གྲོགས་པོ།

  ཨ་ལ་སྡེ་པ་ནི་ཆེ་རྒྱུ་མེད་ལ་ཆུང་རྒྱུ་མེད་པའི་སྡེ་པ་ཞིག་རེད། སྡེ་པ་དེར་སྔར་རྗེ་བཙུན་མི་ལ་རས་པས་བསྒྲུབ་པ་གནང་ནས་ཡུན་རིང་ཞུགས་མྱོང་ཡོད་པས་ལོ་རྒྱུས་དེར་ཐེར་དང་མི་ལིའི་མགུར་འབུམ་དུ་ཟ་ཟུར་མང་པོ་ནས་སྡེ་པ་དེའི་མིང་ཐོན་གྱིན་ཡོད། སྡེ་པའི་ནང་དུ་ཡིད་སྨོན་སྐྱེ་དགོས་པའི་གྲོགས་པོ་གཉིས་ཡོད་དེ། ཆུང་དུས་ནས་རྩེད་རྭ་གཅིག་ནས་ལོངས་པའི་ཉི་མ་དང་བཀྲ་ཤིས་ནི་རང་ཤང་གི་སློབ་ཆུང་ནས་སློབ་མཐར་ཕྱིན་མ་ཟད། སྔ་རྗེས་སུ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་ཡང་མཉམ་དུ་བཏོན་པ་དང་མཐོ་འབྲིང་སྐབས་སུ་སློབ་གྲྭའི་ནང་སྦྱང་འབྲས་ཨང་དང་པོ་གཉིས་པ་ཁོ་གཉིས་ཀྱི་རེ་མོས་ཀྱི་ལེན་བཞིན་འཛིན་གྲྭའི་འགན་བདག་ནས་སློབ་གྲྭའི་སློབ་སྤྱི་ཚང་མས་བསྟོད་བསྔགས་བྱེད་ས་ཞིག་ཏུ་གྱུར་ཡོད་ལ་རང་བཞིན་གྱི་སྤུན་མཆེད་ལྟ་བུའི་གྲོགས་པོར་གྱུར་ཏེ། ཁོ་གཉིས་གུང་གསེང་གི་སྐབས་སུ་ཡང་ཁྱིམ་མི་གཅིག་ལྟར་འགྲོ་འོང་མང་བས་ཕ་མ་རྣམས་ཀྱང་རང་བཞིན་གྱི་ཉེ་པོར་ཆགས་པ་དང་སྡེ་བའི་མི་རྣམས་ཀྱི་ཡང་ཁོ་གཉིས་ནི་སྡེ་བའི་ནང་དཔེ་འཇོག་བྱེད་སའི་གྲོགས་པོ་ཞིག་ཏུའང་ཁས་ལེན་བྱེད་བཞིན་ཡོད།
  སྤྱི་ལོ་ཉིས་སྟོང་བརྒྱད་ཀྱི་ལོར་ཁོ་གཉིས་ཀྱི་གྲོས་ལེགས་པོར་བྱས་ཏེ་མ་ལ་ཡ་ཞེས་པའི་སློབ་གྲ་ཆེན་མོ་དེར་མིང་ཐོ་བཀོད་ཅིང་། ལོ་དེའི་དབྱར་ཁ་ཁོ་གཉིས་ལ་སློབ་གྲྭར་ཡིག་རྒྱུག་འཕྲོད་པའི་བརྡ་ཐོ་འབྱོར། སློབ་གྲྭ་དེ་ནི་ཆེས་ཕུལ་དུ་བྱུང་བའི་སློབ་གྲྭ་ཞིག་ཡིན་པ་མ་ཟད། སྤུན་མཆེད་ལྟ་བུའི་གྲོགས་པོ་ཁོ་གཉིས་སློབ་གྲྭ་དེར་ཡིག་རྒྱུག་འཕྲོད་པ་སྡེ་བའི་ནང་ཡུས་ཙམ་ཞིག་ལ་འབྲུག་སྒྲ་གྲག་པ་བཞིན་སྲང་ལམ་གྱི་ཁུག་སྣེར་ཡོད་ཚད་འཁྱབ་ཅིང་ཉིན་འགའ་ཤས་ཤིག་གི་རིང་སྡེ་པའི་ནང་གི་བློ་ཉེ་དཀར་བ་རང་རང་སོ་སོའི་ཁྱིམ་དུ་དགའ་སྟོན་གྱི་དཔལ་ལ་རོལ་ཆེད་དུ་ཉིན་ཞིག་ཉི་མའི་ཁྱིམ་དུ་བཀྲ་ཤིས་ཀྱི་པ་ཕ་སོགས་མགྲོན་དུ་བསུས་ཏེ་བྱ་བསྟོན་ལ་རོལ་བ་དང་སང་ཉིན་ཞོགས་པ་སྔ་མོ་ནས་འདྲུད་འཐེན་འཁོར་ལོར་བསྡད་ནས་རྫོང་དུ་བསྐྱོད་ཅིང་དེ་ནས་རིམ་ནས་འགྲུལ་སྐྱེལ་རླང་འཁོར་དང་མེ་འཁོར་བཅས་བསྡད་རྗེས་སློབ་གྲྭར་འབྱོར།
  མ་ལ་ཡ་ཞེས་པའི་སློབ་གྲྭ་དེའི་ནང་དུ་ཡང་སྦྱང་འབྲས་ལེགས་པོ་བསླངས་བཞིན་སྔར་ལྟར་ཕྱི་རོལ་དུ་སྤྲོ་སྐྱིད་གཏོང་བར་འགྲོ་ན་མཉམ་འགྲོ་དང་། ནང་དུ་སློབ་ལ་བརྩོན་ན་མཉམ་བརྩོན་བྱས་པས། འཛིན་གྲྭའི་བུ་བུ་མོ་མང་པོ་ཞིག་གིས་ཁོ་གཉིས་ལ་ཡིད་སྨོན་བྱེད། ལྷ་ས་ནས་ཡིན་པའི་ལྷ་མོ་ནི་སློབ་གྲྭ་ཚུགས་པའི་ཉིན་དང་པོ་དེ་ནས་བཀྲ་ཤིས་ལ་སེམས་རྦད་དེ་ཤོར་ཏེ་ཉིན་འགའ་ཤས་ཤིག་བསྟུད་མར་ཁོ་དང་མཉམ་དུ་ལག་འཇུ་ལྷོད་དེ་སྤྲོ་འཆམ་འཕྲོ་བ་ཡང་ཡང་རྨིས། ཡིན་ནའང་མོ་ལ་བརྩེ་དུང་གི་མིག་བརྡ་འཕེན་པའི་གོ་སྐབས་ཤིག་བརྟན་ནས་མ་རྙེད། དེ་ཡང་བཀྲ་ཤིས་དང་ཉི་མའི་བྲལ་མེད་ཀྱི་གཅེན་གཅུང་ལྟ་བུའི་བརྩེ་དུང་དེས་ལན་པ་ལས་གཞན་མ་ཡིན་པས། མོས་ཉི་མར་ཁོང་ཁྲོ་བཟ་བ་དང་སྐབས་རེ་མི་འདོད་པའི་རྣམ་འགྱུར་ཡང་མི་ཉུང་བ་ཞིག་བཏོན་གྱིན་ཡོད། ཏག་ཏག་སློབ་རིམ་གཉིས་པའི་སྐབས་ཀྱི་གཟའ་ཉི་མ་ཞིག་གི་ཉིན། མོ་ལྷ་དཀོན་མཆོག་གི་གནང་བ་ལྷ་བུའི་གོ་སྐབས་ཤིག་རེག་པས་མོས་གོ་སྐབས་དེ་ནི་ཤོར་དུ་མ་བཅུག་པར། ལྷ་མོས་བཀྲ་ཤིས་སློབ་གྲྭའི་དྲ་ཁང་ནང་རྩེད་མོ་རྩེ་བར་སླེབས་ཡོད་པ་མཐོང་བས། མོས་གོ་སྐབས་ཡག་པོ་འདི་ཤོར་དུ་མི་བཅུག་ཐག་གཅོད་ཡིན་
བསམ་བཞིན། མོས་བློ་ཁོག་ཆེན་པོས་བཀྲ་ཤིས་ཀྱི་མདུན་དུ་བསྐྱོད་ནས། བཀྲ་ཤིས་ལ་གཅོ་བཀྲ་ཤིས་རྩེད་མོ་ག་རེ་རྩེད་གི་ཡོད་ཅེས་འདྲིས། བཀྲ་ཤིས་ཀྱི་རྐང་རྩེད་སྤོ་ལོ་རྩེད་བཞིན་ཡོད། ལྷ་མོ་ཁྱེད་རང་ཡང་དྲ་ཁང་ཡོང་པས་ཞེས་འདྲིས། མོས་ག་རེ་ང་ཡོང་མི་ཆོག་པ་ཡིན་ནམ་ཞེས་ཀུ་རེ་རྩེད། དེ་ནས་མོས་ཅུང་ཙམ གཅོ་གཅོ་ཁྱེད་རང་གི་གླེང་མོལ་ཨང་གྲངས་ག་ཚོད་རེད་ཅེས་འདྲི་བཞིན་ལག་ཐོག་ཁ་པར་ཡར་བཏོན་ནས་2255 ཁ་པར་ནང་དུ་བཅུག་རྗེས་རང་གི་སྡད་སའི་ནང་དུ་ལོག་ནས་ཁོའི་ཨང་གྲངས་དག་བསྣན། ཡིན་ནའང་དུས་ག་ཙམ་ཞིག་ནས་མ་གཏོག་ཨ་ལན་བསློག་མཁན་མ་བྱུང་བཞིན། དེ་ནས་མོས་ཁོ་ལ་གུས་ཞབས་ཆེ་མདོག་བསྟན་ཅིང་། ལོག་རན་ལ་བསླེབས་པའི་དུས་སུ་མོས་སྙིང་ཞིག་བསྐུར་བ་དེས་རྐྱེན་བྱས་ཏེ་ཁོ་གཉིས་ཀྱི་བརྩེ་དུང་གི་སྐུད་སྣེ་མཐུད་མགོ་ཚུགས། དེ་ལྟར་ཟླ་བ་གཉིས་ཙམ་ཀྱི་རྗེས་སུ་ཁོ་གཉིས་དང་ཉི་མ་གསུམ་སྤུན་མཆེད་ལྟར་ཁྲོམ་ལམ་མྱུལ་བ་དང་། བཟའ་མ་ཟ་བ་སོགས་བྲལ་མེད་དུ་རོལ། འོན་ཀྱང་ལྷ་མོ་སྐབས་རེ་ཉིན་མར་ཁོང་ཁྲོ་བཟའ་བཞིན་ཡོད་དེ། ནར་བསོན་པའི་ནང་ཆུང་ཞིག་གིས་ངོས་ནས་བརྗོད་ན་བདེ་སྐྱིད་ལོངས་སྤྱོད་བྱེད་རྒྱུ་དེ་ནི་བརྩེ་དུང་ཇེ་གཟབ་གཏོང་བའི་ཐབས་ཡག་པོ་ཞིག་ཡིན་པས་རེད་ལ། རང་གཉིད་ཀྱང་བདེ་སྐྱིད་དེ་ལོངས་སྤྱོད་བྱེད་འདོད་ཆེན་པོ་ཡོད་པས་རེད། ཡིན་ནའང་མོ་ལ་རང་གི་དགའ་རོགས་ལ་སྐད་ཆ་དེ་ཤོད་རྒྱུའི་སྤོབས་པ་ནམ་ཡང་མེད། དེ་ལྟར་ལོ་གཉིས་ཙམ་གྱི་རྗེས་སུ་སློབ་མཐར་ཕྱིན་ཅིང་ཁོ་ཚོ་ལྡི་པ་རྫོང་ཞེས་པའི་རྫོང་ཆུང་ཆུང་ཞིག་ཏུ་ལས་གནས་བགོས་པ་དང་མོ་ལ་ཡང་རང་གི་སྐོམ་པ་ཆུ་འདོད་ལྟར་གྱི་རེ་འདོད་དེ་ཁྱོ་བོས་བསྐང་བས་མོ་ལ་སྔར་ལས་ལྷག་པའི་སྐྱིད་སྣང་ཞིག་སྐྱེས་པ་མ་ཟད་ཁྱོ་གར་ཡང་བརྩེ་དུང་དེ་བས་གཏིང་གཟབ་ཏུ་ཕྱིན།
  ལོ་གསུམ་ཙམ་ཞིག་ཁོ་ཚོ་གསུམ་དེ་ལྟར་རང་སྣང་གང་ཤར་གྱི་འཚོ་བར་རོལ་ཅིང་དེའི་རྗེས་སུ་ཉི་མས་ཆུང་མ་ཞིག་བསླངས་བཞིན་ཁོ་གཉིས་ཀྱང་ཧ་ཅང་གི་བརྩེ་དུང་གཟབ་པོ་ཡོད་ཅིང་ལོ་འགའ་ཞིག་ཁོ་ཚོ་བཞི་རང་རང་གི་མི་ཚེ་འགན་འཁུར་དང་མཉམ་དུ་སྔར་ལྟར་འཆམ་མཐུན་གྱི་འཚོ་བར་རོལ། ཡིན་ནའང་། ཁ་བ་ལྷབ་ལྷུབ་ཏུ་བབ་བཞིན་གྲང་རླུང་འུར་འུར་དུ་ལྡང་བའི་དགོང་མོ་ཞིག་ཁོ་ཚོ་བཞི་ནང་མ་ཁང་ཆང་འཐུང་ལ་རོལ་བར་ཕྱིན་པ་མ་ཟད། ཁོ་ཚོའི་ཉེ་འགྲམ་གྱི་མགྲོན་པོ་སུས་བལྟས་ཀྱང་ཧ་ཅང་འཆམ་མདོག་ཁ་པོ་ཞིག་མཐོང་།
  ལག་མགོའི་ཆུ་ཚོད་མཚན་མོའི་གསུམ་པར་སླེབས་སྐབས། སླར་ཡང་སྦི་རག་ཤེར་དམ་བཅོ་ལྔ་བསླངས་ཏེ་འདི་དག་འཐུང་རྗེས་ལོག་འགྲོ་རྒྱུའི་ཐག་གཅད་དེ་བཀྲ་ཤིས་ཀྱི་དངུལ་ཁུག་བསྔོགས་ནས་སྒོར་མོ་སྦྱིན་པར་འགྲོ་དུས། ཉི་མར་བྲེལ་ཤ་གང་ཡང་མེད་པར་སྡད་འདུག་པར་བཀྲ་ཤིས་ཁོང་ཁྲོ་བཟ་ནས། བཀྲ་ཤིས་ཀྱི་ཉི་མར་སྐབས་རེ་ཐོས་བཞིན་སྐབས་རེ་མི་ཐོས་པའི་སྐད་ཆ་མང་དག་ཞིག་བཤད་པས། ཉི་མ་འུ་ཐུག་ནས་ཁོས་ཤེལ་དམ་ཞིག་བསླངས་ནས་བཀྲ་ཤིས་ཀྱི་མགོ་བོར་ཞུས་པས་རང་སར་བཀྲ་ཤིས་དམྱ་ལམ་བསྐྱལ་བ་དང་ཉེན་རྟོག་པས་ཁོ་འཛིན་བཟུང་བྱས་བཞིན་ཁྲིམ་གཅད་ཀྱང་ལྗིད་པོ་འཁེལ་བ་རེད་ཟེར་བཞིན་ཁོ་གཉིས་ཀྱི་ཆུང་མ་གཉིས་པོ་ཡང་སུ་ཞིག་གིས་འཁྲིད་ཀྱང་རུང་བའི་སྨད་ཚོང་མ་ཞིག་ཏུ་གྱུར་ཅིང་ཁོ་གཉིས་ཀྱི་ཚེ་སྲོག་ཀྱང་གྲི་ཡི་ཁ་ནས་ཐག་གཅོད་བྱས་པ་རེད་ཟེར ཐག ཐག ཐག སྒོ་རྡུང་མཁན་ཞིག་གིས་ངའི་སྒྱུ་འཕྲུལ་གྱི་རྨི་ལམ་དེ་དཀྲོག་སོང་། སྒོ་ཕྱེ་དུས་ངའི་གྲོགས་པོས་ངོ་གདོང་སྐྱ་བོ་ཞིག་འཁྱེར་ཏེ་མདང་དགོང་ང་ཚོའི་རྗོང་ནང་གྲོགས་པོ་གྲོགས་པོ་བསད་པའི་ཉེས་དོན་གྱོད་གཞི་ཞིག་བྱུང་འདུག་ཟེར། ངོ་མ་ང་ནི་རང་འགྲུབ་ཀྱི་མངོན་ཤེས་ཅན་ཞིག་མིན་ནམ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོགས་པོ།

2015-05-16 ཁ་བ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།