས་བཏང་མཐར་ཁོ་མོས།༼ལུས་འབྲེལ་ནི་གལ་ཆེན་དང་རྩ་ཆེན་ཡིན་པའི་འདུ་ཤེས་མེད་པར་གཙོ་བོ་ནི་འུ་གཉིས་ཀྱི་བརྩེ་བ་ཡུན་རིང་གནས་རྒྱུ་ནི་མཐར་ཐུག་གི་དམིགས་བྱ་རེད་ལ་སོགས་ནེ་ཙོའི་མ་ནི་འདོད་འདོད་བྱེད་ཀྱིན་ཡོད་ལ་ད་རུང་ཡང་དེ་དང་དེ་ནང་བཞིན་ཡིན་པ་བདེན་ན།ལུས་འབྲེལ་ནི་འུ་གཉིས་ཀྱི་རང་ཚོད་ཀྱི་བརྩེ་བ་ལོངས་སུ་སྤྱོད་ཚུལ་རེད་ཟེར་ན་མི་ཆོག་རྒྱུ་མེད་མོད།འོན་ཀྱང་ང་ཆེས་སྐྲག་ས་ནི་སློབ་གྲོགས་དག་གི་གོ་ཨེ་འགྲོ་དེ་མིན་པར་དགེ་རྒན་གྱི་གོ་ཨེ་འགྲོ་དེ་རེད།གལ་ཏེ་གོ་སོང་ན་ཅི་ཞིག་བྱ།༽
  ཁ་བརྡ་བྱས་ནས་འཚོགས་ཅུང་མ་གྲོལ་བའི་སྔོན་དུ་སུ་ཡིས་ཀྱང་བཙན་འཛུལ་མིན་པར་ཁོ་འཐད་ང་འཐད་ངང་བུ་ཆུང་ཆོས་པས་ཐབས་བརྒྱ་ཇུས་སྟོང་གིས་དོ་ནུབ་དགའ་མ་ཆོས་མཚོའི་སྡོད་ཤག་ཏུ་འོང་ནས་ལུས་འབྲེལ་ལ་ཁ་འཆམས་བྱུང་།
            བཞི།
  ནུབ་མོ་དེར་མཚན་འཚོགས་གྲོལ་རྗེས་ང་རང་ཧ་ཅང་ཡིད་སེམས་རབ་ཏུ་དགའ་ནས་སྡོད་ཤག་ཏུ་སོང་བ་ཡིན་ལ།སྡོད་ཤག་ནང་གི་བློས་ཐུབ་གྱི་གྲོགས་པོ་ལ་ལས་༼དེ་རིང་ཁྱེད་རང་དེ་འདྲ་དགའ་པའི་དོན་ཅི་ཡིན།༽སོགས་ཐེངས་མང་པོ་དྲིས་མོད་ཁོ་བོ་དགའ་དྲག་པའམ་ངོ་གནང་བ་སོགས་གང་ཡིན་མ་ཤེས་མོད་གྲོགས་པོ་གཅིག་ལའང་དེ་རིང་ཁོ་འདི་འདྲ་དགའ་བའི་དོན་དག་བཤད་མ་སོང་།སློབ་གྲོགས་ཚོས་ཀྱང་དོན་དག་ངན་པའམ་མི་བཟང་བ་ཞིག་བྱུང་ན་རོགས་རམ་ཅུང་ཙམ་ཨེ་ཐུབ་གྱི་འདུ་ཤེས་ཀྱིས་ཡང་དང་བསྐྱར་ཏུ་འདྲི་སྲིད་མོད།འོན་ཀྱང་དགའ་བ་བྱུང་ན་དོན་དག་བཟང་བོ་ཞིག་བྱུང་བ་ཐག་གཅོད་ཐུབ་པས་ཡང་དང་བསྐྱར་ཏུ་མ་དྲིས་པར་རང་རང་སར་ཉལ་གྲབས་བྱས།
ང་རང་ཉལ་འདོད་པའམ་གཉིད་ཁུག་པའི་གཏི་མུག་ཏེ་རྩ་བ་ནས་བྲལ་ཟིན་ལ། སློབ་གྲོགས་དག་ཉལ་ཆེད་ཅུང་ཙམ་ཉལ་ཁྲི་ཐོག་ནས་བསྡད་རུང་སེམས་སུ་བྲེལ་བྲེལ་འཚུབ་འཚུབ་ཞིག་གིས་ཡ་ཁོག་ཏུ་བཀང་འདུག རྒྱུ་མཚན་ནི་ནུབ་མོར་སྙིང་སྡུག་མ་ཆོས་མཚོ་དང་དུས་བཅད་དམ་ཆོས་མཚོའི་ཉལ་ཁང་དུ་སོང་ནས་ལུས་འབྲེལ་བྱས་པའི་ཁ་ཆད་ཡོད་པས་སོ།།
   སློབ་གྲོགས་ཡོད་ཚད་གཉིད་ཀྱི་རྒྱ་མཚོར་འཐིམས་ཤིང་།༼བརྩོན་འགྲུས་ཅན་ཏུ་༽འབོད་པའི་སློབ་བུ་ཁར་ཁེར་གྱི་དཔེ་བལྟའི་གློག་སྒྲོན་གྱི་འོད་ལས་མེད་པའི་ལྷིང་འཇགས་སམ་གློག་འོད་མག་མོག་གིས་འཇིག་རྟེན་ཡོངས་སུ་བཀང་བའི་མཚན་ལྗོངས་སུ་ཁེར་རྐྱང་དུ་སྡོད་ཤག་ནས་སྒོར་བུད་དེ་བུ་མོ་སྡོད་ཤག་ཕྱོགས་སུ་བསྐྱོད།ཕོ་མོ་སྡོད་ཤག་གི་ར་བསྐོར་མཐོ་ཚད་ལ་རྨིད་གསུམ་བཞི་ཡོད་ལ།ར་ཐོག་ཏུ་ཤེལ་ཆག་གྱེན་ཏུ་སྦྱར་ནས་རྩལ་མེད་སའི་མི་ཞིག་ར་ཁར་འགས་ན་ལག་པ་ཡོད་ཚད་གཙབ་ནས་ཁྲག་གི་ར་བ་དམར་པོར་གྱུར་ཏུ་འཇུག་པ་ལྟ་བུ་ཡིན་མོད།འོན་ཀྱང་བརྩེ་དུང་ནི་རླབས་ཆེན་ཡིན་པས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བུད་མེད་ཀྱི་བོད་ལ་གྱོན་ཚུལ་ངང་ར་ཐོག་ནས་བརྒལ་ཏེ་དགའ་མ་ཆོས་མཚོའི་སྡོད་ཤག་གི་ཕྱོགས་སུ་གོམ་པ་བསྒྱུར།དགའ་མའི་སྡོད་ཤག་ནི་གཅིག་ཐོག་ཡིན་པས་ཁོ་ལ་མཚོན་ན་སྟབས་བདེའི་ངང་ཚུལ་གནས་མོད།ཡ་ཁོག་ཏུ་སྤྲོ་བ་དང་སྐྲག་པ་མཉམ་བསྲེས་ཀྱི་དབུགས་ཀྱང་ལེན་ཐུབ་དང་མི་ཐུབ་གྱི་དགའ་མའི་སྡོད་ཤག་གི་སྒོར་ཐོན་བྱུང་།
སྡོད་ཤག་གི་ནང་དུ་འཛུལ་བ་ན་དགའ་མ་ཆོས་མཚོ་ཡིས་རེ་ཞིང་སྒུག་པ་ལྟར་མགོ་བོ་ཡར་དཀྱོག་ནས་ཞིབ་ལྟ་ཞིག་བྱས་པ་ན་ང་རང་ཡིན་པ་ཤེས་ནས་བྲེལ་འཚུལ་གྱི་ངང་ཁོ་བོར་ལག་བརྡ་བྱས།དེ་ནས་མགྱོགས་མྱུར་གྱིས་ཉལ་དུས་དགའ་མ་ཆོས་མཚོ་ངང་འདར་རྒྱག་གིན་འདུག དེ་ཁག་མེད་དེ་ཁོ་མོ་ཆེས་ཐོག་མའི་དགའ་གྲོགས་དང་ལྷན་ཏུ་ཉལ་བ་ཡིན།
  དེ་ལྟར་སྐད་ངག་ཀྱང་འདར་བའི་ནང་ཁོ་མོས་༼ངོ་མ་འུ་གཉིས་ནི་སྐྲག་རྒྱུ་མེད་སའི་མི་གཉིས་རེད།ང་ཧ་ལས་ནི་ཡིན།༽ཟེར།དེ་ནས་ཅུང་སེམས་བདེ་སྙོམས་སུ་གྱུར་བ་ན་ཁོ་མོས་བཤད་རྒྱུར་
  ༼མིག་རྡེབ་ཙམ་ཀྱང་མ་བྱས་པར་ཁྱེད་རང་སྒུག་ནས་བསྡད་པ་ཡིན་ལ་ངོ་མ་ང་ཁྱེད་ལ་དགའ་བ་དེ་ཇི་ལྟར་བཤད་འདོད་རུང་སྐད་ཆའི་མགོ་སྔ་བསྒྲིགས་མི་ཤེས་པ་ཞིག་རེད།ཁྱེད་ལ་བཤད་རྒྱུ་གཅིག་ཡོད་ནོ་ཁྱེད་དངོས་གནས་ང་ལ་དེ་ལྟར་དགའ་བ་ཡིན་ནམ།ཁྱེད་ཀྱི་ང་ལ་རྫུན་གཏམ་མི་ཆོག༽ཟེར།
  ཁོ་བོས་༼དེ་ལོས་ཡིན།ཁྱེད་ཀྱི་དེའི་ཕྱོགས་ལ་འདང་རྒྱག་མི་དགོས།༽
  དེ་ནས་ཁོ་བོར་མཚོན་ན་ལུས་འབྲེལ་ནི་༼མཛོ་ལྟོགས་ཆུ་ཐོག་ལ་ཐོན་པ་༽བཞིན་བཟོད་བསྲན་དཀའ་བས་ཁོ་བོའི་༼འོ་ཞིམ་༽ཞིག་གིས་སྔོན་འགྲོ་བྱས་ནས་ཁོ་མོའི་ནུ་རྡོ་ཕུར་ཞོར་ལུས་འབྲེལ་གྱི་ལས་ཀར་ཞུགས།མ་གཞི་ཁོ་མོ་ཆེས་ཐོག་མའི་ལུས་འབྲེལ་ཡིན་པས་ལུས་འབྲེལ་འགོ་རྩོམ་མ་ཐག་ཁོ་མོར་ཚ་གཟེར་དང་ཉལ་ཁྲིའི་ཙིག་སྐད་གཉིས་ཀྱིས་སྡོད་ཤག་ཡོངས་སུ་དབང་བསྒྱུར་བར་བྱས།དེ་དུས་ཉལ་གྲོགས་ལ་ལ་གཉིད་ལས་སད་ནས་ཁོ་རང་ཚོའང་བདེ་བའི་ཞིང་ཁམས་ཤིག་ཏུ་ཁྲིད་པ་ལྟར་དགའ་མགུ་ཡི་འཁུན་སྒྲ་ད་རི་འདི་རི་བྱིན་གྱིན་འདུག་མོད། དགའ་མ་ཆོས་མཚོ་ཅི་ཡང་གོ་མ་སོང་བར་སྐྱིད་པ་དང་ན་བའི་རང་བཞིན་གྱི་དབང་ལྔའང་དབང་བསྒྱུར་ཞིང་ཉལ་ཁྲིའི་ཉལ་གདན་དེ་ཁྲག་གིས་རློན་པར་བྱས་པ་ན།དགའ་མ་ཆོས་མཚོའི་ཐོག་མར་ལུས་འབྲེལ་བྱས་པའི་ཚོར་བའི་སྐད་ཆ་གོ་ཐོས་མེད་པའི་ཁྲག་བཞུར་བར་སྐྲག་ནས་ཁོ་བོར་ལུས་འཁྱུད་བྱས་ཏེ་ངུ་ལ་ཁད་ཀྱི་འདི་ཅི་ཞིག་ཡིན་ཚུལ་དྲིས།
  ཁོ་བོས་འོ་ཞིག་བྱེད་ཞོར་༼དེ་སྐྱོན་ཡོད་ནི་མ་རེད།ཁྱོད་ཀྱི་ཐོག་མའི་ལུས་འབྲེལ་ཡིན་པས་རེད།༽བཤད་ཞོར་ཁོ་བའི་ལག་པ་གཉིས་པོས་ཁོ་མོ་ལུས་པོ་འཁྱུད་ནས་བསྡད།སྔོན་བཤད་པ་ནང་བཞིན་དེ་ནི་ཞོར་གྱི་ལོངས་སྤྱོད་ཙམ་ལ་ངོས་ཟིན་ཐེབས་པ་ཇི་བཞིན་དེ་ལས་བརྒལ་ཏེ་བརྩེ་དུང་གི་རྒྱུན་ལ་ཁ་བརྡ་བྱས།
  ཁོ་མོའི་ལག་པ་གཉིས་པོ་ཁོ་བོའི་སྐེ་རུ་བསྲིངས་ནས་བཤད་རྒྱུར་༼ཁྱེད་རང་དག་དག་ང་ལ་དགའ་བ་ཨེ་ཡིན།༽ཞེས་བསྐྱར་འདྲི་བྱས།
  ཁོ་བོའི་དྲང་བོ་དྲང་བཞག་གིས་༼དངོས་གནས་ཁྱེད་ལ་དགའ་བ་ཡིན།མ་གཞི་ངའི་གཞན་ལ་ཕན་མ་ཐོག་ན་གནོད་མི་སྐྱེས་པའི་འདུ་ཤེས་ནམ་ཡང་ཡོད་ལ།ཡང་གཅིག་བཤད་ན་ཁྱེད་ཀྱི་ང་ལ་མི་དྲང་བའི་དོན་དག་མ་བྱས་པའི་ཡ་སྔོན་ངའི་ཁྱེད་ལ་མི་དྲང་བ་ཞིག་བྱེད་མི་སྲིད།༽དེ་ནས་ཁོ་མོ་ཅུང་མགུ་མོད།འོན་ཀྱང་ཁོ་བོའི་ལག་པར་འཇུས་ནས་བཤད་རྒྱུར་༼ཉི་མ་དོ་དགོང་ནས་ང་ནི་ཁྱོད་ཀྱི་ནམ་ཡིན་ཡང་དགའ་མ་ཡིན་ཁོ་ཐག་ཟེར་ནས་མནའ་སྐྱེལ་དགོས༽ཟེར།
ཁོ་བོས་༼དེ་ཅུང་མི་དགའ་བའི་ངང་།མ་གཞི་ཚེ་གྲོགས་ཟེར་བ་ལས་དབང་ལ་ཐུག་ཡོད།དེ་བས་་་་་་༽ཁོ་མོ་ཅུང་མི་དགའ་བའི་ནང་ནས་༼རེད་རེད།ད་ངའི་ཤེས་ཀི༽ཟེར་ཞོར་མི་འགྱང་བར་ཁོ་བོ་འགྱུར་གྱི་འདུ་ཤེས་ཡོད་པ་རྟོགས་སོང་ཁར་བྱས།
ཁོ་བོས་༼ཏག་ཏག་དེ་འདྲ་ཞིག་མ་རེད། རེད་རེད། ཆོག་གི ངའི་མནའ་བསྐྱལ།༽ཁོ་མོའི་ལག་པར་འཇུ་ནས་༼ཁྱོད་མ་འགྱུར་བར་ཏུ་ང་མི་འགྱུར་ཁོ་ཐག་ཡིན་༽ཞེས་མཉམ་ཏུ་མནའ་བསྐྱལ།ཁོ་མོས་ཀྱང་དེ་ནང་བཞིན་གྱིས་མནའ་བསྐྱལ།
     དེ་ནས་ཆུ་ཚོད་ལ་བལྟས་པ་ན་ཆུ་ཚོད་ནི་ནམ་སྨད་ཀྱི་ཆུ་ཚོད་བཞིར་སླེབས་ལ་ཉེ་བའི་ཅིས་ཀྱང་མགྱོགས་མྱུར་གྱི་ཁོ་བོ་ཕར་སྡོད་ཤག་ཏུ་མ་སོང་ན་༼བརྩོན་འགྲུས་ཅན་༽དུ་འབོད་པའི་སློབ་གྲོགས་དག་ཡར་ལོངས་ནས་དཔེ་ཀློག་བྱེད་སྲིད་པས་མྱུར་ཏུ་ཁོ་མོར་འོ་ཞིག་བྱས་ནས་གོན་པ་དག་གྱོན་ནས་རྐང་འཇབ་ལག་འཇབ་གྱི་སྒོར་བུད་དེ་ཕྱིར་རང་གི་སྡོད་ཤག་ཏུ་འོང་།གོམ་པ་གང་རེ་གང་རེ་སྤོ་ནས་རྨིད་གསུམ་བཞི་ཡོད་པའི་ར་བར་གཟས་ཏེ་འོང་བ་ན་༼བརྩོན་འགྲུས་ཅན་༽དུ་འབོད་པའི་སློབ་གྲོགས་ཁ་ཤས་ཤིག་གིས་མཐོང་ནས་འུར་རྒྱག་ཞོར་བདའ་ནས་འོང་།དེ་ཁག་མེད་དེ་སྐབས་དེར་ཕོ་མོ་ཕར་འགྲོ་ཚུར་འོང་གི་གནས་ཚུལ་མང་པས་སློབ་གྲྭའི་དབུ་ཁྲིད་རྣམ་པས་སུ་ཞིག་གིས་མི་དེ་དག་འཛིན་ཐུབ་ན་དགའ་རྟགས་ཡོད་༽ཞེས་ཚོགས་ཐོག་ནས་བསྒྲགས་པ་དང་༼བརྩོན་འགྲུས་ཅན་༽དུ་འབོད་པའི་སློབ་གྲོགས་དག་བྱ་དགའ་ཆེད་དུ་ཤི་འཐབ་རོ་འཐབ་བྱེད་ཀྱིན་པས་ཐེ་ཚོམ་མེད་པར་བདའ་ནས་འོང་།ཁོ་བོའང་སྐྲག་ནས་ཅི་ཡིན་འདི་ཡིན་མི་གསལ་བའི་ནང་བཙན་གྱིས་ར་མགོར་འཇུས་ནས་ཕར་ལྕེབས་པ་ན་བོད་ལྭའི་ཕྱི་གོས་༼ཧྲགས་༽སྒྲ་དང་བཅས་ར་མགོའི་ཤེལ་ཆག་རྣོན་པོ་དག་གིས་གཤགས་ནས་བུད་སོང་།
     དངངས་སྐྲག་དང་བཅས་རྡོག་སྣེ་ཐོག་ནས་ས་རུ་འགྱེལ་སོང་།དེ་དུས་ཁ་བས་རྒྱན་པའི་དཀར་བག་བག་གི་འཇིན་རྟེན་ཞིག་གམ་ཁོ་བའི་མཐོ་འབྲིང་སློབ་གྲྭའི་ལུས་རྩལ་ར་བའི་སྒོ་ཐེམ་ན་ལུས་འདུག་པ་ཚོར།མ་གཞི་གོང་གི་དོན་དག་ནི་ཕྱིར་དྲན་ཞིག་གམ་རྨི་ལམ་ཞིག་ཡིན་པ་ད་གཟོད་ཤེས།
              ལྔ།
  ཁོ་བོ་ལུས་རྩལ་ར་བའི་ནང་དུ་གོམ་ཁ་བསྒྱུར་ཞོར་ཡང་ཕྱིར་དྲན་ཞིག་བྱས་པ་ན་གོང་གི་དོན་དག་ནི་དམའ་འབྲིང་གི་འདས་དོན་ཞིག་ཡིན་ལ།ཁོ་མོ་ད་རུང་བདག་གི་བདག་མོ་ཡིན་སྲིད་དམ་གྱི་དྲི་ཚིག་ཅིག་དབང་མེད་དུ་འཁོར་འོང་དུས།མ་གཞི་དེ་ནི་འདས་དོན་རྐྱང་རྐྱང་ཅིག་ལས་ལག་སྙོབ་བྱས་ས་ཞིག་གཏན་ནས་མེད།
  ཁོང་གཉིས་མཐོ་འབྲིང་གི་སྐས་ཐེམ་འགྲིམ་ནས་ཟླ་ཁ་ཤས་ཤིག་འགོར་བ་ན་སློབ་གྲོགས་གསར་བ་མང་པོ་ངོ་ཤེས་ཤིང་།ཁོ་བོ་ལ་༼ཟླ་བ་༽ཟེར་བའི་བློས་ཐུབ་གྱི་གྲོགས་པོ་གསར་བ་ཞིག་ངོ་ཤེས་པ་མ་ཟད་ཁོ་ལ་དགའ་གྲོགས་ངོ་མདངས་ཡག་པོ་ཅན་ཞིག་ཡོད།དེ་ནས་གྲོགས་པོ་ཟླ་བ་བརྒྱུད་དེ་ཁོ་མོ་ངོ་ཤེས་ཤིང་།ངོ་ཤེས་ནས་རྒྱུས་ཅན་དུ་གྱུར།
   ཉིན་ཞིག་གྲོགས་པོ་ཟླ་བའི་དགའ་གྲོགས་ཀྱིས་ཁོ་བོ་བོས་ནས་ས་ཆ་ག་གེ་མོ་ཞིག་ནས་གྲོགས་པོ་ཐད་ཀྱིས་ཁ་བརྡ་བྱས།སྐབས་དེར་ཁོ་བོའི་དགའ་གྲོགས་ཆོས་མཚོ་ཡང་ཁོ་མོ་གྲོགས་པོ་ཁ་ཤས་ཤིག་དང་རྩེད་ཞོར་ཐོན་བྱུང་བའི་གློ་བུར་ཏུ་གདོང་ཐུག་བརྒྱབ་བྱུང་།དེ་དུས་ཆོས་མཚོའི་མིག་གི་རིལ་རིལ་གྱིས་ཡང་བལྟ་བསྐྱར་བལྟ་ཁ་ཤས་བྱེད་ལ།ཁོ་མོའི་གྲོགས་པོ་དག་གིས་ཁོ་མོའི་ངོར་བལྟས་ནས་ཧད་འདུག དེ་མ་ཐག་དགའ་མ་ཆོས་མཚོ་ངོ་ཚ་ཞིག་དང་ཁོང་ཁྲོ་ཞིག་གིས་བཙིར་ཞོར་ཁ་ཕྱིར་ཁོར་ནས་མགྱོགས་མྱུར་ནང་བརྒྱུག་སོང་།དེ་དུས་ཁོ་བོའས་ཁོ་མོའི་གོ་ལོག་བྱུང་བ་ཚོར་མོད།འོན་ཀྱང་རྗེས་ནས་ཁ་བརྡ་གསལ་བོ་བྱས་ན་མི་འགྲིག་རྒྱུ་མེད་སྙམ་ནས་ཁོ་བོ་བསམ་རྒྱུ་དྲན་རྒྱུ་མེད་པར་ཧད་ནས་བསྡད།དེ་ནས་ཅུང་མ་འགོེར་བར་ཁོ་མོའི་གྲོགས་པོ་ཞིག་ཏེ་ཁོ་བོའི་སློབ་གྲོགས་ཤིག་གིས་ཁ་པར་ཐོན་བྱུང་།༼ཁྱེད་རང་མྱུར་ཏུ་སློབ་གྲྭའི་ལུས་རྩལ་ར་བར་ཤོག་ཟེར༽
  འོ་ཡ༽ཟེར་ཞོར་རྒྱུག་ཐེངས་གཅིག་གིས་ཁོ་བོ་ལུས་རྩལ་ར་བར་ཐོན་པ་ན་ཆོས་མཚོ་དང་སློབ་གྲོགས་ཁོ་མོ་གཉིས་པོ་ཐོན་འདུག
  ཆོས་མཚོ་ངོ་གདོང་དམར་ནག་ཏུ་གྱུར་ནས་སྐད་དམའ་མོས་ངང་བཤད་རྒྱུར་༼ད་སློབ་གྲྭ་གཅིག་བརྗེས་ནས་སློབ་གྲྭ་གསར་བ་ཞིག་གི་སྒོ་ཐེམ་འགྲིམས་པ་རེད།དེ་དང་མཉམ་ཏུ་ཁྱོད་ལའང་ཚོར་བ་གསར་བའམ་འཚོ་བ་གསར་བ་ཞིག་གིས་འགོ་རྩོམ་དགོས་པ་ཡང་ཆོས་ཉིད་ཡིན་རྒྱུ་རེད།དེ་བས་ད་འུ་གཉིས་ཀྱང་ཁ་ཁ་བྱས་དགོས་རྒྱུ་རེད།དེ་མ་ཟད་ཁྱོད་ལ་གཞན་པའི་དགའ་རོགས་ཡོད་པ་མིག་མཐོང་ལག་ཟིན་རེད།མཐར་ཁྱོད་གཉིས་མཐུན་ཞིང་ནམ་ཡང་མི་བྲལ་བའི་སྨོན་ལམ་དང་ཁྱོད་ཀྱི་འཚོ་བ་ཉིན་རེ་ནས་ཉིན་རེ་ཇེ་རྒྱས་ཇེ་ལེགས་འོང་བར་སྨོན།གཞན་ངའི་ལག་ན་ཡོད་པའི་ཁྱེད་ཀྱི་ཆ་ལག་དག་སློབ་གྲོགས་ཁོ་མོ་བརྒྱུད་ནས་ཕྱིར་སྤྲད་ཆོག༽ཟེར།
  ཁོ་བོས་ན་ཟུག་དང་མཉམ་ཏུ་ཐབས་བརྒྱ་ཇུས་སྟོང་གིས་༼ཁོ་མོ་ནི་ངའི་གྲོགས་པོ་ཟླ་བའི་དགའ་རོགས་ཡིན་པས་ངེད་གཉིས་བར་ལ་གྲོགས་པོ་འབྲེལ་བ་མ་གཏོགས་ཅི་ཡང་མེད་ཚུལ་བརྒྱ་བཤད་སྟོང་བཤད་བྱས་རུང་ཁོ་མོའི་སེམས་པ་ནི་༼རྡོ་ཐོག་ཆུ་བླུག་༽ལས་ཞིབ་མདང་ཞིག་མི་རྒྱག་པར་ད་བདེ་མོ་ཟེར་ཞོར་མིག་ཆུ་ཞིག་འཕྱི་སྟེ་ཁ་ཕྱིར་འཁོར་ནས་བུད་སོང་ལ།ཁོ་བོའི་སློབ་གྲོགས་ཁོ་མོས་ཡང་ཁྱོད་ལ་བདེ་ཐལ་ཟེར།༼གྲོག་མ་རྒྱུགས་ཐེངས་མང་ན་རྐང་ལག་ཐང་ཆུར་འཇར་༽ཟེར། ཁོ་བོའི་དེ་འདྲ་ཞིག་མིན་ཚུལ་ཇི་འདྲ་བཤད་རུང་གྲོགས་པོ་ཁོ་མོར་བཤད་ས་མི་འགྲོ།ཁོ་མོར་བཤད་སར་མི་འགྲོ་ན་དགའ་མོ་ཆོས་མཚོར་དེ་བས་བཤད་སར་འགྲོ་རྒྱུ་མ་རེད་འདོད་ནས་ཁོ་ཆད་དུ་བཅུག དེ་བས་ཡ་ཁོག་ཏུ་སྐྱོ་བ་དང་སྡུག་གིས་མནར་ནས་ལུས་རྩལ་རྭ་བའི་དཀྱུལ་ཞིག་ནས་ཁ་གནམ་ལ་གཏད་དེ་མིག་ཆུ་ཁོག་མྱིད་བྱེད་ཀྱིན་རང་དབང་མེད་པར་གླུ་བ་ཤེར་བསྟན་དང་རྒྱ་མཚོ་གཉིས་ཀྱི་འགུག་མྱོང་བའི་གླུ་དབྱངས་ཏེ་སྐད་ངག་འདར་འདུར་དང་སྐྱོ་སྣང་གིས་མགྲིན་པ་འགག་ཞོར་ཏུ་༼ཚེ་འགྲོས་འདུན་པ་དེ་བློ་ལ་མཉམ་སྐྱེས་ཡིན།བཞུད་ཟིན་པའི་ལོ་རྒྱུས་མ་མཐོང་བར་ང་རང་གཅིག་པར་ལུས།གྲོགས་དང་གྲོགས་མོ་ཚོ་སུ་ལ་དྲིས་ནའང་།གནས་ལུགས་དང་རྒྱུ་མཚན་མི་འདྲེན་པར་ལས་དབང་རེད་གསུང་བྱུང་།དུས་ད་ལྟ་སུ་ཞིག་ལ་ལེ་བདའ་བྱེད།འདས་ཟིན་པའི་སྐྱོ་གདུང་གིས་ཅི་ཞིག་ཕན།དྭངས་ཤིང་གཙང་བའི་སེམས་འདུན་དེ།བཅོས་མ་མིན་པའི་བརྩེ་བ་དེ།ནམ་ཡང་མ་འགྱུར་བར་མ་བརྗེད་ཡང་།ཐོབ་འབྲས་མེད་པ་ཅི་རེད།སྙིང་ཉེ་བའི་མི།དམ་བཅའ་དེ་ཅི་ལ་འགྱུར་སོང་།༽
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་དྲན་གྱི་ལམ་སྣེ་ཞིག

2013-04-22 ཕུར་བ་སྐྱབས།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།