ནད་དང་མིག་ཆུ།

  སྒེའུ་ཁུང་ལས་ཕྱི་རོལ་གྱི་ཉི་འོད་ངའི་མལ་ཁྲི་རུ་ལམ་ལམ་འཕྲོ་ཞིང་བདག་གིས་ཅིས་ཀྱང་མགོ་བོ་དགྱེ་ནས་སྒེའུ་ཁུང་ལས་ཉི་མ་ཧྲིལ་བོ་དང་ནམ་མཁའ།ད་དུང་མཐའ་འཁོར་གྱི་ཁོར་ཡུག་ལ་མིག་གིས་རོལ་མྱོང་ཐེངས་ཤིག་བྱ་ན་འདོད་བྱུང་།ཟླ་ངོགས་གཉིས་ཀྱི་རིང་ལ།ང་ནི་བཙོན་མ་མིན་པའི་བཙོན་མ་ལྟ་བུར་མལ་ཁྲི་དང་ལྷན་དུ་འཚོས་པ་ཡིན།ཨ་ཕའི་ངོ་གདོང་ནག་ཡེར་བ་ནས་རིམ་གྱིས་དཀར་སྨུག་ཏུ་གྱུར་ཞིང་ཁང་མིག་གྲུ་བཞི་ཇེ་དོག་ནས་ཇེ་དོག་ཏུ་གྱུར་བའི་སྐྱོ་ངལ་སེམས་ཀྱིས་མྱངས།རེད་དེ།བདག་གི་གཏམ་རྒྱུད་ཀྱི་བྱུང་བ་དེ་འདྲ་སླ་བོ་རང་ག་རེ་ཡིན་ནམ།
  ཉི་མ་དེར།ང་རང་གིས་དགེ་རྒན་ལ་ངུ་ཞོར་གནང་བ་ཞུས་ཤིང་ཨ་ཕ་ལགས་ལ་ཁ་པར་བཏང་དོན།"ངའི་ཕོ་ན་ན་བས།ང་རང་སྨན་ཁང་དུ་འགྲོ་དགོས།ན་བ་དེ་སྔོན་ཆད་ལས་ཐུ།"
  ཨ་ཕ་ལགས་འཕྲུལ་རྟ་ལ་བཅིབས་ནས་སྒར་འདབས་ལ་ཐོན་ཞིང་ང་རང་དེ་ལྟར་རྫོང་སྨན་ཁང་དུ་སོང་བ་ཡིན།
   "ཞིང་ཆེན་སྨན་ཁང་དུ་འགྲོ་དགོས་འདུག འདི་ནས་ནད་ངོས་གསལ་བོ་ཟིན་གྱི་མ་རེད།"
   ང་རང་གི་ཕོ་བའི་ནང་དུ་ཅི་ཞིག་འཛུལ་ཡོད་པ་ཡིན་ནམ།སྔོན་ཆད་ཕོ་བ་ནི་གུ་རེ་ན་ནའང་།དེ་ནི་ད་ཐེངས་འདྲའི་སྡུག་པོ་གཏད་ནས་མིན།··· ···
  ཉིན་གུང་དེར།ཕ་ལགས་ཀྱིས་འགྲོ་ཆས་བསྒྲིགས་ཤིང་ངེད་གཉིས་སྒེར་གྱི་རླངས་འཁོར་ཆུང་བ་ཞིག་ལ་བསྡད་དེ་ཁྲི་འདུ་རུ་བསྐྱོད་པ་ཡིན།ལམ་བར་དུ།ན་ཟུག་གིས་ང་རང་ལ་མིག་ཆུ་སློང་རྐྱང་བྱེད་ཀྱང་དྲན་པ་ཡམ་ཡོམ་དུ་གྱུར་པས།ཁ་ལོ་པ་དང་ཨ་ཕ།ད་དུང་གཞན་པ་ཅག་གིས་ཅི་ཞིག་སྨྲས་པ་བདག་གིས་ཡེར་མི་དྲན་ཞིང་ལམ་བར་གྱི་ན་ཟུག་དེས་ད་ལྟའང་ན་ཟུག་ཅེས་པའི་ཡིག་འབྲུ་གཉིས་སེམས་སུ་འཁོར་ཚེ་ལྟོ་བ་ནས་ལྷོག་གེར་འཕག་གིན་པ་འདྲ།
  ངའི་ཨ་ཕ་རྒྱ་སྐད་ལ་སྐྱོ་ཞིང་ང་རང་དགོན་པ་ནས་ཆོས་ལ་སློབ་པ་ལས་རྒྱ་སྐད་ནི་སློབ་ཆུང་ལོ་རིམ་དང་པོའི་ཆུ་ཚད་དཀྱུས་མ་ཞིག་ལས་མེད་པས།ང་དང་ཨ་ཕ་གཉི་གས་འབྲོག་པའི་ཕ་བུ་གཉིས་ཀྱིས་གྲོང་ཁྱེར་འགྲིམ་པའི་སྐྱོ་གར་ཞིག་འཁྲབ་ཡོད་ཀྱང་སྲིད།གང་ལྟར།ངས་ད་ལྟ་འབྲི་ཐུབ་པ་ནི་ང་རང་མལ་ཁྲི་འདིར་ལོག་པའི་སྐབས་དེ་རེད།
  "སྐྱོན་མི་འདུག གློ་བའི་ནད་ཙམ་རེད།ཉིན་ཤས་ཀྱིས་དྲག་འགྲོ་བ་རེད།"ཨ་ཕས་མུ་མཐུད་དུ།"གནང་ཉིན་ཨ་མ་དང་ནུ་བོ་གཉིས་ཁྱོད་རང་ལ་ལྟ་རུ་ཡོང་རྒྱུ་རེད"ཟེར།  ཕྱི་དྲོ་ཞིག་ལ།ཨ་མ་ང་རང་གི་འཁྲིས་སུ་བསླེབས་ནས་ཡོད་ཀྱང་མིག་ཆུའི་ཐིགས་པ་བཅུ་གཉིས་རང་དབང་མེད་པར་འཛགས་སོང་།ང་རང་མལ་ཁྲི་ནས་སད་ཙམ་ཡིན་པས།ཨ་མ་ཐོན་མ་ཐག་ཏུ་དེ་འདྲའི་ངུ་བར་ཡ་མཚན་ཞིང་སེམས་པ་བློང་བློང་བོར་གྱུར།དག་དག་སྐར་ཆ་བཅོ་ལྔ་ཙམ་འགོར་རྗེས།"མ་ལོ།ཅི་འདྲ་རེད་དམ།ན་ཟུག་ཡོད་དམ།"ཨ་མས་མིག་ཆུ་འབྱིད་ཞོར།"ཟ་མ་ཟ་མོས་ཡོད་དམ།ཅི་ཞིག་ཟ་འདོད་འདུག···"ཅེས་མ་ལགས་ཀྱིས་དྲི་བ་མང་པོ་རང་བཏོན་བྱུང་བས།ངས་ཅི་ཞིག་ལ་ལན་གདབ་དགོས་པའང་མ་ཤེས་པར་ཨ་མ་ལ་ཅེར་ནས་བསྡད་པ་ཡིན།དེ་ཙམ་དུ་ནུ་བོས་ང་རང་ཆེས་རྩེ་བར་དགའ་བའི་བོའུ་ནག་པོ་ཞིག་བཟུང་ནས་ངའི་འགྲམ་པར་བཅར་བྱུང་།ང་རང་དགའ་བ་དང་ངལ་དུབ་ལ་བསྡོངས་ནས་ནུ་བོར་འཛུམ་པ་ཡིན།ནུ་བོས་ང་རང་ལ་ཨ་བོ་༼ཡུལ་སྐད་དེ་ཕུ་བོའི་དོན།༽ཞེས་འབོད་ཀྱིན་བོའུ་ནག་པོ་དེ་ངའི་སྔས་མགོ་རུ་བཞག་ཅིང་ངས་ཤེད་ཤུགས་ཆེ་རུ་བཏོན་ནས་བོའུ་ལ་ལག་པ་སྲིང་དུས།མིག་ཟུང་ལས་ཨ་ཕའང་སྒེའུ་ཁུང་འགྲམ་དུ་ནམ་མཁའ་ལ་ཅེར་ནས་ངུ་བཞིན་པ་མཐོང་བྱུང་།
  ཉི་མ་ག་ཙམ་འགོར་བ་མ་ཤེས་ལ་ང་རང་གི་ཤེད་ཤུགས་ཇེ་ཞན་ནས་ཇེ་ཞན་དུ་གྱུར་ཏེ་དབུགས་ལེན་པ་དང་ཡར་འགྲེང་བ་ལའང་ངལ་བ་ཆེན་པོ་འདུག ཀླད་པའི་དཀྱིལ་གྱི་སྐྲ་ལོ་རིམ་གྱིས་འཐོར་ཞིང་སེམས་སུ་ད་ནི་ང་རང"ཞེ་ནག་ཀླད་དམར"ཞིག་ཏུ་གྱུར་སོང་བ་རེད་དམ་སྙམ།ངས་ཨ་ཕ་ལ"ཅི་བྱུང་བ་རེད་དམ"ཞེས་དྲིས་པར།"ཁབ་བརྒྱབ་པས་རེད།མི་འགྱང་བར་དྲག་འགྲོ་ངེས་རེད"ཟེར།ང་རང་གིས་དེ་སྔོན་ང་རང་ལ་ཁང་བ་གཞན་ཞིག་ནས་ཁབ་བརྒྱབ་པ་དྲན་ཞིང་ཤེལ་ཁང་ཆུང་ངུ་ནས་ཅིག་ཅིག་༼ཅི་ཞིག་བྱས་པ་ངས་མི་ཤེས།ངས་ཨ་ཕ་ལའང་མ་དྲིས༽བྱས་པའང་དྲན་བྱུང་།
  ནམ་རྒྱུན་ཨ་ཕས་ང་རང་ལ་འབྲས་ཐུག་ཤ་མེད་དང་བྱེ་ཐོ།གོ་རེ་རེ་བཟའ་རུ་འཇུག་པ་ལས་གཞན་ཅི་ཡང་མ་བཟས་ལ་ངས་ཨ་ཕ་ལ་བཟའ་དགོས་ཚུལ་ཀྱང་ཅི་ཡང་མ་སྨྲས།
  ཡང་ཉིན་ཞིག་གིས་དགོང་མོར་ང་རང་གིས་ཨ་མ་ལ་ངས་སྟབས་བདེ་ཐུག་པ་འཐུང་འདོད་ཅེས་ཞུས་པར།"མ་ལོ།སྨན་པས་བཤད་ན།ཁྱོས་སྟབས་བདེ་ཐུག་པ་འཐུང་མི་ཉན་ཟེར།དེས···"ཨ་མའི་རྗོད་མཚམས་ཨ་ཕས་བཅད་དེ།"ཁྱོད་ཀྱིས་སྟབས་བདེ་ཐུག་པ་དང་སྐྱེམས་རིགས།ཁ་ཚའི་རིགས་གང་ཡང་བཟའ་ཆོག་གི་མ་རེད།ཉུང་ཙམ་ཡང་བཟའ་ཆོག་གི་མ་རེད།ད་དུང་ལོ་བཅོ་བརྒྱད་ལ་ཐོན་རག་བར་དུ་དེ་དག་བཟའ་ཆོག་གི་མ་རེད།"ཨ་ཕའི་ངར་སྐད་ལ་བྱམས་བརྩེ་འདྲེས་པའི་གཏམ་དེས།ང་རང་ལ་མཚར་སྣང་དང་སྐྱོ་ངལ་ཅིག་ཅར་དུ་སྤྲད་ཀྱང་མུ་དེར།"ཅིས་རེད་དམ"ཞེས་དྲིས་པ་ཡིན།
  "ཁྱོད་རང་ལ་གློ་ནད་ཕོག་པས་རེད།"
   "ན་ནིང་བསྟན་འཛིན་ཆོས་འཕེལ་ལ་གློ་ནད་ཕོག་ནའང་།ད་ནི་ཁོས་ཅི་ཡང་བཟའ་ཆོག་གིན་འདུག་པ་ཅི་རེད་དམ"
  "ཁོས་སྨན་པའི་ཁ་ལ་མ་ཉན་པ་རེད"
  "དེ་འདྲ་ཞིག་ཡིན་མི་སྲིད"ང་རང་སྐྱོ་བ་ནས་ཁྲོ་བ་ལ་སྡེབ་སྟེ་བརྗོད་པ་ཡིན།
  ཨ་མ་ལགས་འཇམ་ཅག་གེར་ངུས་བྱུང་།ཁས་ཉིན༼ཐོག་མར་ང་རང་མཐོང་དུས༽དང་འདྲ་བར།ཨ་ཕའང་ཁ་ཕྱིར་འཁོར་སོང་།ངས་ཁོང་གི་ལག་པས་རང་གི་མིག་མཐའ་བྱིལ་བྱིལ་བྱེད་པ་མཐོང་ཞིང་ནུ་བོ་ཨ་མ་ལ་ཅེར་ནས་ངུས་ཐོན།ང་རང་ཡང་ངུས་པ་ཡིན།དགོང་མོ་དེར།མིག་ཆུ་དང་ངུ་སྐད་ཤབ་ཤུབ་ནི་ངེད་ཚང་གི་ནུབ་ཟས་སུ་གྱུར།
  ཉི་མ་དེའི་རྗེས་ནས།ངའི་ནམ་རྒྱུན་ང་རང་ལ་དོན་དངོས་ནད་ཅི་ཞིག་ཕོག་པ་ཡིན་ནམ་སྙམ་ནས་སྐབས་སྐབས་སུ་ཨ་ཕ་དང་ཨ་མ་གཉི་ག་ལ་དྲིས་པ་ཡིན།འོན་ཏང་།ཁོང་གཉིས་ཀྱིས་གློ་ནད་རེད་ཟེར་བ་ལས་ཅི་ཡང་མི་སྨྲ།
  ང་རང་གཉིད་དུ་ཡུར་མ་ཡུར་བའི་བར་གླགས་ཀྱི་མཚན་གུང་ཞིག་ལ།ཨ་ཕ་ནང་དུ་ཐོན་ཞིང་ཨ་མ་དང་ཁ་བརྡ་གློད་བྱུང་།ང་རང་གིས་མང་པོ་ཞིག་གསལ་བོར་མ་ཐོས་ནའང་།ཨ་མ་ངུ་ཤམ་བྱེད་པའི་སྒྲ་ནི་ཨ་མཆོག་ཏུ་འཁྲུལ་རྒྱུ་མི་འདུག་ཀྱང་ཨ་ཕས་ཁ་ནས་སྒོར་མོ་ཅིག་ཅིག་དང་སྒོར་མོ་ཉིག་ཉིག་ཅེས་བརྗོད་ཀྱིན་པའང་ཐོས་བྱུང་།
  རྨོངས་པ་དང་རེ་སྒུག ཡི་ཆད་དང་སྐྱོ་ངལ་ཁྲོད་ང་རང་མལ་ཁྲི་རུ་ལོག་ནས་ཡུན་རིང་འགོར་ཞིང་ཟས་ཀྱི་དང་ག་དང་ཀུ་རེའི་བྲོ་བ་གང་ཡང་མི་འདུག ངས་སུ་ལའང་ཁ་གྲགས་པར་མི་འདོད་ཀྱང་ཐ་ན་ཨ་ཕས་ཅི་ཞིག་སྨྲ་བ་དང་ཨ་མས་གང་ཞིག་འདྲི་བ་ལ་ཡང་ལན་མ་གདབ།
  ཟླ་ལྔ་བ་བསླེབས་བྱུང་།ཨ་མ་ལགས་དབྱར་རྩ་དགུན་འབུར་འགྲོ་རྒྱུ་བྱས་ཤིང་ནུ་བོའི་གནང་ཞུའི་ཉིན་གྲངས་ཀྱང་ལོང་གིན་པས།མ་བུ་གཉིས་ཕ་ཡུལ་ལ་ལོག་སོང་།མ་སོང་བའི་སྔ་རོལ་གྱི་དགོང་མོ་དེར།ཨ་མས་ང་རང་ལ་ཁ་ཏ་མང་པོ་བྱས་སོང་།མཇུག་མཐར་མིག་ཆུའི་ཐིགས་པ་མང་པོ་ལྷུང་ཞིང་ཐོག་མའི་ཐུག་འཕྲད་སྐབས་ཀྱི་མིག་ཆུའི་ཐིགས་པ་ལས་ལྡབ་གསུམ་གྱིས་མང་བ་འདུག ཞོགས་པར་ང་རང་སད་དུས།ཨ་མ་ལགས་དང་ནུ་བོ་གཉིས་སྔ་ས་ནས་སོང་ཟིན་འདུག ཨ་ཕ་ངའི་འགྲམ་དུ་ནམ་རྒྱུན་བཞིན་བསམ་གཞིག་ལ་སྲོག་གི་དབང་པོའང་ཞུགས་ནས་གདའ་ཞིང་ང་རང་ལ་ལྟ་བཞིན་སད་བྱུང་ངམ་ཞེས་དྲིས་བྱུང་།
  "ཨ་ཕ།ནམ་ཞིག་ལ་ང་རང་སྨན་ཁང་ནས་འབུད་ཆོག་པ་རེད་དམ།"སྒེའུ་ཁུང་ལས་ཉི་འོད་མི་འཕྲོ་བའི་ཉི་མ་ཞིག་ལ་ངས་དེ་ལྟར་དྲིས་པ་ཡིན།"ད་མི་འགྱང་བར་འབུད་ཆོག་གི་རེད"ཅེས་ཨ་ཕས་ཆེས་སྤྱིར་བཏང་ཡིན་པའི་ཉམས་ཞིག་གིས་དེ་ལྟར་བཤད་པས།ངའི་སེམས་སུ་རློམ་ཐབས་རྩ་ནས་མ་བྱུང་།
  ཉི་མ་རེ་རེ་དུས་ཚོད་སུམ་ཅུ་སོ་དྲུག་གི་ཚུལ་དུ་གོག་ནས་བསྐྱོད་ཀྱང་ངས་སྔར་བཞིན་བདུན་ཕྲག་གཉིས་ཀྱི་ནང་དུ་ཁང་བ་གཞན་ཞིག་ནས་ཁབ་རེ་རྒྱག་རྒྱུར་སྒུག་ཀྱང་མལ་ཁྲི་ལས་གདགས་སྲིབ་གཉི་ག་གཞི་གཅིག་ཏུ་བསྲེས་ནས་ཉི་མ་བསྐྱལ།
  ནུབ་ཅིག་ལ།ངའི་རྨི་ལམ་ནས་ང་དང་ནུ་བོ་གཉིས་ཀྱིས་ཆུ་རྩེད་བྱེད་ཀྱིན་པ་རྨིས་བྱུང་།
  "ངའི་ཆུ་བོའུ་ཁྱོད་ལས་ཆུང་།"
  "ཁྱོད་ང་ལས་ལོ་ཆུང་བས་རེད།"ངས་ཁོ་ལ་དེ་ལྟར་ལབ་ཀྱང་ནུ་བོས་ཀྱང་དེ་ལ་བདེན་པར་སྙམ་མམ་རེ་ཞིག་ལ་ཅི་ཡང་བརྗོད་མ་བྱུང་།
  ངེད་གཉི་ག་ཐང་ཆད་དེ་ཁྱིམ་ལ་སོང་ནས་བརྙན་འཕྲིན་ཁ་ཕྱེས་པར།ཨ་མས་ང་རང་ལ"ད་སྒར་ལ་སོང་།ཉིན་རྒྱུན་ཡུལ་ལ་འདུག་ནས་ཁྱོད་རང་གཡག་བཤའ་རྒད་པོ་བྱེད་འདོད་པ་རེད་དམ།"མུ་མཐུད་དུ་ནུ་བོར་ཅེར་ནས་སྨྲས་པ"ཁྱོས་ཀྱང་ལས་བྱ་ཕྲིས།སང་ཉིན་སློབ་གྲྭར་འགྲོ་དགོས་པ་མ་རེད་དམ།"ཟེར།ཨ་མས་ང་རང་ལ་འགྲོ་བཅས་ཉུང་ཙམ་བསྒྲིགས་ནས་མངགས་སོང་།
  ང་རང་མི་འདོད་བཞིན་ཡུལ་དང་གྱེས་ནས་ངོ་ཤེས་ངོའི༼ངའི་ཕ་ཡུལ་གྱི་ལ་ཞིག་གི་མིང་།༽ཤུལ་ལམ་བརྒྱུད་དེ་སོང་བ་ཡིན།ཆུ་འགོ་ཆུང་ངུའི་འགྲམ་ནས།ངས་ཨ་ཕ་ལགས་གང་ཞིག་ནས་གྲགས་ཀྱིན་པ་ཐོས་ཤིང་ཡས་མས་ལ་བལྟས་བལྟས་ནའང་ཕ་ལགས་མཐོང་མ་སོང་།
  "ཞི་ལུ་ད་རུང་ནད་པ་ཁ་མལ་ནས་འདུག"
  ······
  "ད་མོ་ཡིག་ལས་ཇི་ལྟར་བསྟན་ན་དེ་ལྟར་བྱེད།རིན་པོ་ཆེ་འཁྲུལ་རྒྱུ་མེད"
  ······
  "··· ···"
  ང་རང་སད་བྱུང་།མཚན་གུང་ཆུ་ཚོད་བཅུ་གཅིག་ལས་འདའ་ཙམ་རེད།ཨ་ཕས་ང་ལ"ག་རེ་བྱུང་སོང་ངམ།རྨི་ལམ་འཁྲུགས་པ་མིན་ནམ"ཟེར།ངས་དེ་སྔོན་རྨི་ལམ་རྨིས་འདུག་ཨང་སྙམ་ཞོར་ཨ་ཕ་ལ་ཅང་མ་རེད་ཅེས་ལན་བཏབ།དེ་རྗེས་ངས་ཨ་ཕའི་སྐད་ཆ་དེ་དག་རྨི་ལམ་ཡིན་ནམ་དོན་དངོས་ཡིན་བསམ་ཞོར།སྔར་ཡང་གཉིད་ཨེ་ཁུག་བལྟས།
  "ཨ་ཕ།ང་ཡུལ་ལ་ལོག་ན་འདོད"ནམ་ཞིག་གི་ཚེར།ངས་སླར་ཡང་ཕ་ལགས་ལ་དེ་ལྟར་ཞུས་པ་ཡིན།
  "ད་ཉིན་ཤས་ཀྱིས་རྗེས་སུ་ཡུལ་ལ་ལོག་ཆོག
  ང་རང་ལུས་ཀྱིས་ངལ་དུབ་དང་སེམས་ཀྱི་དགའ་སྐྱོ་འདྲེས་མ་ལ་སྡོང་ནས་"ཉིན་ཤས་ཀྱི་རྗེས་"དེར་སྒུག་པ་ཡིན།
  "སང་ཉིན་ཡུལ་ལ་ལོག་འགྲོ"
   ང་རང་བརྟན་མ་གཡོ་ཡི་གོམ་ཚུགས་སུ་འགྲེང་ནས།སྒེའུ་ཁུང་གི་ཡོར་བ་གཡས་སུ་དེད་ཅིང་སྒེའུ་ཁུང་གཡོན་དུ་དྲུད་ནས་ཕྱི་རོལ་ལ་བལྟས་པ་ན།ནམ་མཁའ་ནི་སྨུག་པ་མིན་པའི་སྨུག་པ་ཞིག་གིས་ཡོངས་སུ་བཏུམ་ནས་འདུག་ཀྱང་ཉི་མ་མིག་གི་མཐོང་ཚད་དུ་མེད་ནའང་།ཚ་བ་བཙན་པོ་ཞིག་ངའི་ངོ་གདོང་ལ་ཐད་ཀར་མཆེད་བྱུང་།  ངའི་སེམས་སུ།ནམ་ཞར་སྒེའུ་ཁུང་ལས་འཕྲོས་པའི་ཉི་འོད་ནི་མ་གཞི་འདི་འདྲ་ཞིག་རེད་ཨང་སྙམ།

                                       ༢༠༡༥-༨-༡༢

མཆན། འདི་ཉིད་རང་གི་ནད་ཀྱིས་གདུང་བའི་ཉེ་མི་ཞིག་ལ་ཕུལ་བ་ཡིན། བྱིས་པ་ཁོ་རང་ནད་ལས་མྱུར་ཞིའི་སྨོན་ལམ་འདེབས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནད་དང་མིག་ཆུ།

2016-01-11 ཀུན་དོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།