ཨ་ཁུ་རབ་གསལ།

དཀོན་མཆོག༼དཔའ་རིས༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-04-27

རླངས་འཁོར་གྱི་འུར་སྒྲ་དང་ནོར་ནག་གི་ངུར་སྒྲའི་ཟོམ་དུ།འཐབ་འཛིང་གི་རལ་གྲི་ཡིས་སེམས་ཁུང་ལ་སྔར་མེད་ཀྱི་ན་ཚས་མནར་ནའང་།  འོན་ཀྱང་དེ་རིང་ཨ་ཁུ་རབ་གསལ་ལགས་ཐབས་ཟད་ཀྱི་མཆི་མའི་མིག་མཐའ་སྐོར་བཞིན་རང་གི་མི་རབས་ནས་མི་ཐོག་ཏུ་འཚོ་བའི་བཀྲ་ཤིས་སྡེ་བ་དང་བྲལ་ནས་རྫོང་ཐོག་གི་འཚོ་བ་གསར་བ་ཞིག་མི་རོལ་ཐབས་མེད་བྱུང་།

རབ་དཀར་ཀྱི་གངས་རི་རིམ་བཞིན་ཇེ་ཉུང་དང་གཡུ་མདོག་གི་ལྗོན་ཤིང་ཇེ་མང་དུ་མངོན་པ་དང་བསྟུན་ནས་ཁོང་རང་ལོ་ངོ་དྲུག་ཅུའི་རིང་ལ་འཚོ་བའི་རྩྭ་ཐང་དང་གྱེས་སོང་། ནོར་ལུག་དང་གྱེས་སོང་།...... ཡོད་ཚད་དང་གྱེས་འདུག ཁོང་གི་སྐྱོ་སྡུག་གི་སེམས་ནི་ཉམ་ཆུང་དྭ་ཕྲུག་ཞིག་བཞིན། སྐྱབས་མགོན་དང་རེ་འབོད་དེ་དཀོན་མཆོག་ལ་གསོལ་འདེབས་ལས་མ་རྙེད། ལུས་ལ་བུ་དང་མནའ་མས་བཙན་པོར་བསྐོན་བའི་གཙང་དག་གི་རྒྱ་ལྭ་འདི་མཐོང་དུས། སེམས་སུ་སུན་སྣང་དང་ཁོང་ཁྲོ་ལས་མ་གདའ།

ཨ་ཁུ་རབ་གསལ་རླངས་འཁོར་གྱིས་གཡོ་འགུལ་ཁྲོད་སེམས་སྡུག་གི་གཅོང་རོང་དུ་ལྷུང་བའི་སྐབས་སུ།   བུ་སྟོབས་ལྡན་གྱི་གཡོན་ལག་གིས་རླངས་འཁོར་ཁ་ལོ་བསྒྱུར་ཏེ་གཡས་ལག་གིས་སྒམ་ཆུང་ནས་སྒྲ་ཐག་ཞིག་བླངས་རྗེས་ཨ་ཕ་ལགས།  ད་ཁྱོད་སེམས་སྡུག་དགོས་ནི་མ་རེད།  གྲོང་ཁྱེར་དུ་སོང་ན་འབྲོག་ཁུལ་ལས་ལྡབ་བརྒྱས་བཟང་འདུག །འདི་ན་ཁྱོད་དགའ་བའི་རྡུང་ལེན་སྒྲ་ཐག་ཞིག་ཡོད།ཁྱོད་ཀྱིས་ཉོན་དང་སེམས་ཁམས་ཅུང་ཇེ་བཟང་ཏུ་འགྲོ་ངེས་རེད་ཟེར་ནས་སྒྲ་ཐག་བཏང་།སྐད་ཅིག་ཉིད་རླངས་འཁོར་གི་ཡུལ་ཁམས་ཆུང་ཆུང་འདིར་རྡུང་ལེན་གྱི་སྙན་འཇེབས་གླུ་དབྱངས་ཀྱིས་ཁེངས། ཨ་ཁུ་རབ་གསལ་ནི་མིག་ཟུང་དམ་པོར་བཙུམ་ནས་མཆུ་ཟུར་འགུལ་འགུལ་ཙམ་བྱེད་པ་ལས་ཅི་ཡང་མ་ལབ་ལ་ལྷུང་འཇཊ་ངང་བསམ་གཞིགས་ཀྱི་དམྱལ་ཁམས་སུ་འགྲིམས།

 ཕལ་ཆེར་དུས་ཚོད་གསུམ་ཙམ་སོང་རྗེས་ཁོང་ཚོ་རྫོང་ཐོག་ཏུ་ཐོན། སྟོབས་ལྡན་ནི་རྫོང་འདིའི་རྫོང་དཔོན་གཞོན་པ་ཡིན་ཕྱིར་དགའ་བསུ་བྱེད་མཁན་མི་ཉུང་བ་ཞིག་ཕེབས།  ལ་ལས་ཅ་ལག་འཁྱེར་རོགས་དང་ལ་ལས་ཨ་ཁུ་རབ་གསལ་སྐྱོར་རོགས་མཛད། རྫོང་གིས་རིམ་བའི་འགོ་བ་དག་གི་བཀོད་སྒྲིག་ལྟར་ཁོང་ལ་ད་དུང་སྐུ་ཁམས་བདེ་ཆེད་སློབ་མ་དག་གིས་རབ་ཏུ་བཞད་བའི་མེ་ཏོག་ཅིང་ལེགས་སྐྱེས་སུ་ཕུལ།

 འུར་འུར་ཟིང་ཟིང་གི་སྒོ་ནས་ཨ་ཁུ་རབ་གསལ་ཁྱིམ་གསར་བའི་ནང་ཞུས།  སྦྲ་གུར་ལ་གོམས་བའི་ཨ་ཁུ་ཕོ་བྲང་ལྟ་བུའི་ཐོག་ཁང་ནང་ཕེབས་དུས་བྱིས་ཆུང་བློ་མེད་ཞིག་བཞིན་ཐ་ན་ཐོག་ཁང་དུ་སྐེས་རྩིག་ཡོད་མེད་ཡང་གསལ་བོར་མ་རྟོགས།  བུ་དང་མནའ་མའི་ངོ་ས་ལ་མི་འཕེན་པའི་ཆེད་སྐྱོ་འཛུམ་བག་བཟོས་གདོང་ནི་སྤྲེལ་རྒན་ཞིག་དང་གཉིས་སུ་མེད།

  དགའ་བསུ་དང་རོགས་རམ་བྱེད་མཁན་དག་རིམ་བཞིན་སོང་ཚར་བའི་་རྗེས། བུ་དང་མནའ་མ་ཡང་ལས་དོན་ཚབས་ཆེན་ཡོད་ཕྱིར་བུད་སོང་།   སྐབས་འདིར། ཨ་ཁུ་རབ་གསལ་གྱིས་སེམས་སུ་སྔར་ཡོད་མ་མྱོང་ཁེར་རྐྱང་གི་མྱུ་གུ་ཤིག་འབུས།    ཁོང་གི་སླར་ཡང་རྩྭ་ཐང་གི་ནོར་ཁྱུ་ཡི་ངུར་སྒྲ་དང་།  ལུག་ཁྱུ་ཡི་འབའ་སྒྲ། རྟ་ཁྱུ་ཡི་མཚེར་སྒྲ་སོགས་དྲན་བྱུང་།   དེ་ནི་ཇི་འདྲའི་སོས་དལ་བག་ཕེབས་ཀྱི་འཚོ་བ་ཞིག་རེད་ཡ།      ཁྱིམ་མཚེས་ཨ་ཁུ་ཚེ་མགོན་གྱི་ལུག་ཁྱུ་ཀུན་ལ་གང་འདོད་མིང་བཏགས་བྱུང་། སྒྲོན་དཀར་ཚང་གི་བྱིས་ཆུང་པད་མ་ཡིས་གདོང་ཀུན་ལ་ནམ་ཡང་ཞོ་འོ་འགོས།  ད་དུང་ཚེ་ལོ་ཚང་གི་དཔའ་ལྡན་གྱིས་ཉིན་བཞིན་དཔེ་ཁུག་ཕྲག་ལ་བཞག་ནས་སློབ་གྲྭར་བསྐྱོད།      དྲན་འཛིན་གྱིས་དར་སྐུད་དང་འབྲེལ་ནས་ཨ་ཁུ་རབ་གསལ་ཕ་སའི་རྩྭ་ཕྲན་ཞིག་ཀྱང་མ་ལུས་ལ་དྲན་པའི་ལྷ་ཡུལ་ནང་འཁོར་བས། བུ་དང་མནའ་མ་དུས་ནམ་ཡོང་ནས་ནུབ་ཇ་གྲ་སྒྲིག་བྱས་པ་ཡང་མ་ཤེས།

  ནུབ་ཇ་འཐུང་རྗེས་བུ་སྟོབས་ལྡན་ཀྱི་ཨ་ཕའི་སེམས་གསོ་ཆེད་ཁོམ་པ་ཡོད་དུས་ཁྱེད་ཉིད་ཡུལ་སྐོར་སུ་འཁྲིད་ཞེས་བརྗོད་འདོད་མོད།    འོན་ཀྱང་ནག་མོའི་གདོང་གཤིས་ལས་སྤྲིན་ནག་ལོང་ལོང་འཁྲིགས་པ་མཐོང་ཕྱིར།   ཅི་ཡང་སྨྲ་མ་ཕོད་པར་རང་གི་གཟིམ་ཤག་ཏུ་ཕྱིན། ནག་མོས་རང་གི་ཕ་རྫོང་དཔོན་ལ་དེ་རིང་རྩྭ་ཐང་ནས་ཁྱེར་བའི་དབྱར་རྩྭ་དགུན་འབུ་སྤར་མོ་དོ་ཁྱེར་ནས་འཚབ་ཚུབ་ངང་ཕ་མིང་དུ་བསྐྱོད། ཨ་ཁུ་རབ་གསལ་སླར་ཡང་ཕོ་བྲང་འདྲ་བའི་ཐོག་ཁང་ནང་ཁེར་རྐྱང་ངང་ལུས། འོན་ཀྱང་ཐེངས་འདིར་ཁོ་རང་དྲན་པའི་ལྷ་ཡུལ་དུ་མ་འགྲིམས།  ཁོང་གིས་འབྱུང་འགྱུར་གྱི་ལམ་ཆེན་དུ་རྟ་མཆོག་ལྕག་གིས་སྐུལ།  ཁོང་གིས་གངས་དཀར་གྱིས་བཀྲག་མདངས་དེ་ཡུལ་ཁམས་ཀུན་ལ་གཏོར།  ཁོང་ནི་དར་ཤིང་ལས་ཐར་བའི་དར་ལྕོག་བཞིན་རེ་སྨོན་གྱི་ཡིག་དྲུག་ལྷགས་པར་བཅོལ། ཁོང་རེ་ཞིག་བུ་སྟོབས་ལྡན་ཀྱི་གཟིམ་ཤག་སྒོར་ལངས་ནས་སྨྲ་སྒོ་ཕྱེ་ཙམ་བྱས་ཀྱང་།  འོན་ཀྱང་ཅི་ཡང་མ་སྨྲས་པར་ཁྱིམ་ནས་ཕྱིར་སོང་།
  ཕྱི་ཉིན་ཀྱི་ཞོགས་པ་སྟོབས་ལྡན་ཚང་གི་རྫོང་ཡོངས་ཀྱི་ནུས་ཤུགས་ཡོད་དགུ་བཏོན་ཏེ་ཨ་ཕ་དྲིན་ཅན་འཚོལ་ཡང་རྐང་རྗེས་ཙམ་ཡང་མ་རྙེད།     ལོ་འགའི་གཞུག་ཏུ་ལ་ལས་ཁོང་ལྷ་ས་ན་གནས་ཟེར། ལ་ལས་ཁོང་བླ་བྲང་ན་གནས་ཟེར། ཐ་ན་ལ་ལས་ཁོང་ལྔ་བའི་ལམ་དུ་བསྐྱོད་ཟེར།ཅི་འདྲ་ཡིན་ཁོང་གི་ཚེ་སྨད་ཀྱི་རེ་བ་ནི་གུས་བཀུར་དང་རང་དབང་ཡོད་བའི་སྐྱེས་བ་ཤིག་ཐོབ་བའི་སྨོན་ལམ་ལས་མ་གདའ།།

                                                                           རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་ཁུ་རབ་གསལ།

2016-04-27 དཀོན་མཆོག༼དཔའ་རིས༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།