ཕྱེ་མ་ལེབ་ནག་པོ།

  ༼བདག་གི་སྙིང་ཉེ་ཞིང་སེམས་ནས་བརྩེ་བའི་འཇིག་རྟེན་གྱི་ཨ་ཕ་ལགས།ད་ལྟ་ཁྱོད་རང་གང་ན་ཡོད།ཁྱོད་ཀྱིས་ང་རང་ཁེར་རྐྱང་དུ་མ་སྐྱུར་རོགས།མུན་ནག་དང་འཇིགས་སྐྲག་གིས་ཡོངས་སུ་ཟིན་པའི་མི་ཡུལ་འདི་ནས་ཁྱོད་རང་བདག་ལ་གཏན་དུ་མཁོ་ཞིང་།ཁྱོད་རང་མེད་ཚེ།ང་རང་ཁེར་ཧྲེང་ངང་འཚོ་བའི་རྒྱུ་མཚན་ཅི་ཡང་མེད།དེ་བས།ཨ་ཕ་ལགས།ཁྱོད་ནི་ང་རང་ད་ལྟའི་བར་མ་ཤི་གསོན་པོར་གནས་ཡོད་པའི་རྒྱུ་མཚན་ཉག་གཅིག་ཡིན་ནོ།།ཁྱོད་ནི་བུ་མོ་ངའི་ཚེ་སྲོག་གི་རྟེན་གཞི་དང་ཉམས་པ་མེད་པའི་མི་ཚེའི་རྒྱབ་རི་ཡང་ཡིན། ཨ་ཕ་ལགས། ང་རང་ཁེར་རྐྱང་དུ་མ་སྐྱུར་རོགས།༽

  འཇིག་རྟེན་གྱི་ཆོས་ཉིད་ཅེས་པ་མིག་མེད་པའི་རལ་གྲི་ཞིག་གམ་གདུག་རྩུབ་ཆེ་བའི་ལག་དམར་ཤན་པ་ཞིག་དང་འདྲ་བར།རྒྱུ་འབྲས་དང་སྙིང་རྗེ་ཅི་ཡང་མི་འདུག ལོ་དེར། ཏག་ཏག་ཨ་ཕ་མཚོ་སྐོར་ལ་ཕྱིན་པའི་ལོ་དེར། ཁོ་རང་གཏན་དུ་ཕྱིར་ཡོང་མེད་པར་གྱུར་ཅིང་། ང་ཡང་བདག་པོ་བྲལ་བའི་ཁྱི་གུ་ཞིག་དང་འདྲ་བར་ཁེར་རྐྱང་ངང་ལུས་སོང་།དེ་དུས་ང་རང་མོ་ལོ་བཅུ་དགུར་ཐོན་འདུག ང་ལྟ་བུའི་བུ་མོ་ཞིག་ལ་མཚོན་ན།ཆུང་དུས་ཨ་མས་བསྐྱུར་ཞིང་། སེམས་ངོ་ཟིན་པ་ཙམ་ནས་མ་ལགས་ཀྱི་བརྩེ་བའི་གཅེས་སྐྱོང་མ་ཐོབ་ལ། ཨ་ཕ་ཁོ་ན་ཡི་བྱམས་དུང་དང་གཉོར་སྐྱོང་ཁྲོད་ནས་བྱེའུར་གཤོག་པ་ཐོགས་པ་བཞིན་རིམ་བཞིན་ནར་སོན་པ་རེད།ཨ་ཕ་ནི་ངའི་འཇིག་རྟེན་གྱི་ཆེས་བླ་ན་མེད་པའི་མངོན་སུམ་གྱི་དཀོན་མཆོག་ཡིན།ཡིན་མོད། ད་ལྟ་ཨ་ཕས་ཀྱང་ང་རང་ཁེར་རྐྱང་དུ་བསྐྱུར་ཏེ་ཕྱིར་འོང་མེད་པར་ཆས་སོང་བའི་དབང་གིས། བུ་མོ་ང་ལ་མཚོན་ན་ཅི་འདྲའིབཟོད་གླགས་བྲལ་བའི་མནར་གཅོད་ཅིག་རེད་ཨང་།རེད་ཡ།ད་དུང་བཤད་རྒྱུ་ཞིག་ལ། བུ་མོ་ང་ནི་སྐྱེ་བ་སྔོན་མའི་ལས་འབྲས་ཤིག་གམ་རང་གི་ཚོགས་བསགས་གང་ཞིག་གིས་མ་འདང་བ་རྒྱུ་རྐྱེན་དུ་བྱས་ཏེ།འཇིག་རྟེན་འདིར་སྐྱེས་པ་ནས་ད་ལྟའི་བར་མིག་གིས་ཅི་ཡང་མི་མཐོང་བའི་ལོང་བ་ཞིག་ཡིན་ཞིང་། མཛེས་སྡུག་ལྡན་པའི་ཕྱི་རོལ་གྱི་རྣམ་པ་དང་ཡིད་དབང་རབ་ཏུ་འཕྲོག་པའི་མི་ཡུལ་ལྟད་མོ་མཐའ་དག་མཐོང་ཐབས་མ་བྱུང་ལ། ཐ་ན་རང་གི་སྙིང་ནས་བརྩེ་བའི་ཨ་ཕ་དང་ཨ་མ་གཉིས་ཀྱང་ཐེངས་གཅིག་ལའང་གཏན་དུ་རིག་མྱོང་མེད།

  མི་ལ་ལས་བཤད་ན།ངའི་ཨ་མ་ནི་སྙིང་རྗེ་དང་བྲལ་བ་ཞིག་ཡིན་ཟེར།ཁོ་མོས་ང་རང་སྐྱེས་མ་ཐག༼ལོང་བ༽ཞིག་ཡིན་ཤེས་རྗེས།སྨན་པ་སོགས་ལ་བརྟེན་ཞིང་མོ་རྩིས་རིམ་བྲོ་གང་མང་བསྒྲུབ་ཀྱང་ཕན་མ་ཐོགས་པས། ང་དང་ཨ་ཕ་བསྐྱུར་ཏེ་ཁྱིམ་ཚང་གཞན་ཞིག་ཏུ་གནས་ལ་ཆས་སོང་ཟེར། ཡིན་མོད། གནས་ཚུལ་མཐའ་དག་ཅི་ཡང་མི་ཤེས་པའི་ལོང་བ་ང་ད་ལྟ་བུར་མཚོན་ན།གཞན་གྱིས་ཇི་ལྟར་བཤད་ཀྱང་།ང་རང་གི་རླབས་ཆེ་བའི་ཨ་མ་ལགས་ལ་ཡིད་ཆེས་རྣམ་དག་ཡོད།ཁོ་མོ་ང་ལ་གཅེས་ཤིང་ང་ལ་བརྩེ་སྲིད།ངའི་སེམས་སུ་ང་ཡི་ཨ་མ་ནི་བྱམས་བརྩེ་ལྡན་ཞིང་སྙིང་རྗེའི་འོད་དཀར་རྟག་ཏུ་འཚེར་བའི་འཇིག་རྟེན་གྱི་ཉི་མ་དེ་དང་འདྲ།ངས་ད་ལྟའི་བར་ཉི་མ་ཟེར་བ་ག་ལ་རིག ཡིད་དུ་འོངས་པའི་འཇིག་རྟེན་གྱི་དཀར་ངོགས་ཙམ་ཡང་མཐོང་མྱོང་མེད་མོད།ཉི་མ་ནི་མི་ཡུལ་གྱི་སྲོག་ལྡན་ཀུན་ལ་བརྩེ་བའི་འཇིག་རྟེན་བྱེད་པོ་དེ་ཡིན་པ་རེད།ང་ཡི་སྣང་བ་ཞིག་ལ།ངའི་ཨ་མ་ཡང་ཀུན་གྱི་ཨ་མ་དང་འདྲ་བར་བྱམས་ཤིང་མཛངས་ལ།ཁོ་མོས་ངའི་མུན་ནག་གིས་ཡོངས་སུ་ཟིན་པའི་འཇིག་རྟེན་འདིར་ཐག་རིང་ཐག་རིང་ཞིག་ན་བརྩེ་བའི་འཛུམ་མདངས་ཀྱིས་ཅེར་ཡོད་སྙམ། གང་ལྟར།ད་ལྟ་ཨ་ཕ་ཡང་ང་དང་བྲལ་སོང་བའི་དབང་གིས།སྐད་ཆས་མཚོན་པར་མི་ནུས་ཤིང་བརྡ་ཡིས་སྤྲོད་པར་མི་ནུས་པའི་སྨྲ་བསམ་བརྗོད་འདས་ཀྱི་ཞེན་ཆགས་ཤིག་གིས་ངའི་ཡ་ཁོག་ཧྲིལ་བོ་བཙུར་ཞིང་མནན་འདུག་གོ།

  ད་ལྟ་ངའི་ལོགས་སུ་གང་ཡང་མེད་པར། ངའི་རྨོ་མོ་ཡིན་ཟེར་མཁན་གྱི་ཨ་ཡེ་དེ་ཡང་ད་ནངས་ནས་བཟུང་ཕྱིར་མ་ཡོང་། གྲང་ཤུར་ཤུར་གྱི་རླུང་བུ་ཞིག་གིས་པྲ་ཚགས་དང་བཅས་ང་སྡོད་སའི་ཁང་བའི་སྒེའུ་ཁུང་གི་ངོར་བཀལ་བའི་མགྱིག་ཤོག་དེ༼ཧྲག་ཧྲག༽ཅེས་སྒུལ་ཞིང་། ཐབ་ཏུ་མེ་དྲོད་ཙམ་ཡང་མེད་ལ་ཁྱིམ་ནི་སྔར་ལས་ལྷིང་འཇགས་དང་འཁྱག་སྣང་ཞིག་གིས་ཡོངས་སུ་ཟིན་སྟབས། གར་ཡོང་མི་ཤེས་པའི་འཇིག་ཉེན་གྱི་ཚོར་བ་ཞིག་གིས་ངའི་དབང་རྩ་མཐའ་དག་སྤྲིད་པར་བྱས་སོང་།

  གློ་བུར་དུ་སྒོ་ཕྱེ་པའི་ཁྲོག་སྒྲ་ཞིག་ངའི་རྣ་ལམ་དུ་གསལ་ལྷང་ངེར་འཛུལ་ཡོང་། སེམས་སུ༼ཨ་ཕ༽ཕྱིར་ཐོན་བྱུང་སྙམ་ནས་དགའ་སྤྲོ་དཔག་ཏུ་མེད་པ་ཞིག་སྐྱེས་ཤིང་། གོམ་སྒྲ་ཞིག་ངའི་ལོགས་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་བཅར་ཡོང་། ངའི་སྙིང་ཆུང་ལུ་གུ་བཞིན་དུ་ལྡིང་།
  ༼རྨོ་མོའི་གཅེས་ཕྲུག་མ། རྨོ་མོ་འགོར་སོང་། འདི་རེད། རྩམ་པ་ཟོས།༽ད་གཟོད་ངས་གཞི་ནས་མི་དེ་རང་གི་ཕ་ལགས་མིན་པ་ཚོར་ཞིང་། དེ་དང་བཅས་སྙིང་གི་འཕར་སྒྲ་ཡང་ཞོད་འཇགས་སུ་གྱུར་སོང་། ཨ་ཡེ་འདི་ངའི་རྨོ་མོ་ཡིན་མིན་ངས་གཏན་དུ་མི་ཤེས་མོད། ད་ལྟའི་ང་ལ་མཚོན་ན་ཁོ་མོ་ནི་ངའི་འཇིག་རྟེན་སྟེང་གི་ཆེས་མཆོག་ཏུ་གྱུར་བའི་དྲིན་ཆེན་ཡིན་ཞིང་། སྡུག་གི་སྙིང་གཏམ་བཤད་ས་ཡང་ཨ་ཡེ་འདི་ལས་སུ་དང་གང་ཡང་མེད།
  ༼ངའི་ཨ་ཕའི་གནས་ཚུལ་འདྲ་ཨེ་གོ༽ ངས་རྩམ་པ་ཟ་ཞོར་དུ་དེ་ལྟར་དྲིས།
  ༼མ་གོ ཕལ་ཆེར་ཁོ་ལ་ཕྱིར་ཡོང་ཡོད་རྒྱུ་མ་རེད། ཁོའི་མཚོ་སྐོར་ལ་འགྲོ་རོགས་ཀྱི་སྡེ་མི་ཚང་མ་ཐོན་ནས་ཡུན་རིང་ལོན་འདུག༽ རྨོ་མོས་དེ་ལྟར་བཤད། ཨ་ཕ་མཚོ་སྐོར་ལ་འགྲོ་བའི་ལོ་དེར། ཁོས་ང་ལ་མཚོ་སྐོར་དུ་འགྲོ་བའི་གནས་ཚུལ་སོགས་ཅི་ཡང་མ་བཤད་མོད།ཞོགས་པ་ཞིག་ལ། ཁོས་ཅ་ལག་མང་པོ་ཞིག་བསྡུ་བསོག་བྱས་ཏེ་ཁ་རོག་གེར་ལམ་ལ་ཆས་སོང་། ཁོས་ཀྱང་ངའི་སེམས་སྡུག་བྱེད་པར་འཛེམ་ནས་ངར་གསང་ཅི་ཐུབ་ཀྱིས་བུད་སོང་སྙམ་ན། ང་རང་ལྷག་ཏུ་ཁོ་ལ་དད་པ་ཤོར་ནས་སྙིང་ནས་དྲན་འོང་།གང་ལྟར། ཨ་ཕ་ལགས་ང་དང་བྲལ་བའི་དོན་དངོས་འདི་སུས་ཀྱང་ལྡོག་ཐབས་མེད་ལ། གཉོམ་ཆུང་གི་ང་ཡང་དོན་དངོས་འདིའི་ཁ་གཏད་དུ་འགྲེངས་དགོས་པས། ང་རང་ཁ་རོག་གེར་ངུས་ཤིང་ཁ་རོག་གེར་སྐྱོ་བ་ལས་བྱ་ཐབས་ཅི་ཡང་མེད་དོ།།

  ༼རྨོ་མོའི་གཅེས་ཕྲུག ད་སེམས་སྡུག་མ་བྱེད། ཁྱོད་ལ་ད་དུང་རྨོ་མོ་ཡོད་པ་རེད།༽ཨ་ཕ་མཚོ་སྐོར་ལ་སོང་བའི་ཉིན་དེ་ནས་བཟུང་། ངའི་རྨོ་མོ་ཡིན་ཟེར་མཁན་གྱི་ཨ་ཡེ་འདིས་ང་ལ་རང་གི་ཤ་ལས་ཆད་པའི་བུ་མོ་བཞིན་དུ་གཅེས་སྐྱོང་འཛད་ཅིང་།ངའི་ཁ་ཟ་འཐུང་ནས་རྒྱབ་གོན་པ་སོགས་གཅིག་ལའང་འདང་རྒྱག་མེད། ངས་ཁོ་མོའི་གཟུགས་བྱད་དང་ཆ་ལུགས་སོགས་ཅི་ཡང་མ་མཐོང་ནའང། དུས་རྒྱུན་ཁོ་མོའི་སྐད་ཆ་བཤད་ལུགས་དང་མཚམས་རེར་ལག་པ་ཟུང་གིས་ངའི་མགོ་བོར་བྱིལ་བྱིལ་བྱེད་པའི་ཚུལ་ལ་བལྟས་ན།ཕལ་ཆེར་ལོ་བདུན་ཅུའི་སྨད་དུ་ཐོན་འདུག་སྙམ་པའི་ཚོར་བ་ཞིག་ངམ་ཤུགས་ཀྱིས་སྐྱེ། ཨ་ཕ་ཡོད་དུས། ཁོས་ང་ལ༼རྨོ་མོ།༽ ཞིག་ཡོད་པ་ཚིག་ཟུར་ཙམ་དུ་ཡང་གླེང་མ་མྱོང་ལ། རྨོ་མོས་ཀྱང་ང་ལ༼ང་ཁྱོའི་རྨོ་མོ་ཡིན༽ཟེར་བ་ལས་སྐད་ཆ་ཅི་ཡང་བཤད་མྱོང་མེད། དེ་བས་ངས་ཁོ་མོ་ང་ཡི་རྨོ་མོ་ཡིན་པ་ཁས་ལེན་བྱེད་ཀྱིན་མེད་ནའང་། ཁོ་མོའི་རྣམ་དག་གི་བྱམས་བརྩེ་དང་སླད་མེད་ཀྱི་སྙིང་རྗེ་ཡིས་ང་ལ་མི་ཚེ་འདིར་གཞལ་དུ་མེད་པའི་བཀའ་དྲིན་བཞག་མྱོང་ཡོད་པ་རེད།

  དེ་ལྟར་ང་ཡི་དུས་ཚོད་རེ་ཆད་དང་སྐྱོ་ངལ། མུན་ནག་ཁོ་ནས་དབང་དུ་བཟུང་ཞིང་། ང་རང་གསོན་པོར་གནས་བ་ལས་ཤི་ན་བཟང་སྙམ། ང་ལ་མཚོན་ན་གསོན་པོར་གནས་ཏེ་འདུག་རྒྱུ་འཆི་བ་ལས་ཀྱང་བརྒལ་བའི་མནར་གཅོད་ཅིག་རེད། ཕྱི་རོལ་དུ་མི་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཞིང་ཕ་མ་སྤུན་མཆེད་དང་མཉམ་དུ་སྐད་ཅིག་གི་དུས་ཚོད་རེ་རེ་ཡང་བདེ་དགའས་ལོངས་སུ་སྤྱོད་ཀྱིན་ཡོད་ཅིང་། ང་ནི་དུས་ཚོད་སྐར་མ་གང་ལའང་སྡུག་བསྔལ་དང་ཁེར་རྐྱང་།མུན་ནག་གིས་ཡོངས་སུ་བསྡམས་ཏེ་སྡུག་གི་རྒྱ་མཚོར་ལྷུང་ཡོད་པ་འདི་ཅི་ཡིན་ནམ།འཇིག་རྟེན་ནི་ཅི་འདྲའི་རྒྱུ་འབྲས་དང་འདྲ་མཉམ་བྲལ་བའི་དམྱལ་བ་མངོན་སུམ་ཞིག་རེད་ཨང་།

  མཚན་མོ་དེར། དགུན་གྱི་ལྷགས་པ་ཤུར་ཤུར་གཡུགས་པའི་མཚན་མོ་དེར། ངའི་རྨོ་མོ་མེད་པའི་གོ་སྐབས་ཤིག་དང་བསྟུན་ཏེ་ཐབ་སྟེང་གི་གསལ་ལ་མི་གསལ་བའི་དཀར་མེ་འོལ་ཚོད་ཀྱིས་མལ་སའི་ནང་དུ་འཕངས། ཅུང་འགོར་རྗེས། ལུས་ཡོངས་རྫོགས་ཚ་ལམ་ལམ་དུ་གྱུར་ཞིང་མིག་ལམ་དུ་གསལ་ལ་མི་གསལ་བའི་མེ་དཔུང་ཞིག་ཡོམ་ཡོམ་འབར་གྱིན་འདུག ང་ལ་མཚམས་རེར་འཇིགས་སྣང་སྐྱེས་ཤིང་ལན་རེར་བདེ་བ་ཐོབ་པ་ལྟ་བུའི་ཚོར་བ་སྐྱེས། འདི་ནི་རེ་ཆད་དང་སྐྱོ་ངལ། མུན་ནག་གིས་ཡོངས་སུ་ཟིན་པའི་འཇིག་རྟེན་འདིར་ཁ་བྲལ་བའི་མཇུག་མཐའི་ན་ཟུག་ཡིན་སྙམ་ཤར།མེ་ལྕེ་སྨྱོ་ཧམ་ཆེན་པོས་མུ་མཐུད་དུ་བཙན་གྱིས་འབར་ཞིང་། དུ་མིག་དང་གཞོབ་དྲི་ཞིག་གིས་ཁང་ཁྱིམ་ཧྲིལ་བོ་གང་བར་བྱས་ཏེ་དབུགས་ཀྱང་ལེན་མི་ཐུབ་པར་གྱུར། ང་དང་རྒྱང་ཐག་མི་རིང་བའི་དམར་ལམ་ལམ་གྱི་གནས་ཤིག་ན། བྱུ་རུའི་སྐེ་རྒྱན་ཐོགས་ཤིང་གདོང་ལ་འཛུམ་གྱིས་ཁེངས་པའི་བུད་མེད་ལོ་བསེགས་ཤིག་དང་དེའི་ལོགས་སུ་ངའི་ཨ་ཕ་ལོས་ཡིན་འདོད་སྤྱད་ཀྱི་སྐྱེས་པ་ཞིག་གིས༼དབྱངས་ཅན། དབྱངས་ཅན།༽ཞེས་ངའི་མིང་ནས་ཐེངས་དུ་མར་བོས་ཤིང་།ངས་ཀྱང་ད་གཟོད་དེ་གཉིས་ནི་རང་གི་སྙིང་ཉེ་བའི་ཕ་མ་གཉིས་ཡིན་པ་ངང་གིས་རྟོགས་ཤིང་ངུ་ངག་དང་བཅས་ཁོ་གཉིས་ཀྱི་ཕྱོགས་སུ་ལག་པ་བསྲིངས། རབ་རིབ་མག་མོག་གི་འཁྲུལ་བའི་སྣང་རིས་དེ་རིམ་བཞིན་མི་སྣང་བར་གྱུར་ཞིང་། ངའི་གཉོམ་ལག་མ་རྒྱས་པའི་རྣམ་ཤེས་ཀྱི་ཁྱེའུ་ཡང་ངང་གིས་འཇིག་རྟེན་  འདི་དང་ཁ་བྲལ་སོང་།
  མེ་མུ་མཐུད་དུ་མཚམས་མི་ཆད་པར་འབར།
  ་ ་ ་ ་ ་ ་
  ངའི་ཕྱི་སྲོག་ཆད་ཅིང་ནང་སྲོག་འགག་སྟེ་བེམ་པོ་ཉིད་མེ་ཡིས་ཐལ་རྡུལ་བཏང་སོང་། ཡིན་ནའང་ད་གཟོད་བེམ་གཟུགས་དང་བྲལ་བའི་རྣམ་ཤེས་ཡོམ་ཡོམ་འབར་བའི་མེ་ལྕེ་ཡི་གཏིང་ནས་འཕུར་ཞིང་། ཁང་ཁྱིམ་སྒོ་རུ་ངུ་ངག་གིས་སྨྱོས་པའི་རྨོ་མོའི་མགོ་ཐོག་ནས་ག་ལེར་འཕུར་སོང་། ཕྱིར་ལྟ་དུས། ང་ལ་འཇིག་རྟེན་འདིར་བློས་མི་ཐོངས་པའི་ནོམ་པ་དང་རིན་པོ་ཆེ་ཅི་ཡང་མེད་པར་སྣང་ལ།མེ་ལྕེ་ལམ་ལམ་མཆེད་པའི་སྒྲ་དང་ཁང་བའི་གདུང་མ་འདྲིལ་བའི་སྒྲ ཁྱིམ་གྱི་ཅ་ལག་སྣ་ཚོགས་ཚིག་པའི་སྒྲ་དང་རྨོ་མོའི་ངུ་འབོད་བྱེད་པའི་སྒྲ་སོགས་ཕྱོགས་གཅིག་ཏུ་འདུས་ཏེ་ངའི་རྣ་ལམ་དུ་འཛུལ་ཡོང་། དུ་མིག་དང་མེ་ལྕེའི་ཀློང་གི་སྒོ་ཁང་ཁྱིམ་དང་སྒེའུ་ཁུང་མདུན་གྱི་ཤུག་སྡོང་སོགས་མཐོང་ཚེ།ངས་ཐེངས་གཅིག་ལའང་རིག་མ་མྱོང་བའི་རང་གི་གནས་མལ་འདིར་སེར་སྣ་ཤོར་ཞིང་ཆགས་པ་ཡན་གར་བ་ཞིག་ཀྱང་སྐྱེས་འོང་། གང་ལྟར། ད་ལྟ་ང་རང་ཤི་ཟིན་པས་ཡོད་ཚད་རྫོགས་སོང་བ་རེད།

  གློ་བུར་དུ། ངའི་གཡས་གཡོན་དུ་ལས་མཁན་དཀར་ནག་གཉིས་མངོན། ལག་པ་ཟུང་ལྕགས་ཐག་སྦོམ་པོ་ཞིག་གིས་བསྡམས་པར་གྱུར། ཁོ་གཉིས་ཀྱིས་འཕྲོ་རིམ་འཕྲོར་ང་ལ་འགྲམ་ལྕགས་ཚ་ཐག་ཆོད་པ་ཞིག་བཞུས་ཤིང་རྡོག་པས་འགའ་བསྣུན་ཏེ་ནག་ཉེས་གང་ཞིག་བཟོས་པའི་བཙོན་མ་བཞིན་བར་སྣང་དུ་དྲུད་སོང་།

  ༼དབྱངས་ཅན། ཁྱོད་ཀྱིས་སྐྱེ་བ་ནས་སྐྱེ་བའི་བར་དུ་ནོར་འཁྲུལ་བཟོས་པས། སྐྱེ་བ་འདིར་ལོང་བ་ཞིག་ཏུ་སྐྱེས་ཏེ་ཚེ་རབས་སྔོན་མ་དག་གི་ཉེས་པ་ཁུར་མོད། སྐྱེ་བ་འདིར་ཡང་བསྐྱར་གནམ་ལ་མི་ཤོང་བའི་ནག་ཉེས་བཟོས་རྐྱེན། ཁྱོད་རང་ད་ལྟ་ཉིད་ནས་དམྱལ་བར་འགྲོ་དགོས༽ མགོ་ཡི་ཅོད་པན་གཟེངས་ཤིང་སྤྱན་དཀྱུས་གནམ་ལ་ཀེར་བ། མིག་ཟུང་ལས་མེ་སྟག་མཆེད་ཅིང་ལག་ཏུ་ལྕགས་སྒྲོག་དང་རྒྱལ་མཚན།མེ་ལོང་སོགས་ཐོགས་པའི་གཤིག་རྗེ་ཆོས་རྒྱལ་ཞེས་པ་འདི་ལས་གང་ཞིག་ཡིན་སྙམ་འདོད་པ་ཞིག་གིས་ང་ལ་དེ་ལྟར་དུ་བཀའ་གདམས་ཤིང་མུ་མཐུད་དུ།༼ ཧུན། འཇིག་རྟེན་གྱི་ལས་དབང་དང་སྐྱེ་རྒ་ན་འཆི་ཡི་བདག་པ་ངོ་མ་ང་ཡིན། མི་ཡུལ་འདིར་ངའི་དབང་ཐང་བླ་ན་མེད། ༽དེ་ལྟར་གཤིན་རྗེ་ཆོས་རྒྱལ་གྱིས་ཁྲོ་ཉམས་དང་ང་རྒྱལ་ཆེན་པོས་ངང་ལག་པ་ཟུང་གིས་མེ་ལོང་གནམ་ལ་བཀྱགས་ཏེ་ངོར་བལྟས། མེ་ལོང་དེའི་ནང་ཉམས་ཐག་པའི་སྐྱེ་འགྲོ་སྲོག་ཆགས་གང་མང་ཞིག་མངོན་པར་གྱུར།མཚམས་ཤིག་ལ། མྱ་ངམ་གྱིས་ཟིན་པའི་བྱེ་ཐང་ཆེན་མོ་ཞིག་ཏུ་མེད་མུག་གི་སྨིག་རྒྱུ་འཚུབ་པ་མངོན་ལ། དེ་ལས་རྙིད་པར་གྱུར་བའི་མེ་ཏོག་གི་གཞུང་རྟ་ཞིག་དང་། དེའི་ངོས་ལ་ཕྱེ་མ་ལེན་ནག་པོ་ཞིག་ཤི་མ་གསོན་གྱིས་འཐམ་འདུག་པ་མངོན། གཤིན་རྗེ་ཡིས་དེ་མ་ཐག་ངའི་རྣམ་ཤེས་ཀྱི་རང་གཟུགས་ཕྱེ་ལེབ་ནག་པོ་དེའི་ལུས་རྟེན་དུ་བརྫངས།

  དེ་ལྟར་བུ་མོ་ང་རང་ཕྱེ་མ་ལེབ་ནག་པོ་ཞིག་ཏུ་གྱུར་སོང་།མདོག་བཙོག་ཅིང་ལང་ཚོའི་དཔལ་དང་བྲལ་བ། གསོན་ཤུགས་བོར་བའི་ཕྱེ་ལེབ་ཆུང་ཆུང་ཞིག་ཏུ་གྱུར་སོང་།གཤིན་རྗེ་ཆོས་རྒྱལ་གྱིས་སྙིང་རྗེ་དང་བདེན་ལུགས་ཅི་ཡང་མི་སྨྲ་བར་ང་ཐད་ཀར་སྡུག་གི་འོབས་ལ་འཕངས་སོང་། གཉོམ་ཆུང་གི་ཚེ་སྲོག་ང་ལ་ཐབས་ཤེས་ག་རེ་ཡོད་ཨང་།

  ངས་དལ་མོར་རང་གི་མཉེན་ལྕུག་དང་བྲལ་བའི་གཤོག་ཟུང་རྨས་མ་གཉིས་གནམ་ལ་བཀྱགས་ཤིང་།སྲོས་བསྡོས་ཀྱིས་སྐྱ་ཐིང་ཐིང་གི་མྱ་ངམ་ཐང་འདི་དང་བྲལ་འདོད་སྐྱེས། ང་རང་འཕུར་འགོ་བརྩམས།བྱེ་རྡུལ་གྱི་འཚུབ་རྒོད་དང་སྨིག་རྒྱུའི་ཚ་གཟེར་ཀློང་ནས་ཐང་ལ་འགྱེལ་ཞོར། ཡར་ལ་འགྲེང་ཞོར།ང་རང་སྟོབས་ཤུགས་ཡོད་རྒུས་མདུན་སྐྱོད་བྱས་ཤིང་། ཏག་ཏག་བསྟུད་མར་ཉིན་བཅུ་ཕྲག་ལྷག་ལ་འཕུར་རྗེས།ད་གཟོད་འཇིགས་སུ་རུང་བའི་མྱ་ངམ་ཐང་ཆེན་པོ་འདི་བརྒལ་ཐུབ་པར་གྱུར་།

  ང་རང་སྤང་དང་ཆུ་ཕྲན་མོད་པའི་གནས་མཆོག་ཁྱད་པར་བ་ཞིག་ལ་ཐོན། ད་ལྟ་ངའི་ལུས་ཟུངས་ཉམས་ཤིང་སྟོབས་ཤུགས་ཡོད་ཚད་ཚར་བས། མེ་ཏོག་ཅིག་གི་འདབ་གཤོག་སྟེང་གན་རྐྱལ་དུ་འགྱེལ་ཏེ་ངལ་གསོས།ནམ་མཁའི་མཐོངས་སུ་སྤྲིན་དཀར་རྩེན་ཞིང་། རྟ་བདུན་དབང་བོའི་ཞལ་རས་ཀྱང་བྱམས་བརྩེ་ལྡན་པའི་ཨ་མ་ཞིག་གི་འཛུམ་ཆུང་ལྟར་ལྷུག་ལྷུག་གིས་དགོད།བསེར་བུ་ཡང་མོ་ཞིག་གིས་ང་འགྱེལ་སའི་མེ་ཏོག་གཞུང་རྟ་དལ་མོར་སྒུལ་ཅིང་ང་དང་རྒྱང་ཐག་རིང་བའི་གནས་ཤིག་ན་ན་ཆུང་ཕོ་མོ་ཟུང་གིས་ཕན་ཚུན་ལ་ལ་གཞས་ལེན་པའི་གླུ་སྐད། ད་དུང་བྱ་དང་བྱེའི་གྲེ་འགྱུར་དང་གཙང་ཆབ་སྔོན་མོའི་བཞུར་སྒྲ་སོགས་ཀྱང་ཐོས་འཛིན་བུ་གར་རེ་རེ་བཞིན་འཛུལ་ཡོང་།སྐབས་འདིར་ང་ཡང་བདེ་སྐྱིད་འཛོམས་པའི་ཁོ་ཚོ་དང་འདྲ་བར་སེམས་སུ་གནས་པའི་སྡུག་བསྔལ་མཐའ་དག་བརྗེད་ངེས་ཀྱིས་ཁྱེར་ཞིང་།རང་ཡང་མི་ཡུལ་འདིའི་ཕང་བར་ཅི་འདྲའི་སྐྱིད་ཨང་སྙམ་པའི་བདེ་ཚོར་གློ་བུར་བ་ཞིག་ཀྱང་དབང་རྩ་ཀུན་ལ་ཁྱབ།

  གནམ་གཤིས་དང་རང་བྱུང་ཁམས་ཀྱི་སྣང་ལ་མ་སྣང་བའི་བའི་ཆོས་མཐའ་ཐག་ནི་ཅི་འདྲིའི་འགྱུར་ལྡོག་རྒོད་ཅིང་རྟག་ཏུ་མེད་པ་ཞིག་རེད།ང་ལ་དེ་ལྟར་བག་ཡངས་དང་སོས་དལ་གྱི་བདེ་བ་སྦྱིན་ཏེ་རིང་བོ་ཞིག་མ་འགོར་བར།གནམ་ངོ་འཐིབ་ཅིང་སྤྲིན་པ་འཁྲུགས། འཐོར་རླུང་ཤེད་ཀྱིས་ལྡིང་ཞིང་།སྔོན་གྱི་མཛེས་སྡུག་མཐའ་དག་སྐད་ཅིག་ཉིད་དུ་གཞན་ཞིག་འགྱུར་བར་བརྩམས། དེ་ལྟར་མིག་མདུན་གྱི་འགྱུར་བ་འདི་དང་བསྟུན་ནས། ངའི་བདེ་སྐྱིད་དང་ལྷོད་ཡང་གི་སེམས་ཁམས་དེ་ཡང་རྨེག་མེད་དུ་བཅོམས་ཤིང་། རང་ཉིད་སྐྱེ་བ་སྔོན་མར་བུད་མེད་ལོང་བ་ཞིག་ཡིན་པ་དང་། ཕ་མ་གཉིས་ཀྱིས་བསྐྱུར་བ། རང་སྲོག་བཅད་པ། གཤིན་རྗེ་ཡིས་ཉམས་ཆུང་གི་ཕྱེ་ལེབ་ཅིག་ཏུ་བསྒྱུར་བ་སོགས་གློག་བརྙན་ཇི་བཞིན་མིག་ལམ་དུ་མངོན་ཏེ། ཡིད་ལ་བཟོད་དུ་མེད་པའི་སྡུག་བསྔལ་གྱི་སྐྱོ་བ་དྲགས་པོས་བཙིར།

  ཆར་བ་སྙིང་རྗེ་མེད་པར་བབས་ཤིང་། གློག་འཁྱུག་ཅིང་འབྲུག་ལྡིར།རླུང་གིས་རྩྭ་དང་རྩི་ཏོག་ཚོགས་ལྕུག་ལྕུག་གིས་གཡོས་པ་ལས་སྒྲ་སྣ་ཚོགས་གྲགས།ངས་སྟབས་སྟབས་པོར་ཆར་གྱིས་བརླན་པ་གཤོག་ཟུང་ཤེད་ཀྱིས་བརྐྱངས་ཏེ་སྨུག་པ་ལང་ལོང་ཕྱོགས་སུ་འཕུར་མ་ལངས་ཀྱིས་སོང་།མདའ་རྒྱང་གཅིག་ཙམ་ལ་སོང་བའི་ཡུན་དུ། སྦྲ་རྒན་ཞིག་ནག་རོག་གེར་མཐོང་ཡོང་།ང་རང་དལ་མོར་སྦྲའི་ནང་དུ་འཛུལ་ཏེ་གྲུ་ཁ་ཞིག་ནས་ངལ་གསོ་བའི་ཚུལ་གྱིས་བསྡད།

  ཉི་མ་ནུབ་ཅིང་ས་རུབ་པར་གྱུར།ཕྱི་རོལ་གྱི་འདུ་འཛི་ལང་ལོང་ཡང་ལྷིང་འཇགས་ནས་ལྷིང་འཇགས་སུ་ཕྱིན། སྦྲ་རྒན་ནང་ཁྱིམ་ཚང་འདིའི་བཟའ་མི་དག་རེ་རེ་བཞིན་འཛོམས་ཏེ།སྦྲ་ནང་ལ་སྔར་མེད་ཀྱ་གསོན་ཤུགས་ཤིག་གམ་དྲོད་ཁོལ་ཞིག་གིས་ཁེངས།ང་རང་སྦྲའི་ཧྲག་བར་ནས་དལ་མོར་ཡར་ལངས་ཤིང།འཕུར་མ་ལྡིང་གིས་ཐབ་ཀའི་ཉེ་ལོགས་ཀྱི་ཀ་བ་ཞིག་གི་ངོར་འབྱར།

  ༼ སྡེ་བ་ཞོལ་མའི་བུ་མོ་ཞ་ར་ཞིག་གིས་ཁང་བར་མེ་བསྒྲོན་ཏེ་རང་སྲོག་བཅད་བཏང་ཟིག་ཟེར། བུ་མོ་ཆུང་ཆུང་དེ་སྙིང་རྗེ་བ་ལ་ཨང་།ཕ་མ་གཉིས་ཀྱིས་རེ་རེ་བཞིན་བདག་མ་བྱས་པས། མོར་ཡང་ཅི་ཁག སྙིང་རྗེ།༽སྣའི་གཟེངས་མཐོ་ཞིང་སྐྲ་འཇུ་ལུར་གནས་པ། སྨྲ་ར་ཐར་ཐོར་སྐྱེས་ཡོད་པའི་སྐྱེས་པ་ཞིག་གིས་ཡར་སྒྱེད་གྱི་གྲལ་མགོ་ནས་ལྭ་བ་གཡང་བཤམས་སུ་གྱོན་ཏེ་དཀྱུལ་ཀྲུང་དུ་བཙོག་ཅིང་། ཅུང་གཟབ་ནན་གྱི་ཉམས་དང་བཅས་ཇ་ཁམ་གང་འཐུང་ཞོར་དེ་ལྟར་བཤད། རྩིབ་ཏུ་ལོ་བཅུ་ཡང་ལོན་མི་འདུག་སྙམ་པའི་བྱིས་པ་གཉིས་འཕྲོ་རིམ་འཕྲོར་ཁོའི་ལྭ་བའི་མཐུ་འོག་ཏུ་གཅེར་བུར་བསྡད་འདུག དེའི་ཞོལ་དུ་ལོ་ན་བགྲེས་ཤིང་སྐྲ་དཀར་པོར་གྱུར་པའི་ཨ་ཡེ་ཞིག་པགས་གདན་ཤིག་ཏུ་བཙོག་ཅིང་ལག་པ་གཅིག་གིས་འཁོར་ལོ་བསྐོར་བ་དང་གཅིག་གིས་ཕྲེང་བ་འདྲེན་བཞིན་བསྡད་ཡོད། མར་སྒྱེད་དུ་བུད་མེད་ལོ་བསེགས་ཤིག་གིས་ཐབ་ཀྱི་མི་འདྲུ་བ་དང་ཇ་ལྡུགས་པ་སོགས་བྱེད་ཀྱིན་འདུག ༼དཀོན་མཆོག་མཁྱེན། ལས་དབང་ཟེར་བ་འདི་རེད། བུ་མོ་དེའི་མིང་ལ་དབྱངས་ཅན་ཟེར། དེའི་རྨོ་མོ་ངའི་དབུས་རོགས་ཡིན།འཇིག་རྟེན་གྱི་མར་གྱུར་བའི་སེམས་ཅན་མཐའ་དག་གི་མགོར་འདི་དང་འདིའི་རིགས་སུ་གྱུར་བའི་སྡུག་བསྔལ་མི་ཡོང་བར་ཤོག དཀོན་མཆོག་མཁྱེན། གསེར་ཁྲི་རིན་པོ་ཆེ་ཚང་ལ་གསོལ་བ་འདེབས། བུ་མོ་དེ་དག་པའི་ཞིང་དུ་སྐྱེས་ཤོག༽ རྒས་ཤིང་འཁོགས་པའི་ཨ་ཡེ་དེས་འཕྲེང་བ་འདྲེན་མཚམས་བཞག་ཅིང་ལག་པས་ཐལ་མོ་སྦྱར་ཏེ་དད་པ་དྲགས་པོའི་སྒོ་ནས་དེ་ལྟར་བཤད། མོས་མུ་མཐུད་དུ་བཤད་རྒྱུར༼བུ་མོ་འདིའི་ཨ་མའི་མིང་ལ་གཡང་འཚོ་ཟེར།གཡང་འཚོའི་ཨ་མ་དང་ངེད་གཉིས་འཇིག་རྟེན་རྙིང་བའི་སྐབས་ཀྱི་དབུས་རོགས་ཡིན་སྟབས།མོས་ང་ལ་དབྱངས་ཅན་ཕྱོགས་ཀྱི་སྐད་ཆ་མང་པོ་བཤད་མྱོང་། ༽ཨ་ཡེ་བགྲེས་པོ་དེས་མིག་གཉིས་བཙུམས་ཤིང་འདས་ཟིན་པའི་དོན་དག་ཅིག་ལ་ཕྱིར་དྲན་བྱེད་པའི་ཚུལ་གྱིས་བསྡད། སྐབས་དེར།ངའི་བློ་ཁོག་ཀྱང་སྒུལ་ཤུགས་ཁྱད་པར་བ་ཞིག་གིས་གཡོས་ཏེ་རང་གི་རབ་རིབ་མག་མོག་གི་སྐྱེ་མ་སྔོན་མའི་སྐོར་གྱི་གཏམ་རྒྱུད་ལ་ཉན་འདོད་དྲགས་པོ་སྐྱེས་ཤིང་། གཤོག་པ་ཟུང་རྡེབ་ཙམ་གྱིས་ཀ་བ་དང་བྲལ་ཏེ་ཐབ་མགོ་བརྒྱུད་ནས་ཨ་ཡེ་བགྲེས་པའི་དཔུང་བའི་ཐོག་བབས།གོང་གི་སྣ་གཟེངས་པའི་སྐྱེས་པ་དེ་དང་། བྱིས་པ་གཉིས།བུད་མེད་ལོ་བསེགས་དེ་དག་ཀྱང་གོ་ཁར་བསྣུད་ཙམ་གྱིས་ཨ་ཡེ་བགྲེས་པོ་དེའི་ཕྱོགས་སུ་ཅེར་ཞིང་། ཁོ་ཚོའི་ཚུལ་ལ་བལྟས་ན། ངའི་སྐྱེ་བ་སྔོན་མའི་སྐོར་གྱི་གཏམ་ལ་ཉན་འདོད་ཆེན་པ་སྐྱེས་ཡོད་པ་ཚོར།

  སྙིང་ཉེ་བའི་ཀློག་པ་བོ་ལགས། སྐབས་འདི་ནས་བཟུང་ཨ་ཡེ་བགྲེས་པོ་དེས་བུ་མོ་དབྱངས་ཅན་སྐོར་གྱི་ཡ་ང་ཞིང་ཡི་མུག་པའི་གཏམ་རྒྱུད་ཅིག་འཆད་པར་བྱ་ཞིང་།ཞོལ་ནས་གཏམ་རྒྱུད་ཁྲོད་ཀྱི་འབོད་པའི་ཐ་སྙད་དང་པོ་སྟེ༼ང༽ཞེས་པ་ཨ་ཡེ་འགྲེས་པོས་སྤྱོད་རྒྱུ་ཡིན་པས་དེ་འཇགས་འཚལ།

  ༼ལོ་ཉི་ཤུ་ལྷག་འགོར་ཟིན། དོན་དེ་དག་ཡིད་ལ་དྲན་ཐེངས་རེ་རེར་ང་རང་ད་དུང་སྐྱོ་གདུང་གིས་མནར་བར་བྱེད།སྒྲོལ་དཀར་དང་ངེད་གཉིས་འཇིག་རྟེན་རྙིང་བའི་དབུས་རོགས་ཡིན་པ་ཙམ་མ་ཟད། ཕན་ཚུན་ལ་སྙིང་ནས་བརྩེ་བའི་གྲོགས་པོ་བཟང་བོ་ཡང་ཤ་སྟག་ཡིན། ཡིན་ནའང་།ཁོ་ཚང་ལ་རྐྱེན་ངན་བྱུང་ངའི་ལོ་དེར་ངས་རོགས་པ་ཏིལ་ཙམ་ཡང་བྱེད་མ་ཐུབ།དེ་དག་བསམ་ན་ད་ལྟ་འང་འགྱོད་པ་ཆེ །སྒྲོལ་དཀར་གྱི་ཁྱོ་ག་ནི་མིང་ལ་སྐྱ་བྷ་ཞེས་པའི་སྤྱིང་བཏང་གི་རོང་བ་ཞིག་ཡིན་ཞིང་། སྔོན་ཆད་ཁོ་ཚོང་རུ་སྡེ་ཞོལ་མའི་ནང་གི་ཕྱུག་པོ་རྩེ་གྲ་དེ་ཡིན་ཟེར་ན་བཤད་དཀའ་ཡང་རྒྱུ་དང་འབྱོར་བས་གཞན་ལ་ངོ་གནོང་མི་དགོས།སྐྱ་བྷ་དང་སྒྲོལ་དཀར་གཉིས་ལ་བུ་མོ་གཡང་འཚོ་ཁོ་ན་ལས་མེད་ཅིང་། གཡང་འཚོ་ནི་ཁོང་གཉིས་ཀྱི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུ་ཡིན།གཡང་འཚོ་ལོ་བཅུ་དྲུག་ལ་ལོན་པའི་སྟོན་མཇུག་དེར།ཁོ་ཚང་གི་སྒོ་ཟོག་འགར་འགོས་ནད་བྱུང་ཞིང་རྟ་འགའ་ཇག་པས་དེད་པ་སོགས་ཁྱིམ་དུ་གྱོང་གུད་བྱུང་བ་རྒྱུ་རྐྱེན་དུ་བཟུང་སྟེ།སྐྱ་བྷ་བླ་བྲང་དུ་སོང་ནས་ཨ་མཆོད་ཁ་ཤས་ཁྱིམ་དུ་གདན་དྲངས་ཤིང་། ཉིན་བཅུ་གྲངས་ཤིག་ལ་བཅའ་བ་རིམ་གྲོ་འཛད།ཡིན་ནའང་།རེས་སྐྱིད་རེས་སྡུག་གི་མི་ཡུལ་ལུང་བ་སྐྱ་བྷའི་ཡིད་ལ་དྲན་པའི་དེ་འདྲ་ཞིག་ག་ལ་ཡིན། དེ་ནས་བཟུང་ཁོ་ཚང་ལ་དོན་རྐྱེན་འདི་བྱུང་བའི་ཐོག་མའི་འགོ་བརྩམས་པ་རེད།༽ ཨ་ཡེ་བགྲེས་པོ་དེས་གློ་འགའ་བྱས་ཤིང་། མོའི་གཏམ་རྒྱུད་ཀྱི་གསེང་དུ་འཐིམ་པའི་ལས་དམན་ངར་ཡང་བརྡབ་གསིག་ཙམ་བྱས། ངའི་ཡ་ཁོག་ཧྲིལ་བོ་ཐེ་ཚོམ་དག་དོགས་གཞི་དག་གིས་གང་བར་བྱས་ཤིང་། ཁོ་ཚང་གི་བཟའ་མི་དག་གིས་ཀྱང་རྨོ་མོའི་ཕྱོགས་ལ་ཅེར་ཏེ་གཏམ་རྒྱུད་དེའི་ཁ་འཕྲོར་ཉན་འདོད་ཀྱི་བཟོ་ལྟ་བསྟན། ཁོ་ཚང་གི་རྨོ་མོས་མུ་མཐུད་དུ་བཤད།
  ༼སྐྱ་བྷས་བླ་བྲང་ནས་ཁྲིད་འོང་བའི་ཨ་མཆོད་དེ་དག་གི་ཁྲོད་དུ་མིང་ལ་སྐལ་བཟང་ཆོས་གྲགས་ཞེས་པའི་བཙུན་པ་ཞིག་ཡོད་ཅིང་། ཁོའི་བློར་ལོ་ན་ཕྲ་ན་ཞིང་བཅུ་དྲུག་ལང་ཚོའི་དཔལ་དང་ལྡན་པའི་བུ་མོ་གཡང་འཚོ་བབས། བུ་མོ་གཡང་འཚོའི་སྒེག་ཉམས་དང་མཛེས་པའི་བཞིན་མདངས་ཀྱིས་སྐལ་བཟང་ཆོས་གྲགས་ལ་གསུབ་ཏུ་མེད་པའི་བག་ཆགས་བཞག་ཅིང་། ཀླད་པའི་ཁང་བཟང་ཧྲིལ་བོར་གཡང་འཚོའི་གཟུགས་བརྙན་གྱིས་གང་ཡོད།
  ཨ་མཆོད་དག་ཕྱིར་འགྲོ་བའི་ཉིན་དེར། སྐྱ་བྷ་ཡིས་ཨ་མཆོད་རེ་རེར་བློ་ཡིད་ཚིམ་པའི་དཀོར་རྫས་བྱིན་ཞིང་སྐྱེལ་མ་བྱེད་པའི་སྐབས་སུ། སྐལ་བཟང་ཆོས་གྲགས་ཀྱིས་གློ་བུར་དུ་རྐང་བ་ན་བའི་ཚུལ་འཆོས་དང་བཅས། རང་ཉིད་འགྲོ་མི་ཐུབ་པས་ཉིན་འགར་ངལ་གསོ་དགོས་ཞེས་ཤེས་ཤུལ་ཏུ་བསྡད།
  ས་ཡོངས་སུ་རུབ་ཟིན།སྐལ་བཟང་ཆོས་གྲགས་མཆོད་ཁང་དུ་ཉལ། ཁོ་དང་སྒྲོལ་དཀར་གཉིས་ཁྱིམ་དུ་ཉལ་ཅིང་བུ་མོ་གཡང་འཚོ་ལུག་མཐར་ཡོད་པའི་ལྕི་བའི་ཁང་ཆུང་དེ་རུ་ཉལ། སྐལ་བཟང་ཆོས་གྲགས་ཀྱི་སྙིང་ཆུང་མཚམས་མི་ཆད་པར་ལྡིང་ཞིང་། མཆོད་ཁང་གི་རྩིག་ལྡེབས་དང་གནམ་གཅལ་སོགས་ལས་གཡང་འཚོའི་སྣང་བརྙན་གྱིས་ཡོངས་སུ་ཁེངས། དབང་རྩར་རྒྱུ་བའི་ཁྲག་མཐའ་དག་གདོད་ཆགས་ཡན་གར་བ་ཞིག་གཡོས། ཁ་ལྕེ་གཉིས་སྐམ་པར་གྱུར།སྐལ་བཟང་ཆོས་གྲགས་ཀྱིས་སྔས་མགོའི་གཟན་ཤམ་བླངས་ཤིང་ལྷམ་ཡང་མ་གོར་དལ་མོར་སྒོར་བུད་དེ་ལྕི་བའི་ཁང་ཆུང་དེར་གཟས་ཤིང་།ཁོ་ནི་ཤ་ལ་རྔམ་པའི་འཕར་སྤྱང་ཞིག་དང་འདྲ་བར་གཡང་འཚོའི་ལུས་སྟེང་དུ་མཆོངས་ཏེ་མོའི་དྭངས་གཙང་ལྷད་མེད་ཀྱི་ལང་ཚོའི་མེ་ཏོག་རྨེད་མེད་དུ་བཏང་། ཉིན་དེ་ནས་བཟུང་།མཚན་མོ་རེ་རེར་སྐལ་བཟང་ཆོས་གྲགས་ལྕི་བའི་ཁང་ཆུང་དེར་འགྲོ་བ་ནི་ཁོའི་གོམས་སྲོལ་ལྟ་བུར་གྱུར་ཞིང་། དེ་ལྟར་ཟླ་གཅིག་ལྷག་འགོར་རྗེས།སྐལ་བཟང་ཆོས་གྲགས་ཀྱིས་ལུས་ཀྱི་གཟན་ཤམ་མར་ཕུད་ནས་སྐྱ་བྷ་ཚང་ལ་མག་པར་བསྡད་པ་རེད། དེང་ཐོག་མག་པ་སྐལ་བཟང་ཆོས་གྲགས་ནི་ཁྱིམ་ལ་གཅེས་ཤིང་ཕྱུགས་རིགས་འཚོ་སྐྱོང་ལ་སྡུག་རུས་བྱེད་པའི་མི་ཞིག་ཡིན་ཞིང་།སྐྱ་བྷ་དང་སྒྲོལ་དཀར་གཉིས་ཀྱི་སེམས་ཀྱང་བདེ་བར་གནས་ཆོག་སྙམ་པའི་ཚོར་བ་བྱུང་ཡང་།རིམ་བཞིན་སྐལ་བཟང་ཆོས་གྲགས་རྫོང་ལ་སོང་བ་ནས་ཟི་ལོང་སོགས་གྲོང་ཁྱེར་ཁག་ཏུ་འགྲོ་བའི་དུས་ཚོད་མང་ཞིང་།མཚམས་རེ་རེར་ཟླ་ངོ་གཉིས་གསུམ་ཙམ་ལའང་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པར་གྱུར་འགྲོ དེ་བས་སྐྱ་བྷ་ཡང་ཁོང་ཁྲོ་གཏིང་ནས་ལངས་ཤིང་རང་གི་མག་པའི་སྟེང་ལ་ཁོ་ཐག་ཆད་ཡོད། དུས་དེར་གཡང་འཚོར་ཏག་ཏག་མངལ་སྦྲུམ་ཡོད།
  རྗེས་སུ། སྐལ་བཟང་གྲགས་པར་རྟག་ཏུ་ཕྱིར་ཡོང་མེད་པར་གྱུར་ཞིང་།ཁོའི་གནས་ཚུལ་ཏིལ་ཙམ་ཡང་མ་གོ བུ་མོ་དབྱངས་ཅན་སྐྱེས་པའི་ལོ་དེར།སྐྱ་བྷར་ཡང་འཆམ་ནད་ཅིག་རྐྱེན་དུ་བྱས་ཏེ་ཚེ་ལས་འདས་ཤིང་། ཁོ་ཚོང་སྒོ་ཕྱི་ཁྱིམ་མཐའ་དག་ཀྱང་སྟོང་བ་དང་ལྷིང་འཇགས།གྲང་འཁྱགས་ཤིག་གིས་ཁེངས་པར་གྱུར། སྒྲོལ་དཀར་དང་གཡང་འཚོ་གཉིས་ཀྱིས་དབྱངས་ཅན་ལོང་བ་ཞིག་ཡིན་པ་ཤེས་རྗེས། ཡིད་སེམས་རབ་ཏུ་ཕངས་ཀྱང་བྱ་ཐབས་ཁྱོན་ནས་མེད་པར་གྱུར་།དེ་ལྟར་སྐལ་བཟང་གྲགས་པར་ཕྱིར་ཡོང་མེད་ཅིང་སྐྱ་བྷ་ཡང་འཇིག་རྟེན་དཀར་ངོགས་དང་བྲལ་བར་གྱུར་བ།བུ་མོ་ལོང་བ་ཞིག་སྐྱེས་པ་སོགས་སུ་ཡིས་བཀོད་སྒྲིག་འོག་བྱུང་བ་ལྟ་བུའི་ལས་དབང་གི་མནར་གཅོད་འདི་དག་གིས་ཁོང་གཉིས་ཅི་བྱ་བཏོལ་མེད་དུ་བསྒྱུར།
  ཟླ་འགའི་རྗེས་སུ།སྡེ་མི་ཀུན་གྱིས་ཁོ་ཚང་གི་ཐབས་ཆག་དང་རེ་ཆད་དུ་ཡོད་པའི་འཚོ་བའི་གནས་བབ་ལ་དོ་སྣང་བྱས་ཏེ།གཡང་འཚོར་སྡེ་བ་གཞན་ནས་འོངས་པའི་མིང་ལ་དགྲ་འདུལ་ཟེར་བའི་སྐྱེས་པ་ཞིག་མག་པར་བཞག དགྲ་འདུལ་ནི་ཡ་རབས་གཤིས་ཀ་འཛོམས་ཤིང་། སྒྲོལ་དཀར་དང་གཡང་འཚོ།དབྱངས་ཅན་སོགས་ལ་བྱམས་པའི་མི་བཟང་མཆོག་ཏུ་གྱུར་བ་ཞིག་ཡིན་རྐྱེན།ཁོ་ཚང་གི་སྒོ་ཕྱི་ཁྱིམ་དང་འཚོ་བའི་གནས་བབ་ལའང་སྔ་ན་མེད་པའི་འགྱུར་ལྡོག་བྱུང་།ཡིན་ནའང་། དབྱངས་ཅན་ལོ་བཞི་ལ་སོན་པའི་ལོ་དེར།གཡང་འཚོ་སྐྱེས་པ་གཞན་ཞིག་གི་རྗེས་དེད་ནས་གར་སོང་ཆ་མེད་དུ་གྱུར། སྒྲོལ་དཀར་དང་དགྲ་འདུལ་གཉིས་ཀྱིས་ས་ཕྱོགས་སོ་སོར་བཙལ་ཅིང་གཡང་འཚོའི་གནས་ཚུལ་ཅུང་ཙམ་ཡང་མ་གོ
  དགྲ་འདུལ་དང་གཡང་འཚོ་གཉིས་ལ་བྱིས་པ་མེད་མོད།དགྲ་འདུལ་གྱིས་དབྱངས་ཅན་རང་གི་ཤ་ལས་ཆད་པའི་བུ་མོ་བཞིན་དུ་གཅེས་སྐྱོང་འཛད་ཅིང་།ཚུལ་དེས་སྒྲོལ་དཀར་ལའང་དབྱངས་ཅན་ཕྱོགས་ནས་སེམས་བདེ་ལ་གནས་སུ་བཅུག་ཆོག སྒྲོལ་དཀར་ལ་འཚོ་བའི་གཉའ་གནོན་དང་མནར་གཅོད་མང་པོས་རབ་ཏུ་མནར་བའི་རྐྱེན་གྱིས། ཡུལ་དང་བྲལ་ཏེ་བླ་བྲང་དགོན་པའི་མཐའ་འཁོར་ནས་ཁང་བ་ཞིག་གི་གླས་ཏེ་ཚེ་སྨད་ལ་རོལ་ཅིང་།ཤུལ་ཏུ་དགྲ་འདུལ་དང་སྒྲོལ་དཀར་གཉིས་ལས་ཅི་ཡང་མེད་པ་རེད།དེ་ལྟར་དགྲ་འདུལ་གྱིས་འབད་པ་ཧུར་ཐག་གིས་ལོང་བར་གྱུར་བའི་བུ་མོ་དབྱངས་ཅན་ལ་གཉོར་སྐྱོང་བྱས་ཏེ་མི་ལོ་བཅུ་ལྔ་ལྷག་འདས།༽ ཨ་ཡེ་བགྲེས་པོས་བཤད་མཚམས་འདིར་ཐོན་དུས། མཚན་གུང་གི་དུས་ཚོད་གཉིས་པ་ཕྱིན་འདུག་ལ།བྱིས་པ་གཉིས་སོ་སོའི་གནས་སུ་གཉིད་འདུག སྐྱེས་པ་དེ་དང་བུད་མེད་དེ་གཉིས་ཀྱིས་མུ་མཐུད་མོའི་བཤད་ཀྱིན་པའི་གཏམ་རྒྱུད་དེར་བློ་རྩེ་གཅིག་སྒྲིམ་གྱིས་ཉན་འདུག

  ངའི་རང་གི་སྐྱེ་བ་སྔོན་མ་དང་འབྲེལ་བའི་གཏམ་རྒྱུད་འདིར་ཐེངས་གཅིག་ཉན་རྗེས། ཡིད་སེམས་ཧྲིལ་བོ་ནི་དབེན་འཇགས་ཀྱི་མྱ་ངམ་ཐང་ཆེན་པོ་ཞིག་དང་འདྲ་བར་སྟོང་སང་སང་དུ་གྱུར་ཞིང་།དྲན་པའི་སྒྲོམ་ནང་དུ་བཅུག་པའི་འདས་དོན་གྱི་བརྙན་རིས་རེ་རེའང་མག་མོག་ནས་མག་མོག་དང་རབ་རིབ་ནས་རབ་རིབ་ཏུ་ཕྱིན་པར་གྱུར།ང་རང་ཨ་ཡེ་རྒད་མོའི་ཕྲག་སྟེང་ནས་གཤོག་པ་རྡེབ་ཙམ་གྱིས་སྦྲའི་ཁ་ཚུབ་གཟས་ཏེ་བར་སྣང་དུ་འཕུར་ཞིང་།ཟླ་འོད་དང་སྐར་མས་སྟོང་བའི་ཕྱི་རོལ་ནི་ཅི་འདྲའི་མུན་ནག་དང་གྲང་ངར།འཇིགས་སྐྲག་གིས་ཡོངས་སུ་ཟིན་པ་ཞིག་རེད་ཨང་སྙམ་སྟེ་མུན་པ་སྟུག་པོའི་ཁྲོད་ག་ལེར་འཕུར་སོང་།

                       2014.9.4 ཉིན་རྫོགས་སོ།།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱེ་མ་ལེབ་ནག་པོ།

2015-01-19 ཁྲག་སྙུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།