གཟའ་ཉི་མའི་འཚོ་བ།

  དོན་གྲུབ་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་<<ཀུ་ཤུ་དམར་པོ>>ནི་བདེ་སྐྱིད་དང་རྡོ་རྗེ་གཉིས་སློབ་ཆུང་ནས་བཟུང་སྟེ་སློབ་ཆེན་མཐར་ཕྱིན་བར་གྱི་བརྩེ་བའི་གཏམ་རྒྱུད་ཅིག་རེད་འདུག མདང་ནུབ་གྲོགས་ཚེ་བརྟན་ངེད་གཉིས་ཀྱིས་བལྟས་པས་ད་ནང་དུས་ཚོད་ལྔ་པར་སླེབས་སོང་། ད་ལྟ་གཉིད་སད་མ་ཐག་སྒོ་ལ་བུད་པས་རི་བོ་གཟེངས་མཐོ་བ་དག་གི་རྩེ་མོས་ཉི་འོད་མནབས་བཞག གློ་བུར་དུ་དབུ་ཞྭ་སེར་པོ་གྱོན་པའི་ཨ་ཁུ་ཞིག་ཀྱང་དྲན་སོང་།
  ཞོགས་ཇ་སྐོལ་བཞིན་ཁ་པར་སྒོ་ཕྱེས་པས་ཏོག་ཙམ་ནས་“མ་འདྲིས་སེམས་ཀྱི་མདུད་པ། འདྲིས་ན་དགའ་རོགས་སྐྱོ་རོགས།།ཧི་མ་ལ་ཡི་སྲས་མོ། སྙིང་སྡུག་གཡུ་ཆུང་དྲུག་དཀར། ཡིད་འཕྲོག་ལྷ་མོ་ལྷ་རེད། ” ཞེས་ཧི་མ་ལའི་སྲས་མོའི་གཞས་ཤིག་ལྷང་ལྷང་དུ་གྲགས་སོང་། ཏག་ཏག་གྲོགས་མོ་ཆོས་སྒྲོན་གྱིས་ཁ་པར་གཏོང་བ་ཤེས་པས་བྲེལ་འཚུབ་ངང་ནས་ཉོན་པ་ཡིན། “ཨོ།” “ཞོགས་པ་བདེ་ལེགས།” “བདེ་ལེགས།” “ཅི་བྱེད་བཞིན་ཡོད།” “དེ་རིང་ངལ་གསོ་ཡིན། ད་དུང་ཉལ་ཡོད། དུས་ཚོད་བཅུ་གཅིག་ཙམ་ནས་སློབ་གྲོགས་འགའ་དང་མཉམ་དུ་སྤྱི་གླིང་དུ་སྤྲོ་གསེང་ལ་འགྲོ་དགོས། ཁྱོད།” “ང་གྲོང་ཆོག་ལ་འགྲོ་དགོས།” “གང་ན།” “གྲོགས་ཤིག་གི་ཁྱིམ་དུ་བཀའ་འགྱུར་ཞལ་ཕྱེ་བྱེད་དུ་འགྲོ་གྲོས་བྱས་ཡོད། སྤྱི་བཏང་ཨ་མཆོད་བྱེད་རྒྱུར་དགའ་པོ་མེད། འོན་ཀྱང་གྲོགས་པོའི་རེ་བ་སྟོང་ཟད་དུ་གཏོང་མི་ཕོད་པས་མ་སོང་རང་སོང་རེད།” “ཡ་ཡ། འཕྲིན་ཐུང་བསྐུར་འོང་།” “ཆོག་གི”འདི་ལྟར་ངེད་གཉིས་ཀྱིས་སྐད་ཆ་མཇུག་བསྡུས།
  གྲོགས་ཚེ་བརྟན་ངེད་གཉིས་ཀྱིས་ཁ་ལག་མྱུར་བར་བཀྲུས་ནས་རྩམ་པ་བརྫིས། ཇ་བཏུང་། དེ་ནས་གྲོགས་བསྟན་དགའི་ཤག་ཏུ་འབྱོར། ངེད་གསུམ་མཉམ་པོར་གྲོགས་ཚེ་བརྟན་ཚང་ལ་སོང་། སྒོ་ཁ་ནས་སྒྲོལ་མས་ཡག་ཡག་མཛེས་མཛེས་ཀྱིས་བསུ་མ་བྱས་ནས་ཇ་བླུད་ཐལ། བདག་གིས་ག་ལེར་བསྟན་དགའི་ངོ་ལ་བལྟས་པས་དགོད་བཞིན་མཆིས། ངས་སྐད་འཕང་དམའ་མོས“ཁོ་རེ། ཨ་ཅེ་སྒྲོལ་མས་དེ་རིང་ཡག་ཡག་བྱས་འདུག ཁྱོད་ཐོན་ཡོང་བ་ཁྲིག་ཁྲིག་ཤེས་ཡོད་པ་འདྲ”ཞེས་བཤད། ཁོས“དེ་ལོས་ཡིན། ངའང་མོ་རང་གི་ཆེད་དུ་ཡོང་བ་ཡིན། དེ་རིང་གོ་སྐབས་རེད”ཟེར།
  དེ་ནས་མཆོད་ཁང་ནང་དུ་སོང་བས། ཤུག་པས་བཟོས་པའི་ཡིག་ཁྲི་སྟབས་བདེ་ཞིག་གི་ནང་དུ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་བརྩེགས་འདུག གླེགས་ཐག་བཀྲོལ་བ་དང་། ཡི་གེ་བམ་ཀློག་བྱས།
སྐབས་ཤིག་ནས་བདག་ལ་འཕྲིན་ཡིག་ཅིག་འབྱོར་སོང་། གྲོགས་མོ་ཆོས་སྒྲོན་གྱིས“སྤྱི་གླིང་གི་མཚར་སྡུག་ནི་ཆེས་མཛེས་མོད། ཁྱོད་མེད་ན་རང་སེམས་སྟོང་པ་རེད”ལབ་འདུག ངས་ལན་ཞིག་བསྐུར་དགོས་མོད་བསམ་བློ་ནན་གྱིས་གཏོང་བས་མཐར“སྙིང་ཉེ་ཁྱེད་ཀྱི་བརྩེ་བའི་རྒྱ་མཚོ་འཛད་པ་མེད་ན། ང་ནམ་ཡང་ཁྱོད་ཀྱི་ཕྱོགས་ལ་འཁོར་ནས་ཡོད”ཅེས་བཤད། སྐབས་དེར་གྲོགས་བསྟན་དགའི་རྨོ་མོས་སྒོ་ཟུར་ནས་བདག་གི་ཕྱོགས་ལ་བལྟས་འདུག གློ་བུར་དུ་ཁ་པར་བསྐུངས་ཀྱང་ངོ་གདོང་ནག་རོག་གེར་རེད། ཟུར་ནས་བསྟན་དགས་ཀྱང་ལྐོག་ལྐོག་སུད་སུད་ཀྱིས་སྐད་ཆ་བཤད་བཞིན་པ་མཐོང་། གྲོགས་ཚེ་བརྟན་གྱི་རྨོ་མོ་ནི་སྔོན་ཆད་ཇོ་མོ་བྱས་ཤིང་། རིགས་གནས་གསར་བརྗེའི་སྐབས་སུ་སྡོམ་པ་བཙན་གྱིས་གཏོང་དགོས་བྱུང་། ན་ནིང་ཡང་དུ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ཞུས་སྐད་འདུག དེ་ནས་སྐད་སྒྲ་སིང་སིང་གིས་བཏོན་པས་མ་རྒན་གྱི་ཁོང་ཁྲོ་ཞི་བར་གྱུར། ཕྱི་དྲོའི་དུས་ཚོད་དྲུག་པའི་ཐོག་ནས་དགོང་ཟས་ཟོས། བསྟན་དགས་སྒྲོལ་མ་ལ་ཅེར་གྱིན་བརྡ་ཞིག་རྒྱག་གི་ཡོད་པ་འདྲ། ནམ་ཞིག་ཁོང་གཉིས་ཀྱིས་ལམ་ཁ་གཞན་ཞིག་བདམས་ནས་ཚེ་གཅིག་གི་གཏན་གྲོགས་སུ་མི་འགྱུར་བའི་ངེས་པ་མ་མཆིས། གྲོགས་ཚེ་བརྟན་གྱིས་བསྟན་དགའ་ངེད་གཉིས་ཀྱི་སྔུན་དུ་དམངས་སྒོར་ལྔ་བཅུ་རེ་བཞག་སོང་། “བཀའ་དྲིན་ཆེ། དེ་རིང་ཡག་པོ་རེད་སོང་། འབུལ་བ་མང་པོ་མེད་ཀྱང་། རྟེན་འབྲེལ་མཚོན་བྱེད་ཡིན། ཁྱེར་རོགས”ཞེས་བཤད། ཉི་མ་དམར་ཐག་ཆོད་པའི་རྗེས་སུ་རང་རང་ཤག་ཏུ་ལོག ལམ་བར་ནས་གྲོགས་མོ་ཆོས་སྒྲོན་གྱིས་བདག་ལ་ཁ་པར་གཏོང་ཙམ་བྱས་སོང་། དེ་ནི་གཞན་ཅི་ཡང་མ་རེད། དུས་ཚོད་བར་སྟོང་ཡོད་མེད་ཀྱི་བརྡ་ཞིག་རེད། ཤག་ཏུ་ཐོན་མཚམས་ཅང་ངལ་གསོས་པས་སྐར་འོད་ཁྲ་ཆིམ་ཆིམ་དུ་ཤར་སོང་། གཞི་ནས་གྲོགས་མོ་ཆོས་སྒྲོན་ལ་ཁ་པར་གཏོང་མགོ་བརྩམས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟའ་ཉི་མའི་འཚོ་བ།

2015-01-20 འཕགས་ཆེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།