རྐང་ཐང་དུ།

  ཉིན་ཞིག་ངས་གསེར་དང་བྱུ་རུ་མང་བོ་ཞིག་འཁུར་ནས་རྐང་ཐང་དུ་སོང་སོང་མཐར། ཧ་ཅང་དབུལ་བའི་སྡེ་བ་ཆུང་ཆུང་ཞིག་ལ་ཐོན། སྡེ་བ་དེ་ཉི་མ་དང་ཁ་ཐག་ཉེ་བས་ཚ་དྲོད་མཐོ་བ། ག་ས་གང་བྱེ་ཐང་ཡིན་པ། ཚོད་ཚོད་ལ་སྡེ་མི་དེ་དག་གིས་ཆུ་ཡང་འཚོལ་རྒྱུ་དཀའ་ཁག་བྱུང་ཡོད། བལྟས་ཚོད་ཀྱིས་མི་རྣམས་ཀྱི་གོན་པ་དང་ཟ་མ། མིའི་ཁ་དོག་སོགས་ཀྱང་སྙིང་རྗེ་བོ་ཞིག་རེད།
  ངས“ཉིན་ཞག་འདི་འདྲ་མང་བོར་རྐང་ཐང་ལ་སོང་བས་ལྷམ་ཡང་ཐེད་འདུག ད་ནི་ལྷམ་སྤུས་ཀ་ཅན་ཞིག་ཉོ་དགོས”ཞེས་ཁེར་ལབ་བྱེད་ཞོར་ཡར་མར་ལ་ལྟ་ཙམ་བྱས་དུས། མིག་གིས་མཐོང་ཙམ་ཞིག་ན་མི་ཞིག་འགྲོ་བཞིན་ཡོད་པ་མཐོང་། ང་བྲེལ་མོ་འདྲ་བྱས་ནས་མི་དེའི་གམ་ལ་ཕྱིན་ཏེ་སྡེ་བ་འདིའི་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་གང་ན་ཡོད་ཚུལ་དྲིས།
  “མགྲོན་ཁང་དང་ཟ་ཁང་། ཚོང་ཁང་་་་་་་”
  “ཨོ་ལེ”
  “ཡོད་ནི་མ་རེད”
  “ཨ་་ དཀོན་མཆོག་མཁྱེན”
  “ང་ཚོ་ལའང་གོན་པ་དང་ཟ་རྒྱུ་དཀའ་ཁག་བྱུང་ཡོད”
  “ཇི་ལྟར་འཚོ་བ་རོལ་བཞིན་ཡོད།”
  “སྟབས་བདེ་ཞིག་ཡིན”
  “???”
  “ཁྱོད་གང་དུ་འགྲོ”
  “ཚོང་བྱེད་དུ་འགྲོ་ནི། གསེར་དང་བྱུ་རུ་འདི་དག་བཙོང་ནས། ཚེ་མཇུག་ལ་སྐྱིད་རྒྱག་དགོས”
  “???”
  ཆུ་ཚོད་བཅུ་གཉིས་ཡོལ་སོང་། ང་སྔར་བཞིན་རྐང་ཐང་དུ་ལམ་ལ་ཆས།
  ཕྱི་ཉིན་སྔ་མོ་ནས་སྡེ་མི་དག་ཆུ་འཚོལ་དུ་འགྲོ་བ་ཡིན། ཁོ་ཚོ་ཆུ་ཁར་མ་འབྱོར་བའི་གོམ་པ་བཅུ་ཙམ་གྱི་ས་ན་ཁུར་བོ་ལྕི་མོ་འཁུར་བའི་མི་ཞིག་ཤི་འདུག་ཅེས་འུར་ཟང་ཟིང་བྱས་སོང་།
  དེ་དུས་ང་ད་གཟོད་གཉིད་ལས་སད།

                  2014.11པར་གྲུབ། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྐང་ཐང་དུ།

2015-03-17 ཁྱུང་ལྔ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།