མུན་པ་བཟི་བོ།

  སྒྲོལ་མ་བརྒྱུགས་ཡོང་ནས་ཁང་བའི་ནང་གི་གློག་བཀར་མ་ཐག དོན་ལྡན་འཚབ་འཚུབ་ངང་ཁང་བའི་གློག་ཕྱིར་གཟིམས། སྒྲོལ་མས་ཐེ་ཚོམ་ཞིག་དང་བཅས་ཏེ་ཡང་བསྐྱར་ཁང་བའི་གློག་བཀར་མོད། འོན་ཏེ་དོན་ལྡན་གྱིས་ཚིག་གཅིག་ཀྱང་མི་བཤད་པར་ཁང་བའི་གློག་ཕྱིར་བཏལ་རྗེས་དལ་མོར་སྒེའུ་ཁུང་ཁ་ནས་རྒྱང་ལྟ་ཡང་ཡང་བྱས། སྒྲོལ་མས་ཅི་ཡང་མི་སྨྲ་བར་ཁ་རོག་གེར་ཉལ་ཁྲིའི་སྟེང་ལོག་ནས་ཁ་པར་ནང་ཉུལ་མགོ་བརྩམས། སྐབས་འདིའི་ལྷིང་འཇགས་ནི་རྒྱ་མཚོའི་ཁ་ནས་མཚོ་སྒྲར་ཉན་པ་དང་མི་འདྲ་ལ། ནམ་སྨད་ཅིག་ལ་ཟླ་བར་ལྟ་བ་དང་ཡང་མི་འདྲ། སྐབས་འདིའི་ལྷིང་འཇགས་ནི་ཏག་ཏག་ཤི་ལ་ཉེ་བའི་བགྲེས་བོ་ཞིག་གི་སྙིང་གི་འཕར་ལྡིང་ལ་ཉན་པ་དང་འདྲ་ཨང་།
  ཡུད་ཙམ་འགོར་རྗེས་དོན་ལྡན་གྱིས་སྒྲོལ་མར་“ཁྱོད་ཀྱིས་ལྟོས་དང་ཕྱི་རོལ་གྱི་གནམ་གཤིས་ཇི་ལྟར་གྲང་ཡང་ལོ་མས་ད་དུང་འཇིག་རྟེན་གྱི་གནད་དོན་གང་མང་ཞིག་སྔོག་འདོན་བྱེད་ཀྱིན་འདུག དྲང་མོར་ལབ་ན་ང་ནི་ཅི་ཡང་མ་ཡིན་ཏེ་ཁྱོད་ཀྱི་གྲིབ་མའི་ཁྲོད་བཟི་ནས་ཡོད་པའི་ལོ་མ་འཁྱམ་པོ་དེའོ།། འཇིག་རྟེན་གྱི་ན་གཞོན་ཕོ་མོ་ཡོད་ཚད་འུ་གཉིས་ནང་བཞིན་གནད་དོན་འདིའི་ཆེད་དུ་འགལ་ཟླར་འགྲོ་དགོས་ཚེ་སྒེའུ་ཁུང་འདི་ཟླ་བར་ལྟ་ཆས་ཀྱི་མེ་ལོང་མ་ཡིན་པར་རང་གི་བེམ་རོ་འཕེན་སའི་གཙང་བོ་ཞིག་ཅི་ལ་མིན།”སྒྲོལ་མས་ཁ་པར་བསྐྱུར་ནས་ཡར་ལངས་ཏེ་སྒེའུ་ཁུང་ནང་ནས་ཕྱི་རོལ་ལ་ལྟ་ཙམ་བྱས་རྗེས“དོན་ལྡན་ཁྱོད་ཀྱིས་གླེན་འདང་རྒྱག་རྒྱུ་མང་སོང་ན་སྒེའུ་ཁུང་འདིས་འུ་གཉིས་ཀྱི་ཡོད་ཚད་འཕྲོག་འགྲོ ཁྱོད་དེ་ནས་མ་འདུག དོ་ནུབ་ཀྱི་འུ་གཉིས་ལ་མཚོན་ན་ཕྱི་རོལ་ནི་ཁ་བ་དང་བུ་ཡུག་གིས་གཙེས་པའི་མྱ་ངམ་ཐང་ཆེན་པོ་ཞིག་ཡིན།”དོན་ལྡན་དགོད་ཞོར་དུ་ཐ་མག་རྐང་གཅིག་ལ་མེ་བསྒྲོན་ནས་ཤེད་ཀྱིས་ཧུབ་འགའ་རྔུབ་རྗེས་མུ་མཐུད་དུ་སྒྲོལ་མར་བཤད་རྒྱུར“ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱོས། བུད་མེད་ཞིག་ལ་མཚོན་ན་དེ་ངོ་མའི་རྒྱུན་ལྡན་གྱི་བྱ་བ་ཞིག་རེད། ཁྱོད་རང་ངོ་མ་འཐད་པ་མིན་ན་ངས་ཁྱོད་ལ་བཙན་ཚུགས་མི་བྱེད། འོན་ཏེ་ངས་ཀྱང་ངོ་མའི་ངེད་གཉིས་ཀྱི་མ་འོངས་བའི་བདེ་སྐྱིད་བསམ་པ་ཡིན། དེ་ཁྱོད་ཀྱིས་ལོས་ཤེས།”
  སྒྲོལ་མས་ཅི་ཡང་མི་བཤད་པར་ཡུན་ཙམ་ལ་བསྡད་རྗེས“དོན་ལྡན་ཁྱོད་ཀྱིས་ཨ་ཁུ་སྟོན་པའི་གནའ་གཏམ་དག་ལ་བལྟས་ཨེ་མྱོང་། དེ་ངོ་མ་ཡག་པོ་འདུག དོ་ནུབ་ངས་ཁྱོད་ལ་ཁོའི་གནའ་གཏམ་ཡག་ཤོས་འགའ་བཤད་ཆོག འུ་གཉིས་ཀྱི་དོ་ནུབ་ཀྱི་ལས་འགན་ནི་འདས་སོང་གི་ཁྲོད་ནས་ཆད་ལྷག་བྱུང་སོང་བའི་དགོད་སྒྲ་དང་མིག་ཆུ། བདེ་སྐྱིད་སོགས་ཁ་སྐོང་བྱ་རྒྱུ་དེ་ཡིན། དེ་བས་གནོན་ཤུགས་ཅན་གྱི་སྐད་ཆ་མང་པོ་ཞིག་མི་བཤད་རོགས། ཧེ་ཧེ་ཧེ། བསོར་མོ་ཞིག་བསྡད་ན་འགྲིག་ཀ དོན་ལྡན་གྱིས་དེ་མ་ཐག་ཐ་མག་ཧུབ་གང་ཤེད་ཀྱིས་རྔུབ་རྗེས“ང་སེམས་གཏིང་ནས་ཁྱོད་ལ་དགའ། དེ་བས་ངས་འདི་ལྟར་ཁྱོད་ལ་གྲོས་མོལ་བྱས་པ་ཡིན། དེས་ཁྱོད་ལ་གནོད་པ་ཅི་ཡང་ཡོད་མི་སྲིད། དེ་ལས་ལྡོག་སྟེ་རྗེས་ཕྱོགས་ང་ཁྱོད་ལ་ལྷག་ཏུ་ཇེ་དགའ་དང་ཇེ་དུང་ལ་འགྲོ་ངེས། ངོ་མ་ཡིན། ཁྱོད་འཐད་པ་མིན་ན་ངས་ཁྱོད་ལ་རང་དབང་ལོས་སྟེར། གང་ལྟར་ངས་དེ་ལྟར་འདོད་ཀི འུ་གཉིས་ལ་མཚོན་ན་ད་ནི་ངེས་པར་དུ་དོན་དག་དེ་བརྒྱུད་དགོས་ལ་དུས་ལ་ཡང་འཁེལ་འདུག་འདོད་ཀི ཁྱོད་ཀྱིས་སོམས་དང་ད་སོ་མར་ངེད་གཉིས་ཀྱིས་ཟོས་པའི་ཤ་ལེབ་དེ་དེ་འདྲ་ཞིག་ཞིམ་པའི་རྒྱུ་མཚན་ཅི་ཡིན་པ་ཨེ་ཤེས། དེ་ནི་ཤ་ཁོ་ན་ཡོད་པས་མ་ཡིན་པར་ཚ་དང་སྒོག་པ་སོགས་ཡོད་པས་རེད།”
  སྒྲོལ་མས་འདང་འགའ་བརྒྱབ་རྗེས“ང་ཡང་ཁྱོད་ལ་སེམས་གཏིང་ནས་དགའ། དེ་བས་དོན་དག་འདི་མ་བཤད་ན་ཨེ་ཆོག ངས་ངོ་མ་འདང་ཕོག་གིན་མི་འདུག མུན་ནག་ནི་འཇིག་རྟེན་གྱི་སྐྱེས་པ་དང་བུད་མེད་ཁོ་ནར་བྱིན་པའི་ལེགས་སྐྱེས་ཆེ་ཤོས་ཡིན་པ་འདྲ། དེ་བས་ང་ཚོས་མུན་ནག་ལས་སྔར་བྱུང་མ་མྱོང་བའི་ཚོར་བ་མང་པོ་མྱངས་ཆོག་ལ་བདེ་སྐྱིད་ཀྱི་སྟོང་འདང་མང་པོ་བརྒྱབ་ཆོག ནམ་དཀར་སོང་ན་ཉི་མས་འུ་ཅག་གི་སྟོང་འདང་དེ་དག་མེད་པར་གཏོང་སྲིད་མོད། གང་ལྟར་མུན་ནག་ནང་ནས་ཉིན་དཀར་མི་མཐོང་བའི་བྱ་དངོས་མང་པོ་ཞིག་མཐོང་ཐུབ། དེ་བས་ཁྱོད་ཀྱིས་སྐད་ཆ་དེ་དག་མ་བཤད་ན་ཨེ་ཆོག ངས་ད་དུང་འདང་ཕོག་གིན་མི་འདུག ”དོན་ལྡན་གྱིས་དེ་མ་ཐག“ལོས་ཆོག ང་ནི་ཁྱེད་ལ་སེམས་གཏིང་ནས་དགའ་བས་ཁྱོད་ཀྱི་སྐད་ཆ་ལ་ལོས་ཉན། ཁྱོད་ཨེ་འཁྱག་གི ཉལ་ཐུལ་འདི་གོན།”དེ་ལྟར་བཤད་ཞོར་དོན་ལྡན་གྱིས་ཡང་བསྐྱར་ཐ་མག་རྐང་གཅིག་ལ་མེ་སྒྲོན་ཞོར་དུ“ང་ཆུང་དུས་ཨ་ཁུ་སྟོན་པའི་གནའ་གཏམ་དག་ལ་ཧ་ཅང་མཉན་པར་དགའ། ཡིན་ཡང་དེང་སང་ང་ཨ་ཁུ་སྟོན་པའི་གནའ་གཏམ་དག་ལ་དགའ་བོ་མེད། ཁོས་བུད་མེད་ཀྱི་ཐོབ་ཐང་ལ་བརྩི་འཇོག་བྱས་མི་བྱེད་པར་གང་འདོད་དུ་བུད་མེེད་ཚོར་འཁྲིག་པ་བསྡེབས་པ་མ་ཟད་རྫུན་དང་གཡོ་ལ་བརྟེན་ཀྱིན་འདུག ང་འདི་ལྟ་བུའི་སྐྱེས་པ་ཚོར་དགའ་ཡི་མེད།དེ་ནི་ང་དང་ཨ་ཁུ་སྟོན་པའི་མི་འདྲ་ས་གཅིག་པུ་ཡིན།”
  དོན་ལྡན་གྱིས་དེ་ལྟར་བཤད་ཞོར་སྒྲོལ་མའི་ངོ་གདོང་ལ་རེག་ཙམ་བྱས། སྒྲོལ་མས་ཁ་རོག་གེར་སྒེའུ་ཁུང་ལས་ལྟ་ཙམ་བྱས་རྗེས“ཟླ་བ་མཐོང་རྒྱུ་མི་འདུག དུས་ཚོད་དུ་ཙམཞིག་རེད།བརྩེ་དུང་ལ་ནར་སོན་རྒྱུ་མེད་ན་འགྲིག་འདུག དཔེར་ན་སྲ་མཁྲེགས་ཀྱི་རྡོ་བ་བཞིན།” དོན་ལྡན་གྱིས་དེ་ལ་ལན་མི་འདེབས་པར“ ཁྱོད་ཀྱིས་ངོ་མ་གླེན་འདང་བརྒྱབ་འདུག དེ་འདྲའི་གནད་དོན་ཚབ་ཆེན་ཞིག་ག་ལ་ཡིན། དེ་ངོ་མ་བསོར་མོ་ཞིག་ཡིན་ངེས། ཁྱོས་བསམ་པ་བཞིན་གྱི་དེ་འདྲའི་ཚབས་ཆེན་ཞིག་ཡིན་དུས་ཁྱོད་ཀྱི་ཉེ་འཁོར་གྱི་བུད་མེད་མང་པོ་ཞིག་སྔ་མོ་ནས་ཨ་མར་གྱུར་ཟིན། ངོ་མ་ཡིན།” སྒྲོལ་མས་དོན་ལྡན་ལ་བཤད་རྒྱུར“གལ་སྲིད་ང་ལ་མངལ་ཆགས་བཞག་ན་ཅི་བྱ་རྒྱུ། ཁྱོད་རང་སྔར་བཞིན་སྟོན་ཁའི་ལོ་མ་བཞིན་འཇིག་རྟེན་འདིར་འཁྱམ་ཉུལ་བྱས་ཆོག་མོད། ངས་ཅི་བྱ་རྒྱུ། གལ་སྲིད་ངས་དང་ལེན་བྱས་བཞག་ཚེ་ཁྱོད་སང་ཉིན་ནས་འགྱུར་མི་འགྲོ་བ་སུས་ཐག་ཆོད། ངས་ངོ་མ་དེ་ལྟ་བུའི་ཉེན་ཁ་བརྒྱུད་མི་འདོད། ང་ཁྱེད་ལ་མ་དགའ་བ་ཡེ་ནས་མིན། འོན་ཏེ་དོན་དག་འདིར་ངས་ད་དུང་འདང་ཕོག་མི་འདུག”དོན་ལྡན་གྱིས་ཅི་ཡང་མི་བཤད་པར་རེ་ཞིག་ལ་ཁ་རོག་གེར་བསྡད། སྒྲོལ་མས་དོན་ལྡན་གྱིས་ཨུ་ཚུགས་བྱེད་པར་སྐྲག་ནས་བྲང་གི་ནུ་མ་གཉིས་ལག་པར་བསུམས་ཡག་བྱས་ནས་བསྡད་འདུག
  སྐབས་འདིར་དོན་ལྡན་གྱིས་མུན་ནག་ནི་གཞན་ལ་སྐྲག་སྣང་སློང་ཆས་ཀྱི་འཇིག་རྟེན་ཞིག་མ་ཡིན་པར་སུས་ཀྱང་སེམས་ལྷོད་པོའི་ངང་འཚོལ་སྙེག་དང་ཞིབ་འདང་བརྒྱབ་ཆོག་པའི་འཇིག་རྟེན་གཞན་ཞིག་ཡིན་པ་གསལ་བོར་ཤེས་བྱུང་། མ་ཟད་མུན་ནག་ནི་སྐྱེས་པ་དང་བུད་མེད་ཁོ་ནར་དབང་བའི་འཇིག་རྟེན་ཞིག་མིན་པར་ཟླ་བ་དང་སྐར་མ་སོགས་ཀྱིས་སྒེར་གཅོད་བྱེད་ཀྱིན་པའི་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་ལྟ་བུ་ཞིག་ཡིན་པའང་གསལ་བོར་ཚོར་བྱུང་།
  དེ་ལྟར་ཅུང་ཙམ་འགོར་རྗེས་དོན་ལྡན་གྱིས་སྒྲོལ་མར་བཤད་རྒྱུར“དེ་འདྲ་དཔེ་མི་སྲིད། ང་དུས་གཏན་དུ་ཁྱོད་ལ་དགའ། ཁྱོད་ཀྱིས་དོ་ནུབ་དང་ལེན་མ་བྱས་ཀྱང་ང་ཁྱོད་ལ་དགའ་བ་འགྱུར་མི་སྲིད། ང་ནི་འབུ་མེ་ལྕེབས་འོད་ལ་འཁོར་བ་བཞིན་ཁྱོད་དང་འབྲལ་མི་སྲིད། ངས་ཁྱེད་ལ་འཁྲིག་སྡེབ་འདོད་པ་ནི་རང་གི་འདོད་པའི་མགོ་མ་ནོན་པ་ཙམ་མིན་པར་ངེད་གཉིས་ཕན་ཚུན་ལ་སེམས་གཏིང་ནས་དགའ་བའི་བདེན་གྲུབ་ཙམ་ཡིན།ཁྱོད་ཀྱིས་དེ་ཙམ་ཡང་མི་ཐུབ་ཟེར་ན་ཁྱོད་ང་ལ་དགའ་བའི་དན་རྟགས་ཅི་ཞིག་སྟོན་རྒྱུ་ཡོད་ཟེར་བ་དེ་ཡིན།”
  སྒྲོལ་མས་སྒེའུ་ཁུང་ཁ་ནས་ལྟ་ཙམ་བྱས་རྗེས་མུ་མཐུད་དུ་བཤད་རྒྱུར“གལ་སྲིད་བྱིས་པ་ཞིག་ཡོད་ཚེ་ངས་རང་གི་ཕ་མ་ཚོར་ཇི་ལྟར་བཤད། གལ་སྲིད་ཁྱོད་འགྱུར་སོང་ཚེ་ངས་བྱིས་པ་དེར་ཇི་ལྟར་བཤད། གལ་སྲིད་ང་འདི་ལྟར་རྒས་སོང་ཚེ་རང་གི་མ་འོངས་བ་ཇི་ལྟར་བྱེད། ངས་ཁས་བླངས་ཚེ་ཁྱོད་རང་ནམ་ཞིག་འགྱུར་འགྲོ་ངེས། སྐབས་དེར་ང་ནི་ཏག་ཏག་སུ་ལའང་མི་མཁོ་བའི་སྙིགས་རོར་གྱུར་སོང་བ་ཡིན། ངེད་གཉིས་འགྲོགས་ནས་ལོ་གཅིག་ཙམ་འགོར་ཡོད་མོད་ངས་བསམ་ན་ད་སྐབས་དེ་ལྟར་བྱས་ན་མི་འགྲིག་གི ཁྱོད་འཚབ་ལངས་དོན་ཅི་ཡིན། ནམ་ཞིག་ངས་རང་གི་ཡོད་ཚད་ཁྱོད་ལ་དབུལངེས། མ་ཟད། ངས་ད་རག་བར་དུ་ད་གཅིག་པུ་སེམས་ངོགས་སུ་གཅར་ཡོད། དེས་མི་ཆོག་གམ།”དོན་ལྡན་ཅུང་ཙམ་ངོ་ཚ་བའི་ཚུལ་གྱིས་ཡང་བསྐྱར་ཐ་མག་རྐང་གཅིག་ལ་མེ་བསྒྲོན་རྗེས“ཁྱོད་ཀྱིས་དེ་ལྟར་འདོད་ན་ཁྱོས་དང་ལེན་བྱེད་མི་དགོས། ངས་འུ་གཉིས་ཀྱི་མ་འོངས་བའི་བདེ་སྐྱིད་ཀྱི་ཆེད་དུ་ཡིན། ཕན་ཚུན་ལ་དགའ་བའི་བདེན་དཔང་ཙམ་གྱི་ཆེད་དུ་ཡིན། ཁྱོད་ཀྱིས་དེ་ལྟར་འདོད་དུས་ངས་ཀྱང་དང་ལེན་བྱེད་མི་འདོད། ངོ་མ་ཡིན། ངས་ད་རག་བར་དུ་རང་ཉིད་འགྱུར་འགྲོ་བསམས་མ་མྱོང་། གང་ལྟར་ཁྱོད་ཀྱིས་དེ་ལྟར་འདོད་ཡོད་དུས་ངས་ཀྱང་དང་ལེན་བྱེད་མི་འདོད། འོན་ཀྱང་དྲང་བོར་བཤད་ན་དེ་ངོ་མ་ཁྱོད་ཀྱི་བསམ་པ་ལྟ་བུའི་ཉེན་ཁ་ཅན་དང་རྙོག་འཛིང་ཅན་ཞིག་མ་རེད། གང་ལྟར་ཁྱོད་མ་འཐད་ན་ངས་བཙན་ཚུགས་མི་བྱེད། ང་ལ་མཁོ་བ་ནི་དུས་གཏན་དུ་འགྱོད་པ་མི་སྐྱེ་བའི་ཁ་དན་ཡིན། ཁྱོས་དེ་མི་ཐུབ་ན་ང་ལ་ཅི་ཡང་བཤད་རྒྱུ་མེད། ངེད་གཉིས་འགྲོགས་ནས་ལོ་གཅིག་ལྷག་འགོར་ཟིན། ད་ནི་ཁྱོད་ཀྱིས་ཀྱང་ང་ལ་ཡིད་ཆེས་བྱས་ན་དུས་ལ་བབས་འདུག་འདོད་པ་དེ་ཡིན། ངས་གྲོགས་པོ་ཚོས་དགའ་རོགས་བསྒྲིགས་ནས་ཟླ་གཅིག་ཙམ་ཡང་མ་འགོར་གོང་འཁྲིག་པ་སྡེབ་ཀྱིན་འདུག འུ་གཉིས་འགྲོགས་ནས་ལོ་གཅིག་རེད། ཉི་མ་སུམ་བརྒྱ་དྲུག་ཅུ་རེ་ལྔ་རེད། མ་རེད། ཉི་མ་སུམ་བརྒྱ་དྲུག་ཅུ་རེ་དྲུག་རེད། ཚང་མས་ཉོན་དང་། ཉི་མ་སུམ་བརྒྱ་དྲུག་ཅུ་རེ་དྲུག་རེད། ད་དུང་འདི་ལྟར་ཕན་ཚུན་བར་ཐག་ཅིག་བཞག་ནས་འདུག་དགོས་པ་ངོ་མ་དཀའ་མོ་རེད། ཡིན་ཡང་ང་ཁྱོད་ལ་དགའ་བ་རང་ཉིད་ལས་ཀྱང་ལྷག་པས་ངས་ཁྱོད་ཀྱི་བསམ་འཆར་ལ་ལོས་ཉན།”
  སྒྲོལ་མས་ཅི་ཡང་མི་བཤད་པར་ཁ་རོག་གེར་བསྡད། སྐར་མ་ལྔ་ཙམ་འགོར་རྗེས་དོན་ལྡན་གྱིས་སྒྲོལ་མ་པང་ཁུག་ལ་བླངས་ནས་ཁ་ཡིད་ཚིམས་ཞིག་བསྐྱལ་རྗེས་ནུ་མའི་སྟེང་ལ་ལག་པ་བཞག་ནས་འཕུར་མགོ་བརྩམས། སྒྲོལ་མ་དངངས་འདར་ཞིག་དང་ཁོང་དགོད་ཅིག་བྱེད་ཞོར་དོན་ལྡན་གྱི་ལག་པ་ཕར་གཡུགས་ནས་སྒེའུ་ཁུང་འགྲམ་དུ་སོང་སྟེ་བཤད་རྒྱུར“ཁྱོད་ལ་འཁྲིག་པ་སྡེབ་པའི་བྱང་ཆ་ཡོད་པ་འདྲ། ཧི་ཧི་ཧི ཁྱོས་གང་ནས་སྦྱང་བ་ཡིན།ངས་ཐོག་དང་བོར་སྐྱེས་པ་ཞིག་གི་ལག་པ་རང་གི་བྲང་ཁར་འཇོག་དུ་བཅུག་པ་ཡིན། ”དོན་ལྡན་གྱིས་བཤད་རྒྱུར་“ངས་བརྙན་འཕྲིན་ནང་ནས་མཐོང་བ་ཡིན། དེང་སང་བུད་མེད་མང་པོ་ཞིག་གིས་འཁྲིག་པ་ཡིད་ཚིམས་པ་རེ་བསྡེབས་རྗེས་རང་ཉིད་ལ་ད་དུང་སྐྱེས་པ་ཞིག་གི་ལག་པས་ཐུག་མ་མྱོང་ཚུལ་གྱིས་རྫུན་གཏམ་དགོད་བྲོ་བ་བཤད་མཁན་མང་གི ངས་ཁྱེད་ལ་ཟེར་བ་མིན། ང་ཁྱེད་ལ་སེམས་གཏིང་ནས་དགའ་བས་ཡིད་ཆེས་ནན་མོ་ཡོད། ངོ་མ་ཡིན། འཇིག་རྟེན་ན་གོ་སྐབས་ཉུང་ནི་རེད། ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱོས་དང་ང་དུས་གཏན་དུ་ཁྱོད་གཅིག་པུར་དགའ།ཁྱོད་འཐད་པ་ཡིན་ན་ང་ལ་བདེན་དཔང་ཞིག་བྱིན་ན་མི་ཆོག་གམ། ད་རག་བར་དུ་ཁྱོད་ཀྱིས་ང་ལ་ང་ཁྱོད་ལ་དགའ་དང་ངས་ཁྱོས་རང་དྲན་གྱིན་འདུག་སོགས་ཀྱི་སྐད་ཆ་ཞིག་རྣ་བས་ཐོས་མ་མྱོང་། ཡིན་ཡང་ངས་དེ་དག་ལ་བཟོད་བསྲན་བྱས་པ་ཡིན། ཁྱོད་ཀྱིས་ང་དང་འདྲ་བར་འུ་གཉིས་ཀྱི་བརྩེ་དུང་གི་ཆེད་དུ་ཡོད་ཚད་བློས་གཏང་ཐུབ་ཚེ་དང་དེ་ནི་ཇི་འདྲའི་དགའ་འོས་པའི་བདེ་སྐྱིད་ཅིག་ཅི་ལ་མིན། དེས་ང་ལ་ནོར་ལྦེ་རྩོམ་རིག་བྱ་དགའ་ཐོབ་པ་ལྟ་བུའི་དགའ་སྣང་ཡ་མེད་ཅིག་སྦྱིན་ཐུབ་པར་ང་ལ་ཡིད་ཆེས་ནན་མོ་ཡོད། གལ་སྲིད་ཁྱོད་ཀྱིས་ངོ་མ་དང་ལེན་མི་བྱེད་ན་ངས་དེ་རིང་ནས་ཉིན་རྒྱུན་ཆང་བཏུང་རྒྱུ ཐ་མག་འཐེན་རྒྱུ། ཟ་མ་བཟའ་རྒྱུ་མིན། མ་ཟད་འཁྲིག་པ་གང་འདོད་དུ་སྡེབ་ཆོག་སའི་བུད་མེད་ཅིིག་འཚོལ་རྒྱུ ཧེ་ཧེ་ཧེ དེ་དུས་ཁྱོད་རང་འགྱོད་པ་མ་སྐྱེ། ནོར་བུ་རང་ལ་ནོར་དུས།།ནོར་བུའི་ནོར་ཉམས་མ་ཆོད།། ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚངས་ཡོང་།། ཧི་ཧི་ཧི། ཨ་ལ་ཀུ་རེ་ཡིན། ང་ཁྱོད་གཅིག་པུར་དགའ། ཁྱོད་ཀྱང་ང་གཅིག་པུ་མ་གཏོགས་གཞན་ལ་དགའ་ན་མི་ཆོག གལ་སྲིད་ཁྱོད་གཞན་ལ་དགའ་ཚེ་ངས་སྐྱེས་པ་དེའི་མིག་ལེན་རྒྱུ། རྐང་བ་གཅོག་རྒྱུ། གང་ལྟར་ཁྱོད་མི་དགའ་ནི་ཞིག་བྱེད་རྒྱུ། ཧི་ཧི་ཧི། ཀུ་རེ་ཡིན། ཁྱོད་འཐད་པ་མིན་ན་ངས་དེ་ལྟར་བྱ་ག་ལ་ཕོད།”སྒྲོལ་མ་དགོད་ཞོར་དུ“ནམ་ལངས་ལ་ཉེ་མོད། ང་རང་ངོ་མ་ཇེ་འཁྱག་ནས་ཇེ་འཁྱག་རེད། གཉིད་ཀྱང་ལྡབ་འགྱུར་གྱིས་ཇེ་ཆེར་སོང་འདུག ཁྱོད་ཀྱིས་སྒེའུ་ཁུང་གཏན་ནས་ང་ལ་ཉལ་ཐུལ་དེ་བྱིན་ན་ཆོག་གམ། དེ་འཕྲལ་དོན་ལྡན་གྱིས་ཀྱང་རང་ཉིད་གྲང་ནས་འདར་སིག་རྒྱག་བཞིན་པ་གཞི་ནས་ཚོར་བྱུང་། དོན་ལྡན་གྱིས་ཉལ་ཐུལ་བྱིན་ཞོར་དུ“དོ་ནུབ་ཀྱི་སྒེའུ་ཁུང་ནི་འུ་གཉིས་ཀྱི་སྙིང་གཏམ་བཤད་ས་དང་གཟུ་བ་ལྟ་བུ་ཡིན། གང་ལྟར་ཁྱོད་རང་འཐད་པ་མིན་ན་ངས་ཁྱོད་ལ་བཙན་ཚུགས་མི་བྱེད། འོན་ཀྱང་དེ་དངོས་གནས་ཁྱོད་ཀྱིས་བསམ་པ་བཞིན་གྱི་ངོ་ཚ་དགོས་ས་དང་ཉེན་ཁ་ཅན་ཞིག་ཡེ་ནས་མ་རེད། མ་ཟད་དེ་བསོར་མོ་ཞིག་ཡིན་ངེས།”
  ནམ་དཀར་ལ་ཉེ། ཁང་བའི་ནང་དུ་འོད་ཐིག་མག་མོག་ཅིག་ཀྱང་ཤར་ཡོང་། དོན་ལྡན་གྱིས་དེ་རིང་ཅི་བྱེད་ལ་བསམ་བློ་མི་གཏོང་བར་དུས་ཚོད་ཕྱིར་སྣུད་འདོད་ཀྱི་འདུན་པ་ཞིག་གིས་སྒོ་དང་སྒེའུ་ཁུང་བརྟན་པོར་གཏད་ནས་ཁང་བ་ཆུང་ཆུང་འདི་མདང་ནུབ་ཀྱི་མུན་ནག་ལྟ་བུར་མཛེས་བཟོ་བྱས་རྗེས་ཇི་ལྟར་བྱས་ན་ད་གཟོད་སྒྲོལ་མའི་བྲང་གི་ཅུང་འབུར་དོད་པའི་ནུ་མ་གཉིས་རང་གི་ལག་པས་ཇི་འདོད་དུ་ཕུར་ཆོག་པའི་སྐོར་ལ་བསམ་བློ་ནན་མོ་བཏང་། དེའི་རྒྱུ་མཚན་དོན་ལྡན་ལ་མཚོན་ན་ནུ་མ་ནི་བུད་མེད་ཀྱི་འདོད་ཆགས་སློང་ཆས་ཀྱི་ལག་ཆ་ཆེས་མཆོག་དུ་ཏུ་གྱུར་བ་དེར་འདོད་པས་ལོས་ཡིན།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མུན་པ་བཟི་བོ།

2015-05-09 ཞགས་ཐག༼ རྨ་ཆུ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།