འབྲོང་ལུང་དགོན་པའི་གནང་བ།

རྒྱལ་སྲས་གླེན་པ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-21

  དགུན་ཁའི་ཆོས་ཐོག་དག་ཡིད་ལ་འཁོར་ཐེངས་རེར་གྲྭ་གཞོན་མ་རབས་དག་གི་སེམས་ནང་དུ་གྲང་འདར་རེ་རྒྱག་བཞིན་རང་ཉིད་ལ་ནད་རྟགས་རེ་ཨེ་ཡོད་འཚོལ་བ་དང་ཡུལ་མི་ཉེ་དུ་རེ་སྨན་ཁང་དུ་བསྡད་ཨེ་ཡོད་ལ་རྩར་གཅོད་བྱེད་པ་ཡིན། གལ་སྲིད་རང་ཉིད་ལ་ནད་རྟགས་རེ་ཡོད་པའམ་ཡུལ་མི་རེ་སྨན་ཁང་དུ་ཡོད་པ་ཤེས་འཕྲལ་དེ་མུར་དེ་ལ་ཁ་གཡར་ནས་དགེ་བསྐོས་ཡོད་སར་གནང་བ་ལེན་དུ་འགྲོ་བཞིན་ཡོད། གནང་བ་ཞུས་ནས་ཀྱང་གནང་བ་ལོན་མིན་དུ་མ་ཡོད་ཅིང་གནང་བ་མ་ལོན་མཁན་དག་གིས་དགེ་བསྐོས་ལ་ཁ་མྱིང་སྣ་མྱིང་རེ་འདོགས་ཀྱིན་ཐུལ་བ་འཐུག་པོ་རེ་གྲ་སྒྲིག་བྱེད་པ་ལས་ཐབས་གཞན་མེད་མོད། གནང་བ་ལོན་ཡོད་པ་དག་གིས་དགེ་བསྐོས་ཀྱི་བཟང་རབ་རྒྱན་རབ་བཤད་ཀྱིན་རྒྱ་ནང་དང་ཕ་ཡུལ་གང་རུང་དུ་དགུན་ཉལ་བྱེད་དུ་འགྲོ་ངེས་ཡིན། འདིར་དགུན་ཉལ་ཞེས་པ་ནི་ངས་རྟོག་བཟོ་བྱས་པའི་ཐ་སྙད་ཅིག་ཡིན་ལ། དོན་ནི་དགུན་ཁའི་ཆོས་ཐོག་དཀའ་མོ་དག་དང་དགུན་ཁའི་གྲང་ངར་ལ་འབྱོལ་ཆེད་དོན་གལ་ཆེན་རེ་ཡོད་ཁུལ་དང་ནད་ཚབས་ཆེན་རེ་ཡོད་མདོག་གིས་གནང་བ་ཞུས་ཏེ་ཕ་ཡུལ་དང་རྒྱ་ནང་སོགས་སུ་ཉུལ་ནས་དཔྱིད་འགོ་ཚེས་རེག་ཏུ་འདུག་པ་དེ་ལ་ཟེར་བ་ཡིན། སྐབས་དེ་དུས་སུ་དགེ་བསྐོས་ཀྱིས་ཀྱང་བརྟག་དཔྱད་ཞིབ་མོར་བྱེད་ཁུལ་བྱས་ཏེ་གནང་བ་བསྟེར་བ་ལས་གང་འདོད་དུ་གནང་བ་སྟེར་རྐྱང་མི་བྱེད་པ་ཡིན་མོད། དོན་ངོ་མར་དགེ་བསྐོས་ཀྱིས་ཀྱང་གྲྭ་བ་ཚོའི་རྣམ་འགྱུར་ལ་བལྟས་ནས་གནང་བ་བསྟེར་བ་ལས་ཁོ་ཚོའི་ཁྱིམ་མི་སྨན་ཁང་དུ་ཡོད་མེད་དང་ནད་རོགས་སུ་འགྲོ་དགོས་མིན། ཡང་ན་ཁོ་ཚོར་ནད་རྟགས་ཡོད་མེད་དང་ཚབས་ཆེན་ཡིན་མིན་སོགས་རྟོགས་ཐབས་མེད་པ་ཡིན། གང་ལྟར་བདེན་རྫུན་གྱི་འཁོར་ལོ་སྐོར་བཞིན་པའི་བར་གླགས་དེར་དགུན་དཀྱིལ་གྱི་ཆོས་ཐོག་ཅིག་འཚོགས་རན་སོང་། ངས་རང་གི་ཚོགས་ཆོས་སྐོར་གསུམ་ཁྱེར་ནས་ཡར་ཚོགས་ལ་སོང་བ་ཡིན། ལམ་བར་དུ་གནང་བ་མ་ལོན་པའི་གྲྭ་བ་རེ་ཟུང་ཡང་འཐད་ལ་མི་འཐད་པའི་ངང་དུ་ཚོགས་ལ་འགྲོ་བཞིན་འདུག ངེད་ཚོ་ནི་ཏག་ཏག་ཚོགས་འདོན་བློར་མི་འགྲོ་མཁན་དག་ཡིན་པས་མཐའ་གྲལ་དུ་འདུག་དགོས་ཤིང་མཐའ་གྲལ་ནི་ང་ཚོའི་གཏན་འཇགས་ཀྱི་གནས་མལ་ཡིན་ཅེས་ཀྱང་བཤད་ཆོག རྒྱུ་མཚན་གདོང་གྲལ་གྱི་གྲྭ་ཕྲུག་དག་ཀྱང་ལན་རེར་མཐའ་གྲལ་དུ་མ་རབས་བྱེད་འདོད་ནས་ཡོང་མཁན་ཡོད་མོད་ཁོ་ཚོ་ནི་ཚོགས་འདོན་ལ་བྱང་ཆ་ཡོད་པས་དགེ་བསྐོས་ཀྱིས་རེ་རེ་བཞིན་གདོང་གྲལ་དུ་མངགས་འགྲོ་བས་ཡིན། མཐའ་གྲལ་དུ་བློ་བདེ་ངང་བསྡད་ཆོག་པ་ནི་ངེད་ཚོ་འདོན་པ་མེད་པའི་གྲྭ་གཞོན་སྐོར་ཞིག་ཡིན། མཐའ་གྲལ་དུ་མ་རབས་དང་ཚོགས་འདོན་མི་ཤེས་མཁན་ཚོ་ལྷན་དུ་འདུས་ནས་ཡོད་པས་དགེ་བསྐོས་ཀྱིས་ཀྱང་ཁ་ཡ་བྱེད་རྒྱུར་སུན་པོ་སྐྱེ་བཞིན་ཡོད། དེ་བས་གདོང་གྲལ་བ་དག་གིས་མཐའ་གྲལ་བ་ཚོགས་གྲལ་ན་མེད་ཅེས་འཕྱ་སྨོད་ཀྱང་བྱེད་ལ་ཕལ་ཆེར་དོན་ལ་གནས་པ་ལྟར་ཡིན། ཡར་ཚོགས་སྐབས་སུ་མདོ་དང་སྒྲོལ་མ་སོགས་འདོན་པ་ཐུང་ངུ་རེ་འགའ་ལས་འདོན་རྒྱུ་མེད་པས་དབུ་མཛད་ཀྱིས་འདོན་པ་མཇུག་བསྡུ་བའི་མཚམས་སུ་བསྐྱལ་རྗེས་བདེར་ཕབ་དགོས་ཤིང་། སྐབས་དེར་དགེ་བསྐོས་ཀྱིས་ཞོགས་པའི་ནངས་ཚོགས་དུས་ཚོད་དུ་ཡིན་པ་སོགས་གྲྭ་ཚང་ལ་ཞུ་བ་ཡིན། ཞུས་ཚར་རྗེས་དབུ་མཛད་ཀྱིས་རྒྱལ་བ་མ་ལུས་མའི་དབུ་སྐུལ་ནས་འདོན་པའི་མཇུག་བསྐྱེལ་ཚར་དུ་འཇུག་ཅིང་། དེའི་རྗེས་གྲྭ་ཚང་གིས་དམིགས་བརྩེ་མ་དབྱངས་ལ་བཀུག་ནས་འདོན་བཞིན་ཚོགས་གྲོལ་འགྲོ་ཡི་ཡོད། ནངས་ཚོགས་ཧ་ཅང་སྔ་བས་ང་མྱུར་དུ་ཤག་ལ་ཡོང་ནས་སྔ་སེ་གཉིད་བསམས་ཏེ་གྲྭ་ཤག་གི་སྒོ་འགྲམ་དུ་སླེབས་པ་ན་གྲྭ་ཤག་ནང་དུ་ཁ་པར་གྱི་སྒྲ་དབྱངས་བར་མེད་དུ་གྲག་བཞིན་འདུག ངས་ལ་མོར་སྒོ་ཕྱེས་ནས་ནང་དུ་རྒྱུགས་དུས་ཁ་པར་གྱི་སྒྲའང་ཆད་འདུག དེ་ནས་ང་ནང་དུ་སོང་ནས་ལྟ་དུས་ཕུ་བོས་ཁ་པར་མང་བོ་བཏང་འདུག་པ་མཐོང་། དུས་རྒྱུན་ཕུ་བོས་ཁ་པར་མང་བོ་མི་གཏོང་བས་ངས་ཕུ་བོར་དོན་དག་ཅིག་ཡོད་པ་ཤེས་ནས་དེ་མུར་ཕྱིར་ཕུ་བོར་ཁ་པར་བཏང་བ་ཡིན། ཕུ་བོས་ཁོ་ཕྱིར་ཡུལ་ལ་དོན་དག་ཞིག་གི་ཆེད་དུ་འགྲོ་དགོས་པས་ང་ལ་ཁྱོད་སྨན་ཁང་དུ་ཡོང་ནས་ཨ་མ་སྲུང་རོགས་ཤིག་བྱེད་དགོས་ཟེར། "འོ་ཡ་་་་་་ང་སང་ཉིན་ཡོང་་་་་་་་"ངས་དགེ་བསྐོས་ཀྱིས་གནང་བ་བསྟེར་མིན་སོགས་ལའང་བསམ་གཞིག་བྱེད་རྒྱུ་རྩ་བ་ནས་བརྗེད་དེ་དེ་སྐད་ལན་བཏབ་པ་ཡིན། ཕུ་བོས་ཀྱང་དེས་ན་ཁྱོད་སང་ཉིན་སྔ་མོ་ཤོག་དང་ཁོ་ཉིན་གུང་འགྲོ་དགོས་ཟེར། དེ་ནས་ངེད་སྤུན་གཉིས་ཀྱིས་གྲོས་ཐོག་གཅིག་ལ་བཞག་རྗེས་ཁ་པར་གྱི་གཏོང་མཚམས་བཞག་ཅིང་ངས་རང་གི་ཁ་པར་མདུན་ཅོག་ཐོག་ཏུ་འཕངས་རྗེས་སང་ཉིན་འགྲོ་རྒྱུར་གྲ་སྒྲིག་ཙམ་བྱས་པ་ཡིན། ཏག་ཏག་སྐབས་དེར་རང་ཉིད་ལ་སྒྲིག་ལམ་དང་དགེ་བསྐོས་ཞེས་པའི་གཏིང་འཛིན་བྱེད་མཁན་ཞིག་ཡོད་པ་ཡིད་ལ་དྲན་པས་དགེ་བསྐོས་ཚང་གི་སྒོ་ཁར་མི་བསྙེག་ཀ་མེད་བྱུང་། ཕྱིར་འདང་རེ་བརྒྱབ་ན་ངས་དགོན་པའི་ནང་དུ་མར་གྱུར་སེམས་ཅན་ཐམས་ཅད་ཅེས་སྨོན་ལམ་ཡག་པོ་རེ་འདེབས་མྱོངས་པ་ལས་ཐ་ན་རང་གི་ཚེ་འདིའི་མ་ཡུམ་གཅིག་པུ་ལའང་བསྙེན་བཀུར་ཅུང་ཙམ་ཡང་བྱས་མྱོང་མེད་པས་རང་གི་ཁ་སེམས་གཉིས་ཀྱི་བར་ཐག་ལ་ངོ་གནོང་དགོས་པ་བྱུང་། གང་ལྟར་ད་ཐེངས་སྨན་ཁང་དུ་སོང་ནས་ཨ་མར་བསྙེན་བཀུར་རེ་བྱེད་རྒྱུ་ནི་གོ་སྐབས་ཡག་ཤོས་ཤིག་དང་རང་གི་ཚེ་འདིའི་བྱ་བ་གལ་ཆེན་ཞིག་ཏུ་བསམ་གྱིན་སེམས་སུ་དགའ་ཚོར་གྱིས་ཁྱབ་བཞིན་དགེ་བསྐོས་ཀྱིས་གནང་བ་བསྟེར་བར་ཡིད་ཆེས་ཀྱིས་ཁེངས་ཡོད། ངར་དགེ་བསྐོས་ཀྱིས་གནང་བ་བསྟེར་མིན་ལ་དེ་འདྲའི་གདེང་ཚོད་ཡོད་དོན་ནི་རང་ལ་ཆ་རྒྱུས་ཡོད་པའི་གྲྭ་བ་རེ་གཉིས་ཀྱིས་དོན་ཆེ་ཕྲ་ཆུང་གསུམ་ཅི་རིགས་ཡོད་མདོག་གིས་གནང་བ་ཐེངས་འགར་བླངས་ནས་ཕ་ཡུལ་ལ་འགྲོ་བཞིན་ཡོད་པ་མཐོང་བས་ཡིན་ལ། ལྷག་པར་དུ་ངས་ཁོ་དགེ་བསྐོས་ལ་བསྡད་པའི་ཉིན་དེ་ནས་བཟུང་གནང་བ་གཅིག་ཀྱང་ཞུས་མྱོང་མེད་པས་ཐེངས་འདིར་དམིགས་བསལ་ཞིག་ཀྱང་ལོས་ཡོད་འདོད་པ་ཡིན། དེ་ལྟར་ངས་འདང་ཡར་མར་མང་བོ་རྒྱག་བཞིན་དགེ་བསྐོས་ཚང་ལ་ཐོན། དགེ་བསྐོས་ཀྱིས་ངག་འཇམ་ཚིག་གིས་"ཡ་་་་་ཅི་རེད་་་་ནང་ལ་ཤོག་"ཟེར། ངས་མྱུར་དུ་དགེ་བསྐོས་ཀྱི་ཚིག་རྗེས་དེད་ནས་རང་ལ་གནང་བ་དགོས་པའི་རྒྱུ་མཚན་གསལ་བོར་བཤད། དགེ་བསྐོས་ཀྱིས་འདང་ཅུང་ཙམ་བརྒྱབ་རྗེས་"ཡ་་་་ད་ཉིན་འགའ་སྡོད་་་་ཆོས་ཐོག་གི་དཀྱིལ་ལ་ཐོན་ན་ད་སོང་་་་ཆོས་ཐོག་གི་འགོར་སུ་གཅིག་ལའང་གནང་བ་བསྟེར་གི་མེད་་་་་་"ཅེས་བཤད་ཀྱིན་ངའི་སྔོན་གྱི་སྤོབས་པ་དང་གདེང་ཚོད་ཡོད་ཚད་ཁྱུར་མིད་དུ་བཏང་། དོན་དུ་གནང་བ་སུ་སུར་བྱིན་ཡོད་མིན་ངའི་ཡིད་ན་གསལ་ལེར་ཡོད་མོད་ད་ནི་གནས་ལུགས་དང་ཞུ་འབུལ་བྱེད་རྒྱུ་གང་ནས་ཕོད་དེ་འུ་ཐུག་ཐབས་ཟད་སྒོས་ཕྱིར་རང་ཤག་ཏུ་ལོག་དགོས་བྱུང་། དགེ་བསྐོས་ལའང་ངོ་མ་དཀའ་ཁག་མེད་པ་མིན་ཏེ། གྲྭ་རྒན་གཞོན་མང་བོའི་རྫུན་གཏམ་གྱིས་ཁོ་བདེན་པ་ལའང་ཡིད་ཆེས་དཀའ་བའི་གནས་སུ་བསྐྱལ་ཡོད་པས་ཡིན། གཡོ་སྒྱུ་ནི་དཔེ་ཆ་ཤེས་མི་ཤེས་དང་ཡོན་ཏན་ཡོད་མ་ཡོད་ཀྱི་གནད་དོན་ཞིག་མ་ཡིན་པར་གྲྭ་བ་ཡོན་ཏན་ཅན་དག་གི་ཁྲོད་ནའང་རྫུན་གྱི་འཁོར་ལོ་སྐོར་མཁན་དུ་མ་ཡོད། དེ་བས་ངས་གནང་བ་ཞུ་རྐྱེན་ཡང་བཅོས་མ་དང་སྒྲིག་མ་གང་ཞིག་ལོས་ཡིན་བསམས་ཏེ་གནང་བ་མ་སྦྱིན་པ་ཡིན་སྲིད། ངས་འདི་ལྟར་དྲང་ལྡོག་ཅི་རིགས་ལ་བསམ་བློ་གཏོང་བཞིན་རང་ཤག་ཏུ་འགྲོ་བའི་ལམ་བར་དུ་ངའི་ཡིད་ལ་གློ་བུར་དུ་བསྟན་རྒྱས་དྲན་བྱུང་། ཁོ་ནི་ནམ་རྒྱུན་ཆོས་ཐོག་དཀའ་མོ་ཞིག་དང་ལས་ཀ་ལྕི་མོ་རེར་ཐུག་དུས་གནང་བ་ཞུས་ནས་ཕ་ཡུལ་དུ་འགྲོ་བཞིན་ཡོད་ཅིང་ཕལ་ཆེར་གནང་བ་མི་ལོན་དུས་ཀྱང་མེད་ཚོད་འདུག་པས་ངས་ཁོ་ལ་བློ་འདྲི་རེ་བྱེད་དགོས་སྙམ། ཤག་ཏུ་ཐོན་མ་ཐག་ངས་ཁོ་ལ་ཁ་པར་བཏང་བ་ཡིན། ཁོས་སྔར་ནས་གནང་བ་ཞུས་ཏེ་ཟི་ལིང་དུ་བསྡད་འདུག ངས་ཁོ་ལ་"ངར་དོན་དག་གལ་ཆེན་ཞིག་ཡོད་པས་དགེ་བསྐོས་གནང་བ་ཞུས་ཀྱང་མི་ལོན་འདུག་པས་ཁྱེད་ལ་ཐབས་བཀོད་རེ་ཡོད་དམ་"ཅེས་དྲིས་པ་ཡིན། ཁོས་ཧ་ཅང་རྒྱུས་མངའ་དང་གདེང་ཚོད་ཡོད་པའི་ངང་"ཁྱོས་ཡང་བསྐྱར་གནང་བ་ཞིག་ཞུས་་་་་འོ་་་་དེ་རིང་འགྲོ་མི་ཉན་་་་སང་ཉིན་སྔ་མོ་སོང་དང་གནང་བ་ལོན་ནི་རེད་"ཅེས་བཤད་ཀྱིན་གནང་བ་ལེན་ན་ཀླད་པ་འགུལ་དགོས་པ་རེད་ཅེས་ང་ལ་རྩེད་མོ་རྩེད་ཀྱིན་"ཡ་་་ད་བདེ་མོ་་་ང་ཅུང་ཁོམ་གི་མི་འདུག་"ཟེར་གྱིན་ཁ་པར་གྱི་སྒོ་གཏན་བྱུང་། ངས་ཁོས་བཤད་པ་དག་ལ་ཡིད་ཆེས་དཀའ་ནའང་ཚོད་ལྟ་ཐེངས་གཅིག་མི་བྱེད་རང་བྱེད་ཡིན་པས་རང་སེམས་སུ་དེ་ལྟར་བྱེད་རྒྱུ་ཐག་བཅད་ནས་གཉིད་དུ་ཡུར་བ་ཡིན། ཞོགས་པར་ང་ནམ་རྒྱུན་དང་མི་འདྲ་བར་དུས་ཚོད་ཀྱི་ཅུང་བརྡ་མ་གྲག་སྔོན་ལ་སད་བྱུང་། ངས་ཁ་ལག་བཀྲུས་ཚར་རྗེས་སུ་ད་གཟོད་དུང་འབུད་ཀྱིན་འདུག སྐབས་འདིར་དགེ་བསྐོས་ཀྱང་བཞེངས་ཡོད་ཚོད་ཡིན་པས་ང་ཡང་བསྐྱར་གནང་བ་ལེན་དུ་སོང་བ་ཡིན། དགེ་བསྐོས་ཚང་གི་སྒོ་ཁར་ཐོན་དུས་ངའི་སེམས་པ་བློང་བློང་བོར་གྱུར་སྟེ་ངག་ཀྱང་མི་འཁྲོལ་པ་ལྟར་གྱུར་འདུག ང་སྒོ་ཁ་རུ་ཅུང་ཙམ་བསྡད་ནས་སེམས་པ་ལྷོད་ལ་འབབ་དུ་བཅུག་རྗེས་ནང་ལ་སོང་བ་ཡིན། དགེ་བསྐོས་ཀྱིས་ཁ་ལག་འཁྲིད་ཀྱིན་འདུག་པས་ང་གམ་དུ་ཐོན་པ་སྐར་ཆ་འགར་མཐོང་མ་སོང་། སྐར་ཆ་དེ་དག་ནི་ཅི་འདྲའི་རིང་ཞིང་ཐོན་རྒྱུ་མེད་པ་ཞིག་རེད་ཨང་། ང་རང་ཅི་བྱ་གཏོལ་བྲལ་དུ་གྱུར་སྟེ་མགོར་འཕྲུག་བཞིན་འདུག་དུས་ད་གཟོད་དགེ་བསྐོས་ཕྱིར་འཁོར་ནས་ང་ཾམཐོང་བྱུང་། ཁོས་ང་མཐོང་མ་ཐག་"ཡ་་་་་ཡང་ཅི་རེད་"ཅེས་ངོ་གདོང་དུ་སུན་སྣང་གི་ཉམས་དང་བཅས་ངའི་ཕྱོགས་སུ་ཕུར་ཚུགས་སུ་བལྟས་ནས་འདུག ང་ཡང་སྐྲག་ཐག་ཆོད་དེ་ཁ་ནས་"ང་ལ་གནང་བ་ཞིག་"ཅེས་རང་དབང་མེད་པར་ཤོར། སྤྱིར་ན་ང་ཅིའི་ཕྱིར་ཡོང་བ་ཁོས་སྔོན་ནས་ཤེས་ཡོད་ནའང་ཁོའི་རྣམ་འགྱུར་དེས་ང་ལ་"ང་ལ་གནང་བ་ཞིག་"ཅེས་པའི་ཚིག་འདི་ཤོར་དུ་བཅུག ཅུང་ཙམ་བསྡད་རྗེས་"ཡ་་་་ད་སོང་་་་ཆོས་ཐོག་གྲོལ་རེག་བར་དུ་ཐོན་གི་ཞོག་"ཅེས་འཐད་ལ་མི་འཐད་པའི་ངང་གནང་བ་བྱིན་སོང་། ང་ཡང་རང་སེམས་ནས་ཁུར་བོ་ལྕི་མོ་ཞིག་སར་བཞག་པ་བཞིན་གྱུར་ཏེ་ལུས་སེམས་ལྷོད་ལ་བབས་ནས་ཚོགས་ལ་རང་གི་གདིང་བ་སོགས་ལེན་དུ་སོང་། ང་ཚོགས་ལ་སོང་ནས་རང་གི་གདིང་བ་དང་ཅ་ནེ་སོགས་ཁྱེར་ནས་ཡོང་དུས་ངའི་གྲལ་མཚེ་དག་གིས་ངས་རྫུན་གཏམ་ཅི་འདྲ་ཞིག་བསྒྲིགས་ནས་དགེ་བསྐོས་ལ་གནང་བ་ཞུས་པ་ཡིན་མིན་དང་། ད་ནི་གང་ཞིག་ལ་དགུན་ཉལ་བྱེད་དུ་འགྲོ་ཡི་ཡོད་མེད་འདྲི་བཞིན་འདུག ངས་ཅི་ཡང་བཤད་མི་འདོད་པས་ཁ་རོག་གེར་བུད་ཡོང་། ང་ཤག་ལ་ཡོང་ནས་ཆུ་ཁོལ་དང་གོར་གྱོང་སྦངས་ཏེ་ནངས་ཇ་ཞིག་འཐུང་ཁུལ་བྱེད་དུས་རླངས་འཁོར་གྱི་སྒྲ་དུང་གྲག་གིན་འདུག ངས་མྱུར་དུ་རྒྱབ་ཁུག་ཁུར་ནས་རླངས་འཁོར་ལ་འདུག་ཏུ་སོང་། ང་རླངས་འཁོར་ནང་དུ་ཐོན་དུས་འདུག་སྟེགས་ཆ་ཚང་མིས་གང་འདུག དེ་བས་ང་ཁ་ལོ་བའི་རྩིབས་ཀྱི་ལྕགས་སྒམ་འདྲ་བ་དེའི་སྟེང་དུ་བསྡད་པ་ཡིན། རླངས་འཁོར་ནང་དུ་དྲོད་རླངས་གཏོང་བཞིན་འདུག ཡིན་ནའང་ངའི་ཚོར་སྣང་ཞིག་ལ་རླངས་འཁོར་ནང་ཧ་ཅང་འཁྱག ཅུང་ཙམ་ནས་རླངས་འཁོར་ལམ་ལ་ཆས་བྱུང་། ངས་ལམ་ཐག་རིང་བོར་ཨ་མའི་བྱམས་བརྩེ་དྲན་བཞིན་རང་ཉིད་ཀྱི་འདས་ཟིན་པར་འཁང་ར་ཡང་ཡང་བྱས་པ་ཡིན། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབྲོང་ལུང་དགོན་པའི་གནང་བ།

2015-03-21 རྒྱལ་སྲས་གླེན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།