གདོང་མདོག

                            −−−བྱིས་སྒྲུང­༼ བདུད་རྒན་ར་མགོ ༽ལ་གཞི་བཅོལ་ནས་བྲིས།

                                             ༡

ཁོ་ལ་ཡུལ་གཙོ་ཞིག་གི་གོ་གནས་ལས་མེད་ཀྱང་། རྒྱལ་པོ་ཞིག་ལྟར་འགྱེང་ནས་འགྲོ་ཞིང་། མང་ཚོགས་ལ་སྐད་ཆ་ཤོད་སྐབས་ཧ་ཅང་ཁེངས་རློམ་དང་བཅས། ཚིག་བརྗིད་པོ་ཕ་བོང་ལྟ་བུ་འགའ་རེ་འཕེན་ནས་འགྲོ། དེའི་ཕྱིར་མི་རྣམས་ཀྱིས་ཁོ་ལ། རྒྱལ་པོ་ཞེས་པའི་ཟུར་ཟའི་མིང་ཞིག་བཏགས་ནའང་། ཁོར་མཚོན་ན། མིང་དེ་ནི་ཟུར་ཟ་ཞིག་ཏུ་མི་འགྲོ་བར་གཟི་བརྗིད་ཅིག་ཏུ་ལྟ་བཞིན་འདུག

ལྐོག་ནས་མི་རྣམས་ཀྱིས་ཁོ་ལ་དམའ་འབེབ་དང་ཁ་མཐུ་བྱེད་ཀྱང་། ངོས་ནས་མི་སུས་ཀྱང་ཁོ་ལ་ཚིག་ངན་ཞིག་བརྗོད་པ་ལྟ་ཅི། མི་འདོད་པའི་རྣམ་འགྱུར་ཕྲ་མོ་ཙམ་ཡང་སྟོན་མྱོང་མེད། དེ་ནི། མི་རྣམས་ཁོ་ལ་སྐྲག་པ་ཙམ་གྱིས་མིན་པར། ཁོའི་གདོང་མདོག་ནག་པོར་འགྱུར་བར་སྐྲག་པས་ཡིན། ཡང་ན། བདུད་རྒན་ར་མགོ་ལ་སྐྲག་པས་ཡིན། བདུད་རྒན་ར་མགོ་ནི། ཡུལ་འདིའི་ཉི་མ་ནུབ་ཕྱོགས་ཀྱི་བྲག་ནག་ཆུ་ནག་འཐབ་པའི་གནས་དེར་ཡོད་པར་གྲགས་ལ། བདུད་རྒན་ར་མགོ་ལ་ཕོག་ཐུག་སོང་བ་ཡིན་ན། ཡུལ་འདིའི་དཔོན་ཆེན་དེར། སྤྱིར་བཏང་མ་ཡིན་པའི་ཀླད་གཟེར་གྱི་ནད་ཅིག་ཕོག་ནས་ཟུག་རྔུ་བཟོད་བླག་མེད་པ་ཞིག་མྱོང་བར་འགྱུར་ཞིང་། ད་དུང་། ཡུལ་འདིའི་སྤྲུལ་སྐུར་ཞུས་ནས་བདུད་རྒན་ར་མགོ་ལ་ཆོ་ག་མ་བྱས་པར་བསྡད་ན། མི་རིང་བར་ཡུལ་འདིར་ནད་མུག་མཚོན་འཁྲུག་གི་བསྐལ་ངན་ཞིག་འཆར་ངེས་ཡིན་ཞེས་ཟེར།

ཡ་མཚར་དགོས་པ་ཞིག་ཡོད་པ་དེ་ནི། མི་ཞིག་གིས་ཁོའི་མིག་ལམ་དུ་མི་འགྲོ་བའི་བྱས་ཉེས་ཕྲན་བུ་ཞིག་བྱས་པའམ། ཡང་ན། ཁོའི་མངའ་ཁོངས་སུ་ཅུང་འབུར་དུ་ཐོན་པའི་མི་སྣ་ཞིག་འབྱུང་གིན་ཡོད་ན། དེ་མ་ཉིད་དུ་ཁོ་རང་ཉལ་སར་ལྷུང་འགྲོ། དེ་ནི། རྫུ་ཞིག་ཡིན་པ་སུས་མི་ཤེས། ལྷག་ཏུ་ཁོ་རང་ཉལ་སར་ལྷུང་པ་ཁོ་ནར་མི་སུས་ཀྱང་སེམས་ཁུར་བྱེད་འདོད་མེད། འོན་ཀྱང་། ད་ལྟ་ནི། བདུད་རྒན་ར་མགོ་ལ་ཕོག་ཐུག་སོང་ན་རྒྱལ་པོའི་མགོ་ན་བར་འགྱུར་བ་མ་ཟད། རྒྱལ་པོའི་མགོ་ན་ནའང་བདུད་རྒན་ར་མགོ་ལ་ཕོག་ཐུག་འགྲོ་བཞིན་འདུག་ལ། དེའི་རྗེས་ནས་ཁྱིམ་ཚང་ག་གེ་མོའི་མི་ཞིག་གཏན་དུ་ཉལ་སར་ལྷུང་འགྲོ་བའམ། ཡང་ན། ཡུལ་མི་ཚང་མ་གཏན་དུ་ཉལ་སར་ལྷུང་རྒྱུ་ཡིན་པ་གཏན་ཁེལ་ཡིན། དེ་ནི་ཉེན་ཚབ་ཧ་ཅང་ཆེ་བས། མི་རྣམས་རྒྱལ་པོའི་གདོང་མདོག་ནག་པོར་གྱུར་ནས་ཉལ་སར་ལྷུང་བར་འཇིགས་སྣང་སྐྱེ་བཞིན་ཡོད། འོན་ཀྱང་། རྒྱལ་པོ་དང་བདུད་རྒན་ར་མགོ་གཉིས་ལ་དམིགས་བསལ་གྱི་འབྲེལ་བ་འདི་ལྟ་བུ་ཞིག་ཇི་ལྟར་བྱས་ནས་ཡོད་པ། མི་རྣམས་ཀྱིས་གཏན་ནས་མི་ཤེས། གང་ལྟར། ད་ལྟ་རྒྱལ་པོས་རྫུ་བྱེད་པ་ནི། རྫུ་ཙམ་མིན་པར་རྫུ་འཕྲུལ་ཞིག་ཏུ་གྱུར་ཡོད།

                                              ༢

ཐོག་དང་པོར་ཡུལ་སྡེ་འདི་རུ་ཐོན་དུས་གཉོམ་ཆུང་ཆུང་འདྲ་བའི་མི་དེ། ད་ལྟ་འདི་ལྟར། རྫུ་འཕྲུལ་ལྡན་པའི་རྒྱལ་པོ་ངོ་མ་ཞིག་ཏུ་གྱུར་འདུག་མོད། ཁོའི་བུ་མོ་ནི་ཁོ་དང་མི་འདྲ་བར་སྐྱེས་གཟུགས་མཛེས་པའི་ཁར་། རྣམ་ཀུན་གཤིས་འཇམ་གཞུང་དྲང་ཞིག་ཀྱང་ཡིན་པས། མི་རྣམས་རང་ཤུགས་སུ་ཡ་མཚར་ཞིང་དོགས་པའི་གནས་སུ་འཕེན་པར་བྱེད། དེ་ནི་གལ་ཆེན་མ་རེད། འོན་ཀྱང་། ཁོ་མོའི་འོ་མ་ལྟ་བུའི་གདོང་མདོག་དེ་ནི་སུ་དང་ཡང་མི་འདྲ་བར་དེ་འདྲའི་འཇམ་ཞིང་དྭངས་པ་ཞིག་རེད་ཅེས། མི་རྣམས་ཀྱི་གླེང་གཞིར་གྱུར་འདུག

རེད། གདོང་མདོག་གི་སྐོར་ནས་བཤད་ན། རྒྱལ་པོའི་བུ་མོ་མ་ཟད། རྒྱལ་པོའི་ཁྱིམ་ཚང་གི་གདོང་མདོག་ནི་ཡུལ་འདིར་མཚོན་ན་ཁྱད་པར་བ་ཞིག་ཡིན་ངེས་ཏེ། སྔར་གྱི་རྒྱལ་པོའི་ངོ་མདངས་སེར་པོ་དེ། ད་ནི་ནག་པོ་ནས་སེར་ནག་ཏུ་གྱུར་འདུག་ཅིང་། ཁོས་བཤད་སྲོལ་ལྟར་ན། དེ་ནི་ཁྱེད་ཚོའི་ས་འདིའི་ས་བབས་ཧ་ཅང་མཐོ་ལ། ཉི་འོད་དང་ལྷག་རླུང་གིས་ད་གཟོད་ཁོ་རང་ངོ་མདོག་འདི་འདྲ་ཞིག་ཏུ་བསྒྱུར་བ་རེད་ཅེས་ཟེར། གང་ལྟར་རྒྱལ་པོ་ནི་ངོ་མའི་རྒྱལ་པོ་ཞིག་ལྟར། ཁོའི་གདོང་པ་ན། སུ་དང་འཕྲད་ཀྱང་སྤ་བཀོང་བར་བྱེད་པའི་ནུས་མཐུ་ཁྱད་པར་བ་ཞིག་གིས་ཁེངས་འདུག་པ་དང་། དེ་ནི་གཞན་སུ་ལའང་མེད་པའི་ཁ་དོག་གི་ནུས་མཐུ་ཞིག་ཀྱང་རེད།

དེ་བཞིན། ཁོའི་ཆུང་མའི་གདོང་མདོག་ཀྱང་སྔར་དང་མི་འདྲ་བར་དམར་སེར་རམ་ཡང་ན་དམར་ནག་ལྟ་བུ་ཞིག་ཏུ་གྱུར་འདུག་ཅིང་། དེ་ནི་མོ་རང་རྒྱལ་པོར་ཆུང་མ་བྱེད་དུ་འགྲོ་སྐབས་ཀྱི། ཀུ་ཤུ་ཞིག་ཅུང་སྨིན་མགོ་ཚུགས་པ་ལྟ་བུའི་གདོང་མདོག་དམར་པོ་དེ་དང་མི་འདྲ་ཞིང་། སྐབས་དེའི་རྒྱལ་པོའི་ངོ་གདོང་ནས་མངོན་པའི་དམར་པོ་དེ་དང་ཡང་ཅུང་མི་འདྲ་བ་ཞིག་རེད། འོན་ཀྱང་། མི་རྣམས་ཀྱིས། ཁོ་མོའི་ད་ལྟའི་གདོང་མདོག་ནི་སྐབས་དེའི་རྒྱལ་པོའི་ངོ་མདོག་དང་གཅིག་པ་རེད་ཅེས་ཟེར། སྐད་ཆ་དེ་ནི། མཎ་ཕུང་སྐོར་ལམ་ནས་མཆེད་དེ། རི་གདོང་དང་ཆུ་ཕྲན་དག་གིས་རྒྱང་དུ་བཀྱེད་པའི་གྲོང་སྡེ་རེ་རེར་ཁྱབ།

“རྒྱལ་པོའི་ངོ་གདོང་ནི། སོལ་བ་ལས་ནག་ཅིང་། སྐྱག་པ་ལས་ཀྱང་སེར་བ་ཞིག་རེད། ཧ་ཧ་ཧ”

སྐད་ཆ་དེ། འོ་མ་ལྟ་བུའི་གདོང་མདོག་ལ་ཉི་འོད་བཙན་འཕྲོས་པའི་ཕོ་གསར་ཞིག་གི་ཁ་ནས་མཆོང་ལྡིང་རྒྱག་གིན་རྒྱག་གིན། གདོང་མདོག་ནག་སྐྱ་དང་དམར་སྐྱ། སེར་སྐྱས་བཅས་ཀྱིས་གང་བའི་མི་ཚོགས་ཀྱི་ཁྲོད་དུ་ཡར་རྒྱུག་མར་རྒྱུག་འགའ་བྱས་པ་དང་། དེ་ནས། འཇབ་བཞིན་འཇབ་བཞིན་མི་རྣམས་ཀྱི་ཁང་ཆུང་དང་སྦྲ་ནག་དག་ཏུ་འཛུལ་ཏེ་མྱུལ་མྱུལ་བའི་མཐར། ནམ་ཞིག་ན། སྐད་ཆ་དེར་རྫི་གསང་རྣོན་པོར་ཆགས་ཏེ། ཆུ་ནང་ནས་ཉ་མོ་ཞིག་ཐོལ་གྱིས་འཁྱུགས་པ་བཞིན་རྒྱུག་ཐེངས་ཤིག་གིས། རྒྱལ་པོ་དང་ཁོའི་ཆུང་མའི་ཁང་མལ་ཁང་དུ་ཤོར། དེ་ནས། ཉི་མ་འགའ་ཡང་མ་འགོར་བར། སྐད་ཆ་དེ་ནི། རྒྱལ་པོ་དང་འདྲ་བར་རྔམས་ཟིལ་ཞིག་གིས་ཡོངས་སུ་ཁེངས་སྟེ། སླར་ཡང་མ་ཎིའི་སྐོར་ལམ་གྱི་མི་ཚོགས་ཁྲོད་དུ་འོངས་ཤིང་། བདུད་རྒན་ར་མགོ་ཇི་བཞིན་མི་རྣམས་ལ་འཇིགས་སྐྲག་ཚོད་མེད་ཅིག་བསླངས་རྗེས། ཡུལ་འདིའི་དུད་ཁྱིམ་རེ་རེའི་སྒོ་འགྲམ་དུ་འོངས་ནས་ཤིང་སྒོ་ཆུང་ཆུང་དེ་བར་མེད་དུ་རྡུང་བར་བྱེད།

ལྷག་པར་དུ། ལྷ་སྲས་ཚང་གི་ཤིང་སྒོ་དེ་ནི། ཆུང་བའི་ཁར་རྙིང་པ་ཞིག་ཀྱང་ཡིན་པས་ད་ལྟ་གཅོག་གྲབས་བྱེད་ཀྱིན་འདུག དེ་ལྟར་སྒོ་མོ་བར་མེད་དུ་བརྡུངས་པས། མི་རྣམས་ཀྱིས་ཉམ་ཐག་པའི་གདོང་མདོག་སེར་སྐྱ་རེ་ཁུར་ནས་ལྷ་སྲས་ཚང་གི་སྒོ་འགྲམ་དུ་འདུས།

“ལྷ་སྲས། ཁྱོད་ད་ལྟ་ནས་སོང་ལ། རྒྱལ་པོར་འགྱོད་བཤགས་ཕུལ་ཅིག དེ་མིན་ན་རྒྱལ་པོ་ཉལ་སར་ལྷུང་ངེས།”

“ང་མི་འགྲོ། ད་ཐེངས་ངས་རྒྱལ་པོ་ཉལ་ས་ནས་ཡར་ལངས་ཐབས་མེད་པ་ཞིག་བྱེད་དགོས།”

“……”

ཡུལ་མི་ཚོ་ཧ་ལས་ཤིང་ཧོན་ཐོར་བར་གྱུར།

ཁོང་ཚོས་ཐབས་ཤེས་གང་དྲག་གིས་ཇི་ལྟར་ཞུ་བ་ཕུལ་ཀྱང་། ལྷ་སྲས་ཀྱིས་གཏན་ནས་མཉན་པར་མ་ནུས། མི་རྣམས་ཀྱིས་ཁོའི་ངོར་བལྟས་པས། ཁོའི་གདོང་མདོག་ནི། འོ་མའི་རྒྱ་མཚོའི་ཐོག་ལ་ཉི་འོད་བཙན་པོ་ཞིག་ཤེས་ཀྱིས་འཕྲོས་པ་དང་འདྲ་ཞིང་། དེ་ཡང་མཐོང་བའི་མོད་ལ་སྤ་བཀོང་བར་བྱེད་པའི་ཉམས་ཞིག་གིས་ཡོངས་སུ་ཁེངས་འདུག

ལྷ་སྲས་ནི། ན་གཞོན་དར་མ་ཞིག་ཡིན་ལ། ཁོ་ནི། ཡུལ་མི་རྣམས་ཀྱི་སེར་ལམ་ལམ་སྐྱ་ཐག་ཐག་གི་གདོང་མདོག་དེ་འདྲར་མི་དགའ་ལ། རྒྱལ་པོ་དང་ཁོའི་ཆུང་མ་ལྟ་བུའི་གདོང་མདོག་སེར་ནག་དང་དམར་ནག་དེ་ཚོར་ཡང་གཏན་ནས་མི་དགའ། ཁོས་ཁས་ལེན་པའི་གདོང་མདོག་ཅིག་ཡོད་པ་དེ་ནི། མི་རྣམས་ཀྱིས་ཀྱང་སེམས་གཏིང་ནས་ཁས་ལེན་པའི། འོ་མའི་ཁ་ན་ཟླ་འོད་ཕོག་པ་ལྟ་བུའི་གདོང་མདོག་དེ་རང་རེད། གདོང་མདོག་དེ། ཐ་ན་ཁོའི་རྨི་ལམ་དུའང་འཛུལ་ནས་ཡུན་རིང་འགོར་མོད། ཁོས་སུ་ལའང་མ་བཤད་ཀྱང་མ་མྱོང་སྟེ། ཁོས་གདོང་མདོག་དེ་ནི། ཕྱོགས་གཅིག་ནས་བཤད་ན། ཉེན་ཁ་ཞིག་རེད་འདོད་ཀྱིན་ཡོད། རྒྱུ་མཚན་ནི། ནམ་ཉི་མ་ཞིག་ལ། ཁོས་ཡུལ་མི་ཚོའི་གདོང་མདོག་གི་ཁྲོད་དུ། རིན་ཆེན་ཕ་ལམ་གྱི་ཁ་དོག་ཅིག་བསྣན་རྗེས། འཇིགས་པ་མེད་པར་། རྒྱལ་པོ་དང་ཁོའི་ཆུང་མའི་གདོང་མདོག་དམར་ནག་དང་སེར་ནག་དེ་དག་རྩ་བ་ནས་འབྱིད་དགོས་པར་འདོད་ཅིང་། སྐབས་དེར་། འོ་མའི་ཁ་ན་ཟླ་འོད་ཕོག་པའི་གདོང་མདོག་ཅན་གྱི་བུད་མེད་དེ་བརྒྱུགས་འོངས་ནས། ངའི་ཨ་ཕ་དང་ཨ་མ་མི་མཐོང་ཞེས་ངུས་ངུས་ཏེ། མཐར་འོ་མ་ཅན་གྱི་གདོང་མདོག་དེ་ཡོངས་སུ་བསྒྲིབས་ནས། དམར་ནག་གམ། ཡང་ན་སེར་ནག་ཅིག་ཏུ་འགྱུར་ཨེ་འགྲོ་སྙམ་བཞིན་ཡོད། ཁོ་རང་གདོང་མདོག་དམར་ནག་དང་སེར་ནག ཐ་ན། ནག་པོ་ནག་རྐྱང་ཞིག་ཡིན་ཡང་མི་སྐྲག་མོད། འཇིག་རྟེན་ན། གདོང་མདོག་དཀར་པོ་ཞིག་གཏན་ནས་མེད་པར་གྱུར་ཚེ། ཧ་ཅང་སྐྲག་པ་རེད། འོན་ཀྱང་འདི་ལྟར་བསྐྱུར་ན། དེ་ཡང་ཐབས་ཤེས་ཤིག་མིན་པས། ཅིས་ཀྱང་ད་རེས་འགྲན་སློང་ཞིག་བྱེད་དགོས་སྙམ།

“ཨ་ན་ན། ང་ན་ཡིན་འདུག ཡང་སྤྲུ་སྐུར་རིམ་གྲོ་ཞུ་རུ་འགྲོ་དགོས་པ་འདྲ།”

“སྐུ་ངོ། ཡང་ཁྱེད་བདུད་ཀྱིས་བཟུང་བ་མིན་ནམ། ངེས་མ་སྨད་ཀྱི་ལས་འདི། ཧུད་་་ ཧུད་་་”

“ཨ་ཕ། ཁྱོད་གང་ནས་ན་བ་རེད”

“ཀླད་པའི་ནང་ནས་ན་བ་རེད། སྤྲུལ་སྐུ་མ་གཏོགས་འདིའི་ཟློག་ཐབས་སུས་ཀྱང་མི་ཤེས།”

ད་ལྟ། མ་སྨད་གཉིས་ཀྱི་གདོང་མདོག་དེའང་ཅུང་སྐྱ་བོར་གྱུར་འདུག འོན་ཀྱང་། མི་སེར་གཞན་དག་དང་བསྡུར་ན། ཁ་དོག་དེའི་ཁྲོད་དུ་ཡང་ཅུང་མི་འདྲ་བའི་མདངས་སྣུམ་པོའི་ཆ་ཞིག་ཀྱང་ཡོད་པ་འདྲ། ལྷག་ཏུ་རྒྱལ་པོའི་ཆུང་མའི་ངོ་གདོང་ན་དེ་རིང་སེར་ཞད་ཅུང་ཙམ་ཡོད་ན་མ་གཏོགས། དམར་ནག་གི་ཆ་ཞིག་ནི་ཕལ་ཆེར་མི་འདུག་ལ། སྔར་གྱི་དེ་མཐའ་དག་ནི་རྒྱལ་པོའི་ངོ་གདོང་དུ་བྱོ་འདུག་པ་འདྲ།

ཞག་པོ་གསུམ་གྱི་རྗེས་ནས། རྒྱལ་པོའི་གདོང་མདོག་སེར་ནག་དེའི་སྟེང་ནས་ཉི་འོད་གདུག་པ་ཅན་ཞིག་འཕྲོ་བཞིན། གཡོག་པོ་ཞིག་ལ། སྤྲུལ་སྐུའི་བཏང་བའི་འཕྲིན་དེ་ཀློག་ཏུ་བཅུག གཡོག་པོ་དེའི་གདོང་མདོག་ནི་ཁ་དོག་སྣ་ཚོགས་ཅན་གྱིས་གྲུབ་འདུག་ལ། མི་སུས་ཀྱང་ཁ་དོག་དེའི་དབྱེ་བ་དགར་མ་ནུས།  

འཕྲིན་ཡིག་དེ་ནི། སྔར་གྱི་དེ་དག་དང་འདྲ་བར་རྣར་འགྲོ་དཀའ་བ་ཞིག་རེད། འོན་ཀྱང་འཕྲིན་ཡིག་གི་མཐར་སྤྲུལ་སྐུ་ཁོ་ནར་ཡོད་པའི་ཐེལ་རྩེས་མནན་འདུག་ཅིང་། ཡིག་གཟུགས་ཀྱང་གཞན་གང་དང་ཡང་མི་འདྲ་བ་ཞིག་རེད། དེ་བས། མི་རྣམས་འཕྲིན་ཡིག་ལ་ཡིད་མ་ཆེས་རང་ཆེས་རང་ཆེས་སུ་གྱུར་པ་དང་། མཐར་ཁོ་ཚོ་ཚང་མས་ཀྱང་། སྐྱ་ཐལ་ཐལ་གྱི་ཁ་དོག་ཁྲོད་དུ་སྙིང་རྗེ་ལྟ་བུའི་དམར་ཟི་ཅུང་ཞིག་འདྲེས་པའི་གདོང་མདོག་དེ་ལྷ་སྲས་ལ་ཕྱོགས་སོང་།

རེད། ལྷ་སྲས་ཀྱང་། གེགས་སེལ་དུ་མངག་པའི་མགོན་པོ་དང་། རྡོ་རྗེ། བྱང་ཆུབ་དག་དང་འདྲ་བར་གེགས་སེལ་དུ་འགྲོ་དགོས་པའི་དུས་སུ་ཁེལ། ཁོ་རང་གེགས་སེལ་དུ་སོང་ན་ཕྱིར་ཡོང་མེད་པ་མི་རྣམས་ཀྱིས་སྔ་ས་ནས་ཐག་གིས་བཅད་འདུག་ལ། དེ་བཞིན། གལ་ཏེ་གེགས་སེལ་དུ་མ་སོང་ན། ཡུལ་འདིར་ནད་དང་མུ་གེ དམག་འཁྲུག་སོགས་ཀྱི་འཇིགས་པ་ཆེན་པོ་ཞིག་འོང་རྒྱུ་ཡིན་པའང་སྤྲུལ་སྐུ་དང་འདྲ་བར་མི་རྣམས་ཀྱིས་སྔ་ས་ནས་ཤེས་འདུག

ཕྱི་དྲོ་དེར། ལྷ་སྲས་ཀྱིས་དངུལ་ཁྲབ་ཅིག་ཡོད་པ་དེ་ཤ་རྗེན་ལ་གྱོན། གསེར་གྱི་གྲི་ཐུང་ཞིག་ཡོད་པ་དེ་ནང་དུ་དྲངས་ནས། ཡུལ་དེའི་ཉི་མ་ནུབ་སའི་ཕྱོགས་ཀྱི་ལུང་པ་དེར་ཁ་གཏད་དེ་སོང་།

                                               ༣

ལྷ་སྲས་སོང་ནས་ཟླ་བ་གཅིག་དང་ཞག་པོ་བཅུ་དགུ་འགོར་སོང་། མི་རྣམས་ཀྱིས་རང་རང་གི་ངོ་གདོང་ན་རེ་ལྟོས་ཅི་ཡང་མེད་པའི་གོ་ཐལ་ལྟ་བུའི་ཁ་དོག་ཅིག་གཡོགས་པ་དང་། དེའི་སྟེང་དུ་གྲིབ་སོ་མཐོ་གང་རེ་གུག་ནས། རྒྱལ་པོ་དང་ཁོའི་ཆུང་མའི་གདོང་མདོག་དམར་ནག་དང་སེར་ནག་དེ་རིམ་གྱིས་ནག་པོ་ནག་རྐྱང་དུ་འགྱུར་བཞིན་པའི་ཚུལ་ལ་བལྟས་འདུག

                                              ༤

རེད། ལྷ་སྲས་སོང་ནས་ཟླ་གཅིག་དང་ཞག་པོ་ཉི་ཤུ་འགོར་སོང་། ད་གཟོད་དགོང་མོ་ཞིག་ཏུ། མི་རྣམས་ཀྱིས་སྤྲུལ་སྐུ་ནི་བདུད་རྒན་ར་མགོ་ཡིན་པར་ཤེས་སོང་། དགོང་མོ་དེ་ནི་དེ་འདྲིའི་ཡིད་དུ་འོང་པ་ཞིག་ཀྱང་རེད་ཨང་།

“ལྷ་སྲས། ལྷ་སྲས་ཕྱིར་བསླེབས་འདུག”

“ལྷ་སྲས་ཀྱི་བདུད་རྒན་ར་མགོ་བཏུལ་འདུག”

“ད་ནི་ང་ཚོར་བདུད་ཀྱིས་འཚེ་བ་ཡོད་མི་སྲིད།”

 “ལྷ་སྲས་ཀྱིས་ཟེར་ན། སྤྲུལ་སྐུ་ནི་བདུད་རྒན་ར་མགོས་བཀྲོང་ཏེ། ཁོ་སྤྲུལ་སྐུར་བརྫུས་པ་དང་། ཁོས་མི་རྒྱལ་པོ་འདྲ་བའི་མི་འགའ་རེ་ལས་སུ་ལའང་ཐུག་འཕྲད་མི་བྱེད་པ་ནི། ཁོ་རང་བདུད་རྒན་ཡིན་པས་རེད་ཟེར་གྱིན་འདུག”

“ལྷ་སྲས་ནི་ལྷ་སྲས་རང་སྟེ། ཡུལ་ཁམས་བདེ་ལ་བཀོད་སོང་། ཁོ་ནི་རྒྱལ་པོར་བསྡད་ན་འོས།”

སྐད་ཆ་དེ། མཚན་མོ་དེའི་ཟླ་འོད་དྭངས་མོ་དེ་དང་འགྲོགས་ཏེ། ཤིང་སྒོ་ཆུང་ཆུང་དེ་བཏོལ་ནས་དུད་ཁྱིམ་རེ་རེར་འཛུལ། སྐད་ཆ་དེས། ཁོ་ཚོའི་སྐྱ་ཐག་ཐག་གི་ངོ་མདོག་སོར་ཆུད་པར་བྱས།

མཐར་སྐད་ཆ་དེ་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ་ནས། རྒྱལ་པོ་ལས་ཀྱང་གཏུམ་ཞིང་དཔའ་བ་ཞིག་ཏུ་གྱུར་ཏེ་རྒྱལ་པོ་དང་ཁོའི་ཆུང་མའི་ཁང་ཆུང་དེ་རུ་འཛུལ།

                                              ༥

ད་ནི་ཟླ་བ་གཅིག་ལྷག་འགོར་སོང་། ལྷ་སྲས་ནི། མི་རྣམས་ཀྱི་སེམས་སུ་འཛུལ་ནས་རྒྱལ་པོར་གྱུར་ཅིང་། རྟག་པར་ཟླ་བ་ཆིབས་སུ་བྱས་ཏེ་འགྲོ།

འོན་ཀྱང་། རྒྱལ་པོ་ནི། གནའ་ཡི་གདོང་མདོག་དེ་སླར་འཚོལ་ཕྱིར་མུན་ཁང་དུ་ཕྱིན། ཁོས་ཟེར་ན། ད་ལྟ་ཅིས་ཀྱང་། ཁོ་རང་འདི་ན་དང་པོར་ཡོངས་སྐབས་ཀྱི་གདོང་མདོག་ལས་ཀྱང་སྔ་བའི། ཁོ་རང་ཨ་མས་དང་པོ་བཙའ་སྐབས་ཀྱི། འོ་མ་ལྟ་བུའི་གདོང་མདོག་དེ་བཙལ་ནས་རྙེད་པར་བྱེད་དགོས་ཟེར།

“ག་ན་ག་ན། ད་ནི་རྒྱལ་པོས་གདོང་མདོག་དེ་བཙལ་ནས་གཏན་དུ་རྙེད་མི་སྲིད་དེ། ཁོའི་གདོང་མདོག་དེའི་ཕྱེད་ནི། ཁོའི་སློབ་གྲྭའི་རྒྱུགས་ར་དང་སྐུབ་སྟེགས། གཞུང་ལས་ཁང་དང་བདུད་རྒན་ར་མགོའི་ཕུག་པ་སོགས་ལ་འཐོར་ནས་རླུང་གིས་ཁུར་ཟིན་ཅིང་། ཡང་ཕྱེད་ནི། ཁོའི་ཆུང་མའི་མངལ་དུ་བོར་ནས་བུ་མོ་ཞིག་ཀྱང་བཙས་ཟིན་པ་མ་ཡིན་ནམ། གལ་ཏེ་གདོང་མདོག་དེ་རྙེད་པའི་དབང་དུ་བཏང་རུང་། ཁོའི་གདོང་པ་ནི་ཡོངས་སུ་རལ་ཞིང་ཐེད་ནས་ཡོད་པས་ཁ་དོག་དེ་ཆུད་ཐབས་མེད།”

མི་རྣམས་ཀྱིས་དེ་ལྟར་ཟེར། རེད་དེ། ཁོང་ཅག་ཀྱང་། རང་གི་བུ་བུ་མོ་དག་དང་ལྷན་དུ་གཤིབས་ཚེ། རང་རང་གི་གདོང་མདོག་ནི་སྔར་གྱི་འོ་མ་ལྟ་བུའི་མདངས་དང་མི་འདྲ་བར་གཞི་ནས་འགྱུར་ཞིང་། དེའི་ཁྲོད་དུ་སྦྲུལ་ལམ་སྦལ་པ། ལྕོང་མོ་སོགས་ཀྱི་རི་མོ་དང་ཁ་དོག་མང་པོ་ཞིག་གསལ་ལ་མི་གསལ་བའི་ཚུལ་གྱིས་འཕེལ་ནས་འདུག་པ་དང་། ད་དུང་། ཞིབ་ཀྱིས་ལྟ་དུས། དེ་དག་གིས་ཀྱང་། ཉིན་མཚན་བར་མེད་དུ་ཁོང་ཅག་གི་གདོང་པ་དེར་བུ་ག་སྣ་ཚོགས་གཏོད་བཞིན་འདུག

ད་དུང་ཆེས་འཇིགས་སུ་རུང་བ་ཞིག་ནི། ཁོང་ཅག་གི་གདོང་མདོག་བསླད་མ་དེ། འོ་མ་ལྟར་དཀར་ཞིང་འཇམ་པའི་ཁོང་ཅག་གི་བུ་དང་བུ་མོའི་གདོང་པ་ན། ཐིགས་པ་རེ་རེ་བཞིན་ཉིན་མཚན་བར་མེད་དུ་གཏིག་བཞིན་འདུག་གོ།

                                                                              2015.10.16

                                                                                             རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གདོང་མདོག

2016-04-09 དུང་རུ་ཚེ་དབང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།