དཔའ་སྐྱབས།

ཤུག་ལུང་སྡེ་བའི་སྐྱེས་ཕོ་མོ་རྒན་གཞོན་གང་ཡིན་ཡང་ཁོམ་པ་རེ་བྱུང་ཚེ་སྡེ་འདབས་ཀྱི་མ་ཎི་འཁོར་ཁང་ལ་སྐོར་བ་རེ་འགྲོ་རྒྱུ་ནི་ཆེས་སྤྱིར་བཏང་གི་གོམ་གཤིས་ཤིག་ཏུ་གྱུར་ཡོད་མོད།འོན་ཀྱང་དཔའ་སྐྱབས་ཟླ་ཕྱེད་ཙམ་ལ་སྐོར་བ་མ་ཡོང་བའི་གནད་དོན་ཅི་ཞིག་ཡིན་པ་སུས་ཀྱང་མ་ཤེས་ཕྱིར་སྡེ་འདབས་ཀྱི་མ་ཎི་འཁོར་ཁང་ནི་སྲིད་་གཞུང་གང་ཞིག་གི་ཚོགས་འདུ་ཁང་དང་འདྲ་བར།དཔའ་སྐྱབས་ཀྱི་གནད་དོན་ལ་གྲོས་བསྡུར་དང་ཐག་གཅོད་བྱེད་བཞིན་པའི་འུང་ཟིང་ནི་མ་ཎི་འཁོར་ལོའི་ཙག་སྒྲ་དང་མཉམ་དུ་རྒྱུན་ཆད་ཀྱི་མི་འདུག

དེ་རིང་ཡང་ནམ་རྒྱུན་དང་འདྲ་བར་སྡེ་མི་མི་ཉུང་བ་ཞིག་སྐོར་བ་འགྲོ་བཞིན་འདུགཨ་ཁུ་ཟ་རྡོ་དང་ཨ་ནེ་ལྷ་དགའ་ནི་སྐྱ་རེངས་མ་ཤར་གོང་ནས་སྐོར་བ་འགྲོ་མཁན་གྱི་གྲལ་སུ་གཏོགས་པས།ཅུང་ཙམ་ཐང་ཆད་པའི་ངང་ནས་མ་ནི་འཁོར་ཁང་གི་གཡས་ཟུར་གྱི་རྡོ་རྒན་དེའི་སྟེང་ནས་ངལ་ཟོས་ཞོར་དུ་ཨ་ཁུ་ཟ་རྡོས་ཚུལ་དྲག་ཅན་གྱི་དུ་ཤུབ་ནས་དངུལ་གྱིས་ཞན་པའི་རྭ་ཙེ་དེ་བླངས་ནས།དུ་བ་ཡིད་ཚུམ་པ་ཞིག་འཐེན་རྗེས་ཨ་ནེ་ལྷ་དགའ་དང་མཉམ་དུ་ཁ་བརྡའི་མགོ་བརྩམས་བྱུང་།སྤྱིར་ཡིན་ན་ཨ་ཁུ་ཟ་རྡོས་ཁ་སང་གི་ཁ་བརྡའི་རྔ་མ་སྐྱོང་ན་འདོད་མོད།ཡིན་ན་ཡང་ཨ་ནེ་ལྷ་དགའ་བཤད་རྒྱུར་དགའ་བས་དེ་མ་ཐག་དཔའ་སྐྱབས་ཀྱི་མིང་ནས་བཟུང་དེ་མདའ་འཕང་བ་བཞིན་དུ་དེ་རིང་གི་ཁ་བརྡའི་གླེང་གཞིར་གཏན་ལ་ཕབ་ནས་མུ་མཐུད་དུ་བཤད་རྒྱུར་“དཔའ་སྐྱབས་ཡིན་ན་ཀློའི་སྐྱབས་ཡིན་ན་དེ་ཤི་རྒྱུ་མེད་ནི་མིན་ན་རྒྱུན་དུ་ཉལ་རྒྱུ་ལས་སྐོར་བ་རེ་ཡོང་ན་མི་བཟུང་ངམཞེས་ཟེར་བཞིན་རྡོ་རྒན་དེའི་སྟེང་ནས་ཅུང་ཙམ་མ་བདེ་བའི་ཚུལ་གྱིས་ཐང་ལ་བཙོགསྐབས་དེར་ཨ་ཁུ་

ཟ་རྡོས་བརྒྱ་ཁ་ཟིན་ལ་ཉེ་བའི་མ་ཎི་ཚར་གཅིག་པོ་ཡང་འདོན་མཚམས་བཞག་སྟེ་དཔའ་སྐྱབས་ཀྱི་མིང་ནས་བཟུང་མ་ཐག་དོན་གྲུབ་ཚུར་རྒྱུགས་ཡོང་སྟེ་ཨ་ཁུ་ཟ་རྡོའི་ཁ་ནས་འཕྲོག་སྟེ་ཅི་ཞིག་ཡིན་མདོག་གིས་བཤད་རྒྱུར་“ཁ་སང་དེ་རིང་རྒྱུ་འབྱོར་བ་ལྡན་བཏང་ན་ཆོས་དགེ་བ་མི་བཅའ་ནའི་དཔའ་སྐྱབས་སྐྱག་གཟན་དེ་ཡང་གང་ཞིག་ལ་ལྡོམ་སོང་ནས་འོཞེས་ཧ་ཅང་མ་དགའ་བའི་ཉམས་ཤིག་བསྟན་བཞིན་ཨ་ཁུ་ཟ་རྡོའི་དངུལ་གྱིས་ཞན་པའི་རྭ་ཙེ་དེ་བླངས་ནས་དུ་རྩྭ་སྲེག་སྲེག་གིས་དུ་བ་རྔུབ་འཐེན་འགའ་བྱེད་རྗེས་སླར་ཡང་སྐོར་བ་འགྲོ་མགོ་བརྩམས།དོན་གྲུབ་ཀྱིས་དཔའ་སྐྱབས་ལ་དེ་ལྟར་བཤད་དོན་ཡང་ཁག་མེད་དེ་ན་ནང་དོན་གྲུབ་དོན་དག་ཞིག་གི་ཆེད་དུ་བླ་བྲང་ལ་སོང་ཤུལ་དུ་དཔའ་སྐྱབས་ཀྱི་ཚོར་ཞགས་མ་བཟང་བའི་རྐྱེན་གྱིས་དོན་གྲུབ་ཚང་གི་འབྲི་རྒན་མ་བུ་གཉིས་ཀ་ཡང་ཀར་སོང་ཆ་མེད་དུ་གྱུར་སོང་།སྤྱིར་ན་དོན་གྲུབ་ཚང་ལ་ན་ནང་སྐྱིད་སྡུག་དེ་འདྲ་བྱུང་བའི་ཐོག་ལ་འབྲི་རྒན་མ་བུ་གཉིས་ཀ་བོར་སོང་ན་ཧ་ཅང་ཡིད་སྐྱོ་དགོས་པའི་གནས་ཤིག་ཡིན་མོད།ཡིན་ན་ཡང་ལོ་དེར་དོན་གྲུབ་རྫོང་ཐོག་ཏུ་ཤོ་རྒྱག་གི་བུད་སོང་བའི་གཏམ་ངན་ཆེ་རྒྱུ་མེད་པའི་ལུང་ཁོག་འདིར་ས་ཁྱབ་རྡོ་ཁྱབ་དུ་གྱུར་འདུག                                                                  
     
          ཕར་བལྟས་ཚོད་ཀྱིས་འཐད་ལ་མི་འཐད་པའི་ངང་ཡོང་བཞིན་པ་དེ་ནི་ཨ་ནེ་ལྕག་མཚོ་ཡིན་ལ་ལོ་རྒན་བརྒྱད་ཅུའི་ཟིན་སོང་བ་མ་གཏོགས་སྔོན་ཆད་རྐང་མགྱོགས་ལག་མགྱོགས་ཤིག་ཡིན་པ་སྡེ་མི་ཚོའི་ཁ་ན་མ་ཎི་བཞིན་དུ་ཟློས་བཞིན་འདུགདེ་རིང་ཡང་ཨ་ནེ་ལྕག་མཚོ་རྡོ་རྒན་དེ་འཐེན་ནས་ཡོང་བཞིན་པར་བལྟས་ན་ཕལ་ཆེར་དཔའ་སྐྱབས་ཀྱི་གནས་ཚུལ་གསར་བ་རེ་གོ་སོང་བ་འདྲ།ཡིན་ཡང་ཨ་ནེ་ལྕག་མཚོ་རྐང་ལག་སྟབས་མི་བདེ་བའི་ཐོག་རྣ་ཡང་དེ་འདྲ་བཟང་རྒྱུ་མེད་པས་ཕལ་ཆེར་བཟའ་མི་ཞིག་གིས་བཤད་སོང་བ་མིན་ན་འདི་ལྟ་བུའི་གསར་འགྱུར་གལ་ཆེན་ཞིག་ཨ་ནེ་ལྕག་མཚོས་གོ་རྒྱུ་ཧ་ཅང་དཀའ་མོ་རེད།

“ཨ་ཡོ་ཤེ། དེ་སང་ད་མནའ་མ་མག་པར་དབང་ཆེ་སོང་ན་སྐོར་བ་འགྲོ་རྒྱུའི་དབང་ཆ་ཡང་མེད་ཀི”ཞེས་ཨ་ནེ་ལྕག་མཚོས་བཤད།

མོས་འདི་ལྟར་སྨྲེ་ངགས་འདོན་བཞིན་ཧ་ཅང་ཐབས་སྡུག་པའི་ཉམས་ཀྱིས་དེ་ལྟར་བཤད།བལྟས་ཡོང་ན་ཨ་ནེ་ལྕག་མཚོས་ཀྱང་དཔའ་སྐྱབས་ཀྱི་གནས་ཚུལ་ཅི་ཡང་གོ་མེད་པ་འདྲ།གལ་ཏེ་དངོས་ནས་དེ་འདྲ་ཞིག་ཡིན་ཚེ་མི་ཎི་འཁོར་ཁང་གི་འུར་ཟིང་དེ་སྔར་ལས་ལྡབ་འགྱུར་གྱིས་ཇེ་ཆེར་འགྲོ་ཁོ་ཐག་ཡིན།ཨ་ནེ་ལྷ་དགའ་བཤད་རྒྱུར་དགའ་བའི་ཐོག་འདི་འདྲའི་གནད་དོན་ཞིག་ད་དུང་གསལ་ཁ་འཕྲོད་པར་ལུས་པ་ནི་ལས་ཁུངས་གང་ཞིག་ལ་རྣམ་གྲངས་གསར་བ་ཞིག་བྱིན་དང་འདྲ་བར་ལྷག་ཏུ་གཏོང་མི་སྲིད།དཔའ་སྐྱབས་ད་དུང་ཡང་མཐོང་རྒྱུ་མེད་པ་ནི་ཤུག་ལུང་སྡེ་བའི་སྐོར་འགྲོ་བ་དག་ལ་མཚོན་ན་ཆེས་ལྐོག་གྱུར་གྱི་གནད་དོན་ཞིག་ཡིན་པས་མི་ཚད་སྐོར་བ་འགྲོ་རྒྱུ་ལས་ཀྱང་ལྷག་པའི་གལ་ཆེན་གྱི་བྱ་བ་ཞིག་རེད།ཆེ་རྒྱུ་མེད་པའི་ལུང་ཁོག་འདིར་ལ་བཏུས་ལུང་བཏུས་ཀྱི་དོན་དག་སྣ་ཚོགས་ནི་མཚན་མོའི་སྐར་མ་བཞིན་དུ་ནམ་ཡང་རྫོགས་ཐབས་བྲལ་བ་ཞིག་ཡིན་མོད།འོན་ཀྱང་དཔའ་སྐྱབས་མ་མཐོང་བར་ཟླ་ཕྱེད་ཙམ་འགོར་བའི་འདི་འདྲའི་ཐག་གཅོད་དཀའ་བའི་དོན་དག་ཅིག་ལ་རྩ་བ་ནས་འཕྲད་མ་མྱོང་བས་ཁོ་ཚོས་ལས་སླ་མོའི་ངང་གཏོང་མི་སྲིད་པའི་དཔེ་ནི་རི་བོང་གི་རྭའོ།

སྒྱིད་ལུག་གིས་ཤར་བའི་ཉི་མ་ཡང་སྐོར་འགྲོ་བ་ཚོ་དང་འདྲ་བར་ཐང་ཆད་པའི་ངང་ནས་ཤར་འདུག་ལ།ཨ་ཁུ་ཟ་རྡོས་ཀྱང་རྡོ་རྒན་དེའི་སྟེང་དུ་ཅི་ཞིག་ལ་འདང་རྒྱག་བཞིན་དུ་དུ་བ་སྔོ་ལོག་ལོག་གིས་ཁ་དོ་འཐེན་བཞིན་དཔའ་སྐྱབས་ཚང་གི་སྒོ་རའི་ཕྱོགས་སུ་མིག་རྒྱང་འཕང་ནས་སྐོར་བ་འགྲོ་རྒྱུ་ཡང་བརྗེད་འདུག་པ་འདྲ།འདི་ལ་ཚོད་དཔག་བྱེད་མི་དགོས་ཏེ།ཁོས་དཔའ་སྐྱབས་སྐོར་བ་མ་ཡོང་བའི་གནད་དོན་ལ་བསམ་གཞིགས་བྱེད་ཀྱིན་པར་ཐེ་ཚོམ་ཟ་མི་དགོས།ཨ་ནེ་ལྕག་མཚོས་ཀྱང་འཁྱར་མ་འཁྱོར་གྱིས་མ་ཎི་འཁོར་ལོ་རེ་སྐོར་རྗེས་“ཨ་རོགས་ཚོ།དཔའ་ཤྐྱབས་ཀྱི་དོན་དག་རེ་མ་གོ་ལ།”ཞེས་ནན་ཏན་གྱིས་

འདྲི་བཞིན་པའི་ཚུལ་ལ་བལྟས་ན། ཁོ་ཚོས་དཔའ་སྐྱབས་ཀྱི་གནད་དོན་འདི་ནམ་ཡང་བརྗེད་ཀྱི་མེད་པ་མ་ཟད་ཤུག་ལུང་སྡེ་བའི་དོན་དག་ཆེ་མ་ཆུང་གསུམ་སྐོར་འགྲོ་བ་ཚོའི་མུད་པ་ནས་ཐར་ཐབས་མེད་པར་ར་སྤྲོད་པ་ཞིག་ཀྱང་རེད།ཨ་ཙི།འདི་ལྟ་བུའི་བྱ་བའི་ལས་ཆོད་རྒྱུན་སྐྱོང་ཐུབ་པའི་བློ་མཐུན་དག་ནི་ཏང་རྒྱལ་ཁབ་ཀྱི་གཟི་བརྗིད་ཅིག་ཏུ་རློམ་ཆོག་ཆོག་རེད།ཨ་ནེ་ལྕག་མཚོར་དམིགས་གསལ་གྱི་ལམ་འདེབས་མཁན་ཞིག་མ་བྱུང་མོད།འོན་ཀྱང་ཨ་ནེ་ལྷ་དགའ་གཙོར་བྱེད་པའི་སྐོར་འགྲོ་བ་ཚོས་ཤེས་མ་ཤེས་ཅི་རིགས་ཀྱིས་དཔའ་སྐྱབས་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་བྱུང་།ལ་ལས་དཔའ་སྐྱབས་བླ་བྲང་ལ་ཚོང་བྱེད་དུ་བུད་སོང་ཟེར།ལ་ལས་འགོས་ནད་ཅིག་ཕོག་ནས་ཉལ་སར་ལྷུང་འདུག་ཟེར།ཡང་འགའ་རེས་ཤིག་གིས་དཔའ་སྐྱབས་ཚང་ལ་གཟའ་འཁོན་བྱུང་ནས་ཁོ་གྲྭ་བ་བྱེད་དུ་བུད་སོང་ཟེར།དཔྱིད་ཉིན་རིང་མོ་ཞིག་འདི་འདྲའི་རྩོད་ཉོག་ཅིག་གི་ཁྲོད་དུ་བསྐྱལ་བ་ནི་ཤུག་ལུང་སྡེ་བའི་སྐོར་འགྲོ་བ་དག་ལ་མཚོན་ན་ཆེས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད།

ཉི་མ་ནུབ་རིར་ཡལ་ལ་ཉེ་བའི་སྐབས་དེར།བྱིས་པ་སྣབས་བླུགས་འགས་ས་འབུར་ནག་རོག་དག་སློག་ནས་བྱི་ལོང་འཛིན་པར་བྲེལ་བཞིན་འདུགདེའི་ཁྲོད་ཀྱི་བྱིས་པ་ཞིག་གིས་“ཀ་ཁ་”ཞེས་དབྱངས་སུ་གྱེར་བ་དང་མཉམ་དུ་དེ་མ་ཐག་

བྱིས་པ་གཞན་དག་གིས་ཀྱང་“ཀ་ཁ་ག་ང་”ཞེས་སྐོར་འགྲོ་བ་ཚོའོ་མ་ཎི་འཁོར་ལོའི་ཙག་སྒྲ་ཡང་རེ་ཞིག་ཉམས་པར་བྱེད།

དེ་ནི་འཇིག་རྟེན་གྱི་མཛེས་པ་ཡོད་ཚད་འཇོམས་པར་བྱེད་པའི་ཚེ་སྲོག་གི་གད་རྒྱངས་ཤིག་དང་ཇི་འདྲའི་མཚུངས་ཨང་།

                                                             རྩོམ་སྒྲིག་པ། སྐྱ་བོ།

                 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔའ་སྐྱབས།

2016-04-13 ཐེ་ཀེ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།