ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་གསར་བ། ལམ།

ཨ་སྐྱབས་དར་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-09-12

             1

  “གསེར་ཁོག་ནི་དངོས་གནས་སྙི་ཁོག་ལས་ཀྱང་འཁྱག་གི་འདུག”
  ཀུན་ལྷས་བོད་ལྭའི་གོས་འདབས་ཀྱི་ཁ་བ་སྤྲུག་སྤྲུག་བྱེད་ཞོར་དེ་ལྟར་གོམ་ལོབས་སུ་ གྱུར་བའི་སྐད་ཆ་དེ་ཁེར་ལབ་ཅིག་བྱེད་བཞིན་ཁྱིམ་དུ་འཛུལ་བྱུང་། མ་གཞི་གསེར་ཁོག་ཅེས་པའི་ས་ཆ་འདིར་ཉིན་ཁ་ཤས་ལ་ཁ་བ་བསྟུན་མར་འབབ་ཀྱིན་ཡོད་ལ། དྲོད་ཚད་ཀྱང་གོར་ཐིག་མན་གྱི་ཏུའུ་གྲངས་ཉི་ཤུ་ཡས་མས་ལ་བསླེབས་པས་དབྱར་དུས་ཚོང་ལས་ལ་ཡོང་བའི་ནང་ལོག་གི་མི་ཚང་མ་རང་རང་སོ་སོའི་ཕ་ཡུལ་དུ་ལོག་ཟིན།
  ལྕགས་ཐབ་ཀྱི་འགྲམ་དུ་ཀུན་ལྷའི་ཁྱོ་གས་སློག་པ་དབོ་ལུགས་བྱས་ནས་བསྡད་འདུག
  ཁོས་ཀུན་ལྷས་ཁེར་ལབ་བྱེད་བཞིན་ཁྱིམ་དུ་འཛུལ་བ་མཐོང་བ་ན། ཧ་ཅང་ཁྲོ་བའི་ཉམས་ཀྱིས“འདྲེ་མོ་མ། ཁྱོད་ཀྱིས་ངའི་བུ་ལ་ད་རུང་ནངས་ཇ་མི་ལྡུད་དོན་ཅི། འདི་འདྲའི་སྡུག་པོ་བྱས་ན། ངེད་གཉིས་མུ་མཐུད་དུ་བཟའ་ཚང་བྱེད་ཐབས་མི་འདུག”ཅེས་སྟུག་ཅིང་རྒྱགས་པའི་གོང་མཛུབ་དེ་ཆུང་མ་ཀུན་ལྷའི་གདོང་ལ་གཏད་དེ་གཤེ་གཤེ་གཏོང་བའི་སྐད་ཆ་དེ་དག་ཤར་མར་བཤད།
  “དཔེ་མི་སྲིད། ང་ད་ནངས་ཟོག་བཞོ་རུ་འགྲོ་དུས། ཞི་ལུ་ཁྱོད་ཀྱི་རུམ་ན་གཉིད་སྐྱིད་པོ་ཁུགས་འདུག་པས་ངས་དཀྲོག་ག་ལ་ཕོད། སྐད་ཆ་འདི་ཁ་གཡོར་ས་ཙམ་རེད།ངས་ཁྱོད་ཀྱི་ངག་ནས་སྐད་ཆ་འདི་འདྲ་ཞིག་བཤད་ཡོང་བར་དངོས་གནས་ཡིད་ཆེས་ཀྱི་མི་འདུག” ཀུན་ལྷས་ཀུན་བཟང་གི་གདོང་གི་ཉམས་ལ་རྟོག་ཞོར་ཧ་ལས་ཏེ་གནས་དེ་གར་ཙོག་ནས་བསྡད།
  “ངས་ངོ་ལ་ལྟ་རྒྱུ་ཅི་ཡོད། ཁྱོད་དེ་རིང་ནས་ཁྱིམ་འདི་ནས་འདུག་མི་དགོས།”
  ཀུན་ལྷ་སྔར་བཞིན་ཁ་རོག་གེར་བསྡད།
  ཁོས་རང་གི་བུ་དོན་གྲུབ་ཀྱི་ལག་མགོའི་བཟུང་ནས་སྒོའི་ཕྱི་རོལ་ཏུ་སོང་།
  ཀུན་ལྷས་ཁོ་གཉིས་ཀྱི་རྒྱབ་གཟུགས་ལ་བལྟས་ནས་ཡུན་རིང་ཞིག་འགོར་ཡང་། ཀུན་བཟང་གིས་ཕྱི་ལྟས་ཙམ་ཡང་མི་བྱེད་པར་གྲོང་ནང་དུ་སོང་།
  ཀུན་ལྷས་ལྕགས་ཐབ་ཀྱི་འགྲམ་ནས་ཆ་རྒྱུས་ཆེ་བའི་རང་གི་ཁྱིམ་ནང་དུ་ལན་ཅིག་བལྟས་པ་ན། ཨ་ཙི། ཁྱིམ་གྱི་ལྕགས་ཐབ་དང་། མལ་ཁྲི། བརྙན་འཕྲིན་སོགས་སྐད་ཆ་བཤད་མི་ཤེས་པའི་ཅ་ལག་དེ་དག་གིས་ཀྱང་སྐྱོ་ཉམས་དང་བཅས་ཁོ་མོར་བལྟས་འདུག
  ཀུན་ལྷས་ལྕགས་ཐབ་འགྲམ་དུ་ལག་པས་མགོ་བོ་བསྐྱོར་ཏེ་བསམ་གཞིག་བྱས། མོའི་ སེམས་སུ་གསེར་ཁོག་ནི་དངོས་གནས་སྙི་ཁོག་ལས་འཁྱག་པར་འདོད། མ་གཞི་མི་ལོ་གཉིས་ཀྱི་ཡར་སྔོན་ལ་ཀུན་ལྷ་ནི་སྙི་ལུང་སྡེ་བའི་བུ་མོ་མཛེས་མ་ཞིག་ཡིན་པ་དང་། མོ་རང་ཀུན་བཟང་དང་གཉེན་སྒྲིག་བྱས་ཏེ་སྙིང་ཉེ་བའི་བྱིས་པ་ཤིག་ཀྱང་བཙས་ཡོད། འོན་ཀྱང་ཀུན་བཟང་གི་ཚོང་སྔར་ལས་ཇེ་བཟང་ལ་སོང་བས་ལྷ་ས་དང་མཚོ་སྔོན་སོགས་ས་ཕྱོགས་མང་པོར་འགྲོ་ཐེངས་མང་ལ། ཚོང་ཤག་ཡིན་ཟེར་བའི་བུ་མོ་མང་པོ་དང་ཁ་པར་རྒྱག་ཐེངས་ཇེ་མང་དུ་སོང་།
  ཀུན་ལྷས་དེ་ལྟར་བསམ་གཞིག་བྱེད་བཞིན་ཤུགས་རིང་ནར་ནར་ངང་ལྕགས་ཐབ་ འགྲམ་དུ་ཙོག་ནས་གཅིག་པུར་མིག་ཆུ་ཤམ་ཤམ་དུ་གཏོང་བཞིན་བསྡད།
  ཨ་ཤུ། གསེར་ཁོག་ནི་དངོས་གནས་སྙི་ཁོག་ལས་འཁྱག་པ་ལ་ཨང་། ཀུན་ལྷས་ཡང་བསྐྱར་གདོང་གི་མིག་ཆུ་འབྱིད་བཞིན་དེ་ལྟར་ཁེར་ལབ་བྱས།

               2

  ཀུན་ལྷ་གཉེན་འཐོར་བྱས་པའི་ལོ་དེར། མོའི་ཨ་ཞང་གཙོ་བྱས་པའི་གཉེན་ཉེ་ཚོས་ཀུན་བཟང་ལ་གྱོད་བརྒྱབ་ནས་མོ་ཤ་ལ་རྒྱུ་ནོར་འབོར་ཆེན་ཞིག་བླངས། དེ་ནི་གནས་ལུགས་མེད་པ་ཞིག་ཀྱང་མ་ཡིན་ཏེ། ཀུན་བཟང་གིས་གཉེན་འཐོར་བྱེད་རྐྱེན་ཁོའི་བུ་ལ་ཆུང་མ་ཀུན་ལྷས་གཅེས་སྤྲས་བྱེད་ཀྱིན་མི་འདུག་ཟེར་བ་དེ་ནི་མ་གཞི་ ཁ་གཡར་ས་ཙམ་ལས་དོན་དངོས་སུ་ཁོ་རྔ་བའི་ཚོང་བ་སྒྲོལ་མ་ཟེར་བ་ཞིག་དང་མངོན་ལྐོག་གང་རུང་ནས་རྒྱུན་ལྡན་མིན་པའི་འབྲེལ་བ་ཡོད་པ་ཤེས་རྟོགས་བྱུང་བས་རེད།
  ཉིན་དེར། ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་འདུག་ལ། ཁབ་ཀྱི་རྩེ་མོས་གདོང་ལ་གཙགས་པ་ལྟ་བུའི་ཙག་རླུང་ཞིག་ཀྱང་ལྡང་གིན་འདུག
  ཀུན་ལྷས་ཁ་ནས་སྔར་བཞིན“གསེར་ཁོག་ནི་དངོས་གནས་སྙི་ཁོག་ལས་ཀྱང་འཁྱག་ པ་ལ”ཞེས་འཆད་བཞིན་སྙི་ཁོག་ཏུ་ལོག
  ཀུན་ལྷས་རང་གི་བྱིས་པ་ཁྲིད་དེ་སྙི་ཁོག་ཏུ་ཡོང་ནས་ལོ་གསུམ་འགོར་བའི་ཉིན་ཞིག གསེར་ཁོག་ཅེས་པའི་ས་ཆར་མེ་སྐྱོན་ཚབས་ཆེན་ཞིག་བྱུང་བའི་གསར་འགྱུར་ཐོས། མེ་སྐྱོན་ཁྲོད་དུ་ཁང་པ་ལྔ་ཚིག་ལ་མི་གསུམ་ཚེ་ལས་འདས།
  ཀུན་ལྷ་ཡང་སྙི་ཁོག་གི་མང་ཚོགས་སྤྱི་དང་འདྲ་བར་གསེར་ཁོག་ཏུ་མེ་སྐྱོན་ཤོར་བའི་དུད་ཁྱིམ་དག་ལ་རོགས་སྐྱོར་དུ་ཕྱིན། བསམ་ཡུལ་ལས་འདས་པ་ཞིག་ལ། ཉིན་དེར་ཉི་འོད་དྲོན་པོ་ཞིག་ཐད་ཀར་བྱམས་བརྩེ་ཁྱེར་བའི་སྙི་ཁོག་གི་རོགས་སྐྱོར་པ་ ཚོའི་གདོང་ལ་འཕྲོས་ཡོད་ཀྱང་།མིག་ཆུ་འགོག་མེད་དུ་བཞུར་གྱིན་པའི་ཀུན་ལྷའི་གདོང་ལ་ཉི་འོད་དེས་རམ་འདེགས་ཅི་ཡང་ནུས་མེད་པ་འདྲ།
  འཇིག་རྟེན་འདིའི་ཡོད་ཚད་ནི་མ་གཞི་ནས་མི་སུས་ཀྱང་བློ་ཡུལ་དུ་ཤོང་དཀའ་བ་ཞིག་རེད་ཨང་། མེ་སྐྱོན་ཁྲོད་དུ་གནས་ཚུལ་ཚབས་ཆེན་བྱུང་ས་ནི། ཁོ་མོའི་ཁྱོ་ག་ཀུན་བཟང་ཚང་རེད། ཀུན་བཟང་གི་ད་ལྟའི་ཆུང་མ་རྔ་བའི་ཚོང་བ་སྒྲོལ་མ་དང་། ཁོའི་བུ་གཉིས་ཀ་མེ་སྐྱོན་ཁྲོད་དུ་འདས་གྲོངས་སུ་ཕྱིན་པ་མ་ཟད། ཀུན་བཟང་ཁོ་རང་ཡང་ཆུང་མ་དང་བུ་ཕྲུག་སྐྱོབ་ཆེད་མེ་ནང་དུ་རྒྱུགས་ཆེ་བས་ངོ་གདོང་ཧྲིལ་བོ་འཇིགས་སྐུལ་གློག་བརྙན་ནང་གི་འདྲེ་ཞིག་དང་དབྱེ་བ་འབྱེད་མི་ཤེས་པ་ཞིག་ཏུ་གྱུར་འདུག ལྷག་ཏུ་གློ་བུར་དུ་ཐོག་ལ་ཆག་སྒོ་ངན་པ་ཡོང་བས་ཡིན་ནམ།  ཁོ་ད་ལྟ་གསེར་ཁོག་སྨན་ཁང་དུ་སྲོག་ལ་བར་ཆད་མེད་ཀྱང་སེམས་ལ་ངལ་དུབ་ཆེ་བའི་སྨྱོན་པ་ཞིག་ཏུ་གྱུར་ནས་ཁོ་ལ་སེམས་གསོ་རུ་ཡོང་བའི་མི་ཚོའི་གདོང་ལ་ཅེར་ནས་མཚམས་རེར་གད་མོ་དགོད་པ་ དང་། སྐབས་རེར་མཐེབ་མོ་གྱེན་དུ་བསྒྲེངས་ནས་ཁ་དྲོ་ཟེར།
  ཀུན་ལྷས་ཀུན་བཟང་གི་ད་ལྟའི་བྱ་སྤྱོད་ཆ་མི་འཚལ་བ་དེ་མཐོང་བས་ལོས་ཡིན། མོས་གདོང་གི་མིག་ཆུ་འབྱིད་བཞིན། ཀུན་བཟང་གི་གམ་དུ་བཅར་ནས་“ཕ་བཟང་གི་བུ། བློ་མ་ཕམ་དང་། ཁྱོད་རང་འདི་ལྟར་སྨྱོན་པ་ཞིག་ཏུ་གྱུར་ན་ག་ལ་ཉན། ཁྱོད་རང་ནང་ལོག་གི་སྨན་ཁང་བཟང་པོ་ཞིག་ཏུ་སོང་། སྨན་ཡོན་གྱི་སྒོར་མོ་ཚང་མ་ངས་གྲ་སྒྲིག་བྱེད། ཁྱོད་ཀྱིས་ཞིབ་ཏུ་བསམ་བློ་ཐོངས་དང་། ཁྱོད་ཀྱིས་སྨན་བཅོས་ལེགས་པོ་མ་བྱས་ན་ལོ་ན་བགྲེས་པའི་ཁྱོད་ཀྱི་ཨ་མ་ལགས་ལ་སུས་གཉོར་སྐྱོང་བྱེད་སྲིད”
  མོས་ཀུན་བཟང་གི་ལག་པ་དམ་དུ་བསྡམས་པ་ནས་དེ་ལྟར་བཤད་པ་ན། དེར་ཡོད་ཀྱི་མི་ཚང་མ་ཧ་ལས་ཏེ་ཁོ་མོའི་དཀྱེལ་ཡངས་དང་བཟོད་སྒོམ་གྱི་སྙིང་སྟོབས་ལ་རྗེས་སུ་ཡི་རང་གི་ཐལ་མོ་ལྷང་ལྷང་བརྡབས།
  ཀུན་བཟང་ནད་ཁྲིའི་སྟེང་ནས་རང་ཉིད་ཀྱི་རྣ་བ་ལ་ཡིད་མི་ཆེས་པ་བཞིན་རེ་ཞིག་ལ་ཀུན་ལྷའི་ཕྱོགས་སུ་བལྟས་ནས་བསྡད་པ་དང་། དེ་ནས་འགྱོད་གདུང་དང་། ངོ་ཚ། དྲིན་གཟོ་སོགས་ཉི་འོད་འདྲ་བའི་ཐ་སྙད་མང་པོ་ཞིག་མིག་ཆུའི་ནང་དུ་བསྟིམས་ནས་ ཁོའི་སྨུག་ནག་གི་ངོ་གདོང་ནས་རིམ་གྱིས་སེར་ག་གས་པའི་འབྲོག་མོ་ཞིག་གི་ལག་པའི་མཐིལ་དུ་ལྷུང་།

              3
  
  སྙི་ཁོག་ཏུ་ཆོས་ཚོགས་ཆེན་པོ་ཞིག་བསྡུས་ཡོད། དེ་ནི་ཡུལ་གྲུ་དེར་མིང་གྲགས་ཡོད་པའི་སྤྲུལ་བསྟན་འཛིན་མཁས་གྲུབ་ཚང་གིས་བསྡུས་པ་རེད། ཁོང་ནི་སྙི་ཁོག་དང་གསེར་ཁོག་གི་དད་ལྡན་མང་ཚོགས་རྣམས་ཀྱིས་ཡོངས་གྲགས་སུ་ཁས་ལེན་པའི་སྤྲུལ་སྐུ་འགྲོ་དོན་ཅན་ཞིག་ཡིན།
  ཀུན་ལྷས་མ་ཎིའི་འཁོར་ལོ་ཞིག་ལག་ཏུ་ཐོགས་ནས་ཆོས་ཚོགས་དེར་ཕྱིན། ཁོ་མོས་གོམ་པ་འཁྱར་འཁྱོར་དུ་སྤོ་བའི་ཉམས་དང་། ངོ་གདོང་གི་སྐོང་ཐབས་བྲལ་བའི་གཉེར་མ། ད་རུང་ཟ་འགྲམ་གྱི་སྐྲ་ལོའི་གསེབ་ན་མངོན་ཆུང་གིས་སྐྱེས་པའི་སྐྲ་ཡི་ཉག་མ་དཀར་པོ་སོགས་གང་ལ་བལྟས་ཀྱང་དུས་ཚོད་ཟེར་བའི་ཆོམ་རྐུན་དེས་མོའི་ལང་ཚོའི་མེ་ཏོག་ལ་ ཚོད་མེད་པའི་བརྙས་བཅོས་བྱས་ལ། སྡུག་བསྔལ་ཟེར་བའི་དགྲ་བོ་དེས་མོ་ལ་སྙིང་རྗེ་སྐད་ ཅིག་ཙམ་ཡང་བྱས་མྱོང་མེད་པ་ཧ་ཅང་གསལ་པོ་ཤེས་ངེས།
  ལོ་དེར། གསེར་ཁོག་ལ་མེ་སྐྱོན་ཤོར་ནས་ཀུན་བཟང་གི་ཆུང་མ་དང་བུ་གཉིས་འདས་གྲོངས་སུ་ཕྱིན་པ་དང་། ཀུན་བཟང་ཁོ་རང་ལ་ཡང་མེ་སྐྱོན་ཆེན་པོ་བྱུང་བས་ཁྲིན་ཏུའུ་སྨན་ཁང་དུ་འགྲོ་དགོས་བྱུང་མོད། ཀུན་ལྷས་ཁོ་ལ་དགྲ་གྱོད་ཅི་ཡང་མེད་པར་སྨན་ཁང་གི་འགྲོ་གྲོན་ཆ་ཚང་བཏང་བ་མ་ཟད། ཁོ་རང་སྨན་བཅོས་ལ་སོང་བའི་ཤུལ་ཏུ་ཀུན་ལྷས་ཁོའི་ལོ་ན་བགྲེས་པའི་ཨ་མ་ལ་བྱམས་སྐྱོང་གང་ལེགས་བྱས།
  ཀུན་བཟང་སྨན་ཁང་ནས་བུད་དེ་རང་ཡུལ་དུ་ཐོན་པའི་ཉིན་དེར། ཉི་འོད་འཇམ་པོ་ཞིག་གིས་ཁོ་ལ་བསུ་མ་བྱས་ཤིང་། རླུང་བུ་བསིལ་མོ་ཞིག་གིས་ཁོ་ལ་སྐྱེལ་མ་བྱས། ད་དུང་སྐད་ངག་འཇམ་པའི་བུ་མོ་ཞིག་གིས་གདོང་ལ་འཛུམ་གྱིས་ཁེངས་བཞིན་ཁོ་ལ་འོ་ཇ་དཀར་ཡོལ་གང་བཀྱགས་ནས་ད་ནི་རང་གིས་ཨ་མ་ལ་བདག་སྐྱོང་ཡག་པོ་གནང་རོགས་ཞེས་ཕྱི་མིག་ཙམ་ཡང་མེད་པར་སྙི་ཁོག་ཏུ་ཆས་སོང་།
  དེ་ནི་ཁོའི་སྔོན་གྱི་ཆུང་མ་ཀུན་ལྷ་རེད།
  ཆོས་ཚོགས་སུ། སྙི་ཁོག་གི་ཡུལ་མི་ཚོས་འགྲོ་ལུགས་ལྟར་སྔ་དྲོ་སྤྲུལ་སྐུའི་ཆོས་ཁྲིད་ལ་ཉན་པ་དང་། ཕྱི་དྲོར་དད་ལྡན་མང་ཚོགས་རྣམ་པས་རང་རང་གི་འདོད་མོས་ལྟར་ལུང་བསྟན་ཞུས།
  ལུང་བསྟན་ཞུ་མཁན་ཚོ་སྤྲུལ་སྐུའི་སྐུ་མདུན་དུ་ཕྲེང་བསྒྲིགས་ནས་ཡོད། ལུང་བསྟན་དང་པོ་ཞུ་མཁན་ནི་གདོང་ལ་རྨ་ཤུལ་ཆེན་པོ་ཡོད་པའི་སྐྱེས་པ་ཞིག་རེད། དེ་ནི་གསེར་ཁོག་ནས་ཡོང་བའི་རྒན་པོ་ཀུན་བཟང་རེད། ཁོས་སྤྲུལ་སྐུའི་མདུན་དུ་ཁ་བཏགས་དཀར་པོ་ཞིག་ཕུལ་ཏེ།
  “སྤྲུལ་སྐུ་ལགས། ངའི་ཆུང་མ་སྒྲོལ་མ་དང་བུ་གཉིས་ཀ་གྲོངས་ནས་ལོ་བཅུ་རེད། ད་ལྟ་རིགས་དྲུག་གི་གནས་གང་ཞིག་ཏུ་འཁྱམས་འདུག”ཅེས་དྲིས།
  སྤྲུལ་སྐུས་ཕྱག་ཕྲེང་བགྲང་མཚམས་བཞག་ལ། ཡུད་ཙམ་ལ་སྤྱན་གྱིས་ནམ་མཁར་གཟིགས་ནས་བསྡད། དེ་ནས་སླར་ཡང་སྤྱན་གྱིས་ཀུན་བཟང་གི་ཕྱོགས་སུ་ལན་ཅིག་གཟིགས་ཞོར་
  “འོ། སྙིང་རེ་རྗེ། ཁྱོད་ཀྱིས་ཆུང་མ་དེ་ཚོང་ལས་གཉེར་མཁན་ཞིག་ཡིན་པས་ཤི་རན། ཁ་རྒྱུ་ནོར་ལ་ཞེ་ཆགས་པས་ད་ལྟ་ཡུལ་གྲུ་འདིའི་དུད་ཁྱིམ་ཞིག་གི་ཀླད་ན་རྡེའུ་འབུམ་ ཞིག་ཡོད་ལ། དེའི་ནང་དུ་སྦྲུལ་དཀར་པོ་ཞིག་གི་སྐྱེ་བ་བླངས་ནས་འདུག ཞི་ལུ་དེས་གཙང་ས་སྐྱའི་ཕྱོགས་སུ་མི་ལུས་ཤིག་ལོན་ནས་འདུག”
  སྤྲུལ་སྐུས་དེ་སྐད་གསུངས་པ་ན། གམ་གྱི་མི་ཚོས་སྙི་ཁོག་གི་དུད་ཁྱིམ་སུ་ཞིག་གི་ཀླད་ན་ལྡེའུ་འབུམ་ཞིག་ཡོད་པའི་སྐོར་ནས་གྲོས་མོལ་བྱས།
  སྐབས་ཤིག་ལ་ཀུན་བཟང་གིས་ཕར་ཕྱོགས་སུ་མ་ཎི་འདོན་བཞིན་པའི་ཀུན་ལྷའི་གམ་དུ་བཅར་ནས་
  “ཁྱེད་ཚང་གི་ཉེ་འགྲམ་ན་རྡེའུ་འབུམ་ཞིག་ཨེ་ཡོད”
  ཀུན་ལྷས་ཁོའི་གདོང་ལ་ལྟ་ཙམ་བྱས་ནས།
  “ཨ་ཙི། ཀུན་བཟང་མ་ཡིན་ནམ”
  “ཡིན”
  “ཁྱོད་ནི་རྒས་ནས་ངོ་ཤེས་དཀའ་བ་ཞིག་གི་རེད་འདུག རྡེའུ་འབུམ་ཞིག་ཡོད། ཅི་རེད”
  ཀུན་བཟང་གློ་བུར་དུ་དོགས་མི་བདེ་བ་ཞིག་ཏུ་གྱུར་ནས།
  “ཡ་ཡ། ཁྱོད་ཀྱང་རྒས་ནས་ང་དང་འདྲ་བོ་ཆགས་འདུག ཁྱོད་ཀྱིས་ང་ལ་རྡེའུ་འབུམ་དེ་གར་ཡོད་བསྟན་ན་འགྲིག་གམ”
  “ལོས་ཆོག ཁྱོད་ཀྱིས་དེ་ནས་སྦྲུལ་དཀར་པོ་ཞིག་མཐོང་ངམ”
  “ངས་མཐོང་མྱོང་།”
  “ཡ་ཡ་། ཁྱོད་ཀྱིས་རྡེའུ་འབུམ་དེ་ང་ལ་གཅིག་བསྟན་ན་འགྲིག་གམ”
  “ལོས་ཆོག ད་འགྲོ།”
  ཉི་འོད་འཇམ་པོ་ཞིག་རྡེའུ་འབུམ་སྟེང་དུ་འཕྲོས་འདུག
  ཀུན་ལྷས་རྡེའུ་དཀར་ལ་མ་ཎི་བསྔགས་ཏེ་རྡེའུ་འབུམ་སྟེང་གཡུག་ཞོར“ད་ནི་སྙི་ཁོག་ཀྱང་གསེར་ཁོག་དང་འདྲ་བར་འཁྱག་པ་ལ་ཨང”ཞེས་ཁེར་ལབ་ཅིག་བྱས་།

                                     2015 1 15

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་གསར་བ། ལམ།

2015-09-12 ཨ་སྐྱབས་དར་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།