བསླུ་བྲིད་དེའི་དབང་གིས།

            ༡
  ནམ་རྒྱུན་ལྟར་སློབ་གྲོགས་གངས་སྐྱབས་ཀྱིས་སྒྲུང་དེབ་ཁ་ཤས་དཔེ་ཁུག་ཏུ་བཅུག་སྟེ་སློབ་ཁང་གི་སྒོ་འགྲམ་ནས་ཁོ་མོ་སློབ་ཁྲིད་ལ་འོང་བར་བསྒུག་ནས་བསྡད།སློབ་གྲོགས་ཚོའི་ནག་ཡོར་ཡོར་གྱི་གྲིབ་རིས་དག་མཚམས་མི་ཆད་པར་གངས་སྐྱབས་ཀྱི་མིག་མདུན་དུ་མངོན་འོང་ཞིང་།ཁོའི་གོར་ཟླུམ་ཅན་གྱི་མིག་ཟུང་གིས་སློབ་གྲོགས་དག་གི་གྲིབ་རིས་ལ་ནན་ཏན་གྱིས་དུས་ཚོད་ཡུན་རིང་ལ་བལྟས་ནའང་།ཁོ་མོ་ད་དུང་སློབ་ཁང་དུ་སླེབས་མ་བྱུང་།ཡུན་གྱིས་སློབ་གྲོགས་དག་གི་རྒྱབ་གཟུགས་ཀྱང་མཐོང་རྒྱུ་མེད་པར་གྱུར་ཞིང་རྐང་སྒྲའང་འཇགས་སོང་།གངས་སྐྱབས་ཀྱིས་རང་གི་ལག་སྐེར་བཅིངས་པའི་ཆུ་ཚོད་ལ་ཡང་ཡང་ལྟ་བཞིན་འདས་སོང་གི་མངར་ལ་སྐྱུར་བའི་ཁོ་མོ་དང་མཉམ་འགྲོགས་མཉམ་འདུག་གི་ཉི་མ་དག་རང་དབང་མེད་པར་ཡིད་ལ་ཤར།
  འཛིན་གྲྭ་བགོ་བའི་ཉིན་དེ་ནས་གངས་སྐྱབས་ཀྱི་ཡིད་ཀྱི་མཚོ་མོར་ཁོ་མོ་ཟུག་ཅིང་།དེ་ནས་བཟུང་གཟའ་རེ་ལ་ཐེངས་རེར་མ་གཏོགས་མེད་པའི་འཛིན་གྲྭའི་སློབ་ཐུན་རེ་རེ་ནི་ཁོ་ལ་མཚོན་ན་རེ་བསྒུག་གི་ཉི་མ་རེ་རེར་གྱུར་ཞིང་།སློབ་ཐུན་རེ་རེར་གངས་སྐྱབས་ཀྱིས་ཁོ་མོའི་མིག་མདངས་དང་སྐྲ་ལོ་ལ་ཅེར་ནས་ནམ་ཚ་གཏོང་པ་ནི་སློབ་ཁྲིད་ལ་ཉན་པ་ལས་ཀྱང་གལ་ཆེ་བའི་དོན་དག་ཅིག་ཏུ་གྱུར།དེ་ལྟར་ཉི་མ་རེ་རེ་དང་སློབ་ཐུན་རེ་རེར་ཁོ་མོ་མིག་གིས་འཚོས་ཤིང་སེམས་ཀྱིས་འཚོས་ཏེ་ཟླ་ངོ་གཉིས་འདས་ནའང་།སེམས་ཀྱི་གསང་བ་དེ་ཁོ་མོར་བཤད་པའི་སྤོབས་པ་རྨང་ནས་བྲལ།དེ་ལྟར་ཁོ་མོ་ནི་གངས་སྐྱབས་ཀྱི་སྙིང་ཁར་ཟུག་པའི་ཚེར་མ་ཞིག་དང་འདྲ་བར་རྟག་ཏུ་སེམས་ན་གཟེར་བའི་ན་ཟུག་ཅིག་ཏུ་གྱུར།
  ཉིན་ཞིག་གི་སློབ་ཐུན་སྐབས་སུ་གངས་སྐྱབས་ཀྱིས་འཕྲིན་པ་ཁ་ཤས་དཔེ་དེབ་ཅིག་གི་བར་དུ་བཅུག་སྟེ།ཁོ་མོའི་ཕྱོགས་སུ་སོང་སྟེ་སྤོབས་པ་ཆེན་པོས་དཔེ་ཆ་དེ་ཁོ་མོར་སྟེར་རྒྱུ་བྱས་ནའང་།སེར་མདངས་ཀྱིས་ཕྱུག་པའི་ཁོ་མོའི་སྐྲ་ལོ་དེ་མཐོང་པ་ན་གངས་སྐྱབས་ཀྱི་སྤོབས་པ་ཡོངས་སུ་ཉམས་ནས་ཕྱིར་རང་གི་འདུག་སྟེགས་སུ་སོང་ནས་སྔར་བཞིན་ཁོ་མོའི་མིག་མདངས་དང་སྐྲ་ལོར་ལྐོག་ལྟ་མི་བྱ་ཐབས་མེད་དུ་གྱུར།ཚོད་ལྟ་འདི་འདྲ་བྱས་པ་ནི་ཐེངས་གཅིག་ག་ལ་ཡིན་མོད།གངས་སྐྱབས་ལ་མོར་ངོ་ཐུག་ནས་སེམས་གཏམ་གློད་པའི་སྤོབས་པ་ནི་གང་ན་ཡོད།
  སློབ་ཆེན་མཐར་ཕྱིན་བར་དུ་དགའ་རོགས་མི་བཙལ་བར་ཨ་མར་དམ་བཅའ་མྱོང་པའི་གངས་སྐྱབས་ཀྱི་ཁྱིམ་མཚེས་བཀྲ་ཤིས་འཚོས་འཛིན་གྲྭའི་སློབ་མ་ཆོས་སྐྱོང་དང་དགའ་རོགས་བསྒྲིགས་ཤིང་།སློབ་གྲོགས་དོན་འགྲུབ་ཀྱིས་ཟླ་རེར་དགའ་རོགས་མི་འདྲ་བ་རེ་བརྗེས་ནས་སྣང་བ་ཨ་སྔོན་དགུང་ལ་བཏེགས།གངས་སྐྱབས་ལ་ཁོའི་སློབ་གྲོགས་ཆོས་སྐྱོང་དང་བཀྲ་ཤིས་འཚོ་དག་གིས་སློབ་ཆེན་གྱི་འཚོ་བ་དང་ཁོར་ཡུག་ཟེར་བ་ཤེས་སུ་བཅུག་ཅིང་།ཁོ་ལའང་རང་གི་ལྷད་མེད་ཀྱི་བརྩེ་བ་དེ་ཁོ་མོར་བཤད་པའི་སྤོབས་པ་བསྩལ་ཏེ།ཁོས་རང་གི་ཞེ་ལ་ཐོགས་པའི་ཁོ་མོར་སྐད་འཕྲིན་སྦྲེལ་ནས་འཕྲིན་པ་འབྲི་བའི་སྤོབས་པ་སྐྱེས། གངས་སྐྱབས་ལ་མཚོན་ན།འཛིན་གྲྭའི་ཚོགས་པའི་ནང་ནས་ཁོ་མོར་ཐོག་མར་སྐད་འཕྲིན་སྦྲེལ་ཐུབ་པ་ནི་བཤད་མི་ཤེས་པའི་དགའ་བ་ཞིག་ཡིན་ཞིང་།ཐོག་མར་མོ་ལ་དགོང་ཞོགས་རེ་རེར་མཚམས་འདྲིའི་འཕྲིན་པ་རེ་བཏང་ཞིང་། ཡུན་གྱིས་ཁོའི་ལྷད་མེད་དྭངས་གཙང་གི་བརྩེ་བ་རྣམས་གཅིག་གཅིག་གཉིས་གཉིས་སུ་མོར་འཕྲིན་ཡིག་ཏུ་བསྐུར་འགོ་བརྩམས།དང་ཐོག་གངས་སྐྱབས་ཀྱི་འཕྲིན་པ་ཁ་ཤས་ལ་ཡིག་ལན་གཅིག་རེ་མ་གཏོགས་མེད་ནའང་དུས་ཚོད་ག་ལེར་སོང་རྗེས་ཁོ་མོས་ཀྱང་གངས་སྐྱབས་ལ་འཕྲིན་ལན་མང་པོ་དང་སྐད་ཆ་མང་པོ་བཤད་འགོ་བརྩམས།དེ་ལྟར་ཕན་ཚུན་འཕྲིན་པ་དང་ཁ་བརྡ་བྱས་ནས་ཟླ་ངོ་གཅིག་ལྷག་འདས་ཤིང་།གངས་སྐྱབས་ཀྱིས་ཀྱང་དུས་ཚོད་ཀྱི་མདའ་རྩེའི་ཐག་སྒྲ་རེ་རེའི་ཁྲོད་ནས་ཁོ་མོས་གཏམ་བཟང་བཤད་པར་བསྒུག
  ཏག་ཏག་ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན་ཁོ་མོས་གངས་སྐྱབས་ལ་འཕྲིན་པ་ཞིག་བསྐུར་འདུག
  “ཏག་ཏག་བཤད་ན།མཐོ་འབྲིང་སྐབས་སུ་ང་ལ་དགའ་རོགས་ཤིག་ཡོད་ཅིང་།ངེད་གཉིས་ཕན་ཚུན་བརྩེ་བ་ཟབ་མོ་ཡོད།འོན་ཀྱང་།བསྟེན་པའི་ལྷ་སྲུང་མ་འདྲ་པའི་དབང་གིས་ད་ལྟ་ནི་ངེད་གཉིས་ཀྱི་བརྩེ་དུང་ལ་བར་ཆད་བྱུང་ནས་སོ་སོར་གྱེས་ཟིན།དེ་བས།ཁོར་ཡུག་འདི་ནས་ད་ལྟ་ང་ཡང་ཁེར་རྐྱང་དུ་སྡོད་པར་སུན་སྣང་སྐྱེ་ཞིང་།ཁྱོད་ཀྱིས་ང་ལ་བཅིངས་པའི་རྣམ་དག་གི་བརྩེ་བ་དེ་ཡང་སེམས་ཀྱིས་ཚོར་གྱིན་ཡོད།དེ་བཞིན་འུ་གཉིས་ཀྱིས་ཁ་བརྡ་བྱས་པའི་གོ་རིམ་ཁྲོད་ནས་ང་ལའང་ཁྱོད་ཀྱིས་སྤྲོ་སྣང་དང་བདེ་སྐྱིད་མང་པོ་སྟེར་བར་བཀའ་དྲིན་ཞུ་དགོས་ཡོད།མདོར་ན།སེམས་ལ་སོང་བའི་མི།འུ་གཉིས་ཀྱི་བརྩེ་དུང་གི་འཚོ་བ་ད་ནས་འགོ་རྩོམ།ཁྱོད་ཀྱིས་བདག་ལ་བློ་ཕམ་མ་སྟེར་ན་ངས་ཁྱོད་ལ་བློ་ཕམ་སྟེར་མི་སྲིད།”
  གངས་སྐྱབས་ཀྱིས་འཕྲིན་པ་དེ་སྤྲོ་སྣང་གིས་བཀླགས་ཤིང་།ཡིག་འབྲི་རེ་རེ་ཡིད་ལ་སིམ།ལྷག་པར།ཁོ་མོའི་འཕྲིན་ཡིག་ཏུ“ཁྱོད་ཀྱིས་བདག་ལ་བློ་ཕམ་མ་སྟེར་ན་ངས་ཁྱོད་ལ་བློ་ཕམ་སྟེར་མི་སྲིད།”ཅེས་པ་དེ་ཡིད་ངོར་རྡོ་བརྐོས་ཀྱི་རི་མོ་བཞིན་དུ་བརྐོས།
  ཉི་མ་དེ་ནས་བཟུང་གངས་སྐྱབས་ཀྱིས་རང་ཉིད་ཆེས་དགའ་སའི་བུ་མོ་དེ་དང་འགྲོགས་ཐུབ་པར་གྱུར་ཅིང་།མི་ཞིག་ལ་མཚོན་ན།རང་ཉིད་ཆེས་དགའ་སའི་མི་དང་མཉམ་དུ་འགྲོགས་ཐུབ་པ་ནི་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད།གངས་སྐྱབས་ཀྱི་གཞུག་གི་འཚོ་བ་དང་བརྩེ་དུང་གི་ཁ་དོག་ནི་ག་འདྲ་ཞིག་ཡིན་པ་སུས་ཀྱང་ཚོད་བགམ་མི་ཐུབ་པ་ཞིག་ཡིན་མོད།སློབ་གྲོགས་དག་གི་ཚོར་སྣང་ཞིག་ལ་གངས་སྐྱབས་ཀྱི་བརྩེ་དུང་གི་འཚོ་བར་གེགས་བར་གང་ཡང་མི་འབྱུང་བར་ཡིད་ཆེས་བྱེད་ཀྱིན་ཡོད།རྒྱུ་མཚན།གངས་སྐྱབས་མོ་ལ་དགའ་བ་རྣམ་དག་ཡིན་ཁར་ཁོ་མོ་ནི་བབ་ཆགས་ཤིག་སྟེ་རྒྱུན་ལྡན་སྨྲ་བ་ཉུང་ཞིང་རང་གཤིས་འཇམ་པའི་བུ་མོ་ཞིག་ཡིན།
ཁོ་གཉིས་སློབ་གྲྭ་དང་འཛིན་གྲྭ་གཅིག་པའི་རྐྱེན་གྱིས་རྒྱུན་ལྡན་མཉམ་འགྲོ་མཉམ་འདུག་བྱས་ནས་སློབ་སྐབས་གཅིག་གི་ལྷག་མའི་དུས་ཚོད་ཡོངས་སུ་ཟད་ནས་སློབ་གྲྭའི་དགུན་གནང་ལ་ཐུག
  དགུན་གནང་གི་སྐབས་སུ་ཕན་ཚུན་ལ་འཕྲིན་པ་མང་པོ་བྲིས་ཤིང་།འཕྲིན་པ་རེ་རེའི་གསེང་ན་སྙིང་གཏམ་དང་བརྩེ་བ་མང་པོས་འཚང་ཁ་བརྒྱབ་ཅིང་།གངས་སྐྱབས་ནི་སྔར་ལས་བརྩེ་དུང་གི་རྒྱ་མཚོ་ཆེན་པོ་དེའི་ནང་ལྷུང་སྟེ་ཉིན་ཞག་རེ་རེ་ལ་ཁོ་མོ་མ་གཏོགས་དྲན་རྒྱུ་མེད་པར་གྱུར།ཁོ་མོས་ཀྱང་གངས་སྐྱབས་ལ་དགའ་དུངས་ཀྱི་སྙིང་གཏམ་མང་པོ་གློད་ཅིང་།ཁྱིམ་ཚང་དང་བུ་ཕྲུག་གི་དོན་དུའང་སེམས་ཁྲལ་བྱས།
  “སིང་སིང་སིང་།”
  གངས་སྐྱབས་འདས་སོང་གི་ཕྱིར་དྲན་ཁྲོད་ནས་གློ་བུར་དུ་དྲིལ་སྒྲ་དེས་སད་པར་བྱས་ཤིང་།ཁོས་སླར་ཡང་ལག་འདོགས་ཆུ་ཚོད་ལ་ཅིག་བལྟས་པ་ན་ཏག་ཏག་ཞོགས་ཚོགས་ཀྱི་དུས་ཚོད་ལ་ཁེལ་འདུག ཡིན་ནའང་།ཁོ་མོ་ད་དུང་སླེབས་མ་བྱུང་།གངས་སྐྱབས་ཀྱིས་དབུགས་རིང་ཞིག་འཐེན་ཞོར་དུ་དུ་བ་རྐང་གཅིག་མེ་ལ་སྒྲོན་པ་ན།ཁོ་སླར་ཡང་འདས་སོང་གི་དོན་དག་མང་པོ་ཕྱིར་དྲན་གྱི་ཀློང་དུ་ཚུད།
  སློབ་གྲྭ་འཚོགས་རྒྱུ་ནི་གངས་སྐྱབས་ཀྱི་རེ་བསྒུག་ཅིག་ཏུ་གྱུར་ཞིང་།སློབ་གྲྭ་ཕྱིར་འཚོགས་པའི་སྐབས་སུ་ལམ་བར་ནས་ཁོ་མོ་དང་མཉམ་དུ་འགྲོགས་ནས་འགྲོ་རྒྱུ་བྱས།
  དུས་ཆད་ལྟར་གངས་སྐྱབས་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་ལམ་ལ་ཆས་ཏེ་རྨ་ཆུ་རྫོང་ནས་ཁོ་མོ་བསྒུག ཉིན་གཉིས་འགོར་ནའང་ཁོ་མོ་ད་དུང་སླེབས་མ་བྱུང་ཁར་ཁ་པར་དང་འཕྲིན་པ་ཞིག་ཀྱང་མེད་པར་གྱུར་པས།གངས་སྐྱབས་ཀྱི་སེམས་ལ་དོན་དག་མང་པོ་གཅིག་གཅིག་གཉིས་གཉིས་སུ་འཚང་ཁ་བརྒྱབ་ཡོང་སྟེ།ཁ་བ་ཆེ་བས་འགྲིམ་འགྲུལ་ལ་དོན་རྐྱེན་བྱུང་པ་ཡིན་ནམ་ཁོ་མོའི་སེམས་ལ་ང་རང་མེད་པ་ཡིན་བསམ་བྱུང་།ཡིན་ནའང་།  ཁོ་མོའི་གནས་ཚུལ་ཤེས་ཐབས་གང་ཡང་མེད་པས།ཁོ་སེམས་ཁྲལ་གྱིས་ནོན་བཞིན་རྨ་རྫོང་ནས་ཁོ་མོ་བསྒུག་ནས་འདུག་པ་ལས་ཐབས་ཅི་ཡང་མེད།
  གངས་སྐྱབས་རྨ་རྫོང་ལ་སླེབས་པའི་ཉིན་གསུམ་པའི་ཞོགས་པ་དེར་ཁོ་མོས་འཕྲིན་པ་ཞིག་བསྐུར་འདུག
  “སྙིང་ཉེ་ལགས།ངའི་མཐོ་འབྲིང་སློབ་གྲོགས་ཤིག་གིས་གཉེན་སྟོན་བྱེད་ཀྱིན་འདུག་པས།ང་རོགས་བྱེད་དུ་འགྲོ་དགོས་སོང་།དེ་བས།ང་རང་འུ་གཉིས་ཀྱི་དུས་ཆད་ལྟར་ཐོན་མི་ཐུབ་པས།ཁྱོད་སློབ་གྲྭའི་ནང་ལ་སྔོན་ལ་སོང་།ང་རང་བསྒུག་མི་དགོས།”ཞེས་བྲིས་འདུག གངས་སྐྱབས་དགའ་ལ་སྐྱོ་བའི་ངང་ནས་གཅིག་པུར་སློབ་གྲྭའི་ནང་དུ་ལོག
  ཉིན་ཤས་རྗེས་ནས་ཁོ་མོ་ཡང་སློབ་གྲྭའི་ནང་སླེབས་ཤིང་།གངས་སྐྱབས་ལ་བཅིངས་པའི་བརྩེ་བ་ནི་སྔར་ལྟར་དྲོ་འཇམ་གྱིས་ཕྱུག་པ་ཞིག་རེད།
  གངས་སྐྱབས་ཀྱིས་ཁོ་མོར་དུས་ཆད་ལྟར་མི་ཐོན་པའི་དོན་དེ་ཅི་ཡིན་དོགས་འདྲི་བྱས་ཤིང་།ཁོ་མོས་ཀྱང་སྔར་ལྟར་བཤད་པས།གངས་སྐྱབས་ཀྱི་དོགས་པ་གང་ཞིག་སེལ་སོང་པ་ལྟར་ངག་ལྐུག་ཅིང་ཁོ་མོའི་ལག་པར་དམ་པོར་འཇུས།
               
            ༢
  ཁོ་མོས་སྔོན་མ་ལྟར་གངས་སྐྱབས་ཀྱི་ཁ་པར་དུ་བུ་མོ་གང་ཡོད་ཀྱི་པར་ཚང་མ་བསུབ་ཅིང་།ཐ་ན་ཁོའི་སློབ་གྲོགས་བུ་མོ་དག་གི་ཨང་གྲངས་དག་ཀྱང་དོར་དུ་བཅུག དེ་ལ་གངས་སྐྱབས་ཀྱིས་ཀྱང་བསམ་ཤེས་ཐུབ་ཅིང་།ཁོས་ཁོ་མོར་བཅིངས་པའི་བརྩེ་བ་ནི་རྣམ་དག་ཡིན་པས།ཨང་གྲངས་དང་པར་དེ་དག་ལ་ཕངས་སེམས་ཅི་ཡང་མེད།

             ༣
  གངས་སྐྱབས་ཀྱི་གྲོགས་པོ་དག་ཀྱང་ཁོའི་སྔས་ལ་བརྩེགས་པའི་བམ་ག་མཐུག་ཅིང་ནང་དོན་ཟབ་པའི་དཔེ་དེབ་དེ་དག་གི་གོ་རིམ་ཁྱོན་ནས་འཁྲུག་རྒྱུ་མེད་པར་བལྟས་ནས་ཐེངས་མང་པོར་ཡིད་ཆད་མྱོང་།ཡིན་ནའང་།གངས་སྐྱབས་ལ་མཚོན་ན་ནི།སེམས་ཀྱི་དྲན་གདུང་ངོས་སུ་བརྐོས་པ་ནི་ཁོ་མོ་ཁོ་ན་ཡིན་པས།དོན་དག་མང་པོ་ཞིག་ལ་དོ་སྣང་བྱ་ལོང་གང་ན་ཡོད།

             ༤
  ཉིན་ཞིག་ལ་གངས་སྐྱབས་དང་ཁོ་མོ་གཉིས་མཉམ་དུ་སློབ་གྲྭའི་ལྕང་སྡོང་འོག་ན་མགོ་ལ་མགོ་བོ་ཁེན་ནས་ཕན་ཚུན་དགའ་རབས་དང་དུངས་ཚུལ་གྱི་སྙིང་གཏམ་མང་པོ་བཤད་ཀྱིན་པའི་སྐབས་ཁོ་མོའི་ཁ་པར་དུ་“བདེ་སྐྱིད”ཅེས་པ་ཞིག་གིས་ཁ་པར་སླེབས་བྱུང་།གངས་སྐྱབས་ཀྱིས་ཁ་པར་ལ་ཉན་པ་ན།སྐྱེས་པ་ཞིག་གི་སྐད་ཐོས་ཤིང་།སྐྱེས་པ་དེས“ཡོང་གི་ཨེ་ཡོད”ཟེར།གངས་སྐྱབས་ཁོང་ཁྲོ་གཏིང་ནས་སྐྱེས་ཏེ།དོན་དེ་ཅི་ཡིན་དང་གང་རེད་དྲིས་པ་ན།མ་གཞི་ཁོ་མོའི་མཐོ་འབྲིང་སྐབས་ཀྱི་དགའ་རོགས་དེ་ཡིན་འདུག གངས་སྐྱབས་ཁོ་མོའི་སྟེང་དུ་ཡིད་ཆད་ཅིང་།ལྷག་པར།ཁོ་མོའི་གཡོ་འཕྲུལ་ཏེ།“བདེ་སྐྱིད་”ཅེས་མིང་རྫུན་མ་འབྲི་ཚུལ་དེར་ཞེ་མེར་བར་གྱུར། གངས་སྐྱབས་ཁོ་མོའི་སྟེང་དུ་ཞེ་མེར་དུ་བཅུག་པ་ནི་ཐེངས་གཅིག་ཙམ་ཡང་མ་ཡིན་ཏེ།སྔོན་མར་ཡང་ཐེངས་དུ་མར་མཐོ་འབྲིང་གི་དགའ་རོགས་དང་དེ་གཉིས་བར་གྱི་དོན་དག་དེས་གངས་སྐྱབས་ཀྱིས་ཁེར་བུར་ཆང་འཐུང་སྟེ་ཐེངས་དུ་མར་ནམ་ཕུད་མྱོང་ཞིང་།སེམས་སྡུག་གི་མིག་ཆུ་མང་པོ་གཏོར་མྱོང་།ཡིན་ནའང་།གངས་སྐྱབས་ཀྱིས་ཁོ་མོར་བཅིངས་པའི་རྣམ་དག་གི་བརྩེ་བ་དེས་ནམ་ཡང་ཁོ་མོ་སེམས་ནས་གཏོང་ཐུབ་ཀྱིན་མེད་ལ།ཁོ་མོས་ཀྱང་གངས་སྐྱབས་ལ་རང་ཉིད་ཆེས་དགའ་སའི་སྐྱེས་པ་དེ་ཁྱོད་ཡིན་ཟེར་ལ་ཁོ་མོས་ཀྱང་གངས་སྐྱབས་ཀྱི་དོན་དུ་མིག་ཆུ་མང་པོ་གཏོར་མྱོང་།
  གངས་སྐྱབས་ཀྱིས་ཁོ་མོར་མཐོ་འབྲིང་གི་དགའ་རོགས་དང་ཁོ་གཉིས་གང་དགོས་ཀྱི་གདམ་ཀ་མང་པོ་བསྐོར་མྱོང་ཞིང་།ཁོ་མོས་ཐེངས་སྔ་ཕྱི་ཚང་མར་གངས་སྐྱབས་བདམས་པར་མ་ཟད།མཐོ་འབྲིང་གི་དགའ་གྲོགས་དེར་འབྲེལ་བ་གཏན་དུ་གཅོད་པའི་ཁས་ལེན་བྱས་མྱོང་།
  གངས་སྐྱབས་ཀྱིས་དེ་ལྟར་འདས་དོན་རྣམས་གཅིག་གཅིག་གཉིས་གཉིས་སུ་ཡིད་ལ་དྲན་ཞིང་།ཅི་ཡིན་མ་ཤེས་པར་ཁོའི་གློ་ཁུག་ནང་གི་དུ་བ་ཚང་མ་ཡང་ཐེན་ནས་ཚར་འདུག སྐབས་དེར་ཁོའི་མིག་ལམ་དུ་ནག་ཡོར་ཡོར་གྱི་གྲིབ་རིས་ཤིག་བྲེལ་འཚུབ་ཀྱིས་སློབ་ཁང་གི་ཕྱོགས་སུ་བརྒྱུགས་ཡོང་བཞིན་པ་མངོན་པས་ཁོ་མོ་སླེབས་བྱུང་བསམ་ནའང་།སློབ་གྲོགས་བཀྲ་ཤིས་འཚོ་སློབ་ཐུན་གྱི་རྗེས་ལ་ལུས་ཏེ་རྒྱུགས་ནས་འོང་གིན་པ་ཡིན་འདུག
གངས་སྐྱབས་ཀྱིས་སླར་ཡང་ལག་མགོའི་ཆུ་ཚོད་ལ་ཅིག་བལྟས་པ་ན།སློབ་ཐུན་གྲོལ་ལ་ཉེ་པས།ཁོས་ཤུགས་རིང་ཞིག་འཐེན་ཞོར་དུ་མདང་དགོང་གི་དོན་དག་ཅིག་ཡིད་ལ་དྲན་བཞིན་མལ་ཁང་དུ་སོང་ནས་ཅ་ལག་རྣམས་བསྡུ་གསོག་བྱས་ཏེ།མེ་འཁོར་འབབ་ཚུགས་སུ་གོམ་ཁ་ཕྱོགས།

                                     ༢༠༡༥ ༦ ༡༩ ཉིན་བྲིས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསླུ་བྲིད་དེའི་དབང་གིས།

2015-11-18 ཁྲག་ཐིགས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།