ཕོ་བྲང་ནག་པོ།

IMG_0346.JPG
             གཅིག  

  ཉི་མ་ནུབ་ཕྱོགས་ཀྱི་རི་རྩེར་སླེབས་པའི་དུས་སྐབས་དེར། མཚམས་སྤྲིན་གྱི་ངོ་གདོང་དམར་མདངས་ནས་ཇེ་སྐྱར་གྱུར་ཞིང་། ཕོ་བྲང་ནག་པོའི་ཡང་རྩེ་ནས་རླུང་བུ་ཤུགས་ཀྱིས་གཡུགས་ཏེ་སྒེའུ་ཁུང་མེད་པའི་འཇིག་རྟེན་གྱི་གྲིབ་མ་ཡོར་ཡོར་བསྒུལ། མདུན་ཐད་ཀྱི་བྱ་དངོས་ཡོད་ཚད་མུན་ནག་གི་གྲོགས་སུ་གྱུར་ཞིང་། མུན་ནག་གི་ལག་པར་འཇུས་ནས་མདུན་ནས་མདུན་དུ་བསྐྱོད། རྐང་རྗེས་སབ་སོབ་བཏོད་པའི་གཞུང་ལམ་གྱི་གཡོན་ཕྱོགས་ན་བདེ་ལྡན་དང་སེང་གེ་གཉིས་ཀྱིས་སྤྱི་སྤྱོད་རླངས་འཁོར་ཨང་རྟགས་ང་བརྒྱད་པར་བསྒུག་འདུག ཁོ་གཉིས་སྤྱི་སྤྱོད་རླངས་འཁོར་བསྒུག་པའི་མི་ཚོགས་ཀྱི་ཁྲོད་ན་མཐོང་ལ་མི་མཐོང་བར་མངོན་ཞིང་། བདེ་ལྡན་གྱིས་དུ་བ་འཐེན་པའི་དུད་ཞགས་ཀྱིས་བདེ་ཐང་ཞེས་པའི་ཐ་སྙད་དེ་རོ་འདྲུད་འདྲུད་བྱས་ནས་མཁའ་དབྱིངས་སུ་ཡལ། ད་དུང་སེང་གེར་བྲོ་བའི་ཆང་དྲི་དེས་མི་མང་པོ་ཞིག་གི་སྣ་དབང་ལ་བསམ་ནག་ཆེན་པོ་ཞིག་བྱེད་བཞིན་འདུག་པས། སྤྱི་སྤྱོད་རླངས་འཁོར་བསྒུག་པའི་མི་ཚོགས་ལ་མཚོན་ན་བདེ་ལྡན་དང་སེང་གེ་གཉིས་ཀྱི་འགྲམ་ནས་དུས་ཚོད་ནི་འགྲོ་རྒྱུ་མེད་པའི་བརྟན་སྐར་ཞིག་དང་འདྲ་ལ། བསྒུག་ཡོད་པའི་སྤྱི་སྤྱོད་རླངས་འཁོར་ནི་ཡོང་རྒྱུ་མེད་པའི་འདས་སོང་གི་ལོ་ཟླ་དང་ཅིའི་མི་མཚུངས།
 “ཁྱེད་ཀྱིས་དུ་བ་མ་འཐེན་རོགས།”
“ ཁྱེད་ཀྱི་སྟེང་ན་ཆང་དྲི་སྐྱུག་བྲོ་བ་ཞིག་འཐིལ་གྱིན་འདུག ”
“ ཁྱེད་གཉིས་ཕལ་ཆེར་ཕོ་བྲང་ནག་པོའི་ནང་འགྲོ་བའི་སྐུ་མགྲོན་གཉིས་ཡིན་ས་རེད། ”
“ དེ་རིང་གི་སྤྱི་སྤྱོད་རླངས་འཁོར་ལ་སྒུག་ཚོད་ཡོད་ས་མ་རེད། ” བདེ་ལྡན་གྱིས་མི་ཚོགས་ཀྱི་སྐད་ཆ་ཕར་གཡུགས་ནས་ “ སེང་གེ ཁྱེད་གང་ན་ཡོད། ང་ལ་ཁྱེད་མི་མཐོང་བའི་མིག་ཟུང་ཞིག་འདུག ” དེ་ལྟར་དུད་ཞགས་ཀྱིས་བདེ་ལྡན་གྱི་མཐོང་ལམ་ཧྲིལ་བོ་བཀླུབས་ཤིང་། མདུན་གྱི་ཕོ་བྲང་དེ་ཡང་དཀར་ལ་སྐྱ་བའི་ཁ་མདོག་གིས་དབང་དུ་བཅུག
“ སྤྱི་སྤྱོད་རླངས་འཁོར་ཐོན་འདུག མ་རེད་མ་རེད། ཐོན་ལ་ཉེ་འདུག ”སེང་གེས་གློ་བུར་ཏུ་མི་ཚོགས་ལ་རྒྱབ་གཏད་ནས་སྐད་གསེང་མཐོན་པོས་འུར་བརྒྱབ་པས། བདེ་ལྡན་གྱི་སེམས་ལ་སེང་གེ་ངོ་མ་བཟི་འདུག་སྙམ་པའི་དྲན་ཚུལ་ཞིག་སྐྱེ་རུ་བཅུག “ ཁྱེད་ཤི་སོང་ན་འགྲིག་གི ང་གཉིད་སོང་ན་བསོར་གི ” སེང་གེས་མུ་མཐུད་དུ་འུར་བརྒྱབ་པས། མི་ཚོགས་ལ་སྐྲག་སྣང་སྟེར་ཞིང་བདེ་ལྡན་ལ་དོགས་སྣང་བྱིན།
  “ ཁྱེད་ངོ་མ་བཟི་ཡོད་ཀྱང་། རང་ཉིད་ཀྱི་ཁ་དང་སྐད་གདངས་ལ་བདག་པོ་རྒྱགས་ཐུབ་དགོས་ཡ།” བདེ་ལྡན་སེང་གེའི་ཕྲག་པར་ཁེན་ནས་“ ཁྱེད་ཡིན་ན་ཆོག ང་ཡིན་ན་ཆོག མ་མཐའ་ཡང་རང་གཉིས་ཀ་མུན་ནག་གི་ལག་པར་འཇུས་ནས་མདུན་ཏུ་སྐྱོད་བཞིན་ཡོད་པ་མ་བརྗེད་ཅིག ” ཏག་ཏག་བདེ་ལྡན་གྱིས་སེང་གེར་སྐད་ཆ་དེ་བཤད་དུས། མིག་དང་སེམས་ཀྱིས་དཀར་ཞིང་དྭངས་པའི་མྱ་ངན་ཐང་ཞིག་མྱོང་གི་ཡོད་ལ། མྱ་ངན་ཐང་ཆེན་མོ་དེའི་དཀྱིལ་དབུས་སུ་ལོ་མ་ལྗང་སེར་སྐྱེས་པའི་སྡོང་བོ་ཞིག་མཐོང་། ཡལ་ག་སོ་སོའི་སྟེང་ལ་གཤོག་པ་ཡ་གཅིག་ལས་མེད་ཅིང་། སྒྲོ་མདོག་རེ་རེར་གསོན་ཤུགས་རྒྱས་པའི་བྱེའུ་རེ་བབས་འདུག བདེ་ལྡན་མིག་འཕྲུལ་དེར་གོམས་ཡོད་པ་དང་འདྲ་བར་རྣམ་ཤེས་ཀྱི་ཕུང་བོ་དེ་ཡི་ཕྱོགས་སུ་གཡེང་། “ གང་ལྟར། ཆང་མེད་པའི་འཚོ་བ་ནི་ཕུན་སུམ་ཚོགས་པའི་དགྲ་ཟླ་རེད་པས། ང་རང་དགྲ་ཟླ་མང་བའི་འཚོ་བ་ལ་ཞེན་པ་ལོག་ཡོད། ངས་བཟོད་པ་སྒོམ་ཡོད། མི་ཚོགས་ང་ལ་སྐྲག་དགོས་དོན་རྩ་བ་ནས་མེད་པ་འདྲ། ”་ སེང་གེས་མུ་མཐུད་དུ “དངོས་གནས་དྲང་གནས་དེ་འདྲ་ཞིག་སྐྲག་པ་ཡིན་ན། ཁོ་ཚོ་ཅིའི་ཕྱིར་མུན་ནག་གི་ཁྲོད་ནས་མིག་ཤེལ་ནག་པོ་གྱོན་པར་མ་སྐྲག་པ་རེད།” བདེ་ལྡན་གྱིས་མིག་ཟུང་ཕུར་ཕུར་འགའ་བྱས་ནས་ “ གལ་ཏེ། ཁྱེད་ཀྱིས་རང་ཉིད་བཟི་འདུག་འདོད་ན། ལག་ལ་བཟུང་བའི་ཆང་དམ་དེ་ང་སར་གཡུག་དང་། ངས་ཆང་དམ་དེའི་ནང་གི་ཆང་ཚང་མ་ཧུབ་གང་བྱས་ནས་འཐུང་འཇོག དེ་མིན་ན་རང་ཁ་རང་སྲོག་གཅོད་ཀི་སྟ་རེ་མ་བྱེད་རོགས། ”
“ སུས་ང་བཟི་འདུག་ཟེར། ང་བཟི་མེད་པ་ཁྱེད་ལ་གསལ་བོ་ཡིན། ”
“ དེ་ན་བཟི་བཤད་མ་བྱེད། མི་འདི་དག་གི་ཁྲོད་ན་སྙིང་ནད་ཅན་ཡོད་ངེས། གལ་ཏེ་་་”
“ བཤད་མི་དགོས། བདེ་ལྡན་བུ་ངན། ཁྱོས་ང་བཟི་འདུག་ཟེར་ན་ང་བཟི་ཡོད་པ་རེད་དམ། ཁྱོས་ངས་བཟི་བཤད་བྱེད་ཀི་ཟེར་ན་ངས་བཟི་བཤད་བྱས་པ་རེད་དམ། རེད་དམ། ” མི་ཚོགས་གཅིག་ནས་གཉིས། གཉིས་ནས་གསུམ། གསུམ་ནས་བཞི་བྱས་ནས་ཁོ་གཉིས་དང་ག་ལེར་བཀྱེད་སོང་མོད། གདོང་ལ་གདོང་གཏད་པའི་ཁོ་གཉིས་ཕོ་བྲང་ནག་པོའི་ཕྱོགས་སུ་གཟུགས་དང་གྲིབ་མ་ལྟར་འགྲོ་ཡི་འདུག

             གཉིས།

  སྒོ་མོ་ཞིག་གི་འགྲམ་ལ་ཐོན་ཡོད་པའི་མི་ཚོགས་ཀྱི་སྣང་བ། དེ་ལ་ལྕགས་ཀྱི་ཟྭ་ཆེན་ཞིག་བརྒྱབ་ཡོད་པ་དང་རང་ཉིད་དེ་ནས་ཕྱིར་མི་ཐར་པའི་སེང་གེའི་བསམ་ཚུལ། དེའི་ནང་ནས་རང་གི་གྲིབ་མ་ཡང་མི་མཐོང་བའི་བདེ་ལྡན་གྱི་དྲན་སྟངས། ཐམས་ཅད་མེ་ཕུང་གི་དབུས་ན་མཆེད་པའི་འོད་མདངས་དམར་སེར། དེ་ཡང་གཡོ་ཞིང་འགུལ་བར་བྱེད་པའི་བཟོ་ལྟ་སྐྱོ་བོ། ཕོ་བྲང་ནག་པོའི་གསང་བ་དང་ལྷན་ཏུ་མི་ཡུལ་གྱི་ཀླད་རྩེར་ལྷུང་དུས། ཕྱོགས་བཞིའི་མཐོང་སྣང་ལས་གསལ་ལ་མི་གསལ་བའི་བུ་མོ་ཞིག་གི་མིག་ཟུང་མངོན་ལ། འགྲམ་པ་དང་སྣ། ཐོད་པ། སྨིན་མ། སོ་ཕྲེང། བྲང་དང་ནུ་མ་སོགས་ཀྱི་སྟེང་ནས་བསླུ་བྲིད་ཀྱི་ཐ་སྙད་ཤ་སྟག་ཅིག་མངོན། སྤྱིར་འདི་ཡང་རྒྱུན་ལྡན་གྱི་འཚོ་བ་ཙམ་ཞིག་ཡིན་སྲིད་ཀྱང་། འཚོ་བའི་གཏིང་རིམ་ནས་ཡར་འཛེག་པའི་བདེ་ལྡན་དང་སེང་གེ། དེ་བཞིན་མི་ཚོགས་ལ་མཚོན་ནས་བཤད་ན་དེ་ནི་བསླུ་བྲིད་རྐྱང་རྐྱང་ཞིག་རེད།
  “ ང་ལ་བསླུ་བྲིད་གཏོང་མཁན་གྱི་གཤེད་མ་ལྟ་བུ་དེ་ནི་ང་རང་ཡིད་ཆེས་བླ་ལྷག་ཡོད་པའི་མི་དེ་ཡིན།” སེང་གེས་མུ་མཐུད་དུ“ མི་དེ་ཁྱོད་ཚོས་ཤེས་དགོས་དོན་གཏན་ནས་མེད། གཏན་ནས་མེད། དེ་ནི་ང་རང་ཉིད་དང་འབྲེལ་བ་ཡོད་པ་ལས་གཞན་སུ་ལའང་འབྲེལ་བ་མེད། ཁྱོད་ཚོས་གཏན་ནས་ཤེས་དགོས་དོན་མེད། ” “ ངས་ཤེས་ཀྱང་ང་ལ་ཕན་དང་གནོད་པ་ཅི་ཡང་མེད་པས། ངས་ཤེས་པའི་དབང་དུ་བཏང་རུང་། དོན་དེ་ལ་སྙིང་བོ་སྤུ་ཙམ་ཡང་མེད་པ་མ་རེད་དམ།” བདེ་ལྡན་གྱིས་“ གལ་ཏེ། ཁྱོད་ཀྱིས་དངོས་གནས་དེ་འདྲ་འདོད་ན་ང་ཚོར་བཤད་དགོས་དོན་ཡང་མེད།” “ མ་བཤད་ན་སྐྱིད་པོ་ཞིག་ཡིན་རྒྱུ་ཨེ་རེད། རང་རང་གི་སེམས་ནས་བསམ་བློ་རེ་ཐོངས་དང་། བདེ་མོ་སྐྱིད་པོ་ཞིག་ཡིན་རྒྱུ་ཨེ་རེད། ” སྐབས་དེར་མི་ཚོགས་ཀྱང་སེང་གེར་ཅེར་ནས་ཅི་མ་བདེན་འདོད་པར་ཁུ་སིམ་མེར་གྱུར།
  ཕོ་བྲང་གི་སྒོ་མོ་ཕྱེས་སོང་། ཕྱེས་ཀྱང་ནང་དུ་འགྲོ་བ་ལས་ཕྱིར་འགྲོ་སའི་སྒོ་མོ་ཞིག་རྩ་བ་ནས་རྙེད་མ་སོང་། རྙེད་པའི་དབང་དུ་བཏང་རུང་ཕྱི་རོལ་གྱི་ཁ་བ་བུ་ཡུག་ཧ་ཅང་བཙན། ཡིན་ཡང་སེང་གེ་ཕྱིར་འགྲོ་རྒྱུའི་སེམས་ཐག་སྔ་མོ་བཅད་པ་མ་ཟད། ཁོས་ད་རུང་རང་ཉིད་ཡིད་ཆེས་བྱེད་སའི་གྲོགས་པོ་ཞིག་བཙལ་རྒྱུ་ཟེར། གང་ལྟར་བདེ་ལྡན་མི་ཚོགས་དང་ཕོ་བྲང་ནང་ནས་ཁེར་རྐྱང་ལྟ་བུ་ཞིག་ལ་ལྷག་རྗེས། རང་སེམས་ཀྱི་དྲན་པ་ལུག་རྒྱུ་ལྟ་བུ་དེར་བསྒྱུར་བཅོས་ཆེན་པོ་ཞིག་བྱེད་རྒྱུ་བྱས། ཁོས་ཐོག་མར་རང་ཉིད་ཀྱི་ལྭ་བ་དེར་ལྷན་པ་བརྒྱབ་ཅིང་། དེ་ནས་རང་གི་ངོ་གདོང་ལ་ལྷན་པ་བརྒྱབ། མཇུག་མཐར་ཁོ་རང་གི་སྐྲ་ལོ་རིང་བོ་དེར་འཐམ་ནས་མདུན་གྱི་མི་ཚོགས་ལ་བཙན་ཤུགས་བཀོལ།
“ ཆང་གིས་བཟི་ཡོད་པ་དེ་ཁོ་མ་རེད།”
“ ཁོས་ཆང་ཧུབ་གང་ཡང་འཐུང་མེད་པ་མིན་ནམ།”
“ ཁོ་དུ་བ་ཡང་ཡག་པོ་ཞིག་འཐེན་མི་ཤེས་མཁན་དེ་རེད།”
“ གང་ཡིན་རུང་། ཁོ་ནི་སྤྱིར་བཏང་ཞིག་མ་རེད” མི་ཚོགས་ཀྱིས་བདེ་ལྡན་གྱི་མཐའ་བསྐོར་ནས་སྐད་ཆ་སྣ་ཚོགས་ཤིག་གླེང་གི་འདུག ཡིན་ཡང་བདེ་ལྡན་ཕོ་བྲང་ནག་པོའི་སྒོ་མོ་གཞན་ཞིག་གི་ནང་དུ་འཛུལ་སོང་། ནང་དུ་སྒྱུ་མའི་སྟེགས་བུ་དང་། མི་རྟག་པའི་སྒྲ་དབྱངས། སྟོང་བའི་མེ་ལོང་། སྐྱེ་འཆིའི་དགའ་སྡུག དར་རྒུད་ཀྱི་མདོ་དང་སྔགས་སོགས་མང་དུ་འདུ་ཡང་། སེང་གེས་ཤོག་བུ་ཞིག་ཡོད་པ་དེའི་ངོས་སུ་ “ང་རང་གཏན་ནས་བཟི་མེད།”་ཅེས་ཡི་གེར་བཀོད།
  “བཟི་མེད་ན་འདི་ལ་ཤོག གན་ནས་སྡོད། ” མི་ཞིག་ཚུར་རྒྱུགས་ཡོང་ནས་སེང་གེ་ལ་སྣེ་ལེན་བྱེད་ཀྱི་འདུག འཛུམ་མདངས་སྟོན་གྱི་འདུག ད་རུང་ལྡབ་ལྡིབ་ཀྱི་སྐད་ཆ་འཆད་ཀྱི་འདུག “ཁྱེད་ཕར་སོང་། གནའ་ཤི་བོ། སུས་ཁྱོད་ཀྱི་ཁ་ལ་ཉན་དགོས་པ་རེད།”སེང་གེས་མི་དེར་སྡང་མིག་ཆེས་ཆེར་བགྲད་ནས “ ཁྱེད་བདེ་ལྡན་སོ་ནག་གིས་མངགས་པ་རེེད་དམ། ཡིན་རུང་ང་ཕྱིར་འགྲོ་ནི་མ་རེད། ང་ཁང་མིག་འདི་ལས་ཕྱིར་མ་ཐར་རུང་ང་གཏན་ནས་མི་འགྲོ ད་ཁྱེད་ཀྱིས་དུས་ཚོད་བརླག་གི་མ་འདུག ”

             གསུམ།
  
  སོང་སོང་བའི་བདེ་ལྡན་གྱི་རྐང་བའང་ཇེ་ཆུང་ལ་གྱུར་འདུག ཁོས་བྱིས་པ་ཞིག་གི་ལྷམ་གྱོན་འདུག ལྷམ་དེ་ཆ་འགྲིག་མིན་པ་མ་ཟད་ད་དུང་ལྷན་པ་དམར་པོ་ཞིག་བརྒྱབ་འདུག ལྷན་པ་དམར་པོའི་སྟེང་ལ་མུན་ནག་གི་གདོང་ཕྱེད་གླན་འདུག གདོང་ཕྱེད་སུ་ལ་གླན་འདུག
“ཕོ་བྲང་འདི་ལ་སྒོ་མོ་གཅིག་ཀྱང་མི་འདུག”
“ཕོ་བྲང་འདི་ལ་སྒོ་མོ་མེད་པ་མ་ཡིན་ཏེ། སྒོ་ཚང་མ་ནང་ལ་འགྲོ་བའི་སྒོ་རེད། ཕྱི་ལ་འགྲོ་ས་ཡོད་པ་མ་རེད”བདེ་ལྡན་གྱིས་སུ་ཡིན་མི་ཤེས་པའི་མི་ཞིག་ལ་ཕྱིར་ལན་སློག་རྗེས་རང་གི་ལྷམ་ལ་བལྟས་ནས་བསྡད། བལྟས་ཀྱིན་བལྟས་ཀྱིན་བདེ་ལྡན་ལ་དགོད་རྒྱུ་ཞིག་ཡོང་ནས་རང་གི་མིག་ཤེལ་ཐང་ལ་ལྷུང་།
“སེང་གེ། ཁྱེད་གང་ན་ཡོད། བདག་གི་གྲོགས་པོ། བདག་གི་འགྲམ་ན་སུ་ཡང་ལྷག་མི་འདུག ང་རང་མུ་མཐུད་དུ་འགྲོ་དགོས་པ་ཡིན་ནམ། ཡང་ན་ཁྱེད་དང་འདྲ་བར་ཁང་མིག་ཅིག་ལས་ཁེར་རྐྱང་ངང་འཆི་དགོས་པ་ཡིན་ནམ། ” “གང་ཞིག་ཡིན་རུང་། མ་འོངས་པ་ནི་སུས་ཀྱང་མཁྱེན་དཀའ།”
“ ཁྱེད་ལ་འདྲེ་ཡིས་བཟུང་བ་ཡིན་ནམ། རང་ཅག་གི་བླ་མ་དག་གིས་མཁྱེན་མེད་དམ།” མི་ཞིག་གིས་དེ་ལྟར་བརྗོད་པ་བདེ་ལྡན་གྱིས་གསལ་བོར་ཐོས་བྱུང་། ཁོས་རང་གིས་ཉེས་པ་ཆེན་པོ་ཞིག་བསགས་པ་ཇི་བཞིན་མདུན་གྱི་དཔེ་ཆ་དག་ལ་ཅེར་ནས་བསྡད།
“ ཁོ་ལ་དཔེ་ཆ་འདུག”
“དཔེ་ཆ་གསར་བ་ཞིག་རེད་དམ།”
“ཁོ་ལ་དཔེ་ཆ་ཅི་ཡང་མི་འདུག” མི་རེ་རེ་ཁང་མིག་རེ་རེར་བསྡད་ནས་རེ་རེའི་མཐོང་བ་དང་ཐོས་པ། མྱོང་བ་རེ་རེ་གླེང་གི་འདུག་ཅིང་། བདེ་ལྡན་གྱི་ཕྱོགས་ནས་ཀྱང་མང་པོ་ཞིག་གླེང་གི་འདུག ཡིན་ཡང་། མི་དེ་དག་གི་ངོ་གདོང་སྔ་མོ་ནས་འགྱུར་འདུག

  མདུན་གྱི་མེ་ལོང་ལས་བདེ་ལྡན་དྲང་མོར་ཡར་འགྲེང་འདུག ཡར་འགྲེང་འདུག་པའི་བདེ་ལྡན་གྱི་སྨ་ར་ལས་ཁ་རླངས་ཀྱང་ཡར་འཕྱུར་འཕྱུར་བྱེད། ཁོ་གློ་བུར་དུ་བྲེལ་བ་ཆེན་པོ་ཞིག་ལངས་ནས་ཕོ་བྲང་གི་རྩིག་ལྡེབས་ངོས་ཀྱི་བྲིས་འབུར་གྱི་སྣང་བརྙན་མང་པོར་ཧད། ཇི་ལྟར་ཧད་ན་དེ་ལྟར་མག་མོག་ཏུ་གྱུར་བས་བློ་སེམས་ལྷག་ཏུ་བདེ་བོ་མ་བྱུང་།
“ ཁྱེད་རང་མགོ་འཁོར་སོང་བ་ཡིན་ནམ།”
“ ཁྱེད་ཀྱིས་ལམ་ནོར་སོང་བ་ཡིན་ནམ།”
“ ཁྱེད་ལ་མིག་འཕྲུལ་བྱུང་སོང་བ་ཡིན་ནམ།”
“ ཁྱེད་འདི་ནས་ཕར་འགྲོ་ཡི་ཡོད་པ་ཡིན་ནམ།” ཁོས་རང་ལ་སྐད་ཆ་མང་པོ་ཞིག་བཤད་མོད་གོ་བརྡ་ཚང་མ་གཞན་ལ་འཕྲོད་འདུག དཔེར་ན་རྩིག་ལྡེབས་ངོས་ཀྱི་བྲིས་འབུར་གྱི་སྣང་བརྙན་སོ་སོར་གྱེས་ཤིང་། གྱེས་སྟངས་རེ་རེར་བློ་འགྱོད་ཀྱིས་བཟི་འདུག འཁྱར་འཁྱོར་གྱི་གྲིབ་མའམ། མུན་ནག་གམ། ཕོ་བྲང་ནི་བདེ་ལྡན་ཡོད་སའི་ཁང་མིག་གི་དྲ་ཡོལ་སྟེང་ན་འགུལ། གལ་ཏེ། ཁྱེད་ཀྱིས་གསལ་བོར་མ་བལྟས་ན་དྲ་ཡོལ་སྟེང་གི་འགུལ་གཟུགས་དེ་དག་མཐོང་མི་སྲིད།

  “ ཕོ་བྲང་གི་སྒོ་མོ་ནང་ན་ཡོད།”སེང་གེའི་གམ་ལ་མངགས་པའི་མི་དེ་ཕྱིར་ཐོན་འདུག་པ་མ་ཟད། ད་དུང་བདེ་ལྡན་གྱི་ཕྲག་པ་ཡ་གཅིག་ལ་ཁེན་ནས་སྐད་ཆ་བཤད་ཀྱིན་འདུག “འདི་རྨི་ལམ་ཡིན་ཁོ་ཐག་རེད། ངས་མི་འདི་མི་རབས་གཉིས་ལ་འགྲོ་དགོས་སའི་རྒྱང་རིང་ཞིག་ལ་མངགས་ཡོད། མི་འདི་གཏན་ནས་ཕྱིར་ཐོན་མི་སྲིད།” ཁོས་མུ་མཐུད་དུ“དཔེ་མི་སྲིད”་ཅེས་ཡང་ཡང་བཤད། མཐར་ཁོ་ཡང་ཡིད་ཆེས་ཆེན་པོ་ཞིག་སྐྱེས་ནས་“ མི་ངར་བ་ཨ་མའི་བུ་ཟེར་བ་ཁྱེད་འདྲ་བ་དགོས་པ་རེད། བུ་རྒོད་པོ། ཕོ་བྲང་འདི་ནས་ཕྱིར་འགྲོ་སའི་སྒོ་དེ་གང་རེད”་ཅེས་དྲིས་དུས། མི་དེ་ཅུང་ཙམ་སྟབས་མི་བདེ་བའམ། བྲེལ་བ་ཆེ་བའི་ངང་ནས་“ཕོ་བྲང་འདིའི་སྒོ་མི་རབས་གཉིས་ཀྱི་ཕ་རོལ་གྱི་རི་བོ་ཞིག་གི་རྩེ་ན་ཡོད། རི་རྩེ་ན་ཁྱེད་ཁོ་ནས་མཐོང་སྲིད་པའི་དར་ལྕོག་ལྗང་སེར་ཞིག་ཀྱང་ཡོད”་ཟེར། དེ་ནས་བདེ་ལྡན་ཕོ་བྲང་གི་རྒྱ་ཕིབས་ལ་ཅེར་ཞིང་། རྒྱ་ཕིབས་རྩེ་ལ་བབས་པའི་བྱེའུར་ཅེར། མཚམས་ཤིག་ལ་ཁོས་རྒྱ་ཕིབས་དེ་མི་རབས་གཉིས་ཀྱི་ཕ་རོལ་གྱི་རི་བོ་དེ་ཡིན་པར་རིག་འདེད་བྱས་ཤིང་། བྱེའུ་ནི་དར་ལྕོག་ལྗང་སེར་དེ་ཡིན་པར་ཡིད་ཆེས་བྱས།
”རང་དབང་གི་བྱེའུ་ཆུང་། ཡང་ན་དར་ལྕོག་ལྗང་སེར།”
”བདག་རྨི་ལམ་ངན་པ་འདི་ལས་འཁྲིད་རོགས་ཞུ།“བདེ་ལྡན་གྱིས་ཡིད་སེམས་ཧ་ཅང་ལྷོད་ལ་བབས་ནས་གསོལ་བ་འདེབས་བཞིན་ཡོད་ལ། ལག་གཡས་པས་ཡི་གེ་འགའ་བསུབ་ཀྱིན་འདུག ”ཁྱེད་ཀྱི་ལས་དབང་འདི་རེད། ལས་དབང་ལ་ཅོ་འདྲི་ཕོད་མཁན་ཧོ་ཁེན* ལས་ཁྱེད་མ་རེད།“ རྒྱ་ཕིབས་ངོས་ལ་འཕྲོས་པའི་ཉི་འོད་ཀྱིས་གོ་བརྡ་དེ་འདྲ་ཞིག་གཏོང་གི་ལོས་ཡོད་ནང་བཞིན་སྤྲིན་པ་དང་སྤྲིན་པ་བརྒྱུད་ནས་ནུབ་རིའི་རྩེ་རུ་འགོས། ” ངས་མཐོང་བྱུང་། ངས་རི་བོ་མཐོང་བྱུང་།”

              བཞི།

“རི་བོ་ནི་ཅི་ཞིག
ཆུ་ཁོལ་གདུ་བའི་རླངས་པ་ནི་རི་བོ
ལྷོ་མཐའི་མཚམས་སུ་བྱེར་བའི་ཁ་བ་ནི་རི་བོ
སྡོང་ལོ་ཟགས་པ་དང་དར་ཆགས་པ
མིག་ཆུ་འཐོར་བ མུན་ནག་འཐིབས་པ་ནི་རི་བོ

རི་བོ་དེ་ནི་གང་གི་གང་ཞིག
མཚམས་སྤྲིན་གྱི་རལ་བ་ནག་པོ་དེ་ཡིན་ནམ
བུ་ཡུག་གི་གྲིབ་མ་སྐྱ་བོ་དེ་ཡིན་ནམ

ཡང་ན
རྡོ་མཁར་སྨུག་པོའི་ནང་གི་གནའ་བོའི་མི་རིགས་དེ་རི་བོ
གང་ལྟར བདག་གི་མེ་ལོང་ནང་ན་དེ་དག་མི་འདུག”

  བདེ་ལྡན་མུ་མཐུད་དུ་མདུན་དུ་སོང་། ཁོས་རང་གི་བུ་རབས་ཚ་རྒྱུད་ཁྲིད་ནས་མདུན་དུ་སོང་། སོང་གིན་སོང་གིན་ཁོས་རང་གི་སྐྲ་ལོ་དུང་ལྟར་དཀར་བ། ངོ་གདོང་སྐྱི་མོས་གང་བ། མིག་མཐའ་མཆི་མས་གླན་པ། དུང་སོ་ཐར་ཐོར་ལྷུང་བ་ཤེས་ནས་གོང་གི་སྙན་ངག་དེ་ངག་ལ་ཡང་ཡང་གྱེར། མཐར་ཁོ་རང་ཕོ་བྲང་ནག་པོའི་གྲུ་ཟུར་ཞིག་ནས་ཤི་སོང་། ཤ་དང་རུས་པ་སྤྱང་ཀིས་ཁྱེར། སྐྲ་དང་གྱོན་པ་ས་གཞིས་ཁྱེར། རྣམ་ཤེས་ཀྱང་མི་མཐོང་བ་ཞིག་གིས་ཁྱེར་སོང་པས། ཁོ་ད་གཟོད་ཕོ་བྲང་ནག་པོའི་ཁང་མིག་ཅིག་ལས་གཉིད་སད་བྱུང་། རིག་སྟོབས་རྒྱས་སོང་། བློ་རིག་གསལ་བྱུང་བས་ད་ནི་ངེས་པར་དུ་ཕོ་བྲང་འདི་ལས་སྒོ་ལ་འབུད་དགོས། ཡང་མིན་ན་ཕོ་བྲང་འདི་ཀུན་ལ་དབང་བའི་དུར་ས་ཞིག་བྱེད་དགོས་བསམ་བྱུང་།

_______

*ཧོ་ཁེན།( Stephen William Hawking ) ཁོང་ནི་ཉོའུ་ཏུན་དང་ཨེན་སི་ཐན་གཉིས་ཀྱི་རྗེས་སུ་བྱུང་བའི་ཆེས་ཕུལ་ཏུ་བྱུང་བའི་དབྱིན་ཇིའི་དངོས་ལུགས་རིག་པ་བ་ཞིག་སྟེ། རྗེས་རབས་པས་ཁོང་ལ་སྟོང་ཁམས་ཀྱི་རྒྱལ་བོ་ཞེས་པའི་མཚན་སྙན་བསྩལ་ཡོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕོ་བྲང་ནག་པོ།

2015-01-06 རྡོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།