རླུང་འཚུབ་ཐེངས་ཤིག་ལྡངས་རྗེས།

  ཟུངས་ཟད་ཀྱི་ནད་པ་ཞིག་དང་འདྲ་བའི་ཉི་མ་དམར་སེར་ཞིག་ནུབ་ཕྱོགས་ཀྱི་ཚལ་བར་འཐོར་བཞིན་པའི་སྤྲིན་པའི་རྒྱབ་ཏུ་ཡུད་ཙམ་མངོན། དེ་ནི་ཚ་ལུ་མ་རུལ་བ་ཞིག་དོན་སྟོང་གི་སྲིད་ཇུས་ཁྱབ་བསྒྲགས་བྱེད་སྤྱད་ཚགས་པར་རྙིང་ཧྲུལ་ཞིག་གི་ཁུག་ཏུ་གཅུད་པ་དང་ཡང་འདྲ་ལ། ལག་པའི་མཛུབ་མོ་ཡོངས་རྫོགས་ལ་སེར་ཁ་གས་པའི་འཁྱམ་པོ་ཞིག་གི་ཐ་མག་གི་རྩེ་མོའི་མེ་སྟག་ཤི་ཙམ་འབར་ཙམ་བྱེད་པ་ཞིག་དང་ཡང་མཚུངས།
  ཨ་མ་གཡུ་སྒྲོན། ཨ་མ་གཡུ་སྒྲོན། ཀེ་་་་་་་་་་་་་་་་་། ཨ་མ་གཡུ་སྒྲོན། རྒྱང་རིང་གི་གནམ་སའི་འདྲེས་མཚམས་སུ་བསྲིངས་པའི་ལམ་ཕྲན་དེ་ནས་སྒྲ་སྐད་ཡ་མཚན་ཅན་ཞིག་གྲག་འོང་། དེ་ནི་སྐྱི་གཡའ་བ་ཞིག་སྟེ། ས་སྟོང་ལུང་སྟོང་འདིར་ཨ་མ་གཡུ་སྒྲོན་མ་གཏོགས་མི་དང་དུད་འགྲོའི་རིགས་གང་ཡང་འཚོ་གནས་བྱེད་བཞིན་མེད་པས་སོ།།
  ཨ་མ་གཡུ་སྒྲོན་ནི་སྒོམ་ཆེན་མ་ཞིག་ཡིན། ས་སྟོང་འདིར་འོངས་ནས་ལོ་དགུ་ཏག་ཏག་འགོར། མོ་ལ་དངུལ་གྱི་གའུ་གསེར་གྱི་ཕྲ་རྒྱན་ཅན་ཞིག་དང་རྐང་དུང་ཞིག ཙན་དན་ནག་པོའི་ཕྲེང་བ་ཞིག ད་དུང་དངུལ་གྱི་མཛུབ་དཀྲིས་ཤིག་བཅས་རིན་ཐང་ཆེ་བའི་དངོས་པོ་ཐར་ཐོར་ཞིག་ཡོད། 
  ཕྱོགས་གང་ནས་ཡོང་བ་མི་ཤེས་པའི་རླུང་རྟའི་ཤོག་བུ་བསྲེགས་པའི་དྲི་མ་ཞིག་སྣ་ལམ་དུ་འཐུལ་ཡོང་། དེའི་ཀློང་དུ་སྣག་ཚ་མེ་ཡིས་ཚིག་པའི་དྲི་མ་ཞིམ་པོ་ཞིག་ཀྱང་འདུག དེ་ནི་ཚེས་བཅོ་ལྔ་ཡིན་པའི་བརྡ་རྟགས་ཤིག་རེད། གཞི་བདག་མི་མ་ཡིན་པའི་རིགས་དག་སྐབས་འདིར་ཕྱོགས་ཀུན་ནས་འཛོམས་ཡོང་། མིག་གཅིག་ཅན། མིག་གཉིས་ཅན། མིག་གསུམ་ཅན། ཐ་ན་རྟ་ནག་ཅན་དེའང་།
  ཁྱོད་ཚོ་དཀར་ཕྱོགས་པ་ཡིན་ནམ་ནག་ཕྱོགས་པ་ཡིན། འདི་ནི་ཨ་མ་གཡུ་སྒྲོན་གྱིས་གཞི་བདག་ལྷན་ཚོགས་རེ་རེའི་སྐབས་སུ་ཡང་དང་སྐྱར་དུ་འདྲི་སྲིད་པའི་ཚིག་ཅིག་ཡིན། དེ་ལ་ནང་དོན་སྣ་མང་ལྡན་ཡང་ཛ་དྲག་དང་སྐྱི་གཡའ་དགོས་པ་གང་ཡང་མིན།
  ང་པེ་ཅིན་ནས་ཁྱེད་ལ་བལྟ་རུ་ཡོང་བ་ཡིན། པེ་ཅིན། རྒྱང་ཐག་རིང་བའི་གྲོང་ཁྱེར་ཆེན་པོ་ཞིག
  ཨ་མ་གཡུ་སྒྲོན་གྱིས་ཚ་གྲང་རན་པའི་ཁྲག་ཕོར་བ་གང་བཙན་གྱིས་འཐུངས་རྗེས་རྐང་གླིང་དེ་དལ་གྱིས་བུས་བྱུང་། དེའི་སྒྲ་དབྱངས་སྙན་མོའི་ཁྲོད་ཚེས་བཅོ་ལྔའི་ཟླ་བ་དཀར་ཞིང་སྒོར་བ་ཞིག་ཀྱང་ནུབ་ཕྱོགས་ཀྱི་མཐའ་མཁའ་ནས་ག་ལེར་ཡར་འཕགས་བྱུང་། དེ་ནི་གཞི་བདག་ག་གེ་མོའི་མིག་གཅིག་དང་འདྲ་ལ། དེ་ནི་ཨ་མ་གཡུ་སྒྲོན་ལང་ཚོ་མའི་དུས་སྐབས་ཀྱི་མྱོས་བུམ་ཡ་གཅིག་དང་ཡང་ཡོངས་སུ་མཚུངས། ཟླ་བ། ཟླ་བ། ཟླ་བ།
  རླུང་འཚུབ་ཀྱིས་རི་ངོས་མཐོ་སར་ཡོད་པའི་སུ་རུའི་མེ་ཏོག་དང་ལོ་འདབ་ཀྱི་དྲི་མ་ཞིམ་པོ་ཞིག་ཕྱོགས་གང་སར་འཐུལ་བར་བྱས། དེ་ནི་མཆོད་སྦྱིན་སྟེགས་བུའི་སྟེང་གི་རྟ་དཀར་པོ་རྔོག་མ་ནག་པོ་ཅན་དེའི་ལུས་པོ་མེ་ལྕེས་བསྲེགས་པའི་འཚིག་དྲི་དང་ཧ་ཅང་མཚུངས། དེ་དུས་གཞི་བདག་དང་རྒྱལ་བློན་ཚོས་མནའ་སྐྱེལ་སྲོལ་ཡོད། མནའ། མནའ། མནའ།
པེ་ཅིན། པོ་ཏ་ལ། པེ་ཅིན། པེ་ཅིན། པོ་ཏ་ལ། དེ་ནི་རྐང་གླིང་གི་འགྱུར་ཁུག་གིས་སྙོབས་ཐུབ་ས་ཞིག་མ་རེད། ཐ་ན་རླུང་འཚུབ་དྲག་པོས་ཀྱང་གཡོ་ཐུབ་པ་ཞིག་མ་རེད། ཨ་མ་གཡུ་སྒྲོན། ཨ་མ་གཡུ་སྒྲོན། རྒྱང་རིང་ནས་རི་སྤྱང་ཚོས་ཟླ་བར་གདོང་གཏད་དེ་འོ་དོད་སྣ་ཚོགས་འབོད། དེ་ནི་ས་གཞི་དང་ནམ་མཁའི་སྦྲེལ་ཐག་ཅིག་རེད། དེ་ལ་དམུ་ཐག་ཀྱང་ཟེར། དམུ་ཐག དམུ་ཐག དམུ་ཐག
  དུས་དེབ་ཅིག་གི་མདུན་ཤོག་སྟེང་ཨ་མ་གཡུ་སྒྲོན་གྱི་འདྲ་པར་མངོན་བྱུང་། དུས་དེབ་དེའི་ཤོག་བུ་དང་ཚོན་མདོག་ནི་ཀྲུང་གོའི་བོད་ལྗོངས་དང་ཆེས་འདྲ་ལ། ནང་ངོས་ཀྱི་དབུ་ཁྱུད་དང་བཞི་ཤད་ལ་བལྟས་ན་རྡ་སའི་ལྗང་མྱུག་དུས་དེབ་དེ་དང་ཡང་འདྲ།
  རླུང་འཚུབ་ཁྲོད་ནས་ས་རྡུལ་ཡང་ཡང་བབས་ཤིང་། རྡུལ་ཕྲན་རེ་རེའི་སྟེང་དུ་དཀར་སེར་དམར་ལྗང་གི་འོད་ཟེར་འབར། དེས་མུན་ནག་གི་འཇིག་རྟེན་ཆེན་པོ་དེར་གསོན་ཤུགས་བླ་ན་མེད་པ་ཞིག་སྦྱིན། དེ་ནི་རྣམ་ཤེས་ཁྱུ་ཞིག་འཇིག་རྟེན་ཕ་རོལ་ནས་འཕུར་འོངས་པ་དང་ཡང་འདྲ། ཁྱེད་ཀྱིས་འོད་ཟེར་དེ་དག་ཨ་མ་གཡུ་སྒྲོན་གྱི་གའུའི་སྟེང་གི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཁྱད་མཚར་དེ་ཚོ་ཁོ་ནའི་ངོས་སུ་གསལ་ཙམ་ཡལ་ཙམ་བྱེད་པ་མཐོང་ཐུབ། དཀར་སེར་དམར་ལྗང་། དཀར་སེར་དམར་ལྗང་། དཀར་སེར་དམར་ལྗང་།
  ཡ་མཚན་ཆེ་བའི་རི་ཚོགས་ཀྱིས་ས་གཞི་ཆེན་པོ་ལྗིད་ཀྱིས་མནན་བྱུང་། ཨ་མ་གཡུ་སྒྲོན་གྱིས་མ་ཎིའམ་བཛྲ་གུ་རུ་ཤབ་ཤུབ་ཏུ་ཟློ་བཞིན་འདུག མོའི་སྤྱི་གཙུག་གི་ཁབ་ཀྱི་རྩེ་མོའི་ཚད་ཙམ་ཡོད་པའི་ཨི་ཁུང་དེ་ལས་འོད་དཀར་པོ་ཞིག་རྨུ་ཐག་དང་འདྲ་བར་ནམ་མཁའི་གཏིང་རུམ་དུ་ཟུག དེས་མོ་དང་ཆེས་རྒྱང་རིང་གི་དག་པའི་ཞིང་ཁམས་ཤིག་ལྷན་དུ་སྦྲེལ་ཟིན། ཡིན་ཡང་མོས་དེ་ལ་དོ་སྣང་ནམ་ཡང་བྱེད་མ་མྱོང་། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་འདྲ། མོས་འདི་ལྟར་བསམ་བཞིན་ཡོད། སྐར་ཚོགས་ཁྲ་ཆིལ་ལེར་ནུབ་ཕྱོགས་སུ་གཤར་མགོ་བརྩམས། དེ་ནི་ཕ་ལམ་གྱི་སྡེར་མ་ཆེན་པོ་ཞིག་གི་ངོས་ནས་མུ་ཏིག་རྡོག་པོ་དུ་མ་ཞིག་གཞོག་གཅིག་རུ་ཤུད་པ་དང་འདྲ། སྐར་ཚོགས། སྐར་ཚོགས། སྐར་ཚོགས།
  ཨ་མ་གཡུ་སྒྲོན་མེས་པོ་གོང་མ་ཞིག་གིས་ཕྱི་རབས་པར་གནང་བའི་སློག་རྙིང་དེའི་ནང་དུ་གཉིད་ཟིན། དེ་ནི་ཧ་ཅང་ཞི་འཇམ་ཞིག་དང་བག་ཡངས་ཤིག སྤྲིན་པ་ཞིག་རི་ལྡེབས་སུ་ཉལ་བ་ལས་ཀྱང་ཆེས་མཛེས་ཤིང་འཇོ་སྒེག་གིས་བརྒྱན། མོའི་སྔུར་བ་ཡང་མོའི་ཁྲོད་དུ་འོ་ཞོའི་དྲི་ངད་ཀྱང་སྐབས་རེར་ཚོར་ཐུབ། རིམ་བཞིན་མོའི་ལུས་ཡོངས་རང་བྱུང་ཁམས་ཆེན་པོར་ཐིམ་མགོ་བརྩམས་བྱུང་། སྤྱི་ལེ་དུང་ཕྱུར་གྱི་བར་ཐག་ཡོད་པའི་ཆེས་རྒྱང་རིང་ནས་སྐར་མདའ་ཞིག་གིས་ནམ་མཁའི་ཕྱེད་ཀ་ཚལ་བུར་གཤགས་སོང་། སྐར་མདའ། སྐར་མདའ། སྐར་མདའ། 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་འཚུབ་ཐེངས་ཤིག་ལྡངས་རྗེས།

2016-01-01 ཀླུ་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།