ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་གསར་བ། 110ལ་ཁ་པར་བཏང་བའི་མཇུག་འབྲས།

ཨ་སྐྱབས་དར་རྒྱས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-04-09

ཉིན་འགའ་ལ་ཆར་བ་བསྟུན་མར་བབས་པས་སྦྲ་ཡི་ནང་རོལ་རློན་ཤུར་ཤུར་བྱེད། “ཨ་ཙི།  ཅི་འདྲའི་འཁྱག་པ་ལ། མདང་ནུབ་ཀྱང་གཉིད་ཆག་སོང་།”
        ཉི་ཆུང་གིས་དེ་ལྟར་ཁེར་ལབ་བྱེད་བཞིན་ཡང་བསྐྱར་སྡེ་དཔོན་ནོར་བྷ་ཡིད་ལ་འཁོར།
        “རེད། དོན་དག་དེ་ལྟར་གསང་རྒྱ་བྱེད་པར་བློར་བབ་ཡོད།”
        ཉི་ཆུང་གིས་སྡེ་དཔོན་ནོར་བྷས་ཐག་བཅད་པའི་དོན་དག་དེར་དེ་ལྟར་མོས་མཐུན་ཡོད་པའི་གཏམ་ཉིན་དེར་ཐེ་ཚོམ་དང་བཅས་པའི་སྒོ་ནས་བཤད། ངོ་མ་བཤད་ན་ཉི་ཆུང་ནི་གསེར་གཞུང་སྡེ་བའི་ཤོག་དཔོན་ཆུང་ཆུང་ཞིག་ལས་ཅི་ཡང་མ་རེད།
         མཚན་མོ་དེར། གསེར་གཞུང་སྡེ་བའི་ནང་དུ་མི་ཚང་མ་ཧ་ལས་ཧོན་ཐོར་བའི་དོན་རྐྱེན་ཞིག་བྱུང་།  
         ཡར་སྔོན་དང་འདྲ་བར། གསེར་གཞུང་སྡེ་བའི་ལུང་མདོ་ནས་སྔགས་རྒན་བསྟན་པས་འུག་རྒན་ལོ་ལོ། ངས་ཁྱོད་ལ་དྲང་མོ་བཤད་པ་ཡིན། ད་ནི་ཁྱོད་ཀྱིས་ང་ལ་དགོངས་དག་ཞུ་དགོས་པ་མ་ཟད། ཕྱིན་ཆད་དེ་འདྲ་མི་བྱེད་པའི་དམ་བཅའ་དགོས
         “ཡ་ཡ། ཁྱོད་ལ་ཁག་མེད།  ཕྱིན་ཆད་མི་བྱེད་ཁོ་ཐག་ཡིན།
         འུག་རྒན་གྱིས་དམ་བཅའ་དེ་ཁ་དོན་མི་མཚུངས་པ་ཞིག་ཡིན་པ་ནི་སྔགས་རྒན་ བསྟན་པ་སུ་ཚང་ལ་ཆོ་ག་འདོན་དུ་སོང་ན། ཁོས་བསྟན་པ་ཚང་གི་ཁྱི་རྒྱ་རྒྱ་ལ་རྡོ་ཡིས་ཐེངས་མང་གཞུས་པ་དེས་མཚོན་ཐུབ།
         མཚན་མོ་དེར།  འུག་རྒན་ནམ་རྒྱུན་བཞིན་སྔགས་རྒན་བསྟན་པའི་ཆུང་མ་དང་མཉམ་དུ་འདོད་པའི་བདེ་བ་ལོངས་སུ་སྤྱོད་བཞིན་པའི་སྐབས་དེར། བསམས་ཡུལ་འདས་པ་ཞིག་ལ་སྔགས་རྒན་བསྟན་པས་ཁོ་ཚང་གི་སྦྲ་ཡི་ཕྱི་རོལ་ནས་ཆུང་མ་དང་འུག་རྒན་གཉིས་ ཀྱི་ཡོད་ཚད་ལ་ལྐོག་ཉན་བྱས་ཡོད། སྔགས་རྒན་གྱི་ཞལ་ངོ་སྤྲིན་ནག་འཁྲུག་འཁྲུག ང་རྒྱལ་སྦྲུལ་ནག་འཁྱུག་འཁྱུག་བྱས་ཏེ་གློ་བུར་དུ་ཁྱིམ་ལ་འཛུལ་ནས་གསར་བུ་འུག་རྒན་ལ་སྔར་ ནས་གྲ་སྒྲིག་བྱས་ཟིན་པའི་གྲི་ཐུང་རུམ་ནས་བཏོན་ཏེ།འུག་རྒན་གྱི་སྙིང་ཐོག་ལ་ཤེད་ཀྱིས་ ལན་གཅིག་བཙུགས་པ་ན་ཁ་ནས་ཆོ་ངེ་འདོན་བཞིན་མུན་ནག་ཕྱི་མའི་ཡུལ་དུ་བརྫངས།
          ཤོག་དཔོན་ཉི་ཆུང་སྡེ་བའི་ཚོགས་འདུ་ལ་སོང་ནས་མར་ཡོང་བའི་ལམ་ཁར། ཁོས་གསར་བུ་འུག་རྒན་ཚང་གི་ཨ་མ་ཤེད་ཀྱིས་ངུ་བཞིན་མཚམས་རེར་དྲན་མེད་དུ་བརྒྱལ་ནས་ཐེངས་ལ་འགྱེལ་འགྲོ་བ་དང་།  མཚམས་རེར་ངའི་གཅེས་ཕྲུག་གང་དུ་ཡོད་ཅེས་ལ་འབོད་ལུང་འབོད་བྱེད་བཞིན་པ་མཐོང་། དེ་དུས་ཉི་ཆུང་གིས་ཁོས་དེ་རིང་ཚོགས་འདུའི་ཐོག་ནས་རང་གིས་ཀྱང་སྡེ་དཔོན་ནོར་བྷའི་ཁ་ངོ་དང་ཡང་ན་དབང་ཤུགས་གང་རུང་ཞིག་ལ་མགོ་བསྒུར་ནས་རང་ཉིད་ཀྱི་སྐད་ཆ་དྲང་པོར་བཤད་མ་ཐུབ་པར་འགྱོད་པ་སྐྱེས།
         “དོན་དག་དེ་ལྟར་གསང་རྒྱ་བྱེད་པར་བློར་བབ་ཡོད།
         ཉི་ཆུང་གིས་དེ་ལྟར་བཤད་དུས་ཁོའི་ཐེངས་འདིའི་མི་བསད་དོན་རྐྱེན་གོང་རིམ་སྲིད་གཞུང་ལ་གསང་རྒྱ་བྱེད་པར་བློར་བབ་ཡོད་པ་ཁས་བླངས་པ་རེད།
         སྡེ་དཔོན་ནོར་བྷས་ཚོགས་འདུའི་ཐོག་ཏུངའི་ཨ་མ་ད་ལྟ་མོ་ལོ་བརྒྱད་ཅུ་ལྷག་རེད། ཁོ་ཚོའི་རིང་ལ་སྡེ་བ་ནང་ཕན་ཚུན་དུ་མི་གསོད་པའི་དོན་དག་བྱུང་མ་མྱོང་། ད་ནི་གསེར་ གཞུང་སྡེ་བར་ཐན་ལྟས་ཚང་བ་རེད།བྱ་བ་མི་ལེགས་པ་འདི་ཅིས་ཀྱང་གསང་རྒྱ་བྱེད་དགོས། དེ་ནི་སྡེ་བ་གཞན་པ་དང་གོང་རིམ་སྲིད་གཞུང་ལ་ཡང་གསང་རྒྱ་དགོས།འདི་ནི་སྡེ་བ་ནང་གི་དོན་དག་ཡིན་པས་གྱོད་དོན་འདི་ནང་གི་སྡེ་དཔོན་ངས་གཙོ་བྱས་ཏེ་ཐག་བཅད་ན་ཚང་མར་འཐད་པ་ཨེ་ཡོདཅེས་ཁྲོ་གཏམ་དེ་བསྒྲགས།   
          གསེར་གཞོང་སྡེ་བའི་ཤོག་དཔོན་རྡོ་རྗེ་ཐོག་མར་སྐད་ཆ་བཤད་བྱུང་། ཁོ་ནི་སྡེ་བ་འདིའི་ཏང་ཡོན་རྒན་པ་དང་། ཉམས་མྱོང་བཟང་ཤོས་དེ་ཡིན། ཁོས་ཕུ་ཐུང་ས་ལ་སྤྲུག་ཙམ་བྱེད་ཞོར་ང་རང་སྡེ་དཔོན་གྱིས་བཤད་པར་འཐད་པར་ཡོད། ད་ནི་མཐོ་རིས་བོ་སོང་ཟིན་པས་དེའི་རྗེས་སུ་མི་ཞིག་ཁྲིམས་ལ་སོང་ན་དགོས་པ་གང་ཡང་མི་འདུག འདི་ཕྱི་ལ་བསྒྲགས་ན་ངེད་སྡེ་བའི་མཚན་སྙན་ལའང་གནོད་ཅེས་བཤད།
           དེའི་འཕྲོར་ཤོག་དཔོན་ཁ་ཆེས་བཤད་རྒྱུར་ད་ནི་བྱ་བ་མ་ལེགས་པ་བྱུང་ཟིན་པས་ཤི་བོས་ར་མདའ་ཆོས་ཡིན། དོན་འདི་གསང་རྒྱ་བྱེད་པར་འཐད་པ་ཡོད།
           ཉི་ཆུང་འདྲ་བའི་གསེར་གཞོང་སྡེ་བའི་ཤོག་དཔོན་ཚོས་ཚང་མས་འཐད་པ་ཡོད་ ཅེས་ལབ་པ་ན། ཉི་ཆུང་གིས་ཀྱང་རང་གི་བཤད་འདོད་པ་ཡོད་ཚད་ཁོག་ཏུ་སྦས་ནསདོན་དག་དེ་ལྟར་གསང་རྒྱ་བྱེད་པར་བློར་བབ་ཡོདཅེས་བཤད་དགོས་བྱུང་།
           དེ་ནི་ཉི་ཆུང་གིས་མི་ཚེ་འདིར་ཐེངས་དང་པོ་རང་གི་མི་ཚེའི་རྩ་དོན་དང་རྒྱབ་ འགལ་བྱས་པ་རེད། དེ་བས་ཁོ་གང་དུ་འགྲོ་བ་དང་ཅི་ཞིག་བཤད་ཀྱང་སེམས་པ་བདེ་ལ་འབབ་ཐབས་བྲལ།
           ཉི་ཆུང་གིས་བསམས་པར་གསེར་གཞུང་སྡེ་བ་ནི་ལོ་ངོ་བརྒྱའི་རིང་ལ་སྡེ་བའི་ནང་དུ་ཕན་ཚུན་གསད་རེས་བྱེད་མ་མྱོང་བའི་སྡེ་བ་ཡ་རབས་ཤིག་ཡིན། འོན་ཀྱང་ད་ཐེངས་སྔགས་རྒན་བསྟན་པས་ཡུལ་སྲོལ་བཟང་པོ་འདི་མིག་ནང་དུ་མི་འཇོག་པར་རང་གི་ཆུང་མའི་ཆེད་དུ་སྐྱི་གཡའ་བའི་སྡེ་མིའི་ནང་མི་གསོད་པའི་སྦྱོར་ངན་བྱས་པ་རེད། ད་ནི་སྡེ་མིའི་ནང་ཡིན་ཡང་དེ་ལ་མི་ཤ་ཙམ་སྦྱིན་པའི་མི་ཆོག་པར་མི་བསད་ན་རྒྱལ་ཁབ་ཀྱི་ཁྲིམས་ཁང་དུ་འགྲོ་དགོས་པ་རྒྱུ་འབྲས་བསླུ་བ་མེད་པ་ཞིག་རེད་འདོད་ཀྱང་ད་ནི་ཚོ་བ་ཞིག་གི་ལ་རྒྱ་དང་། ཡང་ན་སྡེ་མི་ནང་ཕན་ཚུན་ཡིན་པས་དཔྱོད་ཤེས་མེད་པའི་སྙིང་རྗེ་ཞིག་གི་དབང་དུ་འགྲོ་བ་ནི་གསེར་གཞུང་སྡེ་བ་རྒུད་ནས་རྒུད་དུ་འགྲོ་བའི་སྔ་ལྟས་རེད་འདོད།  ཉི་ཆུང་སྡེ་བ་འདི་ཁ་མིན་དོན་གྱིས་ཤ་ཚ་བའི་ཤོག་དཔོན་ཞིག་ཡིན།
            ཉིན་དེར། ཉི་ཆུང་གིས་དེ་ལྟར་གསེར་གཞོང་སྡེ་བའི་མ་འོངས་པ་ལ་བསམ་གཞིག་བྱེད་ཀྱིན་བྱེད་ཀྱིན་ཁྲ་ཆུང་མིག་མཐའ་ཆུ་ཡིས་བཟུང་ལ། ཡ་ཆུང་སེམས་པ་སྡུག་གིས་གང་ནས་ལག་པ་འདར་སུག་སུག་བྱེད་བཞིན་གསེར་གཞུང་སྡེ་བའི་མངགས་གཏོང་ཁང་གི་ཨང་གྲངས110མནན་དེ་སྔགས་རྒན་བསྟན་པའི་མི་བསད་དོན་རྐྱེན་ལྷག་ལས་མེད་པར་ཡར་ཞུ་ བྱས།
            ཉིན་ཁ་ཤས་འགོར་རྗེས། གསེར་གཞུང་མངགས་གཏོང་ཁང་གི་ཉེན་རྟོག་པ་ཡོང་ནས་སྔགས་རྒན་བསྟན་པ་བཙན་གྱིས་བཙོན་དུ་ཁྲིད་སོང་ལ། ཟླ་བ་ཁ་ཤས་འགོར་རྗེས་གསེར་གཞུང་སྡེ་བ་ནས་མི་ཞིག་སྡེ་ཁྲིམས་དང་འགལ་བ་དྲིལ་བསྒྲགསབ་བྱས་ལ།མི་དེའི་ཁ་ཉེས་ཀྱི་ཆད་པར་སྒོར་སྟོང་ལྔ་དང་། ཚོ་བཤགས་ལ་འཕྲུལ་རྟ་ཞིག་བླངས། སྒོར་སྟོང་ལྔ་ནི་ཁོའི་ལོ་གཅིག་གི་མར་ཆུར་འོ་གསུམ་དང་སྨན་ལྡུམ་བརྐོས་པའི་རིན་རེད་ལ། འཕྲུལ་རྟ་ནི་ཁོའི་རླངས་འཁོར་དང་འདྲ་བར་ད་ནི་སྡེ་བའི་ཚོགས་འདུ་ལའང་རྐང་ཐང་དུ་འགྲོ་དགོས།
            དེ་ནི་མིང་ལ་ཉི་ཆུང་ཟེར་བའི་གསེར་གཞུང་སྡེ་བའི་ཤོག་དཔོན་དེ་རེད། ཉི་ཆུང་ལ་ཆད་པ་གཅོད་པའི་ཉིན་དེར་ཆར་བ་ཤག་ཤག་ཏུ་བབས་བཞིན་འདུག་ཁོའི་ལུས་པོ་འདར་སུག་སུག་དང་། སེམས་པ་འཁྱག་ཤུར་ཤུར་བྱེད།  འོན་ཀྱང་མཚན་མོ་དེར་ཉི་ཆུང་ལ་གཉིད་སྐྱིད་པོ་ཞིག་ཁུག        

                                                                              2015.10.10

                                                                      རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་སྐྱབས་དར་རྒྱས་ཀྱི་བརྩམས་སྒྲུང་གསར་བ། 110ལ་ཁ་པར་བཏང་བའི་མཇུག་འབྲས།

2016-04-09 ཨ་སྐྱབས་དར་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།