གསེར་ཐམ།

               ‑‑‑‑‑‑སྡེ་བ་འདིར་དངོས་སུ་སྐྱོ་ལ་དགོད་བྲོ་བའི་དོན་དག་འདི་འདྲ་ཞིག་བྱུང་བས། ངས་ཤོག་དཀར་མདུན་དུ་བླངས་ཏེ་མི་འབྲི་ཐབས་མེད་བྱུང་། འདི་ནི་མི་རྣམས་ལ་གསལ་འདེབས་བྱེད་པའི་ཕྱིར་དུ་ཡིན་ལ། སྒྲུང་གཏམ་ཆུང་ཆུང་ཞིག་གི་ཚུལ་དུ་འབྲི་འདོད་པས་ཀྱང་ཡིན།

               ༡
  སྟོན་འཇུག་གི་དུས་འདིར། མི་རྣམས་ཀྱིས་སྟོན་སྔ་མོ་ནས་བསྡུས་ཚར་རྗེས། དར་ཅིག་བག་ཡངས་སུ་ངལ་གསོས་ཤིང་། རྒྱུ་ནོར་སོགས་འཚོ་རྟེན་ལ་བྲེལ་བའི་མི་མང་ཤས་སྔ་མོ་ནསཡར་མར་ལ་ཞོར་ལས་སྙེགས་སུ་ཆས་ཟིན། ཤུལ་དུ་ལུས་པ་ནི་བྱིས་པ་དང་རྒན་གྲས། ད་དུང་ཁྱིམ་དུ་སྡོད་པའི་སློབ་མ་སྐོར་ཞིག་རེད། ཨ་ཁུ་ཕུན་ཚོགས་སོགས་ཁ་བརྡར་དགའ་བའི་རྒན་རབས་པ་སྒོར་ཞིག་སྔར་བཞིན་དར་ལྕོག་སྒང་དུ་འདུས་ཤིང་གླེང་གཞི་གཅིག་ལ་འཇུས་ཏེ་ཁ་བརྡ་ཡར་མར་སྣ་ཚོགས་བྱེད་བཞིན་གདའ།
  “ཡ། ཨ་ཁུ་ཕུན་ཚོགས། ཁྱེད་ཚང་ལ་འགྲུལ་བ་གཉིས་ཡོང་ཡོད་པ་སུ་རེད།”ཨ་ཁུ་རྡོ་རྗེས་སྣ་ཐལ་སྐྱ་ལོག་ལོག་འཐེན་ཞོར་དེ་ལྟར་དྲིས། ཨ་ཁུ་ཕུན་ཚོགས་ཀྱིས་ཅུང་སུན་པའི་ངང་། “ཅང་མ་རེད། གནའ་རྫས་ཉོ་མཁན་གཉིས་རེད། དོ་དགོང་ངེད་ཚང་ལ་གནས་ཚང་གཡར་ཐལ། ནམ་ཞིག་ཕྱིར་འགྲོ་རྒྱུ་ཡིན་པ་སུས་ཤེས།” ཞེས་བཤད། སྐད་ཆ་དེ་ཐོས་ཕྲད་ཁ་བརྡར་དགའ་བའི་རྒན་པོ་ཚོའི་གླེང་གཞི་ཡང་“གནའ་རྫས”ཞེས་པའི་ཐ་སྙད་དེར་འཁོར་མགོ་བརྩམས།
  རེད་དེ། ཨ་ཁུ་ཕུན་ཚོགས་ཚང་ལ་དངོས་ནས་ནང་ལོག་ནས་ཡོང་བ་ཡིན་ཟེར་བའི་མི་དར་མ་གཉིས་ཐོན་ཡོད། ལུས་ལ་དེང་རབས་སྤུས་ལེགས་ཀྱི་གྱོན་པ་གྱོན་པ་མ་ཟད། ལག་ཏུ་པར་ཆས་ལས་གཞན་དབྱིབས་དང་ཚུགས་ཀ་མི་གཅིག་པའི་ཁུག་མ་འགའ་བཟུང་ཞིང་། ནང་དུ་གཙུག་གཡུ་དང་གློ་གྲི། མེ་ཆ་རྙིང་བ་སོགས་དངོས་རྫས་ཆེ་ཆུང་མང་པོ་བཅུག་ཡོད། ལྟས་ཚོད་ཀྱིས་ཁེ་ཚོང་རྒྱག་པའི་ཚོང་བའམ། གནའ་རྫས་ཉོ་ཚོང་གི་ལས་ལ་གཞོལ་ཏེ་ཕྱུག་ཐོག་ལ་རྒྱབ་ཡོད་པའི་ཕྱུག་པོ་གཉིས་ཡིན་པ་ཤེས་ཐུབ།
  ས་རུབ་པས། ཨ་ཁུ་ཕུན་ཚོགས་དང་ཚ་བོ་བཀྲ་ཤིས་ཚེ་རིང་། ད་དུང་གནའ་རྫས་ཚོང་བ་བཅས་ཀྱིས་ཐུག་པ་འཐུང་ཞོར་དུ་ཕྱོགས་ཡར་མར་གྱི་ཁ་བརྡ་མང་དུ་བྱས།
  “ཨ་ཁུ། ཁྱོད་ཀྱིས་སྡེ་བ་འདིའི་སྡེ་མི་དག་ནམ་ཞིག་ནས་འདིར་གཞིས་ཆགས་པའི་ལོ་རྒྱུས་ཨེ་ཤེས།” མི་ཁ་སྤུ་ཅན་དེས་དེ་ལྟར་དྲིས།
  ཨ་ཁུ་ཕུན་ཚོགས་ཀྱིས་བསམ་བློ་ཞིག་བཏང་རྗེས། “གསལ་བོ་ཞིག་མི་ཤེས། ལ་ལས་བཤད་ན་བོད་ཀྱི་ས་མཚམས་སྲུང་བའི་དམག་གི་རྒྱུད་པ་རེད་ཟེར་ནི་ཡོད་གི ངས་ཤེས་དུས་ནས་སྡེ་བ་འདིའི་ལོ་རྒྱུས་ཤེས་ནི་ཉུང་ཀི”
  “ཨོ་རེད། དེས་ན་མཁར་ཤུལ་འདྲ་ཡོད་དམ།” མི་སྐྲ་རིང་ཅན་དེས་ཀྱང་འཕྲོར་མཐུད་ནས་འདྲི་མགོ་བརྩམས། “དེའང་གསལ་བོ་ཞིག་མི་ཤེས་མོད། ངའི་ཨ་མྱེས་བཤད་པ་ལྟར་ན། ཡར་ནང་རི་འདབས་ཀྱི་དེའུ་འབུར་ཆེན་པོ་ཞིག་ཆགས་ཡོད་པ་དེ་རྒྱལ་བོ་འམ་བློན་པོ་གང་རུང་ཞིག་གི་མཁར་ཤུལ་རེད་ཟེར་ཀི བདེན་མིན་སུས་ཤེས།” ཞེས་ཅི་ཞིག་ཤེས་འདོད་ཀྱིས་གནའ་རྫས་ཉོ་མཁན་གཉིས་ལ་ཅེར་ནས་བསྡད།
  “རེད། སྤྱིར་ངེད་གཉིས་ཀྱང་གཅིག་ནས་གནའ་རྫས་རྟོག་དཔྱོད་དང་ཕྱོགས་གཞན་ཞིག་ནས་བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་སྣེ་ཙམ་བཙལགདུ་ཡོང་བ་ཡིན”ཞེས་ཁུག་མ་ཞིག་ནས་ཟིན་བྲིས་དང་སྨྱུ་གུ་བཏོན་བྱུང་།   ཨ་ཁུ་ཕུན་ཚོགས་ཀྱིས་གནའ་རྫས་ཉོ་མཁན་ཞིག་ལོ་རྒྱུས་རྟོག་དཔྱོད་པ་ཞིག་ཏུ་གྱུར་བར་སྣང་དོག་སྤུ་ཙམ་ཡང་མི་བྱེད་པར་ཨ་མྱེས་བཤད་པའམ་ངག་རྒྱུན་གང་རུང་ལས་ཐོས་པ་ཚང་མ་ཁོ་གཉིས་ལ་སྒྲུང་བཞིན་བཤད་པས། ཉིན་གཅིག་གི་མཚན་མོའང་འདི་ལྟར་འདས་སོང་།

             ༢
  ཕྱི་ཉིན་ཞོགས་པར་གནའ་རྫས་ཚོང་བ་གཉིས་སྔ་མོ་ནས་མཁར་ཤུལ་ལམ་བང་སོའི་ཤུལ་དེར་ལྟ་རུ་ཕྱིན། དྲོས་ཇ་འཐུང་ལ་ཉེ་དུས་ད་གཟོད་ཕྱིར་ཐོན་བྱུང་། ཁོ་གཉིས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ཤིང་། ཅི་ཞིག་བཤད་འདོད་ཀྱི་འདུན་པ་ཆེ་བའང་འདྲ། མི་ཁ་སྤུ་ཅན་དེས“ཨ་ཁུ། ངེད་གཉིས་ཀྱིས་དེའི་ལོ་རྒྱུས་ཤེས་སོང་། ངོ་མ་རེད། འདི་དངོས་ནས་བོད་ཀྱི་རྒྱལ་ཕྲན་ཞིག་གི་རྒྱལ་སྲས་ཀྱི་བང་སོ་རེད། ལོ་རྒྱུས་ཡིག་ཆ་གང་ལའང་ཐོད་ཐུག་ཀི ”ཞེས་བདེན་ཅོག་ཅོག་གིས་བཤད། རྒྱལ་ཕྲན་ཞེས་པའི་སྐད་ཆ་དེ་ཐོས་ཕྲད་ཨ་ཁུ་ཕུན་ཚོགས་ཀྱིས་ཅུང་ཧ་མི་གོ་ནའང《གླིང་གེ་སར་རྒྱལ་བོའི་སྒྲུང་།》ནང་གི་ཧོར་དང་གྲུ་གུ། མོན་བཅས་ཡིད་ལ་ཤར་ཞིང་དེ་འདྲ་ཞིག་ཡིན་པར་ཡང་འདོད།
  “ད་དུང་གསང་བ་ཞིག་ཡོད།” སྐྲ་རིང་ཅན་དེས་དེ་ལྟར་བཤད་པ་དང་མཉམ་དུ་ཁ་སྤུ་ཅན་དེས་སྒོའང་དལ་མོར་གཏན་ཅིང་བསྡད། “གསང་བ་ཅི་ཞིག” ཨ་ཁུ་ཕུན་ཚོགས་ཀྱིས་ཡ་མཚར་བའི་ངང་དེ་ལྟར་དྲིས། ཁ་སྤུ་ཅན་དེས་ཨ་ཁུ་ཕུན་ཚོགས་ཀྱི་རྣ་རྩར་གཏད་དེ་ཤབ་ཤུབ་ཀྱིས་གསང་གཏམ་ཅི་ཞིག་བཤད་པའི་ཚུལ་དེ་ནི་གཡོག་པོ་ལྟས་ངན་ཞིག་གིས་རྒྱལ་བོ་དབང་ཅན་ཞིག་ལ་གསང་འཕྲིན་ཞུས་པ་དང་འདྲ་ནའང་། ཨ་ཁུ་ཕུན་ཚོགས་ལ་འབངས་མི་ཕལ་་བ་དབུལ་བོ་ཞིག་གི་ཉམས་ལས་མེད་པར་མ་ཟད། “གསང་གཏམ”དེ་ཐོས་ཕྲད་དོག་པ་དང་ཐེ་ཚོམ་གྱི་ངང་བསྡད། ཁ་སྤུ་ཅན་དེས་ཡང་བསྐྱར་“ངོ་མ”ཞེས་ནན་དུ་བཤད། སྐྲ་རིང་ཅན་དེས་ཀྱང“ངོ་མ་རེད། ཐམ་ཀ་གསེར་ལས་གྲུབ་པ་ཡོད་པ་ང་ཚོས་དངོས་སུ་ཐོས་མྱོང་། ད་སྔ་འདི་ཤེས་མཁན་ང་ཚོ་ལས་མེད། ང་ཚོས་མཉམ་དུ་སློག་ན… …”
  “མ་རེད། ང་ཚོས་དོ་དགོང་ནས་གྲ་སྒྲིག་ལེགས་པོ་བྱ་དགོས། འདི་གཞན་གྱིས་ཤེས་ག་ལ་རུང་། རྒྱལ་ཁབ་ཀྱིས་ཤེས་ན་དེ་ལས་ཀྱང་ཉེས་ཆད་འབབ་ངེས་རེད། འོན་ཀྱང་རྙེད་ཚེ་དེའི་རིན་གོང་སྤྱིར་བཏང་གི་གསེར་གྱི་རིན་གོང་ལས་ལྡབ་བརྒྱ་འགྱུར་ཡིན་ངེས། ”ཞེས་ཁ་སྤུ་ཅན་དེས་ཀྱང་ཁ་འཕྲོག་བཞིན་དེ་ལྟར་བཤད།
  ཨ་ཁུ་ཕུན་ཚོགས་ཀྱིས་ཡིད་ཆེས་བྱེད་དཀའ་ནའང་ཚོད་ལྟ་ཞིག་བྱས་ན་ཅིས་མི་ཆོག་ཅེས་བློ་སེམས་ནམ་ཡང་གསེར་གྱི་ཐམ་ཀ་དེར་འཁོར། ཁོས་བསམ་བློ་གང་མང་བཏང་རྗེས་གཞི་ནས་ཨ་ཁུ་རྡོ་རྗེ་བཙལ་དུ་ཕྱིན། ཁོས་གསང་སྟབས་ཀྱིས་ཨ་ཁུ་རྡོ་རྗེ་ཕ་བུ་རང་ཁྱིམ་དུ་ཁྲིད་ཡོང་རྗེས། གནའ་རྫས་ཚོང་བ་གཉིས་དང་ཨ་ཁུ་རྡོ་རྗེ་ཕ་བུ། ཨ་ཁུ་ཕུན་ཚོགས་བཅས་ཀྱིས་གསང་བའི་སྒོ་ནས་གྲོས་ཁ་བྱེད་མགོ་བརྩམས།

             ༣
  མུན་རུབ་པ་དང་མཉམ་དུ་སྡེ་བའི་ཕྱོགས་སོ་སོར་ཁྱི་སྐད་ཟུག་པའི་སྒྲ་ལས་ཅི་ཡང་མི་ཐོས། སྲིན་འབུ་མེ་འཁྱེར་རམ་མེ་སྟག་འདྲ་བའི་ལག་ཐོགས་གློག་སྒྲོན་གཉིས་གསུམ་ཙམ་མུན་ཁྲོད་ན་ཕར་གཡོ་ཚུར་གཡོ་བྱེད་ཅིང་། ནག་ཡོར་ཡོར་གྱི་གྲུབ་གཟུགས་འགའ་རི་འདབས་ཀྱི་དེའུ་འབུར་ཡོད་སར་བསྐྱོད་མགོ་བརྩམས། དེ་ནི་གཞན་མིན་ཏེ། ལྕགས་ཁེམས་དང་འཇོར་འཁུར་བའི་ཨ་ཁུ་རྡོ་རྗེ་ཕ་བུ་དང་། ཨ་ཁུ་ཕུན་ཚོགས། ལྕགས་རིགས་བཙལ་ཆས་ཀྱི་“ལྕགས་གོར”བཟུང་བའི་གནའ་རྫས་ཚོང་བ་བཅས་རེད། མཁར་ཤུལ་ལམ་བང་སོ་ཡོད་ས་དེར་ཐོན་རྗེས། ཁོ་ཚོས་ལག་ཆ་བཟུང་སྟེ་རིན་པོ་ཆེ་དེ་བཙལ་མགོ་བརྩམས། ཆུ་ཚོད་གཅིག ཆུ་ཚོད་གཉིས། ཆུ་ཚོད་གསུམ། ནམ་གོང་གི་ཆུ་ཚོད་བཅུ་གཉིས་བརྒལ་ཉེ་རུང་ཐམ་ཀ་རིན་པོ་ཆེ་དེ་ད་དུང་མ་རྙེད་པས། ཨ་ཁུ་ཕུན་ཚོགས་ཅུང་སུན་སྣང་སྐྱེས་པའམ་ཚུགས་པ་ཟ་བའི་སྒོ་ནས་ཙོག་པུར་བསྡད། ཡུན་ཙམ་འགོར་རྗེས། ལྕགས་རིགས་བཙལ་ཆས་ཀྱི་ལྕགས་གོར་ཡུ་རིང་དེའི་སྣེ་ངོ་ལས་“ཙི་ཙི”ཞེས་པའི་སྒྲ་ཞིག་བར་མེད་དུ་གྲགས་འོང་།
  “རེད། ས་འདིའི་གཏིང་ན་ཡོད་ཀི རེམ་མར་བརྐོས། ”ཁ་སྤུ་ཅན་དེས་དེ་ལྟར་བཤད་མ་ཐག་མི་ཚང་མས་སྨྱོས་པ་ལྟར་བརྐོས་ཞིང་། སྐྲ་རིང་ཅན་དེས་ཀྱང་མིག་ཅེ་རེར་ས་དོང་གི་ཁ་ནས་མར་བལྟས། ཡང་ཡུད་ཙམ་འགོར་མོད་ཐམ་ཀ་ཞེས་པ་དེ་གཞའ་བ་ལྟར་སྔར་བཞིན་མངོན་རྒྱུ་མ་བྱུང་། འོན་ཀྱང་ཚང་མས་རྔུལ་ཆུ་ཁྲོམ་ཁྲོམ་སྒོས་བརྐོ་བ་ལ་གཞིག་ན་རེ་བ་ཆེན་པོ་ཞིག་ལོས་ཡོད་སྙམ་པའི་ཚོར་འདུན་ཞིག་སྟེར།
ཡང་ལྕགས་གོར་དེ་ལས་གློག་འོད་ལྗང་སེར་ཞིག་མྱུར་དུ་འགུལ་ཞིང་ཙི་ཙི་ཞེས་པའི་སྒྲའང་ཇེ་མགྱོགས་སུ་ཕྱིན། གློ་བུར་དུ་མི་རྣམས་དར་ཅིག་ཧད་དེ་ལུས་སོང་། དེའི་མུར་ཁ་སྤུ་ཅན་དེ་ས་དོང་དུ་ལྡིང་ནས་རུལ་ཞིང་ཟད་པ་ལྟ་བུའི་ཤིང་སྒམ་ཆུང་ཆུང་དམར་པོ་ཞིག་བཏོན་ཞིང་། ལག་པ་གཉིས་ཀྱིས་ཡར་བཀྱགས། ཚང་མས་གཡས་བསྐོར་གཡོན་བསྐོར་བྱས་པའི་བར་ནས་ཁོས་སྒམ་ཁ་དལ་གྱིས་ཕྱེ་པ་ན། གཞི་ནས། གློག་འོད་དཀར་པོའི་འོག་ན་གོས་སེར་པོས་གཡོགས་པའི་འོད་ལམ་ལམ་གྱི་གསེར་ཁུ་ཚུར་འདྲ་བ་ཞིག་ལྷང་ངེར་མངོན་ཞིང་། དེར་འདུས་པའི་མི་རྣམས་ཧ་ལས་པར་གྱུར། ལ་ལས་“ཨ་ལ་ལ”ཟེར་ཞིང་ངུ་སྐད་འདྲ་བ་འང་བཏོན། ཚང་མའི་གདོང་ལ་བཅོས་མིན་གྱི་དགའ་བའི་འཛུམ་མདངས་རྒྱས་ཤིང་། གསེར་ཐམ་དེ་གཅིག་ལག་གཅིག་བརྒྱུད་བྱེད་བཞིན་ཡང་དང་བསྐྱར་གྱིས་བལྟས།
  དངོས་གནས་རྒྱུ་བ་གསེར་སེར་པོ་ལས་གྲུབ་པའི་ཐམ་ཀ་དེའི་དབྱིབས་ནི་སེང་གེ་སྟོབས་པོ་ཆེ་ཞིག་གྲོང་ངེར་འགྱིངས་ཤིང་། ཞབས་སུ་ཏུན་ཧོང་ཡིག་རྙིང་གི་ཡི་གེ་ལྟ་བུའི་ཀློག་མི་ཤེས་བའི་བོད་ཡིག་འགའ་ཡང་སྣང་ཐུབ། གློ་བུར་དུ་སྐྲ་རིང་ཅན་དེས་སྨྱོས་པ་ལྟར་གསེར་ཐམ་དེར་འཇུས་ནས་“ད་རྒྱུ་ཐོག་ལ་རྒྱབ་སོང་། ད་རྒྱུ་ཐོག་ལ་རྒྱབ་སོང་།”ཞེས་བར་མེད་དུ་སྐར་ཅོར་རྒྱག་ཞོར་དྲན་མེད་དུ་རྒྱལ་ཞིང་། ཁ་ནས་ཝུ་བ་ལྟ་བུའི་ལྡེ་གུ་ཞིག་ཀྱང་འཛེར་བྱུང་། ཚང་མས་དེ་ལ་ཅི་བྱུང་སོང་སྙམ་ཏེ་སྐྱོར་མོད། ཁ་སྤུ་ཅན་དེས་མྱུར་དུ་སྙིང་ག་ནས་མནན་པའམ། སྣ་མདོ་ནས་མཐེ་བོང་གིས་གནོན་ཅི་ཐུབ་བྱས་པས་ད་གཟོད་དབུགས་རིང་འདོན་བཞིན་མིག་ཕྱེ།
  “འདི་ལ་ཅི་བྱུང་སོང་།”ཨ་ཁུ་ཕུན་ཚོགས་ཀྱིས་གསེར་ཆེན་པོ་འདི་འདྲ་རྙེད་ན་མི་ཕལ་བས་བསོད་ནམས་ཀྱིས་མ་ནོན་པར་དགག་ཆེན་པོ་འབྱུང་བའི་བཤད་རྒྱུན་ཐོས་མྱོང་བས་དངངས་སྐྲག་དང་དོག་པ་འདྲེས་མས་དེ་ལྟར་དྲིས།
  “སྐྱོན་མེད། ཁོ་དགའ་དྲགས་པས་རེད།” ཁ་སྤུ་ཅན་དེས་དེ་ལྟར་བཤད་པ་དང་མཉམ་དུ་སྐྲ་རིང་ཅན་དེས་ཀྱང་རང་ལ་སྐྱོན་མེད་པའི་བརྡ་སྟོན་ཅི་ཐུབ་བྱས།
ཁོ་ཚོ་ལམ་སང་ཕྱིར་ལོག་མགོ་བརྩམས། ཁྱིམ་ཚང་སོ་སོའི་ཁྱི་སྐད་སྔར་བཞིན་གྲག་ཅིང་། གསལ་ལ་མི་གསལ་བའི་གློག་འོད་འོག་གི་གྲིབ་གཟུགས་དེ་དག་སླར་ཡང་འགུལ་ཙམ་འགུལ་ཙམ་བྱེད་བཞིན་ཨ་ཁུ་ཕུན་ཚོགས་ཚང་གི་ཕྱོགས་སུ་བསྐྱོད་བཞིན་ཡོད།
  ནམ་གུང་གི་ཆུ་ཚོད་གསུམ་པར་སླེབས་མོད། ཨ་ཁུ་ཕུན་ཚོགས་ཚང་གཅིག་པུའི་སྒྲོན་འོད་ནི་ས་སྲོད་དམ་སྐྱ་རེངས་དུས་ཀྱི་སྐར་མ་ཨ་བརྟན་བཞིན་ཁེར་རྐྱང་དུ་དཀར་ཆིལ་ལེར་འདུག ཁང་བའི་ནང་དུ་ཁ་བརྡར་དགའ་བའི་རྒན་པོ་ཚོ་ཚོགས་པ་བཞིན་ཤབ་ཤུབ་ཀྱི་སྒྲས་ཁེངས་འདུག སྐད་མགོ་ཧ་ཅང་དམའ་བས་ཕལ་ཆེར་གོ་མི་ཐུབ།
  “ད་འདི་ཇི་ལྟར་བྱས་ན་བཟང་ངམ།”ཨ་ཁུ་རྡོ་རྗེས་སེང་གེའི་དབྱིབས་ཀྱི་ཐམ་ཀ་དེར་ལྟ་ཞོར་དྲིས། “ད་འདི་ཁ་རོག་གེར་བཙོང་བ་ལས་འོས་མེད།”སྐྲ་རིང་ཅན་དེས་ཀྱང་བློ་འདོན་པ་ལྟར་བཤད། “འོ་ན་རིན་གོང་ག་འདྲ་ཡིན་ནམ”་ཁུ་ཕུན་ཚོགས་ཀྱིས་དེ་ལྟར་དྲིས་པ་ལ། ཁ་སྤུ་ཅན་དེས་ཐེ་ཚོམ་མེད་པར“འདིའི་རིན་གོང་མ་མཐའ་ཡང་ཨ་སྒོར་ཁྲི་དྲུག་བཅུ་ཡན་ཡིན་ངེས། ཀྲུང་གོའི་སྒོར་བཅགས་ན་སྒོར་ས་ཡ་ལྔ་ནས་དྲུག་ཡིན། ང་ཚོ་མི་སོ་སོར་བགོས་ཀྱང་། མི་རབས་དུ་མར་བཀོལ་ཚར་རྒྱུ་མ་རེད།”ཅེས་བཤད།
  “འོ་ན་སུ་ལ་བཙོང་ངམ། ཇི་ལྟར་བཙོང་ངམ། ”ཨ་ཁུ་རྡོ་རྗེས་ཡང་གསེར་ཐམ་ལག་ཏུ་ལེན་ཞོར་དྲིས། “དེ་ང་ཚོར་བཀོད་པ་ཡོད། རྒྱལ་ནང་དུ་བཙོང་ཆོག་ལ། རྒྱལ་ཕྱིར་བཙོང་ཡང་ཆོག འོན་ཀྱང་རྒྱལ་ཕྱིར་བཙོང་ན་ཉེན་ཁ་དང་འགྲོ་རིམ་མང་པོ་ཞིག་བརྒྱུད་དགོས། གང་ལྟར་རིན་གོང་དེ་ལས་ཆེ་ནའང་ཐང།”ཞེས་བཤད།
  “ཨོ་ལེ། ད་འདི་གཞན་གྱིས་མ་ཤེས་གོང་མྱུར་དུ་ཐག་བཅད་ན་དགའ། དེ་མིན་མཇུག་འབྲས་ལེགས་པོ་ཞིག་མི་ཡོང་ཐག་ཆོད་རེད། ”ཞེས་སྐྲ་རིང་ཅན་དེས་ཀྱང་ཁ་གསབ་ཀྱི་ཚུལ་དུ་བཤད། དེར་ཁ་སྤུ་ཅན་དེས་འདང་རྒྱབ་རྒྱབ་རྗེས། གློ་བུར་དུ་ཅི་ཞིག་དྲན་པ་བཞིན“རེད། ངེད་གཉིས་སང་ཉིན་ནང་ལོག་ཏུ་ཚོང་བ་འཚོལ་དུ་འགྲོ། འོན་ཀྱང་ང་ཚོས་ཀྱང་སྒོར་ས་ཡ་འགའ་སྐྱུར་ཏེ་འགྲོ་མི་ཕོད་པས་་་་་་་”ཅེས་སྐྲ་རིང་ཅན་དེར་ལྟ་ཙམ་བྱས།
  “ཨོ་ལེ། ད་ངས་བལྟས་ན་འོས་མིན་མི་ཤེས་གི། གཏའ་མར་སྒོར་ཁྲི་ཉི་ཤུ་ཙམ་མ་མཐའ་ཡང་འཁྱེར་ན་འགྲིག དེ་མིན་དོན་དག་ཅི་བྱུང་བཤད་དཀའ་ནི་རེད། ང་ཁྱོད་ཚོར་དོག་པ་ཟ་བ་མིན། དེ་ལྟར་བྱས་ན་ངེད་གཉིས་ཀྱང་སེམས་བདེ་སྲིད། ཡང་གཅིག་བཤད་ན་སྤྱིར་འགྲོ་ཕྱོགས་ཀྱང་དེ་འདྲ་རེད།”ཅེས་ཚང་མའི་ངོར་ལྟ་ཙམ་ལྟ་ཙམ་བྱས་ཀྱང་ལན་འདེབས་མཁན་མ་བྱུང་།
  དེར་ཨ་ཁུ་ཕུན་ཚོགས་ཀྱིས་བསམ་བློ་ཡང་ཡང་བདང་རྗེས། “དེ་ཆོག་གི སྒོར་མོ་སང་ཉིན་ནས་བཟུང་བཅལ་ཆོག འོན་ཀྱང་། རྡོ་རྗེ་དང་ངེད་གཉིས་ཀྱིས་ད་དུང་གྲོས་ཤིག་བྱ་དགོས། ”ཞེས་བཤད་པར། གནའ་རྫས་ཚོང་བ་གཉིས་ལའང་དེ་ལས་གཞན་བཤད་རྒྱུ་མེད་པར་ལུས། དེ་ལྟར་གྲོས་ཙམ་བྱས་རྗེས། ཁོ་ཚོས་ཀྱང་གཞི་ནས་ངལ་གསོ་མགོ་ཚུགས། ཚོང་བ་གཉིས་སྔ་མོ་ནས་གཉིད་ཟིན་ནའང་། ཨ་ཁུ་ཕུན་ཚོགས་གཞི་ནས་གཉིད་མ་ཁུགས། ཁོས་སྒོར་དེ་འདྲ་མང་པོ་ཐོབ་ཚེ་ཇི་ལྟར་བྱ་རྒྱུར་བསམ་བློ་བཏང་ཞིང་། ཡང་གཏའ་མའི་སྒོར་དེ་འདྲ་མང་པོ་ཇི་ལྟར་བསྐྱི་བར་བསམ་བློ་བཏང་། ཁོས་བསམ་བློ་བཏང་བཏང་རྗེས་ད་གཟོད་ཐང་ཆད་པ་བཞིན་གཉིད་ཀྱི་ཞིང་ཁམས་འགྲིམས།
  ནམ་གསལ་བ་དང་མཉམ་དུ། ཨ་ཁུ་ཕུན་ཚོགས་ཀྱང་སྔ་མོ་ནས་ཡར་ལངས། ཁོས་མདང་གི་རྨི་ལམ་ལྟ་བུའི་དོན་དེར་འདང་རྒྱག་མགོ་བརྩམས། ཁོས་ཁ་བཏོན་བཏོན་པ་དང་། བསང་ཕུད་རྗེས། གཞི་ནས་ཨ་ཁུ་རྡོ་རྗེ་བཙལ་དུ་སོང་། ཨ་ཁུ་རྡོ་རྗེ་དང་ཨ་ཁུ་ཕུན་ཚོག་གཉིས་སྡེ་བ་ཡར་མར་ལ་གཏའ་མའི་སྒོར་བསྐྱི་རུ་སོང་། ཕྱོགས་ཡར་མར་ཀུན་ལ་བསྐྱིས་མོད། དབྱིབས་དང་ཚུགས་ཀ་མི་འདྲ་བའི་ཁུག་མ་དང་ལྗིད་ཏིག་ཏིག་གི་སྒོར་མོ་ཁྲི་བཅུ་དྲུག་པོ་འཁྱེར་ནས་ལམ་ལ་ཆས། ཨ་ཁུ་རྡོ་རྗེ་དང་ཨ་ཁུ་ཕུན་ཚོགས་གཉིས་ཀྱིས་ལབ་ཙེ་ཉག་ཁ་བར་དུ་སྐྱེལ་མ་བྱས་རྗེས། སེམས་སུ་རེ་བ་དང་འདུན་པ་ཆེན་པོ་བཟུང་ནས་ཕྱིར་རང་ཁྱིམ་དུ་ལོག གནའ་རྫས་ཚོང་བ་གཉིས་ནག་ཡོར་ཡོར་སྒོས་ལབ་ཙེ་ཉག་ག་ཕ་རོལ་དུ་ཡལ། ཡུལ་ཙམ་ན་ཉི་རྩེའང་ལབ་ཙེ་ཉག་ག་ནས་ཡར་འཕགས་ཤིང་། སྡེ་བའི་ག་ས་གང་དུ་ཕྱུག་འདེབས་པ་དང་། སྒོ་ཕྱི་ནང་ཕྱག་པ། དཔེ་ཆ་ཀློག་པ་སོགས་རྒྱུན་ལྡན་གྱི་ལས་འབའ་ཞིག་ལ་བྲེལ་བཞིན་གདའ།
  ཨ་ཁུ་ཕུན་ཚོགས་དང་ཨ་ཁུ་ཨ་ཁུ་རྡོ་རྗེ་གཉིས་ཕྱིར་ལོག་རྗེས། སླར་ཡང་སེང་གེའི་དབྱིབས་ཀྱི་སེར་ལམ་ལམ་གྱི་བསེར་ཐམ་དེ་ཕྱིར་བཏོན་ཞིང་བལྟས། སེམས་སུ་དགའ་སྤྲོ་དང་རེ་བས་ཁེངས། ཁོ་གཉིས་ཉིན་རྒྱུན་དར་ལྕོག་སྒང་དུ་བུད་ཅིང་། ཆང་འཐུང་བ་དང་གླུ་ལེན་པ་སོགས་སྔར་བྱས་མ་མྱོང་བའི་སྨྱོ་རྟགས་ལྟ་བུའང་བསྟན། ནམ་རྒྱུན་འཛུན་དམུལ་དམུལ་གྱིས་སྐྱིད་སྣང་ཞིག་གཞན་ལའང་སྟོན་སྲིད།

             ༤
  ཟླ་གཅིག་འགོར་སོང་། ཨ་ཁུ་ཕུན་ཚོགས་ཀྱིས་ནམ་རྒྱུན་ཕྲེང་བ་ཟད་པོ་དེ་བཟུང་ནས་དར་ལྕོག་སྒང་དུ་བུད་ཅིང་། ཉིན་རེ་བཞིན་ལབ་ཙེ་ཉག་གའི་ཕྱོགས་སུ་རྒྱང་ལྟ་བྱེད་པར་བྱེད། གནའ་རྫས་ཚོང་བ་གཉིས་ཕྱིར་ཐོན་པ་ནི་ཁྱིམ་མི་དག་ལྷན་འཛོམས་བྱུང་བ་ལས་ཀྱང་གལ་ཆེ་བའི་སྣང་བ་ཞིག་ཤར། འོན་ཀྱང་ཟླ་འགའ་འགོར་ཀྱང་། གནའ་རྫས་ཚོང་བ་གཉིས་ཀྱི་གནས་ཚུལ་ཏིལ་འབྲུ་ཙམ་ཡང་མ་ཚོར་བས། ཨ་ཁུ་ཕུན་ཚོགས་ལའང་དངོས་སུ་དོག་པའམ་བྲེལ་བ་གང་ཡིན་མི་ཤེས་བ་ཞིག་སྐྱེས།
  ཉིན་ཞིག་ཨ་ཁུ་ཕུན་ཚོགས་ཨ་ཁུ་རྡོ་རྗེ་བཙལ་དུ་ཕྱིན། ཁོ་གཉིས་ཀྱིས་མི་དང་གསེར་ལ་དོག་པ་སྐྱེས་ཚུལ་སོགས་ཁ་བརྡའམ་བསམ་བློ་བརྗེ་རེས་བྱས། གྲོས་ཀྱི་སྡོམ་ནི་དངོས་སུ་རྫོང་མཁར་གྱི་གསེར་གྱི་རྒྱན་ཆ་རྡུང་མཁན་དེར་སྟོན་དུ་འགྲོ་རྒྱུའི་ཐག་བཅད། འོན་ཀྱང་དེ་ལས་གཞན་ཐབས་ཅི་ཡོད་དམ།
  ལམ་བར་དུ་ཁོ་གཉིས་ལ་བྲེལ་འཚུབ་དང་དོག་པ་འདྲེས་མ་མཉམ་དུ་སྐྱེས་པས། ཁ་བརྡའི་རྒྱུན་ཡང་ཆད་པར་གྱུར། རྫོང་མཁར་གྱི་མི་ཚོགས་ཁྲོད་ཁོ་གཉིས་ཀྱིས་གསེར་ཐམ་བཅུག་པའི་ཁུག་མ་དམ་པོར་བཟུང་ཞིང་། ཐད་ཀར་གསེར་རྒྱན་རྡུང་སའི་ཁང་པ་དེར་འཛུལ། ཁོ་གཉིས་ཀྱིས་རས་རིམ་པ་གསུམ་དུ་བསྡམ་ས་པའི་སེར་ལམ་ལམ་གྱི་གསེར་ཐམ་དེ་རྒྱ་མི་རྒན་པ་དེར་སྤྲད་རྗེས། གསེར་སླད་མེད་ཡིན་མིན་ལ་བལྟ་རུ་བཅུག
  རྒྱ་མི་རྒན་པ་དེས་ཐོག་མར་ཐམ་ཀར་ཞིབ་བལྟ་མང་ཙམ་བྱས་པ་དང་། དེ་རྗེས་རྒྱ་མར་བཅལ། དེ་རྗེས་ཡང་སོས་རེག་ཙམ་དང་ཡང་ཡང་རྡོ་ལ་རྡར། ཁོས་དེ་ལྟར་ཐེངས་དུ་མར་བྱས་རྗེས། དབུགས་རིང་ཞིག་འདོན་ཞོར“ཅཱ་ཏེ། ཧྥང་ཀྲིན་ཕིན། ” ཞེས་རྒྱ་སྐད་ཅིག་བཤད། ཁོ་གཉིས་ཀྱིས་ཧ་མ་གོ་བར་ཡང་བསྐྱར་དྲིས་མོད། དེས་ཀྱང་ལན་གསལ་བོ་ཞིག་བསྐྱར་དུ་འདེབས་མ་འདོད་པ་ལྟར་ཁ་ཡ་མི་བྱེད་པར་གྱུར། དེར་བོད་མོ་ཆུང་ཆུང་ཞིག་ལ་ལོ་ཙཱ་བྱེད་དུ་བཅུག བོད་མི་བྱམས་སེམས་ཅན་ཟེར་བ་ཅིས་མི་བདེན། བུ་མོ་ཆུང་ཆུང་དེས་ཅུང་དོག་མི་བདེ་བའི་ངང་“ཨ་ཁུ། རྫུན་མ་རེད། རྫུན་མ་རེད་ཟེར། ” ཅེས་བཤད་ཅི་ཐུབ་བྱས།
  “བླུན་བཤད། རྒྱལ་བོའི་གསེར་གྱི་ཐམ་ཀ་ལའང་རྫུན་མ་ཡོད་སྲིད་དམ། ”ཨ་ཁུ་རྡོ་རྗེས་ཅུང་ཨུ་ཚུགས་ཀྱི་ངང་དེ་ལྟར་དྲིས། “ཨ་ཁུ། དེང་སང་གང་ཡང་རྫུན་མ་ཡོད་ནི་རེད། ངོ་མར་བལྟས་ནས་རྫུན་མ་ལས་པ་མང་པོ་མཐོང་རྒྱུ་ནི་རེད། ”ཅེས་བུ་མོ་ཆུང་ཆུང་དེས་དེ་ལྟར་བཤད།
  “ད་འདི་ཚོས་ཅི་ཡང་ཤེས་ཀྱིན་མི་འདུག ཕྲག་དོག་བྱེད་པ་མིན་ནམ། ཡང་མིན་ན་གཡོ་ཇུས་འཐེན་ནས་བསླུ་རྩིས་རེད། ངེད་གཉིས་འགྲོ།” ཞེས་ཨ་ཁུ་རྡོ་རྗེས་ཨ་ཁུ་ཕུན་ཚོགས་ཁྲིད་ནས་ཕྱིར་རང་སྡེའི་ཕྱོགས་མགོ་བརྩམས།
  “ཨ་ཁུ། རྒྱ་སྦྱིན་བདག་འདིས་ཁྱོད་ཀྱི་དངོས་པོ་དེ་སྒོར་ཉིས་བརྒྱ་བྱིན་ནས་ཉོ་རྒྱུ་ཟེར། ཁྱོད་ཕྱིར་ཤོག་དང་།”ཞེས་བུ་མོ་ཆུང་ཆུང་དེས་ཁོ་གཉིས་བོས་མོད། ཨ་ཁུ་ཕུན་ཚོགས་སྔར་ལས་ཀྱང་ཚུགས་པ་ཟ་ཞིང་། ཨ་ཁུ་རྡོ་རྗེ་སྔར་ལས་ཀྱང་དོགས་པ་ཟ་ཞོར་ཁ་ཕྱིར་འཁོར་ཙམ་ཡང་མེད་པར་ཕྱིར་རང་སྡེའི་ཕྱོགས་སུ་ལོག་གོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གསེར་ཐམ།

2015-09-09 སྒར་བ་ཚེ་རིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།