ཧཱ་པའི་མིག་ཆུ།

  ང་ནི་རྫོང་མཁར་གྱི་ཧཱ་པ་ཆུང་ཆུང་ཞིག་ཡིན། ནམ་རྒྱུན་ཁྱིམ་མཚེས་ཚང་གི་ཧཱ་པ་དང་སྐད་མགོ་སུ་མཐོ་ཡིས་ཁྱིམ་ཚང་སྲུང་གང་ཐུབ་བྱེད་རྒྱུ་ནི་རང་གི་ཚེ་གང་བོའི་འགན་འཁུར་ཡིན་ལ། སྲོག་འཚོ་བའམ་ལྟོ་བ་འགྲང་བྱེད་ཀྱི་ལས་ཀའང་ཡིན། རྫོང་མཁར་འདི་ལ་མཚོན་ན་ཧཱ་པའི་རིགས་ལ་དམའ་འབེབས་བྱེད་སའི་གནས་ཤིག་ཡིན་ཏེ། ཧཱ་པ་དག་ལ་ཁྱིའི་རིགས་ཀྱི་གྲས་ན་གོ་གནས་ཧ་ཅང་དམའ། དེ་གཙོ་བོ་ང་ནི་བྱིས་པའི་རྩེད་ཆས་ལྟ་བུའི་ཧཱ་པའི་རིགས་མིན་པར་རང་ཁྱིམ་ལ་བདག་བྱེད་ཁུལ་བྱེད་མཁན་གྱི་རིགས་ཡིན་པས། ཡག་པ་གཅེས་ཕྲུག་ལྟ་བའི་གྲལ་ལ་མི་ཚུད་ཅིང་སྟོབས་ཅན་བཙན་པོ་དག་གི་གྲལ་ལའང་མི་ཚུད་པས་མཐོང་ཆུང་ངམ་ཟུར་ཟ་མི་ཉོ་ཐབས་མེད་རེད། ཡིན་ནའང་ང་ལྟ་བུ་ལས་ངན་ཁར་ཁེར་ས་འདིའི་གཅིན་སྲུང་དང་སྐྱག་སྲུང་ལ་བསྡད་ཡོད་ནི་རེད། ལས་ངན་ནང་གི་ལས་ཅན་ཞིག་ལ་ཧཱ་པ་དག་འབྲོག་ཁྱི་བཞིན་དུས་རྒྱུན་དུ་ལྕགས་ཐག་གི་སྣེ་ནས་འཚོ་བ་རོལ་མི་དགོས་པ་དེ་རེད། བདག་གིས་ནམ་རྒྱུན་ཁྱིམ་གྱི་རྒྱུ་རྫས་སྲུང་བའི་ཆེད་དུ་མགྲོན་པོ་རྒྱུས་མེད་དམ་མིག་ནང་ལ་མི་རན་པའི་མི་དག་ཡར་འགྲོ་མར་འགྲོ་བྱེད་དུས་མི་འཐད་པའི་ཟུག་སྐད་ཡང་ཡང་འབྱིན་མོད། བདག་མོས་ང་ལ་ཧཱ་ཁྱི་ཁ་རོག་ལ་ཉལ་བསྡད་ན་མ་ནི་ཨེ་རེད་ཟེར་ལ། མགྲོན་པོ་ཚོས་ཀྱང་ཧཱ་ངན་ཁྱོད་སྐྱག་པ་ཟེར་བཞིན་དུ་འགྲོ་བ་རེད། ངའི་བདག་མོས་ད་དུང་འཛུམ་མུལ་མུལ་གྱིས་ཁོ་ཚོར་སྐྱེལ་མ་བྱེད་པ་ང་ལ་མཚོན་ན་ཧ་ཅང་སྙིང་ན་བ་ཞིག་ཡིན་མོད། འོན་ཀྱང་ང་ལ་བསམ་འཆར་དང་རེ་བ་འདོན་དབང་ཞིག་གང་ན་གདའ། དྲང་མོ་བཤད་ན་ངའང་ཉལ་བསྡད་ན་དེ་ལས་སྐྱིད་པ་ཞིག་གང་ན་ཡོད་སྲིད། ད་དུང་བདག་མོ་དགའ་དུས་ངའི་མིང་ལ་བཀྲ་ཁོ་ཞེས་འབོད་ལ། སྡུག་དུས་ཧཱ་ཁྱི་འམ་ཧཱ་ངན་ཞེས་འབོད། ངས་ཀྱང་འབོད་སྟངས་ལ་གཟབ་གཟབ་བྱས་ཏེ་ཚུགས་ཀ་སྟོན་པ་ཡིན། དེ་ལྟར་ལོ་ངོ་དུ་མ་ཞིག་ཆར་རྗེས་ཀྱི་འཇའ་ཚོན་ལྟར་ཡལ་སོང་།
 
  ཉི་མ་དྲོ་ཞིང་སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་པའི་ཉིན་ཞིག་ལ། བདག་མོ་ཕྱི་ལ་ཁྱིམ་ཉུལ་དུ་སོང་བས། ངའང་རང་འགར་རྗེས་སུ་སྙེག བདག་མོས་ང་ལ་ཡོང་མི་ཆོག་པའི་གཤེ་གཤེ་ཡང་ཡང་གཏོང་མོད། ངས་མུ་མཐུད་དུ་རྗེས་ལ་འདེད་ཅི་ཐུབ་བྱས། སྟབས་ལེགས་པ་ཞིག་ལ་ཧཱ་ངན་ཞིག་བདག་མོའི་འགྲོ་སའི་ལམ་ཁ་ན་སྟག་འགྱིང་འགྱིང་བྱེད་ཀྱིན་ཡོང་གིན་འདུག་ལ། བལྟས་ཚོད་ཀྱིས་བདག་མོ་ཕལ་ཆེར་དེ་ལ་སྐྲག་གིན་པ་འདྲ། རྒྱུ་མཚན་ནི་ཁོ་མོས་རང་གི་བུ་ཆུང་བྲང་ཁར་དམ་པོར་བསྡམས་པའི་ངང་ཚུལ་ལ་བལྟས་ན་ཚོར་ཐུབ། ངས་གོ་སྐབས་དེར་བསྟུན་ནས་ཧཱ་ངན་དེའི་སྟེང་ལ་གཡུལ་ས་ནས་དགྲ་དམག་ལ་འཐབ་པ་བཞིན་རྒྱུགས་པས་ཧཱ་ངན་དེ་ཕར་སྐྲོད་ཐུབ་པ་ཙམ་བྱུང་། ཏག་ཏག་སྐབས་དེ་ལ་བདག་མོས་ང་ལ་བཟུང་བའི་རྣམ་འགྱུར་དེའང་སྐད་ཅིག་ཉིད་ལ་འགྱུར་སོང་། ད་ནི་རང་ལ་གཞན་པར་ཁྱིམ་ཉུལ་དུ་འགྲོ་བའི་གོ་སྐབས་ཙམ་རེག་བྱུང་བས། ཡིན་མདོག་གིས་བདག་མོ་དང་མཉམ་འགྲོ་མཉམ་འདུག་བྱས་ཏེ་སོང་། དོན་ངོ་མར་ཁྱིམ་ཉུལ་དུ་སོང་ན་རང་ལ་ཕན་ཁེ་ག་འདྲ་ཡོད་པ་རང་གིས་ཀྱང་མི་ཤེས་པ་མ་ཟད། ཐ་ན་སུ་ཚང་ལ་འགྲོ་བའང་མི་ཤེས་ལ་ལམ་ཐག་གི་རིང་ཐུང་ཀྱང་ཤེས་མ་བྱུང་། ཡིན་ནའང་ང་རང་བདག་མོའི་རྗེས་ལ་འདེད་པར་ཧ་ཅང་དགའ། གང་ལྟར་བདག་མོས་ལམ་དུ་བྱིས་པ་ལ་འོ་མ་ལྡུད་ཙམ་བྱེད་པ་ལས་ངལ་གསོ་མི་བྱེད་པའི་རྣམ་འགྱུར་གྱིས་ཁོ་མོ་འགྲོ་སའི་གནས་དེ་ཐག་རིང་ཞིག་མིན་པ་ཐག་གཅོད་བྱ་ཐུབ།
 
  ངེད་གཉིས་དེ་ལྟར་སོང་སོང་མཐར་རྒྱང་རིང་གི་མཐོང་ཚོད་ཙམ་ན་དུ་བ་དགོང་ལ་འཕྱོ་བཞིན་པའི་ཁྱིམ་གཞིས་ཤིག་མཐོང་ཐུབ་ལ། བདག་མོའི་གོམ་པའི་འགྲོ་ཕྱོགས་ལས་དེ་བ་ཚང་ནི་ཁོ་མོ་རུ་ཉུལ་བྱེད་སའི་ཁྱིམ་ཚང་དེ་ཡིན་པ་ངང་གིས་རྟོགས་ཐུབ། ཁོ་ཚང་ནི་རྫོང་མཁར་དང་ཁ་ཐག་ཉེ་བའི་འབྲོག་ཁུལ་གྱི་ཁྱིམ་ཚང་ཞིག་ཡིན་ཏེ། རྫོང་ནས་རྐང་ཐང་དུ་སོང་ནའང་དུས་ཚོད་གཉིས་ཙམ་གྱིས་ཐོན་ཐུབ། ཁོ་ཚང་གིས་སྲིབ་ན་སུ་རུའི་མེ་ཏོག་མང་བའི་ལུང་མདོ་ཞིག་ན་སྦྲ་གུར་ནང་གི་འཚོ་བ་གསར་བ་ཞེས་མིང་བཏགས་ཡོད་པའི་རས་གུར་གྲུ་བཞི་མ་ཞིག་ཕུབ་ཡོད་ལ། སྒོ་ཁ་ན་ཁྱི་རྒན་རྒྱ་བོ་ཞིག་ཀྱང་བཏགས་འདུག ངེད་གཉིས་ཕ་གི་ལ་ཐོན་རྗེས་དེ་བ་ཚང་གི་ཁྱིམ་བདག་མ་འཛུམ་མུལ་མུལ་གྱིས་སྒོ་ལ་བུད་དེ་མགྲོན་པོར་བསུ་མ་བྱེད་མོད། ཁྱི་རྒན་གྱིས་ངེད་གཉིས་མཐོང་མ་ཐག་དགྲ་བོར་འཕྲད་པ་བཞིན་ལྕགས་ཐག་གི་སྣེ་ནས་བདག་མོ་དང་ངེད་གཉིས་ཀྱི་སྟེང་ལ་མཆོང་ཅི་ཐུབ་བྱེད་ནའང། བདག་མོ་དེ་མ་ཐག་ཏུ་ཁྱིམ་ལ་འཛུལ་སོང་། ང་ནི་ཧཱ་ངན་ཞིག་ཁྱིམ་ལ་འགྲོ་དབང་གང་ན་ཡོད་དེ། ཕ་གའི་དེའུ་འབུར་གྱི་སྟེང་ནས་བདག་མོ་ཕྱིར་ཡོང་བར་སྒུག་ནས་བསྡད། ཁྱི་རྒྱ་བོས་བདག་གི་ཕྱོགས་སུ་ལྕགས་ཐག་གི་མཚམས་ནས་མེ་སྟག་མཆེད་པའི་ཤུགས་འཐེན་འགའ་བྱས་ཀྱང་གཅོད་མ་ཐུབ་པས་སྔར་གནས་སུ་ལྷོད་ཀྱིས་ཉལ། ད་ནི་སེམས་ཀྱི་འཇིགས་པ་སེལ་ཐུབ་པ་ཙམ་བྱུང་བས། ཁོ་མོ་དང་བདག་མོ་གཉིས་ཀྱི་ཁ་བརྡ་ལ་ཉན་འདོད་སྐྱེས་བྱུང་། ཁྱི་རྒྱ་བོའི་རྣམ་པ་ལ་ལྟ་བཞིན་དལ་མོའི་ངང་དེ་བ་ཚང་གི་སྒོ་འགྲམ་ལ་གཅར། ཁོ་མོ་གཉིས་ཀྱི་ཧབ་ཆ་ལ་ཉན་ན་ཁོ་གཉིས་ཀ་མ་གཏོགས་མི་གཞན་མེད་པ་འདྲ། བདག་མོས་དེང་སང་སྐྱིད་པོ་འདུག རས་གུར་འདི་སྟབས་བདེ་ལ་དྲོན་པོ་ཡང་རེད། སྦྲ་ནག་གིས་དགུན་ཁ་རླུང་མི་ཁོག་ལ་དབྱར་དུས་ཆུ་མི་ཚེགས་ད་སྐབས་ཅི་ཡིན་ན་སྟབས་བདེ་རེད་ཡ། འོ་ན་འོ་ན། རས་གུར་འདི་གཅིག་དྲོད་ནོ་ཁང་བ་དང་འདྲ་འདྲ་རེད། དེ་ལྟར་ཡར་བཤད་མར་བཤད་མང་པོ་བྱེད་ཀྱིན་འདུག་ལ། རེ་འགར་ཚོད་མེད་ཀྱི་ཧབ་ཆས་སྔར་ནས་ལྕགས་ཐག་ལས་མགོ་སྦྲ་དབེན་པའི་ཁྱི་རྒན་གྱི་སེམས་ཁམས་ཀྱང་དཀྲུག་གིན་འདུག་པས་གློ་བུར་དུ་ཡར་ལངས་ཏེ་ཁྱིམ་ཕྱོགས་སུ་མི་འཐད་པའི་འབ་སྒྲ་འགའ་འབྱིན་པར་བྱེད། དེ་ལྟར་ཡུན་རིང་ཞིག་འགོར་ཡང་ཁོ་གཉིས་ཀྱི་མགོ་མཇུག་གམ་ཅི་ཡིན་འདི་ཡིན་མེད་པའི་ཁ་བརྡ་ལ་ཚར་རྒྱུ་ཞིག་མི་འདུག ཕྱི་རོལ་གྱི་བསེར་ཁ་རྒོད་པས་ནང་གི་སྐད་ཆ་ལྡབ་ལྡིབ་དེའི་ཚིག་འབྲུ་མི་གསལ་མོད། དེ་བ་ཚང་གི་མག་པ་དང་མནའ་མའི་སྐོར་ཞིག་གམ་རང་རང་ཁྱོ་གའི་དོན་རེ་འཆད་ཀྱིན་པ་རེ་འགར་རུས་མིང་གིས་འཛིན་པ་ལས་མངོན་པར་འོང་། དུས་ཚོད་ནི་ཆུ་བོའི་རྒྱུན་དང་འགྲོགས་ནའང་དེ་རིང་གི་ཉི་མ་འདི་བདག་ལ་མཚོན་ན་ཧ་ཅང་རིང་བར་སྣང་། ད་ནངས་བདག་པོ་སོང་རྗེས་བདག་མོ་གང་ཞིག་ལ་འགྲོ་བར་འཚབ་པས་ང་ལ་ནངས་ཇ་ལྡུད་རྒྱུ་བརྗེད་ལ། བྱིས་པ་ལའང་ལམ་ནས་འགྲོ་ཞོར་དུ་ནུ་མ་བསྣུན། དོན་དུ་འདི་བ་ཚང་ལ་ཁྱིམ་ཉུལ་དུ་འགྲོ་བར་བྲེལ་བ་བདག་གིས་ག་ལ་ཤེས། དགོང་ཕྱི་དྲོའི་ཉི་མ་རྒྱང་རིང་གི་རི་འོག་ཏུ་ནུབ་སོང་ལ། ཕྱོགས་ཕྱོགས་སུ་ལྡང་བའི་མཚམས་སྤྲིན་དམར་བོས་དོ་ནུབ་ཀྱི་ཟླ་བར་མཁར་རྫོང་སྟུག་པོ་ཞིག་བཞེངས་བར་བྲེལ་ཞིང་འཚུབ། དུས་ཡུན་དེ་ཙམ་གྱི་རིང་ལ་ཕོ་བ་གཟེར་ནས་བཀྲེས་ལྟོགས་ཀྱིས་མི་བཟོད་པས་སྒོ་འགྲམ་ལ་གཅར་ཏེ་ཟས་སློང་ཅི་ཐུབ་བྱས་མོད། ཏག་ཏག་སྐབས་དེ་ལ་བདག་མོས་རྩམ་རྡོག་གཅིག་ཁྱེར་ནས་ང་ལ་སྟེར་བྱུང་ལ། ཁོ་མོའང་ཕྱིར་ལམ་ལ་ཆས་འགོ་བརྩམས། དེ་བ་ཚང་གི་ཁྱིམ་བདག་མས་ནུབ་འཚལ་འཐུང་རྗེས་སོང་ན་ཆོག་ཞེས་བདག་མོར་ཡང་ཡང་སྐུལ་ཅིང་། བདག་མོས་མིན།ད་ནི་ངོ་མས་འཐུང་བ་དང་ཁྱད་མེད་ཟེར་ཞོར་ལམ་ལ་ཆས་པས། ཡང་བསྐྱར་དམིགས་ཡུལ་དང་འདོད་འདུན་དབེན་པའི་ཧཱ་ཕྲུག་ང་འགྲོ་ལ་རན་སོང་།

  ས་སྲོད་དེ་ནི་སྤྱིར་བཏང་གི་ས་སྲོད་ཞིག་མིན་པ་ཐང་གི་མི་ལ་བལྟས་ན་མི་ཤེས་ཀྱང་ནམ་མཁའི་སྤྲིན་ནག་ལ་བལྟས་ན་ཤེས་ཐུབ་མོད། འོན་ཏེ་ཚོད་ཚོད་ལ་ཡོང་བའི་ང་ཚོད་ཚོད་དུ་ཕྱིར་ལམ་ལ་ཆས། བདག་མོ་གང་མགྱོགས་ཀྱིས་ཕྱིར་འགྲོ་བར་བལྟས་ན་ཁོ་མོའི་ཁྱོ་ག་ཕྱིར་ཐོན་པར་འཇིགས་པ་ལོས་ཡིན་སྙམ། གང་ཡིན་ཟེར་ན་འབྲོག་ཕྱོགས་ཀྱི་བུད་མེད་དག་གང་འགྲོ་གར་འདུག་རང་ལ་དབང་བ་ཞིག་ཡེ་ནས་མིན་པས་བདག་མོའང་དེ་ལས་མ་འདས། དེ་ལྟར་ཆས་ཀྱིན་པའི་མོད་ལ། ཕ་གའི་ལུང་མདོ་ནས་ཁྱི་རྒན་འགའི་ཟུག་སྐད་ཀྱང་གསལ་ལ་མི་གསལ་བ་ཞིག་སྒྲོག་གིན་འདུག དེ་མ་ཐག་ཏུ་བདག་མོའི་གོམ་ཁ་ཇེ་དལ་དུ་བཞག་སྟེ་ང་ལ་སྒུག་ཅི་ཐུབ་བྱེད། ངས་ས་ཚོད་དེ་ལ་བལྟས་ཙ་ན་ད་ནངས་ཡོང་དུས་ས་སྟོང་ཡིན་པའི་སྤང་ཐང་དེ་རུ་དེ་བ་ཚང་གི་སྦྲ་གུར་དང་ཨ་ན་མ་ན་གསུམ་ཙམ་ཕུག་ཡོད་ལ། རུ་སོ་མ་སྤོར་མ་ཐག་ཡིན་པས་ཁྱི་རྒན་དེ་དག་ཀྱང་བཏགས་མི་འདུག ད་ཅིས་ཀྱང་མི་འགྲོ་ཐབས་མེད་ཡིན་པས། བདག་མོས་བྱིས་པ་རུམ་དུ་བཅུག་སྟེ་འཁུར་ཐག་གིས་བྲང་ཁར་དམ་པོར་བསྡམས་ལ། ས་ནས་རྡོ་གཉིས་བླངས་ཏེ་ལག་པ་གཡས་གཡོན་དུ་བཟུང་ནས་མུ་མཐུད་དུ་མདུན་ལ་སྐྱོད་གྲབས་བྱས། དེ་ཙམ་གྱི་མོད་ལ་ཏག་ཏག་ཁྱི་དག་ཕ་གའི་ལུང་མདོ་ནས་ངེད་གཉིས་ཀྱི་ཕྱོགས་སུ་མདའ་འཕང་བ་ལྟར་ཐོན་བྱུང་བས། ཧ་ཅང་བྲེལ་འཚུབ་སྐྱེས་པ་ཞིག་རེད། ཡིན་ནའང་ད་ནི་བྲོས་འགྲོ་ཟེར་ན་བདག་མོ་དང་བྱིས་པ་གཉིས་ཀ་ཁྱི་ཚོགས་ཀྱི་ཁ་ཟས་སུ་འགྱུར་ངེས་པས། རང་གི་བདག་པོ་སྐྱུར་ནས་བྲོས་སོང་ཟེར་ན་དེ་ལས་ངོ་ཚ་ཞིག་གང་ན་ཡོད་སྲིད། དེ་བས་གཟུགས་མེད་ན་སྤོབས་པ་ཆེ་ཚུལ་དང་སྟོབས་མེད་ན་དཔའ་བོ་ཡིན་མདོག་གིས་ཁྱི་ངན་ཚོའི་གདོང་ལ་བུད། བདག་མོས་རྡོ་གཅིག་རྒྱབ་པ་ཁྱི་མོ་དམར་དམར་མ་ཞིག་གི་མགོ་ལ་ཕོག་པས་ཨེན་ཙམ་མིན་པས་འགྱེལ་སོང་ལ། དེ་མ་ཐག་ཏུ་ཁྱི་མོའི་འགྲམ་གྱི་ཁྱི་རྒན་དེ་ཞེ་སྡང་དང་བཅས་ངར་ཤུགས་ཀྱིས་རྒྱུགས་པར་བདག་མོས་ཡང་བསྐྱར་རྡོ་ཞིག་འཕང་མོད་མགོ་ཐོག་ནས་ཤོར་བས་མཆོང་ལྡིང་གཅིག་གིས་བདག་མོའི་སྟེང་ལ་མཆོངས། བདག་མོས་ལུས་ཕུང་གཟུར་ཞོར་དུ་ལུག་ཚར་ཅན་གྱི་ཕུ་རུང་དེ་གཡུག་པ་ཁྱི་ངན་དེའི་ཁ་ནང་དུ་ཤོར་བས་ཤུགས་འཐེན་གཅིག་གིས་བཅད་ལ། ས་ན་ལྷུང་བའི་ཕུ་ཐུང་ལ་མུར་མུར་འགའ་བྱེད། བདག་མོ་བྲེལ་འཚུབ་གྱིས་བྲོས་པ་རྗེས་ན་ཡོང་བཞིན་པའི་ཁྱི་རྒན་ནག་ཐོས་མཐོང་བས་འབ་སྒྲ་སྒྲོག་གིན་རྒྱུག་བྱུང་། ངས་བདག་མོ་ལ་བྲོས་དང་ངས་ཁྱི་རྣམས་འགོག་ཅེས་བརྡ་ཞིག་རྒྱག་ཞོར་ཁྱི་རྒན་ནག་ཐོའི་རྔ་མ་ནས་བཟུང་བ་ཁྱི་མོ་དམར་དམར་མས་མཐོང་བས་ངའི་རྔ་མར་རྨུག་ལ། ཁྱི་རྒན་ནག་ཐོ་ཡང་བཙན་གྱིས་ཁ་ཕྱིར་འཁོར་བས་ངའི་ཁ་ནང་ནས་རྔ་མ་ཤོར། དེ་མ་ཐག་ཏུ་ངའི་རྣ་ཅོག་གཡོན་པ་ཁ་ནང་དུ་ཤོར་བས་ཨེན་ཙམ་མིན་པས་བཅད། ཏག་ཏག་སྐབས་དེ་ལ་ཁྱི་ངན་ཚང་མ་ང་གཅིག་པའི་སྟེང་དུ་འཚོགས་བྱུང་བས། ཕྱོགས་བཞི་མཚམས་བརྒྱད་ནས་འབ་འུབ་ཟེར་ལ། ལུས་ཀྱི་ཆ་ཤས་རེ་རེས་ནས་ཀྱང་ཟུག་གཟེར་འབྱིན་པས། ཧཱ་ཕྲུག་ངའི་མཆུ་ཏོ་གང་ཞིག་ལ་གཡུག་དགོས་འདུག་ཀྱང་མི་ཤེས་མོད། ཡིན་ནའང་རང་ནུས་ཅི་ལྕོགས་དམུར་ཁ་བྱས་མཐར་ཕར་འབྲོས་ཐུབ་པ་ཙམ་བྱུང་། ད་ནི་ལུས་པོ་ཡོད་ཚད་ན་ཟུག་གིས་ཁེངས་ལ། ཁྲག་གི་བཞུར་རྒྱུན་ག་ས་གང་དུའང་ཡོད་པས། མིག་གིས་ཀྱང་གསལ་བོ་མཐོང་དཀའ། དེ་ལྟར་བཙན་ཚུགས་ཀྱིས་བདག་མོའི་རྗེས་ལ་བལྟས་ཙ་ན། བདག་མོ་སྐྲག་སྣང་གིས་ཕྱིར་ལྟས་བྱེད་ཀྱིན་འབྲོ་བཞིན་པ་ཁྱི་ངན་དེ་དག་གིས་མཐོང་བས། ཧཱ་ངན་ང་སྐྱུར་ཏེ་བདག་མོའི་རྗེས་ལ་རྒྱུག་གྲབས་བྱེད། ད་ནི་བདག་མོའང་ཚར་སོང་བསམ་གྱིན་བཙན་ཚུགས་ཀྱིས་འབ་སྐད་ཅིག་འབྱིན་ཞོར་ཁྱི་མོ་དམར་དམར་མོའི་རྐང་བ་ནས་བཟུང་མ་ཐག་འབ་འབ་འབ་་་་་་་་འབ་འབ་འབ་ཟེར་ཞོར་ཁྱི་ངན་ཚང་མ་ཡང་བསྐྱར་ངའི་མགོ་མཇུག་བར་གསུམ་ལ་འཐམས་ཀྱིན་གཡས་གཡོན་དང་མདུན་རྒྱབ་ནས་འཐེན་པས་རྔ་མ་བཅད་སོང་ལ། རྐང་བ་བཅག རྣ་ཅོག་ཤོ། ཡ་ཁོག་གཤགས་ཏེ་རྒྱུ་མ་ས་རུ་ལྷུང་བས་དྲན་པ་ཡང་རབ་རིབ་ཏུ་སྣང་། ཏག་ཏག་མཚམས་དེ་ལ་ཉེ་འཁོར་གྱི་འབ་སྒྲ་ཡང་ཞི་འཇགས་སུ་བུད་སོང་བས། ད་ནངས་ཡོང་སའི་རྒྱང་རིང་གི་ལམ་འགྲམ་ལ་ལྟ་ཙམ་བྱས་མོད། གསལ་ལ་མི་གསལ་བའི་ས་སྲོད་ཀྱི་གྲིབ་ངོགས་ནས་བདག་མོའི་རྒྱབ་གཟུགས་མངོན་བྱུང་བས། ཕྱིར་དྲན་དང་སྐྱོ་སྣང་གང་ཡིན་མི་ཤེས་པའི་མིག་ཆུ་རྡོག་གཅིག་རང་དབང་མེད་པར་ལྷུང་སོང་།

  བདག་མོའི་སྐད་ཆ་ནི། ཨོཾ་མ་ཎི་པདྨེ་ཧཱུཾ་ཧཱ་པ་དེ་ལྟར་བུད་སོང་བས་ང་སྡོམ་པ་ཞིག་ལ་འདུག་དགོས།

                                                                        རྩོམ་སྒྲིག་པ། སྐྱ་བོ།

                                                                                          (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཧཱ་པའི་མིག་ཆུ།

2016-03-12 གཙང་གྲོལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།