བཀྲ་ཤིས་རྒྱལ།

ཁ་བ་རྐང་གླིང་།༼ གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-02-07

  རླུང་བུ་འར་འུར་དུ་ལྡང་ཞིང་བྱེ་མ་མང་བོ་ཞིག་ཁང་བའི་སྒེའུ་ཁུང་སྟེང་དུ་ཚག་སྒྲ་དང་བཅས་བབས་ཡོངས་བཞིན་ཐབ་ཀྱི་འགྲམ་ན་སྡོད་པའི་ཨ་མ་མཚོ་མོ་སྐྱིད་ཀྱི་སེམས་སུ་བློ་མི་བདེ་བའི་བསམ་པ་ཞིག་གློ་བུར་དུ་སྐྱེས། མོས་ཐབ་ལས་བྱེད་ཞོར་དུ་ཕྱི་ལ་ཡོང་བབ་བསོག་པར་སོང་བའི་སྙིང་གི་ནོར་བུ་བཀྲ་ཤིས་རྒྱལ་བདེ་མོ་ཡིན་མིན་སེམས་སུ་ཧོབ་སྟེ་ཤར།
  ཉིན་གུང་མི་རྣམས་ཉི་མའི་དྲོ་སྐྱིད་བདེ་བར་མྱོང་ཞིང་ལྷོད་ཤིག་གེའི་ངང་། ཕན་ཚུན་ལབ་གླེང་སྣ་ཚོགས་བྱེད་བཞིན། ལྷག་པར་དུ་ན་གཞོན་ཕོ་མོ་རྣམས་ཁྱེད་དང་མོ་འཚམ། ཉོ་ཉོ་ཉོག་གིས་ཁྱེད་རང་ལ་དགའ་པོ་བྱེད་ཀྱིན་འདུག་སོགས་ཟེར་ཞིང་། དགོད་བྲོའི་ཧབ་ཆ་དང་བཅས་ཉིན་མ་སྐྱེལ་གྱིན་ཡོད། ཡིན་ནའང་ཨ་མ་མཚོ་མོ་སྐྱིད་ཀྱི་བུ་བཀྲ་ཤིས་རྒྱལ་གྱི་ཁྱིམ་ཚང་ཤིན་ཏུ་ནས་སྐྱོ་པོ་ཡོད་པས་ལོ་ལྟར་ཞིང་ལས་ཚར་བ་དང་ཕྱི་ལ་ཡོངས་བབ་བསོག་པར་འགྲོ་དགོས་ཤིང་། རང་གིས་ན་མཉམ་གཞོན་པ་ཚོ་དང་མཉམ་དུ་དེ་འདྲའི་དགོད་ཤའི་ཁྲོད་དུ་འདུག་ལོངས་མེད་པ་རེད། ད་ལོ་ཡང་སྟོན་ལས་ཚར་མ་ཐག ལུང་པ་གཞན་གྱི་མི་དང་མཉམ་དུ་ལྷ་སར་ལས་མི་རྒྱུག་པར་ཆས། ཁོས་གྱོན་པ་ཐལ་རྡུལ་གྱིས་ཁེངས་པའི་ཀོ་ཐུང་ཞིག་དང་སྟོད་ཐུང་སྔོན་པོ་ནག་དྲེག་ཅན་ཞིག་གྱོན་འདུག་ལ་འགྱིག་གི་ལྷམ་ཀོག་ཅིག་བཅས་གྱོན་ནས་རྩམ་པ་དང་ཇ་མར་སོགས་འཁྱེར་ནས་འགྲུལ་སྐྱེལ་རླང་འཁོར་ཞིག་བཀག་སྟེ། ཨ་མ་མཚོ་མོ་སྐྱིད་ཀྱིས་ཁོར་ཆང་དང་ཁ་བཏགས་ཀྱིས་སྐྱེལ་མ་བྱས་ཤིང་། མོ་ཊ་གཏོང་མཁན་གིས་ཁ་ལོ་བར་ཡང་ཁ་བཏགས་དང་ཆང་བླུགས་ཀྱིན། མོ་ཊ་ཆས་ལ་ཉེ་སྐབས། ཨ་མ་མཚོ་མོ་སྐྱིད་ཀྱི་མིག་མཐའ་མཆི་མས་ཁེངས་ཤིང་མགྲིན་པ་བརྣང་སྟེ་སྐད་ཆ་སྨྲ་མི་ཐུབ་པར་ལུས་པས། བུ་བཀྲ་རྒྱལ་གྱིས་ཨ་མར་སེམས་གསོ་དང་སྦྲགས། ཨ་མ་རང་ང་ལ་སེམས་ཁྲལ་བྱེད་མི་དགོས་དེ་ལས་ཁྱེད་རང་གིས་གཟུགས་པོར་དྲོ་སྤྱོད་གནང་རྒྱུ་སོགས་ལ་དོ་སྣང་ཡག་པོ་བྱེད་རོགས་ཞེས་བཤད། ཁོ་ནི་བལྟས་པ་ཙམ་གྱི་མི་ཉམ་ཆུང་རྒན་བཀུར་གཞོན་གཅེས་ཤེས་མཁན་གྱི་ཕོ་རབ་ཞིག་ཡིན་པ་ཤུགས་ལས་རྟོགས་ཐུབ། རང་གིས་བུ་སྡོད་སའི་མོ་ཊ་མོའི་མིག་འོག་ནས་ག་ལེ་ག་ལེར་མི་སྣང་བར་གྱུར་བས། མོས་མིག་ནས་མཆི་མ་ཐིགས་པ་གཅིག་ལག་གི་སྟེང་དུ་ཟགས་རྗེས་མོ་གཞི་ནས་གཉིད་ཧོབ་སད་བརྒྱབ་པ་ལྟར་རང་གིས་བྲང་ཁོག་ཏུ་ལྟ་གིན་ནང་ལ་ལོག་པའི་ལམ་ལ་གོམ་ཁ་སྤོ་མགོ་ཚུགས།
  བུ་བཀྲ་ཤིས་རྒྱལ་ཕ་ཡུལ་གྱི་རི་ཁུག་ནས་དོན་ཏེ་ཤང་དང་རྫོང་སོགས་ཀྱི་འགྲུལ་སྐྱེལ་རླང་འཁོར་མང་པོ་ཞིག་རེས་མོས་ཀྱིས་བཞོན་ནས་ཉིན་མ་གསུམ་གྱི་རྗེས་སུ་གཞི་ནས་བོད་མི་ཚོས་དག་ཞིང་དུ་བརྗོད་པའི་གནས་མཆོག་ལྷ་སར་འབྱོར། ཁོ་དང་ཁོའི་རོགས་པ་ཚོ་ལྷ་སར་བསླེབས་དུས་མཚན་མོ་ཡིན་པས་ལྷ་སའི་ཁྲོམ་ལམ་ཚང་མར་གློག་མགྲོན་གྱིས་རྒྱན་ཏེ་ཉིན་གུང་དང་མཚུངས་ཞིང་ཁོའི་སེམས་སུ་བཤད་མི་ཤེས་པའི་སེམས་ཚོར་ཞིག་སྐྱེས། མཚན་མོ་དེར་རླང་འཁོར་ནས་བབས་མ་ཐག་ཕྱོགས་བཞིར་བལྟས་སྟེ་༼ཨ་མ། ལྷ་ས་ཟེར་ཡ་འདི་འདྲའི་སྐྱིད་སྣང་དོད་པ་ལ༽ཞེས་དབང་མེད་དུ་ཤོར། དེ་ནས་ཁོ་ཚོས་བོག་གཏོང་གླ་ཆེད་རླང་འཁོར་ཞིག་བཀག་སྟེ་ལྷ་ཀླུ་ཕྱོགས་སུ་བསྐྱོད་ནས་སྒོར་བཅོ་ལྔ་ཅན་གྱི་མགྲོན་ཁང་ཞིག་ཏུ་ཉལ། མཚན་མོ་དེར། ཁོ་ཚོས་སང་ཉིན་ལས་ཀ་འཚོལ་སའི་ཁ་ཕྱོགས་དང་ལས་ཀ་གང་འདྲ་བྱས་ན་ལེགས་མིན་སོགས་གྲོས་བསྡུར་བྱེད་ཀྱིན་དུས་ཚོད་ག་ཙམ་བསྡད། མཐར་ཁང་བ་རྒྱག་སར་ལས་གྲར་ཞུགས་རྒྱུའི་གྲོས་ཐག་བཅད་དེ། ཁོ་ཉལ་ཁང་གི་སྒེའུ་ཁུང་འགྲམ་དུ་ཉལ་བ་དང་རོགས་པ་གསུམ་པོ་ཁོའི་གཡོན་ཕྱོགས་སུ་ཉལ་སྟེ་སྐད་ཆ་ཤབ་ཤུབས་སུ་སྨྲ་གིན་སྨྲ་གིན་ཁོ་ཚོ་སོ་སྒྲ་དང་བཅས་གཉིད་དུ་ཡུལ།
  ཡིན་ནའང་ཁོ་གཉིད་ཅིག་ཀྱང་མི་ཁུག་པར་སེམས་ནས་སང་ཉིན་ལས་ཀ་རེག་མིན་ལ་སེམས་ཁྲལ་ཆེར་ལངས་ཀྱིན། ནང་ནས་ཐོན་དུས་ཀྱི་ཨ་མའི་མིག་ཆུ་ཝ་ལེར་ཡིད་ལ་དྲན་ཏེ་ཁོའི་སེམས་སུ་ད་ལྟ་ཨ་མ་གཉིད་ཁུག་ཨེ་ཡོད་བསམ།
  སང་ཉིན་ཞོགས་པ་སྔ་མོ་ནས་རྩམ་པ་བཟས་ཚར་ཏེ་ལས་ཀ་འཚོལ་བར་ཕྱིན་ཀྱང་ཉིན་ཕྱེད་ཀྱིས་དུས་སུ་ཡང་ལས་ཀ་མ་བརྙེད་པས། ཁོ་སེམས་ཤིན་ཏུ་འཚབ་ནས་ད་ལས་ཀ་ཨེ་བརྙེད་སྙམ་ནས་སེམས་སུ་སྡུག་བསྔལ་ཞིག་རང་ཤུགས་ཀྱིས་བསླེབས།
  དེ་ཉིན་ཉི་མ་ནུབ་རིའི་ཕག་ལ་ཡིབ་འགྲོ་ལ་ཉེ་བའི་སྐབས་སུ། སེ་ར་ལམ་ནས་ལས་གཞི་ཆེན་པོ་ཞིག་ནས་ཁོ་ལས་ཀར་ཉར་རྒྱུའི་ཐག་བཅད་ཅིང་གླ་ཆ་ཡང་མཐོ་ཙམ་ཡོད།
  ཁོ་བོ་ལ་མུན་ནག་གི་ཁྲོད་ནས་གློག་ཞུན་རྙེད་པ་ལྟར་དགའ་སྣང་གི་མགྲོན་ཁང་དུ་ལོག་འགྲོ་སའི་ལམ་བར་དུ་གླུ་ཆུང་དབང་མེད་དུ་སླང་པར་ཤོར།
  སང་ཉིན་ཞོགས་པ་སྔ་མོ་ནས་ཁོའི་རོགས་པ་རྣམས་ཀྱང་ཁོ་དང་མཉམ་དུ་ལས་གཞི་དེའི་ནང་བཅུག་རོགས་ཞེས་ཡོང་བས་སྦྱིན་དབག་གི་ཙང་མར་ལས་ཁ་སྤྲད་པས་ཁོ་ཚོ་སེམས་བདེ་ལྷོད་ལྷོད་ཀྱི་ལས་ཁ་ལས་བཞིན། སྦྱིན་བདག་གིས་ཀྱང་ཁོ་ཚོ་ཡག་པོ་བྱས་རྔན་པ་མང་པོ་སྟེར་བཞིན་ཡོད།།
  ལས་གྲྭ་མགྱོགས་པོ་མཇུག་སྒྲིལ་ལ་ཉེ་བའི་ཉིན་ཞིག་བཀྲ་ཤིས་རྒྱལ་ཐོག་བརྩེགས་དྲུག་ཐོག་སྟེང་ས་སྤག་དབོར་བཞིན་པའི་སྐབས་སྟབས་མ་ལེགས་པ་ཞིག་ལ། ཐོག་བརྩེགས་ནས་ཟག་སྟེ་མགོ་བོའི་ཀླད་པ་ཐོར་ནས་གནས་དེ་རང་ཚེ་ལས་འདས་པས་ལས་གྲྭ་དེའི་སྦྱིན་བདག་གིས་ཁོའི་རོགས་པ་དེ་ཚོར་དངུལ་མི་ཉུང་ཙམ་རེ་སྤྲད་དེ། བཀྲ་ཤིད་རྒྱལ་ངལ་གསོའི་སྐབས་སུ་ཡང་ཐོག་ནས་ཟག་པ་རེད་ཅེས་ཤོད་དུ་བཅུག་པ་དང་། འབྲེལ་ཡོད་རྟོག་ཞིབ་ལས་ཁུངས་ཀྱི་མགོ་པ་རྣམས་གསོལ་མགྲོན་ཁང་རྩེ་གྲ་གཅིག་གི་ནང་དུ་གདན་ཞུ་བྱས་ཏེ་སྣེ་ལེན་བྱས་པ་མ་ཟད་སྒོར་མོ་ཁྲི་ཚོ་སྤྲད་པས། ལས་ཁུངས་དེ་ཚོས་ཁོ་ནི་ངལ་གསོའི་སྐབས་སུ་ཐོག་ཁ་ནས་ཟགས་པས་འབྲེལ་ཡོད་ཀྱི་ཁ་གསབ་སྤྲོད་མི་དགོས་ཟེར་བཞིན། ད་དུང་སྦྱིན་བདག་དེས་སེམས་བཟང་ཡིན་མདོག་གིས་བཀྲ་ཤིས་རྒྱལ་གྱི་ཕུང་བོ་ཁོ་རང་གི་ལུང་བར་སྐྱལ་བ་མ་ཟད་སྒོར་མོ་སྟོང་ཁྲག་གཅིག་སྤྲད་དེ་ཨ་མ་མཚོ་སྐྱིད་དང་ཁོའི་གཅུང་མོ་གཉིས་ལ་སེམས་དང་ཁ་བརྡ་བསླབ་བྱ་བྱས། ཨ་མ་མཚོ་མོ་སྐྱིད་ཁོ་གཉིས་རི་ཁུག་ནས་ཡིན་པས་གང་ཡང་མི་ཤེས་པར་ད་དུང་སྦྱིན་བདག་དེ་དྲིན་ཆེན་ཡིན་ཨང་བསམས་ཀྱིན་ཡོད། དུས་ནམ་ཡང་དེ་ལྟར་བསམ་བཞིན། ཤི་ཁའི་མིག་མཐའ་མ་དེ་མ་བཙུམས་པའི་བར་དུ་དེ་ལྟར་བསམ་གྱིན་ཡོད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བཀྲ་ཤིས་རྒྱལ།

2015-02-07 ཁ་བ་རྐང་གླིང་།༼ གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།