སེམས་འཁྲུལ།

  དེང་སིང་མི་ཚང་མས་དཔེ་ཀློག་གི་ཁྲོད་ནས་ཉི་མ་གཏོང་རྒྱུ་ནི་ལས་ཧ་ཅང་དཀའ་མོ་ཞིག་ཏུ་ངོས་འཛིན་བྱས་ཚར་འདུག དུས་ཚོད་སྐར་ཆ་འགའ་རེ་ཁོམ་ལོང་ཡོད་ཚེ་སྔོན་ཆད་ཀྱི་སྟོད་འབྲོག་པའི་རྒན་པོ་ཚོ་ཁ་དོ་འཐེན་རྒྱུར་རྔམ་པ་བཞིན། སྐད་འཕྲིན་ཟེར་བའི་རོལ་རྩེད་ཀྱི་མ་ལག་འདི་ལ་འཐམ་སྟེ་ཉིན་མཚན་གྱི་དབྱེ་བ་ནོར། བྱུང་རྒྱལ་གྱི་གཏམ་བརྗོད་སྨྲ། མཁས་མིན་གྱིས་འགྲན་རྩོད་བྱེད། མཛེས་མིན་གྱིས་རང་པར་སྤེལ། ཡོད་མེད་ཀྱིས་ངོམ་སོ་བྱེད་པ་སོགས་ལས་སྣ་ཚོགས་ཀྱི་བགྱི་བ་བརྩམས་ཏེ་མི་སེམས་དཀྲུག་པའི་རྒྱུ་མའི་ལས་ཀྱིས་དུས་བདའ་བར་བཤད་ཀྱིན་ཡོད། ཡང་ན་འདི་ནི་དུས་རབས་ཤིག་གི་ཚན་རྩལ་གོང་འཕེལ་དུ་སོང་བའི་ལས་འགུལ་ཆེན་པོ་ཞིག་ཡིན་ཀྱང་སྲིད། གང་ལྟར་འདིའི་ཕྱོགས་སུ་གོམས་པར་མི་བྱ་བའི་སྐྱེ་བོ་དག་ནི་དུས་རབས་ཀྱི་བརྡབ་གསིག་འཁུར་བའི་བོང་རྒན་སྐྱ་ལྡང་ཞིག་ལས་མ་འདས།
  ཟླ་བས་ཀུ་ཤུ་རྟགས་ཅན་གྱི་ཁ་པར་གོང་ཆེན་དེ་སྔས་མགོའི་ཅོག་སྒྲོམ་ཏུ་བཞག་རྗེས་བལྟ་འཕྲོར་ལུས་པའི་རྒྱ་ནག་གི་བརྩམས་སྒྲུང་རྩོམ་པ་པོ་ཡུས་ཧྭའི«ཆར་སིམ་ཁྲོད་ཀྱི་འབོད་པ»ཞེས་པའི་དེབ་དེའི་ཁ་ཕྱེས་ཤིང་དཔེ་ཀློག་གི་མགོ་བརྩམས། ཡུན་ཙམ་འགོར་རྗེས་གློ་བུར་དུ་ཡིད་ལ་ཅི་ཞིག་དྲན་པ་བཞིན་དཔེ་ཆ་སྔས་འགྲམ་དུ་གཡུག་ཅིང་བྲེལ་འཚུབ་ཀྱིས་ཁ་པར་བླངས་ཏེ་ཤེལ་ངོས་སུ་ཨང་གྲངས་༢༥༨༠མནན་པས་གསང་སྒོ་ཕྱེས་ཤིང་དྲ་ལམ་དུ་ཞུགས། དེ་མུར་ཁོའི་མཛུབ་མོས་ཤེལ་ངོས་སུ་ཕུར་ཕུར་འགའ་བྱས་ཀྱང་ཅི་ཞིག་ལག་སོན་མ་བྱུང་བའི་རྣམ་འགྱུར་གྱིས“འདིLINEརེད། འདིQQརེད། འདི་པར་མཛོད་རེད། འདི་་་་་་་་་་་་་་་”ཞེས་ཁེར་ལབ་རྒྱག་ཞོར། དོ་ནུབ་སྔ་ས་ནས་ཆུང་མ་ཕྱིར་རོལ་ལ་སྤྲོ་སྐྱིད་གཏོང་གི་ཆས་ཟིན་པ་དེ་དྲན་ནས་སེམས་ལྷོད་ལ་བབས་ཤིང་སྣ་གླུ་ཐན་ཐུན་ཞིག་གཏོང་མགོ་བརྩམས་སོང་།
  ཁོས་སྐད་འཕྲིན་གྱི་སྒོ་ཕྱེས་མ་ཐག་འབོད་བརྡ་རྒྱུན་ཆད་མེད་པར་གྲགས་འོང་ནའང་ཁོ་ལ་སུན་སྣང་འཁོར་རྒྱུ་ལྟ་ཅི། དེ་དག་པར་དུ་བཏབ་སྟེ་གྲོགས་པོའི་ཚོམས་ཟེར་བ་དེའི་ནང་དུ་བླུགས་རྗེས། ཁ་བྱང་ལ“སྐྱེ་བ་འདིའི་ལན་ཆགས་རེད”ཟེར་བའི་ང་རྒྱལ་དང་ཁེངས་སྐྱུང་འདྲེས་མའི་ཚིག་གྲུབ་ཅིག་བྲིས་ཏེ་ཤར་མར་སྤེལ་དུས། ཏག་ཏག་དགོང་མོའི་ཆུ་ཚོད་དགུ་དང་ཕྱེད་ཀ་རེད།
  ཟླ་བ་ལ་མཚོན་ནས་བཤད་ན་ནམ་རྒྱུན་མཚན་ལམ་རིང་མོ་ཆབ་གསང་ལ་ཐེངས་གསུམ་དུ་འབུད་དགོས་ཏེ། ཆབ་གསང་དང་པོ་དེ་ཆུ་ཚོད་དགུ་དང་ཕྱེད་ཀའི་ཡས་མས་སུ་འབུད་ཅིང་། ཆབ་གསང་གཉིས་པ་དེ་ནམ་གུང་གི་ཆུ་ཚོད་གསུམ་པ་ཡོལ་ནས་འབུད་དགོས། ཆབ་གསང་ཐེངས་གསུམ་པ་དེ་ཕྱི་ཉིན་ནངས་མོའི་ཁ་ལག་མ་བཏང་བའི་སྔ་རོལ་ཏག་ཏག་ཏུ་འབུད་ཀྱིན་ཡོད།
  དོ་ནུབ་ཁོ་རང་ཆབ་གསང་དུ་འབུད་རྒྱུའང་རྨང་ནས་བརྗེད་ཚར་འདུག སྐད་འཕྲིན་ནང་གི་ཚོགས་མི་ངོ་ཤེས་མི་ཤེས་གཉིས་ཀ་དང་སྒེར་ཀྱི་གྲོགས་མཆེད་མང་པོས་ཁོང་ལ་མཚམས་འདྲི་དང་དཔྱད་གཏམ་སྤེལ་གྱིན་འདུག དཔྱད་གཏམ་སྤེལ་མཁན་གྱི་ཁྲོད་དུ་མིང་ལ“བུ་མོ་སྨྱོན་མ”ཟེར་བ་ཞིག་གིས“རྒན་ལགས། ཁྱོད་ཀྱི་སྐུ་ལུས་བདེ་མོ་སྐྱིད་པོ་ཡིན་ནམ། སྐད་འཕྲིན་གྱི་དབུ་བརྙན་ལས་ངས་ཁྱེད་རང་ཡིན་པ་ངོ་ཤེས་སོང”ཞེས་བྲིས་འདུག “བུ་མོ་སྨྱོན་མ”ཟེར་བ་འདི་ནི་སྐད་འཕྲིན་གྱི་སྟེང་དུ་བྲིས་པའི་མིང་ཞིག་ཡིན་ལ་སྒྲུང་འདིའི་ནང་གི་མི་གཙོ་བོའང་ཡིན། གཞུང་གཤིས་རྒྱུད་དང་བཟང་ཤེས་རྒྱ་གང་ལ་བལྟས་རུང་དེའི་ཕྱོགས་ནས་བུ་མོ་འདིས་གཞན་དྲིང་མི་འཇོག་ཅིང་། སྒེག་པའི་ཉམས་དང་ལྷོད་པའི་ངག་ལ་གསན་ན་མིའི་སེམས་ཀྱི་འདོད་པའི་དྭངས་མ་དབང་མེད་དུ་བརྐུས་འགྲོ་བའི་གཟུགས་མེད་ཀྱི་རྐུན་པོ་ཞིག་དང་དབྱེར་མེད། བུ་མོ་འདིའི་དངོས་མིང་ལ་བདེ་སྐྱིད་གཡང་འཛོམས་ཟེར་ཞིང་ཕ་ཡུལ་ཆབ་ཆ་ལུང་པའི་རེད།
  ཟླ་བ་དང་བུ་མོ་འདི་གཉིས་ལ་དགེ་སློབ་ཀྱི་འབྲེལ་བ་ཡོད། ཟླ་བ་སློབ་མཐར་ཕྱིན་རྗེས་རྒྱུགས་ཚད་ལོང་བ་ལྟར་ཁུལ་མི་རིགས་སློབ་འབྲིང་དུ་ལས་བགོས་བྱས་ཤིང་། ཆེད་ལས་དང་བསྟུན་ནས་ཁོས་བོད་ཡིག་སློབ་ཁྲིད་ཀྱི་ཕྱག་ལས་གནང་གིན་ཡོད། ལོ་རིམ་དང་པོའི་སྐབས་སུ་གཟོད་ཟླ་བ་དང་བུ་མོ་འདི་གཉིས་ཀས་ཕན་ཚུན་ལ་ངོ་ཤེས་ཤིང་བདེ་སྐྱིད་གཡང་འཛོམས་ནི་ཟླ་བའི་མིག་ནང་གི་སློབ་སྦྱོང་ལ་ཆེས་ལེགས་པའི་སློབ་མ་དེ་ཡིན། ཡང་ཅིག་བཤད་ན་བདེ་སྐྱིད་གཡང་འཛོམས་ཀྱིས་རྩོམ་ཡིག་ཡག་པོ་རེ་འབྲི་ཤེས་པའི་རྒྱུ་མཚན་གྱིས་ཁོའི་མིག་ལ་ཡག་པོ་ཆགས་པས་ཡིན་སྲིད་ལ། ཡང་ཅིག་བཤད་ན་སུ་དང་གང་གིས་མི་ཤེས་པའི་རྒྱུ་མཚན་གཞན་ཞིག་ཡོད་ཀྱང་སྲིད། གང་ལྟར་ལོ་རིམ་གཉིས་པ་འཕར་རྗེས་ཟླ་བ་དང་བདེ་སྐྱིད་གཡང་འཛོམས་གཉིས་ཀས་ཕན་ཚུན་ལ་ཁ་བརྡ་ལྷོད་པའམ་བསམ་ཚུལ་བརྗེས་རེས་སོགས་གཅིག་ཀྱང་བྱས་མྱོང་མེད། སྟེས་དབང་གིས་ལམ་ནས་འཕྲད་ཚེ་ཕན་ཚུན་ལ་མིག་བརྡ་ཙམ་བསྟན་ནས་མཐུས་བར་བྱེད་པ་ནི་དེང་སིང་གི་དགེ་སློབ་ཚང་མས་ཕན་ཚུན་ལ་གུས་བཀུར་མཚོན་པའི་བརྡ་སྤྲོད་སྟངས་ཤིག་ཡིན་པས་ཁོ་གཉིས་ཀྱང་དེ་ལས་མ་འདས།
  བདེ་སྐྱིད་གཡང་འཛོམས་ཀྱི་སྐད་འཕྲིན་གྱི་ཨང་གྲངས་དེ་སྔོན་ནས་ཟླ་བའི་ཁ་པར་དུ་བཞག་ཡོད་པ་ཞིག་མིན། ད་ལོར་སློབ་གྲྭར་དགུན་གནང་གཏོང་ཁར་ཟླ་བས་གཞན་གྱི་ཁ་པར་ལས་རྐུས་འོང་པ་རེད། ཁ་པར་དེ་བདེ་སྐྱིད་གཡང་འཛོམས་དང་འཛིན་གྲྭའི་གཅིག་པའམ་ཟླ་བ་དང་ཡུལ་གཅིག་པའི་སློབ་མ་ཞིག་གི་ཡིན། རྗེས་སུ་ཟླ་བས་བདེ་སྐྱིད་གཡང་འཛོམས་ཀྱི་སྐད་འཕྲིན་དེ་རང་གི་སྐད་འཕྲིན་དུ་སྦྲེལ་མཐུད་བྱས་པར་མོས་ཀྱང་མཐའ་གཅིག་ཏུ་དང་ལེན་བྱས་མོད། ཟླ་བས་ཉིན་འགའ་ལ་སྒུག་ཀྱང་བདེ་སྐྱིད་གཡང་འཛོམས་ཀྱིས་ཁོང་ལ་མཚམས་འདྲི་དང་ཁམས་འདྲི་གང་ཡང་མ་བྱས་པས་བློ་སེམས་ཕམ་སྟེ་ཐབས་བཀོད་ཅིག་འཐེན་ཁ་བྱས།
  ཁོས་རང་གི་སྐད་འཕྲིན་གྱི་དབུ་བརྙན་བརྗེས་གྱུར་ན་མོས་ང་རང་སུ་ཡིན་པ་ངོ་ཤེས་ཐུབ་ལ། ངས་ཀྱང་ཕར་ལ་ང་སུ་ཡིན་པ་འགྲེལ་བཤད་རྒྱག་དགོས་དོན་མེད་སེམས་ནས་ཐབས་མཆོག་དེ་སྐྱེན་པའི་ངང་ལག་ལེན་དུ་བཏབ། དེ་ནི་ཉིན་གསུམ་གྱི་ཡར་སྔོན་དུ་སྒྲུབ་པ་ཞིག་ཡིན།
  ཟླ་བས་དོ་ནུབ་ལས་ལམ་དུ་སོང་བའི་མཚན་མོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཆུང་མ་འགྲོ་ཁར་དོ་ནུབ་ཕྱིར་ཁྱིམ་དུ་ལོག་མིན་གསལ་བོ་མི་ཤེས་ཞེས་སྐད་ཆ་གཉིས་འགལ་ཞིག་ལབ་སོང་། ཁོས་སེམས་ལ་ཕལ་ཆེར་ལོག་མི་ཡོང་སེམས་ཀྱིན་འདུག ཞོར་དུ་ཆུང་མ་ཕྱིར་ལོག་མི་ཡོང་བའི་སྨོན་ལམ་ཆེན་པོ་ཞིག་ཀྱང་རྒྱབ།
  སྐད་འཕྲིན་གྱིས་འབོད་བརྡ་བཏང་སོང་། ཤེལ་ངོས་སུ་འཆར་བའི“བུ་མོ་སྨྱོན་མ”ཞེས་པའི་མིང་དེ་ཟླ་བས་མཐོང་ཙ་ན། ཁོའི་སེམས་ལ་གློ་བུར་དུ་དྲོད་ཅིག་འཁྱིལ་འོང་ཞིང་དྲོད་དེ་རིམ་བཞིན་ཤ་གསེང་དུ་ཁྱབ་ཅིང་། དེ་ནས་རུས་རྐང་དུ་འཁྱིལ་འདྲའི་སྨྲ་བསམ་བརྗོད་འདས་ཀྱི་ཚོར་བ་ཞིག་གིས་ལུས་ཡོངས་སྦུད་པར་བྱས།
  “ཉེ་ལམ་སྐུ་བདེ་ལེགས་སམ། དབུ་བརྙན་ལས་གཟོད་ཁྱེད་ཡིན་པ་ཤེས་པས་ཧ་ཅང་དགའ་བོ་བྱུང་སོང་། ད་ལྟ་ཁྱེད་ནས་ཕྱག་ལས་ག་རེ་གནང་གིན་ཡོད”
  “བདེ་མོ་ཡིན། ངས་ཀྱང་ཁྱོད་ཀྱི་དབུ་བརྙན་ལ་ཡང་དང་བསྐྱར་དུ་བལྟས་པས་མིན་ན་ངོས་ཟིན་གྱི་མི་འདུག ཁྱོད་མི་གཞན་ཞིག་ཏུ་འགྱུར་ཟིན་པ་འདྲ། གནས་སྐབས་སུ་རྒྱ་རྩོམ་གྲགས་ཅན་འགའ་ལོ་ཙྰ་བྱེད་ཀྱིན་ཡོད”
  “འོ་རེད། ཁྱེད་གཅིག་པུ་ཡིན་ནམ། ཁྱིམ་ནང་དུ་ཡོད་དམ་ཕྱི་རུ་ཡོད།”
  “གཅིག་པུ་ཡིན། དགུན་གནང་གི་དུས་ཚོད་བེད་སྤྱད་ནས་ལན་ཀྲིག་གྲོང་ཁྱེར་རུ་གསེབ་སྦྱོང་ཞིག་ལ་ཞུགས་ཡོད། ཁོམ་ཡོད་དུས་འདིར་ཤོག་དང་ངས་མགྲོན་བྱ”
  “བཀའ་དྲིན་ཆེ། རང་གཅིག་པུ་ཡིན་ན་ལུས་ཕུང་ལ་གཅེས་སྐྱོང་བྱོས། ང་ཕལ་ཆེར་དེ་གར་ཡོང་ཐུབ་ཀྱི་མི་འདུག་་་་་་”
  ལན་དེའི་རྗེས་སུ་ཟླ་བས་རྩེད་མཚར་གྱི་ཟོལ་དུ“སེམས་ཁུར་བྱེད་མཁན་གྱི་མི་ཞིག་ཡོད་པའི་ཚོར་བ་ཧ་ཅང་སྐྱིད། ངས་ཁྱོད་ལ་བཀའ་དྲིན་ཆེ་ཞུ”ཞེས་བསྐུར།
  “དགེ་རྒན། ཁྱེད་ལ་གོ་ལོག་ཐེབས་པ་མིན་ནམ། ངས་ནང་དོན་་་་་་་་་ཡ་ཡ་ཡ་་་་་་་་་་ད་མིན་་་་་”
  “ངོ་མ་སྐྱིད་ཀི མི་འདི་འཇིག་རྟེན་ལ་གཅེར་བའི་ངང་ཁེར་རྐྱང་དུ་འོང་ཞིང་སླར་ཡང་གཅེར་བའི་ངང་ཁེར་རྐྱང་དུ་འགྲོ་དགོས་པ་མ་ཡིན་ནམ། བར་སྐབས་འདི་འདྲར་ང་ལ་སེམས་གསོ་གནང་མཁན་ཞིག་ཡོད་ཚེ། མེ་སྟག་ནི་དགུང་གཞུང་གི་སྙིང་བོ་ཡིན་ཟེར་བའི་སྙན་ངག་དེའི་དོན་ཧ་གོ་ཡོང་་་་་་་་་་་་་་་་”
  “དེ་གནས་ལུགས་ལྡན་རུང་ཁྱེད་ནི་ངའི་དགེ་རྒན་ཡིན་པས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་”
  “དགེ་རྒན་ཡང་མི་ཡིན་པས་སེམས་གསོ་དང་དྲོད་ཁོལ། བརྩེ་བ་སོགས་མཁོ་བའི་སེམས་ཅན་གཞན་དང་ཁྱད་མེད་་་་་་་”
  “དགེ་རྒན། དེའི་ན་ངས་ཁྱོད་ལ་དོན་ཞིག་དྲིས་ཆོག་གམ”
  “ལོས་ཆོག ངས་དྲང་བོར་བཤད་ངེས་ཡིན”
  “ཁྱེད་ཀྱིས་ངའི་སྐད་འཕྲིན་གྱི་ཨང་གྲངས་ཅི་ལྟར་ཤེས་པ་ཡིན”
  “ཁ་པར་ལས་འཚོལ་ཞིབ་བྱས་ཏེ་རྙེད་པ་ཡིན། ”
  “ཨེ་བདེན་ན”
  “ལོས་བདེན། དགེ་རྒན་ཞིག་གིས་རྫུན་ག་ལ་བཤད་རུང་། དཀོན་མཆོག་གསུམ”
  “རྒན་ལགས། ཁྱེད་ཀྱིས་མནའ་དཔང་བོར་འཇོག་མི་དགོས། ང་ཁྱོད་ལ་ཡིད་ཆེས་ཡོད”
  སྐད་ཆ་འདིས་སླར་ཡང་ཟླ་བའི་སེམས་སྟེང་ལ་དྲོད་ཅིག་འཁྱིལ་འོང་ཞིང་། དྲོད་དེ་རིམ་བཞིན་ཤ་གསེང་དུ་ཁྱབ་ཅིང་དེ་ནས་རུས་རྐང་དུ་འཐིམས། མཐའ་མར་དྲོད་དེ་ལུས་ཀྱི་ཁམས་སོ་སོར་མཆེད་སོང་།
བུ་མོ་སྨྱོན་མ་ཟེར་བའི་མིང་དེ་སླར་ཡང་ཤེལ་ངོས་སུ་མངོན་ཏེ་འབོད་བརྡ་གཏོང་གིན་འདུག
  “རྒན་ལགས། ཁྱེད་རང་ད་ལོར་ལོ་ག་ཚོད་ཡིན་ནམ”
  དྲི་བ་འདིས་ཟླ་བའི་སེམས་ལ་ཐེ་ཚོམ་གྱི་གཟེབ་དྲ་ཞིག་བཏེགས་སོང་། ཁོས་སྒེའུ་ཁུང་ལས་ཕྱི་རོལ་གྱི་མུན་པའི་ཀློང་དུ་རྒྱང་བལྟ་ཐེངས་ཤིག་བྱས།
  “ད་རྒས་སོང་། གཞོན་དུས་ཀྱི་སྤོབས་སེམས་དང་ཡིད་ཆེས་ཡོངས་སུ་ཤོར་འདུག”
  “དེ་འདྲ་མ་གསུངས། ཁྱེད་བལྟས་ཚོད་ཀྱིས་ལོ་ན་ཉེར་དྲུག་ཉེར་བདུན་ཙམ་ལས་བརྒལ་མི་འདུག”
  ཟླ་བས་དེ་མུར་བདེ་སྐྱིད་གཡང་འཛོམས་ཀྱི་སྐད་ཆ་འདིའི་བབས་དང་བསྟུན་ནས་བཤད་ཕྱོགས་བསྒྱུར་སོང་། འདི་དམིགས་ཡུལ་ཞིག་ཆེད་དུ་ཡིན་ངེས་པས། ངས་སེམས་ན་ཕལ་ཆེར་ཀློག་པ་པོས་ཀྱང་དོན་འདི་ལ་མནོ་བསམ་གཏོང་གིན་ཡོད་འདུག
  “ཨ་ལ་ཀུ་རེ་ཡིན། ང་ཕོ་ལོ་ཉེར་དྲུག་རེད”
  “ཨོ་ལེ། ངས་ཀྱང་དེ་འདྲ་སེམས་བྱུང་། ད་དུང་ང་ཚོ་ཚང་མ་ན་གཞོན་རེད”
  ཟླ་བས་སྐད་ཆ་འདི་གོ་འཕྲད་སེམས་ལ་བདེ་སྐྱིད་གཡང་འཛོམས་ཀྱིས་རང་གི་སེམས་འདུན་རྟོགས་ཀྱིན་ཡོད་འདུག་སྙམ་བྱུང་། བརྩེ་དུང་ལ་ལོ་ཚོད་ཀྱི་ཁྱད་པར་མེད་ཟེར་བ་མ་ཡིན་ནམ། བརྩེ་དུང་ལ་ཡུལ་གྱི་ཁྱད་པར་མེད་ཟེར་བ་མ་ཡིན་ནམ། ད་ཐེངས་རེ་བ་མངོན་གསལ་ཞིག་ཡོད་གི་རེད་ཅེས་ཁོས་སེམས་ཀྱི་ཆགས་སྲེད་མེ་རུ་སྦར་སོང་།
  གློ་བུར་དུ་བདེ་སྐྱིད་གཡང་འཛོམས་ཀྱིས་ཟླ་བ་གཞོན་དུས་ཀྱི་འདྲ་པར་ཡག་པོ་ཞིག་ཡོད་པ་དེ་བསྐུར་རྗེས། བསམ་གཟོས་ཏེ“མི་འདི་སུ་རེད”ཞེས་དྲིས།
  ཟླ་བ་ཧ་ལས་ཤིང་ཧང་སངས་ནས་པར་འདིའི་ཐོག་མའི་ཡོངས་ཁུངས་ལ་མནོ་བསམ་བཏང་རུང་རྩད་མ་ཆོད། ཁོས་བསམ་པར་བུ་མོ་གཞོན་ནུ་ཞིག་གིས་རང་གི་འདྲ་པར་བསྡུ་གསོག་བྱེད་པ་ནི་འདོད་འདུན་མངོན་གསལ་ཅན་ཞིག་ཡིན་པས། ནམ་ཞིག་བུ་མོ་འདིའི་འཇམ་པའི་ཤ་དྲོད་ཀྱི་བདེ་བའམ། སྟོད་གོས་ཀྱི་འོག་ཏུ་ལྷོག་ལྷོག་ལྡིང་བའི་མྱོས་བུམ། མཚན་མའི་གསང་གནས་ཀྱི་སྒྱུ་རྩལ། སྙན་པའི་ངག་གི་འཁུན་སྒྲ་སོགས་ཡིད་འོང་གི་གནས་མཆོག་ཅིག་ནས་ལོངས་སུ་སྤྱོད་ཐུབ་པའི་གདེངས་ཚོད་ཅིག་ཡིད་ལ་འཁོར་བྱུང་བས། ཁོའི་སྙིང་གི་ལྡིང་ཚད་ཇེ་མགྱོགས་དུ་ཕྱིན་ཏེ་ལག་ཟུང་ཡང་འདར་ཡུག་ཡུག་ཏུ་གྱུར།
  “པར་འདི་ཁྱོད་ཀྱིས་གང་ནས་འཁྱེར་འོང་བ་ཡིན”
  “ངས་གཞན་ལག་ནས་བརྐུས་པ་ཡིན། ཡ མི་འགྲིག་གམ། ཅི་རེད།”
  “ཁྱོད་ཀྱིས་ང་ལ་ཀུ་རེ་མ་རྩེ། བརྐུས་ཡོང་ཟེར་བའི་དོན་ཅི་ཡིན”
  “དོན་དེའི་བརྒྱུད་རིམ་ཤིན་ཏུ་རྙོག་འཛིང་ཆེ། བཤད་འོང་ན་ཁྱེད་རང་ཨ་ཐང་ཆད་ངེས་ཡིན”
  “མིན། ང་ལ་ཉན་འདོད་ཀྱི་རེ་བ་རི་རབ་སྟོང་ཕྲག་ལས་བརྒལ་བ་ཡོད། ཇོ་བོ་རིན་པོ”
  “ཁྱེད་ཀྱིས་མནའ་སྐྱེལ་དགོས་དོན་མེད། ཉན་བསམ་ན་ངས་བཤད་ཆོག”
  ཟླ་བའི་སེམས་གཞི་ནས་བདེ་ལ་བབས་སོང་། ཁོས་བསམ་པར་བུ་མོ་འདིས་སྔོན་ནས་ཁ་གྲགས་རྒྱུར་འཛེམ་དོགས་གནང་བའམ་རང་གི་འདོད་འདུན་ལ་ཚོད་འཛིན་བྱས་པ་མ་གཏོགས། མོ་ང་ལ་དགའ་མྱོང་བ་ཐག་གཅོད་རེད། ཡང་གཅིག་བཤད་ན་ཧྥུ་ལོ་ཡུས་ཏིས«སེམས་ཁམས་རིག་པའི་རྣམ་འབྱེད»ལས། མིའི་སེམས་ཁམས་ཀྱི་སྐས་རིམ་གསུམ་ལས་གདོད་མའི་བདག་གི་་སྐབས་ཀྱི་སེམས་བྱུང་གི་འདོད་འདུན་ཐ་དག་ནི་ལྷད་མ་འདྲེས་པའི་མིའི་ངོ་བོ་དངོས་ཡིན་ལ། ནང་པའི་བཤད་ན་དེ་ལ་ལྷད་སྐྱེས་ཀྱི་འདོད་པ་ཟེར་གྱིན་ཡོད། དགེ་ཆོས་ཀྱི་འདོད་བསྟན་ལས་ཀྱང་། སྐྱེས་པའི་མིག་ན་བུད་མེད་གཟུགས་མཛེས་པ། །བུད་མེད་མིག་ན་སྐྱེས་པའི་གཟུགས་མཛེས་པ། ། ཕྱི་རོལ་བརྫུ་ཡི་ཁྱད་པར་མ་གཏོགས་པ། ། ནང་གི་སེམས་བྱུང་ཐ་དག་གཅིག་པ་ཡིན། ། ཞེས་གསུངས་བ་བཞིན། ངེད་གཉིས་མི་ཚེ་གཅིག་གི་བཟའ་ཟླ་མིན་རུང་སྐྱེ་བ་གཅིག་གི་དགའ་གྲོགས་ཡིན་ན་ཅིས་མི་ཆོག ཟླ་བའི་སེམས་ཁོ་མོའི་ཕྱོགས་སུ་ཤོར་བ་ནི་འདས་པའི་ལོ་གཅིག་གི་སྔོན་དུ་ཡིན། དགེ་རྒན་ཞིག་ཡིན་པའི་མིང་ཐོབ་འདིས་རང་གི་འགྲོ་འདུག་ཀུན་སྤྱོད་ལ་ཚད་བཀག་བཟོས་པས། མོའི་ཕྱོགས་ལ་སྐད་ཆ་གཅིག་ཀྱང་ཤོད་མ་ཐུབ། མཚམས་རེ་ཤེས་ཡོན་ཟེར་བ་འདིས་ཀྱང་མི་ལ་བདེ་སྐྱིད་ལས་ལྡོག་པའི་མནར་གཅོད་ཀྱི་དམྱལ་ཁམས་ཤིག་བསྟན་འོང་། ཟླ་བའི་སེམས་ལ་འདི་ལྟ་བུའི་ཡིན་ཅོག་ཅོག་གི་གནས་ལུགས་ཕ་མཐའ་བྲལ་བ་ཞིག་མེ་ལོང་གི་ནང་དུ་གཟུགས་བརྙན་འཁོར་བ་བཞིན་འཆར་འོང་མོད། སྐད་འཕྲིན་གྱི་འབོད་བརྡས་ཁོའི་བསམ་གཞིགས་ཀྱི་གཙང་བོ་སྐྱོམ་ཞིང་སྒུལ། གཤམ་དུ་བདེ་སྐྱིད་གཡང་འཛོམས་ཀྱིས་ཟླ་བའི་འདྲ་པར་དེའི་སྐོར་གྱི་ཁ་བརྡ་བཤད་མགོ་བརྩམས།
  “ནམ་རྒྱུན་དང་མཚུངས་བར་སློབ་ཁྲིད་གྲོལ་རྗེས་ང་རང་མལ་ཁང་དུ་ལོག་པ་ཡིན། ལམ་བར་དུ་ངོ་མི་ཤེས་པའི་སློབ་གྲོགས་སྐྱེས་པ་ཞིག་ལ་འཕྲད་ཅིང་། ཁོས་ང་མཐོང་མ་ཐག་ཅི་ཡིན་འདི་ཡིན་མེད་པར་ཁ་པར་གྱི་པར་མིག་ངའི་གདོང་ལ་གཏད་དེ་ཐེངས་འགར་བསྣན་རྗེས་སློབ་ཁང་གི་ཕྱོགས་སུ་རྟ་རྒོད་བཞིན་བང་གིས་རྒྱུགས་སོང་། སྐབས་དེའི་ཚོར་བ་ཁྱེད་ཀྱིས་ཚོར་མི་སྲིད། ང་དངོས་ནས་སྐྲག་ཐག་ཆད་སོང”
ཟླ་བས“ཧ་ཧ་ཧ ཁོ་ཅི་འདྲའི་སྙིང་རྗེ་བ་ལ་ཨང” ཟེར། དོན་དངོས་སུ་ཁོའི་སེམས་ཕྲག་དོག་གིས་གཙེས་འདུག
  “ཉིན་འགའི་རྗེས་སུ་ང་རང་ཁོང་ཁྲོ་དང་བཅས་མི་སྒེར་གྱི་བདག་དབང་ལ་བརྩི་མཐོང་ཙམ་ཡང་བྱེད་མི་ཤེས་པའི་སློབ་གྲོགས་རྒྱུས་མེད་དེ་འཚོལ་དུ་ཕྱིན་པ་ཡིན། ངས་ཁོ་རང་བཙལ་བཙལ་བའི་མཐའ་མ་སློབ་ཁྲིད་ཐོག་ཁང་གི་ཁང་བརྩེགས་གཉིས་པའི་སློབ་ཁང་ཞིག་ནས་རྙེད་ཅིང་། ཁོ་གཅིག་པུ་སློབ་ཁང་གི་གྲུ་ཟུར་ཞིག་དུ་བསྡད་དེ་བོད་ཡིག་གི་རྩོམ་ཞིག་འབྲི་བཞིན་འདུག ཁོས་ང་རང་མཐོང་བ་ཙམ་གྱིས་ངོ་གདོང་དམར་པོ་ཆགས་ཤིང་ངག་མི་སྨྲ་བར་དྲང་པོར་ཡར་ལངས་བྱུང་། རྣམ་པ་འདི་མཐོང་བས་ངའི་སེམས་ཀྱང་དོགས་མི་བདེ་བ་ཞིག་ཏུ་གྱུར་མོད། རང་ཚུགས་ཤོར་འགྲོ་བར་དོགས་ཏེ་ཁྲོ་བའི་ཉམས་བསྟན་ནས་ཁོ་ལ་སྡིག་པ་ཡིན། ངས་ཁོའི་ཁ་པར་གྱི་པར་སྒམ་ལས་འདྲ་དཔར་ཡོད་ཚད་ཡར་སློག་མར་སློག་བྱས་པས་རང་གི་པར་དེ་དག་རྙེད་ཅིང་བསུབ་མོད་ཀྱང་། འདྲ་དཔར་གཞན་ཞིག་ངའི་བློ་ལ་ཤིན་ཏུ་བབས་ཏེ་ལེན་རོགས་མ་ཆོད་པར་དུས་ཡུན་ཅུང་ཙམ་འགོར་འགྱངས་བྱས་སོང་། ཁྱེད་ཀྱིས་བལྟས་ན་འདྲ་དཔར་དེ་སུ་ཡིན་ནམ”
  ཟླ་བས་དེ་རང་གི་པར་ཡིན་པ་གསལ་བོར་རྟོགས་ཡོད་ནའང་། བླུན་པོའི་ཟོལ་གྱིས་མ་ཤེས་པར་བཅོས་ཏེ“ བཤད་དཀའ་མོ་རེད། ཕལ་ཆེར་ཁྱེད་རང་དུང་བ་ཟབ་སའི་མི་ཞིག་གི་ཡིན་ངེས་རེད”ཞེས་བཤད།
“མཐའ་མཇུག་འདྲ་དཔར་དེ་ངའི་ཁ་པར་གྱི་པར་སྒམ་དུ་ནང་འདྲེན་བྱེད་ཐུབ་སོང་། ང་ལ་མཚོན་ན་འདི་ལས་དཀའ་བ་ཞིག་ཀྱང་མེད་ལ་འདི་ལས་སྤྲོ་བ་ཞིག་ཀྱང་མེད། དྲང་མོར་བཤད་ན་དེ་ཁྱོད་ཀྱི་འདྲ་པར་ཡིན། ”
  ཟླ་བས་མལ་སའི་ནང་དུ་འགྲེལ་ལོག་ཐེངས་ཤིག་རྒྱབ་རྗེས་ཙོག་ཏེ་བསྡད་ཅིང་། ངོ་གདོང་སྒེའུ་ཁུང་ཕྱི་རོལ་གྱི་མུན་པ་ལ་གཏད་པས་གློ་རྡེག་ཏུ་ངུ་བསམ་པའི་ཚོར་བ་ཞིག་གནམ་ནས་ལྷུང་བ་བཞིན་སེམས་གཏིང་ལ་སིམ་སོང་། བུ་མོ་འདིས་སྙིང་གཏམ་ཡོད་ཚད་ཁོག་ཏུ་བཅུག་ཏེ་དྲན་པའི་གདུང་བ་དབྱངས་སུ་གྱེར་བ་ལས། སྐད་ཆ་མ་ལུས་པ་རང་ལ་ཕྱི་ནང་མེད་པར་བརྗོད་ཡོད་ཚེ་གོ་སྐབས་ཤིག་བཙལ་ནས་མོའི་འདོད་ཐོག་ལ་རྟ་རྒྱུགས་ཏུ་བཅུག་ན་ཅིས་མི་ཆོག བུ་མོ་འདི་ཅི་འདྲའི་གླེན་པ་ལའང་། ཁོས་དེ་ལྟར་དུ་བསམ་སྟེ།
  “ང་ནི་ཉི་མའི་གདན་ལ་བཞུགས། །
  ཁྱོད་ནི་ཁ་བའི་སྦུབས་ལ་ལྟུང་། །
  ཡངས་པའི་འཇིག་རྟེན་དཀར་ངོགས་ན། །
  གཅིག་ནི་སྐྱིད་ཅིང་གཅིག་ནི་སྡུག།”ཅེས་སྙན་ཚིག་ཤོ་ལོ་ཀ་ཞིག་བྲིས་དེ་གཅིག་སེམས་གཅིག་གིས་རྟོགས་ཀིན་མེད་པའི་སྡུག་བསྔལ་གྱི་མནར་གཅོད་དང་ཚད་མཐོ་བའི་གདུང་བ་སྒྱུ་རྩལ་གྱི་ལམ་ནས་ཕྱིར་མངོན་འདོད་པ་ཡིན་མོད། བདེ་སྐྱིད་གཡང་འཛོམས་གོ་ལོག་ཐེབས་ཏེ“ མཚན་མོ་ཉི་མ་ཞིག་གང་ན་ཡོད། ང་ཡོད་སར་ཡང་ཁ་བ་འབབ་ཀྱིན་མི་འདུག”ཅེས་ལབ།
  ཟླ་བ་གྲགས་མེད་དུ་བཏང་།
  “ཁྱེད་ཀྱི་འདྲ་དཔར་འདི་ངས་གཅེས་སྤྲས་བྱས་ཏེ་མ་འོངས་པའང་དྲན་བརྟེན་དུ་འཇོག་རྒྱུ་ཡིན། འོན་ཀྱང་ངས་སློབ་གྲོགས་དེ་ལ་ཁ་ཡ་ཙམ་ཡང་བྱས་མ་མྱོང་། ད་ལྟ་ཤིན་ཏུ་འགྱོད། ”
  ཟླ་བས་སྨིན་མ་བསྡུས་ཏེ་ཅི་ཞིག་ལ་བསམ་བློ་གཏོང་གིན་འདུག ཁོའི་སེམས་ལ་གཞོན་ནུ་མ་ཞིག་གིས་རང་གི་འདྲ་དཔར་གཞན་ལག་ནས་བརྐུས་ཏེ་བདག་གཉེར་བྱས་ཤིང་། མ་འོངས་པ་དྲན་རྟེན་དུའང་  འཇོག་མཁན་ཞིག་ཡིན་ཚེ་དགོང་གཅིག་གི་ཉལ་རོགས་ཕར་ཞོག ཚེ་གང་གི་དགའ་གྲོགས་བྱས་ཆོག་པ་གདོན་མི་ཟ་སྙམ་སྟེ།
  “ཁྱོད་རང་ངའི་འདྲ་དཔར་ལ་འདི་འདྲའི་འདང་རྩིས་ཆེ་དོན་ཅི་ཡིན”ཞེས་དྲིས།
  “ཁྱེད་ཀྱིས་ཚོད་དཔག་ཅིག་བྱ་རོགས”
  མཚམས་འདིར་ཐོན་དུས་ཀློག་པ་པོས་ཀྱང་ཟླ་བར་ལན་ཅི་ཞིག་མཁོ་བ་ཕལ་ཆེར་བསམ་བློ་མ་བཏང་རུང་མཁྱེན་ངེས།
  “མི་ཤེས། ཁྱོད་རང་ངའི་འདྲ་དཔར་ལ་འདི་འདྲའི་འདང་རྩིས་ཆེ་དོན་དོན་ངོ་མ་ཅི་ཡིན”
  “་་་་་་་་་་་་་་་་་་་་་་་་་་་་་་”
  “ཁྱོད་རང་ངའི་འདྲ་དཔར་ལ་འདི་འདྲའི་འདང་རྩིས་ཆེ་དོན་དོན་ངོ་མ་ཅི་ཡིན”

  “་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་”
  “མ་གསང་དྲང་མོ་བཤད་ན། ཁྱེད་ནི་ངའི་སེམས་ཀྱི་རླབས་ཆེ་བའི་ན་གཞོན་དགེ་རྒན་ཞིག་ཡིན་པས། ངས་འདྲ་དཔར་འདི་མ་འོངས་པའི་འུ་ཅག་དགེ་སློབ་གཉིས་ཀྱི་དྲན་རྟེན་དུ་འཇོག་རྩིས་ཡོད། ”ཟེར།
ཟླ་བའི་བློ་ངོར་གློག་དམར་འཁྱུག་པ་དང་འབྲུག་སྒྲ་གྲགས་པ། ཆར་འབབ་པ་དང་རླུང་འཚུབ་གཡུག་པ་སོགས་ཀྱི་རང་བྱུང་གི་འཇིགས་པ་སྣ་ཚོགས་ཤིག་འཕྲོ་རིམ་འཕྲོར་སླེབས་འདྲའི་སྣང་བ་འཁོར་བྱུང་།
  “ཨེ་བདེན་ན། ”
  “དགེ་རྒན། དེ་མིན་ན་འུ་གཉིས་ཀས་བསམ་བློ་གཏོང་ཕྱོགས་ཁ་ཁ་རེད།”
  སྐད་ཆ་འདིར་ཉན་ཚར་རྗེས་ཟླ་བའི་ཁ་པར་གྱི་སྐད་འཕྲིན་ལས“བུ་མོ་སྨྱོན་མ”ཞེས་པའི་མིང་བྱང་འདི་གློ་བུར་དུ་ག་སོང་ཆ་མེད་སུ་གྱུར། ཁོས་མིག་གཉིས་ཆེར་གདིང་སྟེ་སྐད་འཕྲིན་གྱི་ཚོགས་པ་དང་གྲོགས་པོའི་ཚོམས་སོགས་ཡར་སློག་མར་སློག་བྱས་ཀྱང་མིང་བྱང་དེ་སླར་ཡང་རྙེད་ཐུབ་མ་བྱུང་བས། གློ་སྙིང་སྟོད་ལ་མཚང་སྟེ་ཁུར་ཚུར་གྱིས་ཅོག་སྒྲོམ་ལ་བཞུ་སྐབས་ཆུང་མས་སྒོ་ཕྱེས་ཏེ་ནང་ལ་འཛུལ་འོང་། མོའི་ངོ་གདོང་དམར་པོ་ཆགས་འདུག་ཀྱང་སྐད་ཆ་ཅི་ཡང་མ་ལབ་པར་མལ་དུ་གཟིམ་སོང་། ཟླ་བ་ཁྲོས་ཡོད་ལ་སྐྲག་ཀྱང་ཡོད། ཟླ་བ་དགའ་ཡོད་ལ་སྡུག་ཀྱང་ཡོད། གློ་བུར་དུ་རྒུན་ཆང་གི་དྲི་མ་ཞིམ་པོ་ཞིག་མལ་ཁང་ནང་དུ་འཁྱབ་སོང་། ཟླ་བ་མཚན་ལམ་རིང་མོར་རྣམ་རྟོག་གི་ཞགས་པ་སྦོམ་པོ་ཞིག་གིས་མགོ་སྔ་མེད་པར་ཡོངས་སུ་བསྡམས་ཏེ་མཚན་མོའི་མུན་པ་སྒེའུ་ཁུང་བརྒྱུད་ནས་བཞུར་བའི་རྒྱུན་ལ་ཡང་ཡང་ཅེར་བྱུང་། །

                                    ༢༠༡༤ལོའི་ཟླ༡པའི་ཚེས༡༤ དུས་ཚོད༡༢དང་སྐར་ཆ༡༥སྟེང་ཡོངས་སུ་བྲིས་ཚར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་འཁྲུལ།

2015-09-19 ཐོ་རེངས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།