ཁ་རས་གྱོན་པའི་ཁྲམ་པ།

                                                 ༡

ད་ནང་ཡར་ལངས་པ་ནས་བཟུང་། ལྷ་སྒྲོན་གྱི་སེམས་ལ་མདང་ནུབ་ཀྱི་སྐྱེས་པ་དེ་ཁོ་ན་འཁོར་བཞིན་ཡོད།

སྟོན་ཁ་ནི། ཡག་རྒྱུ་མེད་ལ་བཙོག་རྒྱུའང་མེད་པའི་མི་རྐྱང་ལྡོམ་པོ་ཞིག་དང་འདྲ་ཞིང་། དེས་གྲོང་གསེབ་འདིར་ཁྱེར་འོངས་པ་ནི། གཏིང་དཔོག་པར་དཀའ་བའི་བསམ་གཞིག་དང་དྲན་གདུང་འབའ་ཞིག་གོ།

ཁོ་མོ། རང་ཁྱིམ་ནས་ལེ་བར་ཕྱེད་ཙམ་གྱི་སར་ཡོད་པའི་རི་གདོང་གི་རྩྭ་ར་ནར་མོ་དེའི་གྲུ་ཁུག་ཏུ་གློ་ཉལ་དང་བཅས། དམར་ཞིང་སྨིན་པའི་མཆུ་སྒྲོས་ཀྱི་བར་ན་རྩྭ་ཐུར་རྐང་གཅིག་བཟུང་སྟེ། སྡེམ་སྡེམ་གྱིས་རྒྱང་རིང་དུ་བཞུར་བའི་སྐད་ཆུ་སྔོན་མོར་བལྟས་ནས་འདུག

རེད། མདང་དགོང་གི་དུས་ཚོད་གཉིས་པ་ཡར་མར་ཞིག་ནས། གློ་བུར་དུ་མོ་རང་ཉལ་སའི་ཁང་ཆུང་གི་སྒོ་མོ་དལ་བུར་བརྡུངས་བྱུང་། དང་ཐོག་ཁོ་མོ་ཅུང་ཐེ་ཚོམ་དུ་གྱུར་མོད། སྒོ་མོ་རྡུང་སྟངས་དེ་ནི། མོ་དང་ཆ་རྒྱུས་ཟབ་མོ་ཡོད་པའི་མི་གཅིག་ཁོ་ན་ལས་སུས་ཀྱང་མི་ཤེས་པས་དོགས་པ་གཞི་ནས་མེད་པར་གྱུར།

མོ་རང་སོང་ནས་སྒོ་མོའི་འདན་བུ་བླངས་ཏེ། སླར་ཉལ་སར་ལོག་ནས་གཉིད་ཁུལ་བྱས། ཕྱི་རོལ་ཀྱི་མི་དེས་ཀྱང་། ཡོད་ཚད་སྔར་ནས་ཤེས་ཡོད་པ་ལྟར། ཁོ་རང་ནང་དུ་ཡོང་རྗེས་སྒོ་མོ་དེ་ག་ལེར་འདན་བུས་གཏན་པ་དང་། དེ་ནས་ཡང་ག་ལེར་མོའི་འགྲམ་དུ་འོངས་ནས་ཉལ། འོན་ཀྱང་ཁོས་ཅི་ཡང་བཤད་མ་བྱུང་། དེ་ནས། ཁོའི་ཅུང་རྩུབ་པའི་ལག་པ་འཁྱགས་ཏོ་དེ་ཁོ་མོའི་སྐེད་པ་དང་མཆེན་འོག་དག་ནས་མྱུལ་བཞིན་བྲང་ངོས་སུ་བསྙབས། ཁོ་མོས་ཅི་ཞིག་ཤོད་རྩིས་བྱས་མོད། རྣ་འགྲམ་ནས་འོངས་པའི་ཁ་རླུང་དང་ལག་པ་བསྙབས་པའི་ཚོར་བ་རྣོན་པོ་དེས། མོ་རང་ནི། དབུགས་ཀྱི་ལྒང་བུ་ཞིག་ལ་ཁབ་ཀྱིས་གཙགས་པ་ལྟར་ལྷེམ་མེར་གྱུར་ཏེ། མོ་ལ་དོགས་པ་ཅི་ཡང་མ་བྱུང་། ད་དུང་མོའི་རྐང་སྣམ་འཕུད་ལུགས་དང་། ནུ་མ་མཉེད་སྟངས། ཐ་ན་ཁོ་མོ་བགྲོད་སྟངས་སོགས་ཀྱང་སྔར་དང་གཅིག་མཚུངས་རེད། འོན་ཀྱང་། མི་དེས་ཐོག་མཐའ་བར་གསུམ་དུ་ཁ་རས་ཤིག་གོན་འདུག་ཅིང་། ཁོ་མོའི་འགྲམ་པ་དང་ཁ། ཕྲག་གོང་སོགས་ལ་ཁ་རས་ཀྱིས་དྲུད་པའི་ཚོར་བ་དེ་ནི་ཅུང་དམིགས་བསལ་བ་ཞིག་གམ། ཡང་ན་མི་བདེ་བ་ཞིག་རེད།

ལན་གཅིག་ཚར་རྗེས། ཁོ་མོས་ཕ་རོལ་པོའི་ཁ་རས་དེ་བཤུ་གྲབས་བྱས། འོན་ཀྱང་ཁོས་གཏན་ནས་བཤུ་རུ་མི་འཇུག་པར་མ་ཟད། དེ་མ་ཐག་གོན་པ་གོན་ཏེ་འགྲོ་གྲབས་བྱས། ད་གཟོད་ཁོ་མོ་ཅུང་དོགས་པར་གྱུར།

“ཕུན་ཚོགས། ཕུན་ཚོགས། ཁྱོས་ཁ་རས་བཤུ་རུ་མི་འཇུག་དོན་ཅི་ཡིན།”

ཁོ་མོས་སྐད་མགོ་ཙམ་ཡང་མི་མངོན་པར་ཤུབ་ཤུབ་ཀྱིས་དེ་ལྟར་དྲིས།

“……”

ཕ་རོལ་པོས་ཅི་ཡང་བཤད་མ་བྱུང་།

“ཕུན་ཚོགས། ཁྱོད་དེ་རིང་ཅི་རེད། ཝེ། ཁྱོད་ཕུན་ཚོགས་མིན་ནམ།”

“……”

ཁོ་མོས། མི་དེར་འཇུ་གྲབས་བྱས་མོད། མི་དེས་གོན་པ་འགའ་ཤས་གོན་ཞིང་འགའ་ཤས་ཁུར་ཏེ་མོ་དང་འགྱེད་ཅི་ཐུབ་ཀྱིས། མུན་ནག་གི་ཁྲོད་ནས་མྱུར་སྟབས་ངང་ཁོ་མོའི་ལུས་འགྲམ་ནས་ཤོར། དེ་ནས་མོས་ཀྱང་། མི་དེ་ཡང་སྙིང་ཕུན་ཚོགས་ཡིན་མིན་བལྟ་དགོས་སྙམ་སྟེ། སྔས་ཀྱི་གློག་ཞུ་ཉུགས། སྐབས་དེར། མི་དེ་མུན་ནག་གི་ཁྲོད་ནས་འབྲོ་སྐབས་ལུས་པོ་རྩིག་པར་རྡུང་ཁ་གཞུ་བའི་སྒྲ་ཞིག་དང་ལྷན་དུ། སྐད་ངན་གཉོམ་ཆུང་ཞིག་ཀྱང་གྲགས་བྱུང་། འོན་ཀྱང་། ཁོ་མོས་ཀློག་ཞུ་རྙེད་དུས་མི་དེ་སྒོ་ཁར་བུད་ཚར་འདུག་སྟེ། ཅུང་ཙམ་ནས། འཕྲུལ་རྟའི་སྦིར་སྒྲ་ཞིག་ཀྱང་མུན་ནག་གི་གསེང་ནས་ཐད་ཀར་ཁོ་མོའི་རྣ་བུག་ཏུ་མཆོངས་འོངས་པ་དང་། སྦིར་སྒྲ་དེ་ཡང་ཁ་རས་གོན་པའི་ཁྲམ་པ[1]་དེ་དང་འདྲ་བར་གློ་བུར་དུ་གྲགས་ཤིང་། ཡང་གློ་བུར་དུ་གང་ཞིག་ན་ཡལ་ཏེ། མཐར་ལྐོག་གྱུར་གྱི་རང་བཞིན་ཞིག་ཏུ་གྱུར། སྐབས་དེར་མོས། ཁྲམ་པ་དེའི་ལག་པ་འཁྱགས་ཏོ་དེ་དྲན་པ་དང་། ཁོ་མོའི་བྲང་ཁོག་ཧྲིལ་པོའང་འཁྱགས་སིབ་སིབ་ཏུ་གྱུར།

ཡུན་རིང་ཞིག་ལ་གཉིད་མ་བྱུང་བར་ཁོ་མོས་བསམ་བློ་སྣ་ཚོགས་བཏང་། གལ་ཏེ། ཁྲམ་པ་དེ་ཕུན་ཚོགས་མ་རེད་ཟེར་དགོས་ན། ཁ་ན་ཁ་རས་ཤིག་གོན་ཡོད་པ་མ་གཏོགས་གཞན་པའི་ཁྱད་པར་གང་ཡང་མི་འདུག་ལ། ཡང་ཕུན་ཚོགས་ཡིན་པའི་དབང་དུ་བཏང་ཡང་། ཁོས་ང་ལ་ཅིའི་ཕྱིར་ཐུབ་ཚོད་འདྲི་འདྲ་བྱེད་དགོས་སམ་སྙམ་བཞིན། མིག་ཆུ་རྡོག་པོ་འགའ་ཡང་སྣ་འགྲམ་ནས་ཐུར་དུ་འགྲིལ་བྱུང་།

ཞོགས་པ་དེར། མོ་རང་ཡར་ལངས་སྐབས། ཉལ་ས་ན་དངོས་པོ་ཞིག་ཡོད་པ་ཚོར། དེ་ནི་མེ་ཆ་ཞིག་རེད། མེ་ཆ་ནི། དུ་འཐེན་ཁོ་ནར་ཡོད་པའི་ལག་ཆ་ཞིག་ཡིན་པ་སུས་མི་ཤེས། འོན་ཀྱང་ཕུན་ཚོགས་ཀྱིས་དུ་བ་སྔར་ནར་བཅད་དེ་ད་ལྟ་མི་འཐེན་པ་མིན་ནམ་སྙམ་བཞིན། ཁོ་མོ་ལྷག་ཏུ་ཡང་དོགས་པར་གྱུར་པ་དང་། མདང་ནུབ་མི་དེའི་ལུས་ན་དུ་དྲི་ཞིག་ཀྱང་ཡོད་པ་ད་གཟོད་དྲན།

“ཡང་སྙིང་མི་དེ་སུ་ཞིག་ཡིན་ནམ། ཕུན་ཚོགས་ཡིན་སྲིད་དམ། གལ་ཏེ་མིན་ན། ཡང་དེ་ནི་སུ་ཞིག་ཡིན་ནམ།”

“……”

ད་ནང་གི་རླུང་བུ་རྩུབ་མོ་དེ་དང་། ལུག་བལ་གྱི་ཁ་ཆུ་བཀྲམ་པ་འདྲ་བའི་སྤྲིན་པ་དེ་དག ད་ནི། གར་སོང་འདིར་སོང་གི་རྗེས་ཙམ་ཡང་མེད་པར་ནམ་མཁའ་སྔོ་ཞིང་ཐང་ལ། ས་གཞིར་ཡང་ཉི་འོད་དྲོད་སིབ་སིབ་ཅིག་འཕྲོས་ཏེ་འདུག

འོན་ཀྱང་ལྷ་སྒྲོན་ལ་མཚོན་ན། སྟོང་སང་སང་གི་ནམ་མཁའ་དང་། དེ་ལས་འཕྲོས་པའི་ཉི་འོད་ཀྱི་ཟེར་མ་རྣོན་པོ་དེའང་ན་ཟུག་སློང་བྱེད་ཅིག་ཏུ་གྱུར་ཏེ། རྐྱེན་དེས། ཁོ་མོར་འདས་ཟིན་པའི་དོན་དག་མང་པོ་མང་པོ་ཞིག་མིག་ལམ་ན་བསྐྱར་དུ་དྲངས་བྱུང་།

ཁོ་མོ་ལོ་ངོ་བཅུ་ལ་སོན་པའི་སྟོན་ཁ་དེར། ཨ་ཕ་འཁོར་བགེགས་ཀྱི་རྐྱེན་ལས་ཕྱི་མར་གཤེགས་སོང་། མི་རྣམས་ན་རེ། ལམ་ནི་དེ་འདྲའི་བདེ་ཞིང་། དེའི་ཁར་འཕྲུལ་ཆ་ཡང་འདི་འདྲིའི་མགྱོགས་པས། དོན་དག་དེ་འདྲ་ཞིག་སྔ་ཕྱི་མ་གཏོགས་ལོས་ཡོང་ཟེར་མོད། ཁོ་མོར་མཚོན་ན། དེའང་མདང་ནུབ་ཀྱི་དོན་དག་དེ་དང་འདྲ་བར། གློ་བུར་བ་ཞིག་དང་། ད་དུང་བདེ་བདེ་ཐང་ཐང་གི་མི་ཞིག ལྷག་ཏུ་བརྒྱ་བརྒྱ་སྟོང་སྟོང་གི་ནང་ནས་མོའི་ཨ་ཕ་གློ་རྒྱག་ལ་ཕྱི་མར་འགྲོ་དགོས་བྱུང་བ་ནི། དེ་ལས་ཀྱང་བློས་དཔོག་དཀའ་བ་ཞིག་ཏུ་གྱུར། དེ་ནི། ཁོ་མོ་ཙམ་མ་ཟད། མོ་ལས་ཤེས་རྒྱ་དང་གོ་རྟོགས་ལྡབ་དུ་མས་ཆེ་བའི་ཨ་མ་དང་ཨ་ཞང་ཡང་འདང་དཔོག་དཀའ་བའི་གནས་སུ་བཀྱལ་ཡོད་པ་འདྲ་སྟེ། ཁོ་ཚོས། འ་ཟད་འུ་ཐུག་དང་བཅས། ཕྱོགས་ཡར་མར་ནས་བཅའ་བ་རིམ་འགྲོ་མང་པོ་ཞུས་སོང་། འོན་ཀྱང་། བཅའ་བ་རིམ་འགྲོ་ཇི་ལྟར་བྱས་ཀྱང་། ལོ་དེའི་དགུན་ཁར། ཆེ་ལུག་དྲུག་བདུན་ཞིག་ཡོད་པ་དེ་དག་ཀྱང་ཁྱི་ལྡོམ་འགས་བདས་ནས་གཡང་དུ་འཕངས་ཏེ། ལག་ག་འགའ་རེ་ཡོད་པ་རྣམས་དྭ་བུར་ལུས། ངོ་མ། མོར་མཚོན་ན། དེའང་ཅི་འདྲའི་བློས་དཔོག་དཀའ་བ་ཞིག་རེད་ཨང་། སྐབས་དེར། ཨ་མས། ཅི་ཞིག་ཡོངས་སུ་རྟོགས་ཡོད་པ་ལྟར། དེ་ནི་ལས་རེད་ཟེར།

ད་དུང་། ཁོ་མོ་རང་ལོ་བཅུ་དྲུག་ལ་སོན་པའི་ལོ་དེར། མོ་ལས་ལོ་འགས་ཆེ་བའི་སློབ་ཆེན་འགྲིམ་བཞིན་པའི་ཕུ་བོ་དོན་འགྲུབ་ཀྱིས། ཁོ་རང་སློབ་གྲྭར་མི་འགྲོ་བར་ཚོང་བྱེད་རྒྱུ་ཡིན་ཟེར། ཁོས་ཚོང་བྱེད་རྒྱུར་ཁ་གཡར་ཏེ། སྡེ་པ་འདིའི་ལུང་བརྫད་འགའ་དང་མཉམ་དུ་ཤོ་རྒྱན་བྱས་པས་ཧ་མང་པོ་འབགས། དེའི་སྟབས་ཀྱིས་ཧ་ལས་གཡོལ་ཆེད་ས་མཐར་འཁྱམས། ད་ལྟ་ནི། ཁོ་རང་ས་ཕྱོགས་གང་དུ་ཡོད་པ་སུས་ཀྱང་ཤེས་ཀྱིན་མེད། དོན་དག་འདིའང་ཁོ་མོར་མཚོར་ན་བློས་དཔོག་དཀའ་བ་ཞིག་སྟེ། དེ་ནི། ཨ་མས་བཤད་པའི་ལས་དབང་ཟེར་བ་དེ་དང་འདྲ། འོན་ཀྱང་། ཨ་མས་དེ་ནས་བཟུང་། མིག་ཆུ་འདོན་པ་ཇེ་མང་དུ་གྱུར་པ་ལས་སྐད་ཆ་མང་པོ་མི་འཆད།

ད་ནི། གང་ནས་ཡོང་བ་མ་ཤེས་པའི་སྤྲིན་པ་སྐྱ་ནར་ནར་འགའ། སྟོང་སང་སང་གི་ནམ་མཁར་ཆས་འདུག་ལ། རླུང་བུ་ཞིག་ཀྱང་ངེས་མེད་དུ་ཕྱོགས་གང་ས་ནས་ལྡང་འོང་ཞིང་། རི་གྲོང་འདིའང་གྲང་སིབ་སིབ་ཏུ་གྱུར། དབྱར་གྱི་གནམ་ངོ་ཞེས་མི་རྣམས་ཀྱིས་འགྱུར་བག་རྒོད་པའི་ཚད་དུ་འཇོག་པ་སུས་ཀྱང་ཤེས་མོད། སྟོན་གྱི་གནམ་ངོ་ཡང་། འདི་ལྟའི་འགྱུར་ལྡོག་རྒོད་པ་དང་གློ་བུར་བ་ཞིག་ཡིན་པ་ཅི་ཡིས་ཉེས་སམ།

ངེས་མེད་ཀྱི་རླུང་བུ་ཞིག་བརྒྱུགས་འོངས་ཏེ། ལྷ་སྒྲོན་གྱི་ཐོད་སྐྲ་བསྐྱོད་ཙམ་གྱིས་རྒྱང་རིང་ཞིག་ཏུ་ཡལ་སོང་།

ཁོ་མོས་བསམས་བཞིན་བསམས་བཞིན། དེ་དག་ཡོད་ཚད་ལས་དབང་ཡིན་ན། ངོ་མ། ལས་དབང་ནི། མདང་ནུབ་ཀྱི་ཁ་རས་གོན་པའི་ཁྲམ་པ་དེ་དང་འདྲ་བ་ལ་ཨང་སྙམ། དེ་ལྟར་དྲན་པ་དང་དུས་མཚུངས་སུ། མོའི་སྣང་ངོར་། མདང་ནུབ་ཀྱི་ཁ་རས་གོན་པའི་ཁྲམ་པ་དེ་ནི། ཧ་ཅང་རབ་རིབ་ནས་མག་མོག་ཅིག་དང་། མཐར་འཇིགས་སུ་རུང་བའི་ལྐོག་གྱུར་གྱི་རླུང་ཆེན་སྟུག་པོ་ཞིག་ཏུ་གྱུར་ཏེ། སེམས་ཀྱི་རི་ལུང་ཡོམ་ཡོམ་སྒུལ་བར་བྱེད།

“ཨ་ཅེ།”

གློ་བུར་བའི་འབོད་སྐད་བཙན་པོ་དེས། ཁོ་མོར་སྐྲག་སྣང་ཆེན་པོ་ཞིག་བསླངས་ཤིང་། དེ་མ་ཐག་མགོ་བོ་དཀྱོགས་ནས་ལྟ་སྐབས། དེ་ནི་ནུ་བོའི་འབོད་པ་རུ་ཤེས།  

“ཨ་ཅེ། ཅི་རེད། ཡང་ཁྱོད་ངུ་བཞིན་ཡོད་དམ།”

“……”

“ཨ་མས་ཁྱོད་འབོད་བཞིན་འདུག བྲེལ་བ་གྱིས་ནས་ཤོག་ཟེར།”

“ཡ། འགྲོ།”

ཡར་ལངས་རྗེས། ཁོ་མོའི་ལག་གི་མེ་ཆ་དེ་ཤེད་ཀྱིས་རྒྱང་རིང་དུ་གཡུགས།

“ཨ་ཅེ། དེ་ཅི་ཞིག་རེད།”

“ཅི་ཡང་མ་རེད།”

“དེ་མེ་ཆ་ཞིག་མ་རེད་དམ། ཁྱོད་ཀྱིས་ང་ལ་མི་སྦྱིན་པར་གཡུགས་དོན་ཅི་ཡིན།”

“ཁྱོད་ལ་དེས་ཅི་ཞིག་མཁོ།”

“དེས་ན། ཁྱོད་ལ།”

“ངས་མ་མཁོ་ནས་གཡུགས་པ་མ་མཐོང་ངམ།”

“……”

རླུང་བུ་ཞིག་ཕྱོགས་ངེས་མེད་ནས་ལྡང་འོང་ཞིང་། ལོ་མ་འགའ་ཡང་སྡོང་མགོ་ནས་ས་སྟོང་དུ་ལྷུང་བ་དང་། ཡང་ལོ་མ་གཞན་འགའ་ཞིག་ནི། མི་རྣམས་ཀྱི་སེམས་སུ་ལྷུང་། སེམས་སུ་ལྷུང་བའི་ལོ་མ་དེ་དག་འབབ་ས་ཞིག་ཡེ་མི་རྙེད་པར། ཤར་རླུང་གིས་ནུབ་དང་འོག་རླུང་གིས་སྟེང་བྱས་ཏེ། ཕྱོགས་སོ་སོས་རླུང་བུས་ཕྱོགས་སོ་སོར་ཁུར་ཁུར་ཞིང་། སླར་ཡང་ཕྱོགས་སོ་སོར་ཁུར།

ངོ་མ། གྲོང་སྡེ་འདིར་སྟོན་ཁ་བསླེབས་འདུག་སྟེ། དེ་ནི་གྲ་སྒྲིག་ཅི་ཡང་མེད་པར་གློ་བུར་དུ་བསླེབས་འདུག ཐ་ན། མེ་ཏོག་དང་འབུ་སྦྲང་རྣམས་ཀྱང་སད་ཅིང་གུམ་པ་དང་། སྲོག་ལྡན་ཀུན་ལ་རྣམ་པ་མི་འདྲ་བའི་གྲང་འདར་གློ་བུར་བ་རེ་བྱུང་།

རེད་ཡ། སྟོན་ཁ་ནི། ཁ་རས་སེར་པོ་གོན་པའི་ཁྲམ་པ་ཞིག་དང་འདྲ་བར་གློ་བུར་བ་དང་། ལྐོག་གྱུར་གྱི་རང་བཞིན་ཞིག་རེད་འདུག དཔེ་དེ་ཁྱོད་ཚོར་འཚམ་མིན་མ་ཤེས་མོད། མ་མཐའ་ཡང་། ལྷ་སྒྲོན་ལ་མཚོན་ན་དེ་འདྲ་ཞིག་རེད།

                                           2015.10.24

[1] ཁྲམ་པ་ནི། བྱི་བོར་གོ།

                                                                                                   རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་རས་གྱོན་པའི་ཁྲམ་པ།

2016-04-19 དུང་རི་ཚེ་དབང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།