ཀླད་ཀོར་གྱི་བརྩམས་སྒྲུང་གསར་བ། པར་མིག

  “ང་རང་བརྩེ་དུང་ལ་ཡིད་མི་ཆེས”
   
  སློབ་ཆེན་ལོ་རིང་དང་པོའི་སྐབས་སུ་ང་ཚོ་འཛིན་གྲྭས“བརྩེ་དུང་གི་རླབས་ཆེན་གླེང་བ”ཞེས་པའི་གཏམ་གླེང་གི་དགུང་ཚོགས་ཞིག་སྤེལ་སྐབས། ང་རང་མི་མང་ས་ནས་ཡར་ལངས་ནས་སྐད་ཆ་འདི་འདྲ་ཞིག་བཤད་པས་བརྩེ་དུང་ནི་རླབས་ཆེ་རབས་འཆད་བཞིན་པའི་དགེ་རྒན་དང་སློབ་གྲོགས་ཀུན་རེ་ཞིག་ཧད་ནས་ལུས་སོང་།  དེ་ནས་བཟུང་། སློབ་གྲོགས་བུ་རྣམས་ཀྱིས་ང་ལ་སྔོན་མ་དགའ་རོགས་སྒྲིག་མྱོང་མེད་མི་འདྲི་བ་མ་ཟད། སློབ་གྲོགས་བུ་མོ་ཚོས་ནི་ང་ལ་འཛེམ་དོགས་ཅི་ཡང་མེད་པར་བུ་མོའི་ཉལ་ཁང་གི་གསང་བ་དག་ངོ་སྤྲོད་པ་བྱེད། དཔེར་ན་བུ་མོ་གཅིག་གཅིག་གིས་དུས་རྒྱུན་དག་རྫས་སོགས་མི་ཉོ་བ་གཞན་གྱི་དག་རྫས་སྤྱོད་རྐྱང་བྱེད་པ་དང་། བུ་མོ་གཉིས་གཉིས་ཀྱིས་དུས་རྒྱུན་རང་ཉིད་ཀྱི་ཨུ་མུ་སུ་ལ་དྲི་སྣུམ་པའི་སྲོལ་ངན་དེ་ཁོ་མོ་ཚོས་བཟོད་ཐབས་མི་འདུག་ཟེར།  དེ་བཞིན་ཁོ་མོ་ཚོ་ང་དང་མཉམ་དུ་ཐུག་པ་འཐུང་དུས་ཀྱང་སྒྲ་ཆེ་བ་མ་ཟད། ཐོད་པ་ནས་རྔུལ་ཆུ་བཞུར་བ་དང་། སྣ་ཡང་སྣུམ་དམར་པོས་བརླན་པ་སོགས་ཀྱི་རྣམ་པ་དག་ཀྱང་མངོན་འོང་།

     “ང་རང་བརྩེ་དུང་ལ་ཡིད་མི་ཆེས”ཅེས་པའི་སྐད་ཆ་དེའི་དབང་གིས་སློབ་གྲོགས་རྣམས་ཀྱིས་ང་ལ“སྙན་ངག་པ”ཞེས་འབོད་ཅིང་ང་ནི་འཁོར་བ་ཉིད་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ངེས་ཤེས་གསལ་པོ་རྙེད་ཡོད་པའི་གཞོན་ནུ་ཞིག་ཡིན་རབས་འཛིན་གྲྭ་གཞན་དུའང་ཁྱབ་འདུག

       ང་རང་སློབ་གྲྭ་ནས་ཐོན་ལ་ཉེ་བའི་དུས་དེ་ནས་རྗེས་དྲན་ཞིག་བྱས་ན་ངའི་སྐད་ཆ་དེས་རང་ཉིད་ཀྱི་སློབ་ཆེན་གྱི་འཚོ་བ་ལ་ལུང་སྟོན་པ་དང་འདྲ། སློབ་ཆེན་ལོ་བཞིའི་རིང་ངས་དགའ་རོགས་ཐེངས་གཅིག་ཀྱང་མ་སྒྲིག་ལ་སྦྱང་བྱའི་སློབ་ཚན་ཀུན་མགོ་མེད་མཇུག་མེད་ངང་ནས་སྦྱངས་ཚར་སོང་།  དུས་རྒྱུན་སློབ་ཚན་འཚོགས་པའི་ཅོང་སྒྲ་གྲགས་པ་དང་ང་རང་སློབ་ཁང་ནས་མར་ཐོན་པ་དང་སློབ་རའི་གང་སར་འཆམ་དུ་སོང་།  ང་ཚོའི་སློབ་གྲྭའི་ཟུར་གང་དུ་རླུང་ཤུགས་ཆེ་བ་དང་ཟུར་གང་དུ་ཉི་འོད་དྲོ་བ། ཟུར་གང་དུ་གྲོག་མ་མང་པ་སོགས་ནི་ལག་མཐིལ་གྱི་རི་མོ་ལ་ལྟ་བ་བཞིན་ངའི་སེམས་ན་གསལ། སློབ་ཚན་མེད་པའི་དུས་ལ་པེ་ཅིང་གྲོང་གི་མཐར་འཁོར་གྱི་བདེ་མོ་རང་མེད་པའི་སྲང་ལམ་གྱི་འདམ་ཐོག་དུ་ཉུལ་ནས་ཀུ་ཤུ་དང་ཁམ་བུའི་ལྡུམ་ར་མ་མཐོང་བར་དུ་གོམ་མཚམས་མི་འཇོག ལྕགས་རི་རིང་པོའི་ཐོག་ཏུ་གནའ་བོའི་ལོ་རྒྱུས་གླེང་མཁན་དང་གླིང་གའི་ནང་དུ་མིའི་རྣམ་ཤེས་དང་སྙན་ངག་གི་མཛེས་སྡུག་གླེང་མཁན་རྣམས་ནི་ཟུར་ཟས་འཛུམ་པར་བྱེད།

     ལོ་བཞིའི་རྗེས་སུ་ང་རང་བརྩེ་དུང་ལ་ཡིད་མི་ཆེས་པའི་སྙན་ངག་པ་ཞིག་ཏུ་གྱུར་སོང་།  སྙན་ངག་འབྲི་མི་ཤེས་པའི་སྙན་ངག་པ་ཞིག་ཏུ་གྱུར་སོང་། སློབ་གྲྭ་ཐོན་ལ་ཉེ་བའི་དུས་འདིར་ངས་ཉིན་གཉིས་ལ་དཔྱད་རྩོམ་བྲིས།  དེ་རིང་ཞོགས་པར་བསྐྱར་པར་འཕྲུལ་ཆས་ནས་འུར་སྒྲ་སྒྲོག་བཞིན་ཐོན་འོང་པའི་དཔྱད་རྩོམ་དེ་ངས་ཐེངས་གཅིག་བཀླགས་པ་ན་སྒྲུང་གཏམ་རིང་མོ་ཞིག་དང་འདྲ་བས་ང་རང་གློ་བུར་ཏུ་གད་མོ་ཤོར། སྐབས་དེར་ལམ་ན་འགྲོ་བཞིན་པའི་སློབ་གྲོགས་ཁ་ཤས་ཀྱིས་ཅི་ཡིན་ཆ་མ་འཚལ་བར་ང་ལ་མཚར་སྣང་གིས་ཅེར་བྱུང་།  ངས་གོམས་གཤིས་བཞིན་བསྐྱར་པར་བྱས་མ་ཐག་པའི་ཚ་ལྷང་ལྷང་གི་དཔྱད་རྩོམ་དེ་ལམ་ཟུར་གྱི་གད་སྙིགས་བླུག་སྒམ་དུ་གཡུགས་རྗེས་ང་རང་དམིགས་ཡུལ་ཅི་ཡང་མེད་པར་སློབ་རའི་གང་སར་ཉུལ།

      ང་རང་རྡོའི་བཟོས་པའི་འདུག་སྟེགས་གྲང་མོ་ཞིག་ལ་ཉལ་ནས་ངའི་རྐང་འགྲམ་གྱི་གྲོག་མ་ཞིག་གིས་འབུའི་རོ་ཞིག་འདུད་མ་ཐུབ་པར་འཕག་འཚག་རྒྱག་བཞིན་པ་ལ་ལྟད་མོ་ལྟ་སྐབས“ཏིང”ཞེས་ཁ་པར་ནང་དུ་བརྡ་འཕྲིན་འོང་བའི་སྒྲ་གྲགས་བྱུང་། སྐད་འཕྲིན་གྱི་དུས་རབས་འདི་བརྡ་འཕྲིན་མ་འོང་བ་ཡུན་རིང་སོང་བས་སུ་ཡིན་ནམ་དོན་ཅི་ཡོད་དམ་སྙམ་གྱིན་ཁ་པར་གྱི་ཁ་ཕྱེ།

  “ཁྱོད་ཀྱི་སྒྲུང་གཏམ་འདི་བརྙན་ཐུང་ཞིག་དང་འདྲ་པོ་འདུག”

   དེ་ནི་ངའི་གྲོགས་པོ་བློ་དགའ་རེད།  ཁོ་ནི་ངའི་ཆང་འཐུང་རོགས་ཀྱང་ཡིན། ཁོས་སྒྲུང་གཏམ་ཞེས་བཤད་པ་དེ་ནི་ངའི་དཔྱད་རྩོམ་ལ་ཟེར་བ་མ་རེད། ངའི་གློག་ཀླད་དུ་ཡུན་རིང་ཞིག་ལ་གཉིད་དུ་ཤོར་བའི་ངའི་སྒྲུང་གཏམ《ཟམ་མོ་དག་སྣང་གི་འཇིག་རྟེན》ལ་ཟེར་བ་རེད། ཁོ་རང་ང་དང་མཉམ་དུ་ཆང་བཏུང་རྒྱུ་དགའ་བ་མ་ཟད་ངའི་ཀླད་པའི་ནང་གི་ལྐོག་གྱུར་གྱི་བསམ་བློ་ལ་ཡང་ཞེན་པ་ཉེ་ལམ་གཞི་ནས་ཤེས།  དེ་ནི་ཡིག་ནོར་གྱི་ཁེངས་པའི་ངའི་སྒྲུང་གཏམ་དག་ལ་བལྟ་རྒྱུར་དགའ་བ་དེ་རེད། ཁོས་ད་ནི་ང་ལ“ཆང་འཐུང་དུ་འགྲོ”ཞེས་མི་འབོད་པར་སྒྲུང་གཏམ་གཅིག་གཅིག“བྲིས་ཚར་ཨེ་སོང”དང་གཉིས་གཉིས“བྲིས་མཚམས་གང་དུ་སླེབས་སོང་”སོགས་འདྲི་འོང་བས་ངས་ཁོང་ལ་རྣམ་འགྱུར་ངན་པ་མང་དུ་སྟོན་དགོས་བྱུང་།   དེའི་ཕྱིར་བློ་དགས་ང་ལ་འཕྲིན་ཐུང་བསྐུར་བྱུང་ན་ནང་དོན་ནི་ངའི་སྒྲུང་གཏམ་ནད་པ་དག་དང་འབྲེལ་བ་ཡོད་པར་སྒྲུབ། ཡིན་ཡང་དེ་རིང་ཁོའི་སྐད་ཆ་དེས་ང་ལ་དགའ་སྣང་ཞིག་དང་འཆར་ཡན་གསར་པ་མང་པོ་ཞིག་སྐྱེས་སུ་བཅུག 

  “ང་གཉིས་ཀྱིས་སྒྲུང་འདི་བརྙན་ཐུང་སྟབས་བདེ་ཞིག་ཏུ་ཕབ་ཨེ་ཐུབ་བལྟ”

  ངས་ཁོ་ལ་རྩེད་དགའི་ཚུལ་དུ་སྐད་ཆ་འདི་འདྲ་ཞིག་བཤད་པ་ན་ཁོ་རང་དགའ་དྲགས་པ་འདྲ་སྟེ་དེ་མ་ཐག་ང་ལ་ཁ་པར་བཏང་བྱུང་། ཁ་པར་ནང་ནས་ཁོ་རང་དགའ་བའི་འུར་འབོད་ཐོས་བྱུང་། 

  ང་རང་ཉལ་ཁང་དུ་ལོག་པའི་ལམ་བར་དུ་ཁོས་ད་དུང་ང་ལ་ཁ་པར་བརྒྱབ་ནས“ང་ཚོ་ལ་བརྙན་ལེན་བྱེད་ཀྱི་ཡོ་བྱད་མེད་པས་ཅི་བྱ”ཟེར།  ངས་གཞི་ནས་ངའི་གྲོགས་པོས་ངའི་རྩེད་དགའི་གཏམ་འདི་དོན་དངོས་ཡིན་ཤག་ཤག་གིས་སེམས་ལ་བཟུང་ཟིན་པ་ཤེས། ངས་ཁོའི་དགའ་བ་ལ་དོན་དངོས་ཀྱི་ཆུ་འཁྱགས་སྦར་གང་དེ་མ་བླུག་པའི་ཆེད་དུ“ང་ཚོས་ཁ་པར་གྱིས་ཕབ་ཆོག”ཅེས་བཤད་པ་ཡིན།   འདི་ལྟར་ང་གཉིས་བར་སྐད་ཆ་བཤད་དུས“ང་ཚོ། ང་ཚོ”ཞེས་བཤད་པར་གོམས་འདུག  “ང་ཚོ”ཞེས་པའི་ཚིག་དེའི་ནང་དུ་ང་གཉིས་ལས་གཞན་བློ་དགའ་ཁོའི་དགའ་རོགས་ལྷ་མོ་སྒྲོན་ཡང་འདུས་ཡོད་པ་རེད། ང་ཚོ་གསུམ་པོས་པེ་ཅིང་གི་མུན་པ་ན་ཆང་འཐུང་བཞིན་ཐག་རིང་གི་ཕ་ཡུལ་དང་ངེས་པ་མེད་པའི་མ་འོངས་པ་ཡང་གླེང་མྱོང་།  ཉིན་ཞིག་ཁོ་གཉིས་ཀྱང་ང་དང་མཉམ་དུ་རྐང་ཐང་གིས་པེ་ཅིང་གི་གྲོང་ཁྱེར་བརྒལ་ནས་གྲོང་ཁྱེར་ཕྱི་རོལ་གྱི་ཀུ་ཤུ་ལྡུམ་ར་དང་མེ་ཏོག་གི་ཞིང་སར་ཉུལ། “བརྩེ་དུང་ལ་ཡིད་མི་ཆེས”ཅེས་འབོད་མྱོང་བའི་ང་རང་ཡང་ཁོ་གཉིས་ཀའི་ལྷོད་འཇམ་གྱི་གཤིས་ཀ་དང་ལྷད་མེད་ཀྱི་བརྩེ་བ་ལ་ཡིད་སྨོན་ཤོར།

   བློ་དགའ་དང་ང་གཉིས་ཀྱི་བར་དུ་བརྙན་ཐུང་ཕབ་པའི་སྐོར་ཁ་བརྡ་བྱས་པ་ནས་བཟུང་།  ངའི་སྒྲུང་གཏམ《ཟབ་མོ་དག་སྣང་གི་འཇིག་རྟེན》ནང་གི་མི་སྣ་རྣམས་ནི་རླུང་གི་རྒྱུ་བ་དང་ཐལ་བའི་རྡུལ་ལ་སོགས་པ་བཞིན་ངའི་ཡིད་ནས་སྐད་ཅིག་ཙམ་ཡང་བྲལ་བར་མ་འགྱུར། ང་རང་ངའི་སྒྲུང་དེབ་ཀྱིས་ཁེངས་པའི་ཉལ་ཁྲིར་གན་རྐྱལ་དུ་ཉལ་ནས་ངའི་སྒྲུང་གཏམ《ཟབ་མོ་དག་སྣང་གི་འཇིག་རྟེན》ནང་གི་ཉི་མ་བཞིན་གྱི་ཟླ་བའི་འོད་ཟེར་ཞེས་ཟེར་བའི་མི་སྣ་དེ་དང་ཟླ་བ་བཞིན་གྱི་ཉི་མ་འོད་ཟེར་ཟེར་བའི་མི་སྣ་དེ། ད་དུང་མིང་བཏག་མེད་པའི་མི་སྣ་གཙོ་བོ་གཞོན་ནུ་མ་དེ།  ཁོ་གསུམ་པོ་ཡང་ཡིག་ནོར་གྱི་ཁེངས་བའི་སྒྲུང་ནས་མར་ཐོན་ནས་བདག་ཕྱོགས་སུ་སླེབས་བྱུང་། ང་ནི་ཁོ་གསུམ་པོ་བཟོ་མཁན་གྱི་ཨ་ཕ་དང་འདྲ་བར་ཁྲི་མཐོན་པོ་ཞིག་གི་ཐོག་ཏུ་སྡོད་ཀྱིན་རང་ཉིད་ངོ་སྤྲོད་བྱེད་ཁུལ་བྱེད་པའི་ཁོ་གསུམ་པོ་ལ“རང་ཉིད་ངོ་སྤྲོད་བྱེད་པའི་དགོས་པ་མེད། ཁྱོད་ཚོ་གསུམ་པོ་བཟོ་མཁན་ང་ཡིན”ཞེས་འབོད།   དེ་ནས་ང་ཚོ་བཞི་པོས《ཟབ་མོ་དག་སྣང་གི་འཇིག་རྟེན》ནང་གི་རྒྱ་མཚོ་དང་ས་སྲོད་ཀྱི་མཚམས་སྤྲིན་དག་གླེང་། སང་ཉིན་ཁ་པར་གྱི་ངོས་སམ་ཕབ་ལེན་འཕྲུལ་ཆས་ཀྱི་པར་མིག་ནས《ཟབ་མོ་དག་སྣང་གི་འཇིག་རྟེན》ཇི་བཞིན་དུ་མངོན་སུམ་གྱི་འཇིག་རྟེན་དུ་བསྐྱར་པར་བྱེད་པ་བཞིན་བརྙན་ཐུང་དུ་ཕབ་པའི་སྐོར་ལ་གྲོས་བསྡུར་བྱས།  ངས་སྒྲུང་གཏམ་ནང་གི་མིང་མེད་པའི་མི་སྣ་གཙོ་བོ་བུ་མོ་གཞོན་ནུ་མ་དེ་ལ“ལྷ་མོ་སྒྲོན། ལྷ་མོ་སྒྲོན”ཞེས་འབོད་དུས་མོས“ཨ། ང་འདི་ན་ཡོད”ཅེས་ལན་བཏབ་བྱུང་། ངས་མོ་ལ་ཞིབ་ལྟ་ཞིག་བྱས་པ་ན་དུས་ནམ་ཡང་སྐར་མདའ་བཞིན་རྒྱུགས་པའི་མིག་འོད། འཛུམ་མདངས་འཇམ་པོ། སྐད་ཀྱི་ཚིག་ལྷོད་ལ་སྙན་པ་སོགས་ངའི་གྲོགས་པོ་བློ་དགའི་དགའ་རོགས་ལྷ་མོ་སྒྲོན་དང་ངོ་བོ་གཅིག་ཏུ་འཐིམ་སོང་།

      གཉིད་ལས་སད་དུས་དེར་མུན་ཡང་རུབ་འདུག ཉལ་ཁང་ནང་དུ་ང་ལས་གཞན་ཉལ་ཁང་གཅིག་པའི་སྙན་བཟང་ཡང་སླེབས་ཡོད་པར་མཐོང་། ཁོས་ང་རང་གཉིད་པ་དང་སད་པ་ལ་ཁ་ཡ་གང་ཡང་མེད་པར་ཉལ་ཁྲིའི་ཐོག་ཏུ་ཉལ་མ་སྡོད་ཀྱིས་ཁ་པར་ནང་དུ་གློག་བརྙན་ལྟ་བཞིན་འདུག  སྙན་བཟང་ནི་ང་ཚོའི་འཛིན་གྲྭའི་ནང་གི་ཆེས་མཛེས་པའི་སློབ་མ་དེ་ཡིན། ཁོས་ད་བར་དགའ་རོགས་སྒྲིག་མེད་པའི་རྒྱུ་མཚན་ཡང་ང་བཞིན“བརྩེ་དུང་ལ་ཡིད་མི་ཆེས”ཅེས་འབོད་པས་མ་ཡིན་པར་ང་ཚོ་འཛིན་གྲྭ་ནང་དུ་བུ་མོ་ཡང་ཁོ་ལས་མཛེས་པ་ཞིག་མེད་པས་སོ།།  ཁོས་ཁ་པར་ནས་ལྟ་བཞིན་པའི་གློག་བརྙན་དེ་ཡང་ཁོ་རེ་ཡའི་བརྩེ་དུང་གི་བརྗོད་བྱ་བྱེད་པའི་གློག་བརྙན་དེ་ཡིན་ངེས། ང་ཚོ་བུ་ཀུན་ཨ་རིའི་དམག་འཁྲུག་གི་གློག་བརྙན་དང་ཉི་ཧོང་གི་གློག་བརྙན་སེར་པོར་བལྟས་ནས་བསྡད་དུས་ཁོས་ཁོ་རེ་ཡའི་གློག་བརྙན་ལ་ལྟ་བཞིན་མིག་ཆུ་ཤོར་བ་ལ་སོགས་པ་བྱེད་ཀྱི་ཡོད།  མི་མང་པོས་སྙན་བཟང་ཁོ་རང་གངས་ཕྲུག་ཅིག་དང་མི་འདྲ་བར་ཁོ་རེ་ཡའི་གློག་བརྙན་ནང་གི་བུ་མཛེས་པོ་ཞིག་དང་ཨ་ན་མ་ན་རེད་ཟེར། དེ་ན་ཁོ་རང་ནི་ངའི་སྒྲུང་གཏམ《ཟབ་མོ་དག་སྣང་གི་འཇིག་རྟེན》ནང་གི་ཟླ་བ་ལྟར་མཛེས་པའི་ཉི་མ་འོད་ཟེར་འདྲ་པོ་འདུག་སྙམ་གྱིན། ང་རང“ཧ་ཧ”དགོད་པ་ན་ཁོས་ཁ་པར་ཉལ་ཁྲི་ཐོག་མར་བཞག་རྗེས“ཅི་དགོད་རྒྱུ་འདུག”ཟེར། ངས་ལན་དུ“ད་ནི་ཁྱོད་ཀྱིས་ཀྱང་གློག་བརྙན་ཞིག་འཁྲབ་ཆོག་པ་རེད”ཅེས་བཤད་པ་ཡིན།

  《ཟབ་མོ་དག་སྣང་གི་འཇིག་རྟེན》ནང་དུ་ཉི་མ་འདྲ་བའི་མི་སྣ་ནི་ཟླ་བ་འོད་ཟེར་ཡིན་ལ་ཟླ་བ་དང་འདྲ་བའི་མི་སྣ་དེ་ནི་ཉི་མ་འོད་ཟེར་ཡིན།

        ཉིན་དེར་ང་རང་སྒེའུ་ཁུང་གི་ཁ་ནས་འགྲེང་སྟེ་གྲོགས་པོ་བློ་དགའ་ལ་ཁ་པར་བརྒྱབ་ནས། སང་ཉིན་ང་རང་བརྙན་ལེན་མཁན་དང་འཁྲབ་ཁྲིད་པ་བྱ་རྒྱུ་དང་ལྷ་མོ་སྒྲོན་གྱིས་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་གཞོན་ནུ་མ་དེ་འཁྲབ་རྒྱུ། ངའི་ཉལ་ཁང་གཅིག་བའི་སྙན་བཟང་གིས་ཉི་མ་འོད་ཟེར་འཁྲབ་རྒྱུ།  སྒྲུང་གཏམ་ནང་གི་ཟླ་བ་འོད་ཟེར་ཟེར་བའི་མི་སྣ་དེ་ཁྱོད་ཀྱིས་འཁྲབ་དགོས་ཅེས་བཤད་པ་ན་ཁོ་རང་དོགས་མི་བདེ་བར་གྱུར་བ་འདྲ་རེ་ཞིག་སྐད་ཆ་བཤད་རྒྱུ་མི་འདུག   ཁོས་བསམ་བློ་ཞིབ་མོར་བཏང་རྗེས“འོ་ན་དེ་ལྟར་བྱོས། ང་རང་ཉི་མ་འོད་ཟེར་དང་འདྲ་བའི་ཆ་ཅི་ཡང་མི་འདུག”ཟེར།  ཁོའི་བསམ་ཚུལ་ངས་ཀྱང་གསལ་པོ་ཤེས་ཏེ། སྒྲུང་གཏམ་དེའི་ནང་དུ་ཟླ་བ་འོད་ཟེར་ནི་མི་སྣ་གཙོ་བོ་བུ་མོ་དེའི་དགའ་རོགས་ངོ་མ་ཡིན་ཡང་ས་སྲོད་ཅིག་ལ་ལས་དབང་གིས་གློ་བུར་འཕྲད་པའི་ཟླ་བ་བཞིན་མཛེས་པའི་ཉི་མ་འོད་ཟེར་གྱི་བར་དུ་དགའ་རོགས་ལས་ལྷག་པའི་བརྩེ་དུང་རྒྱས་པ་རེད།  ངའི་གྲོགས་པོས་ཀྱང་དགའ་རོགས་མཉམ་དུ་ས་སྲོད་ཀྱི་བརྩེ་དུང་མཛེས་པོ་དེ་འཁྲབ་བསམ་པ་ཡིན་ངེས། ཡིན་ཡང་བློ་དགའ་དང་ཉི་མ་འོད་ཟེར་གཉིས་ཀྱི་བར་འདྲ་བའི་ཆ་ཅི་ཡང་མེད་པ་ན་རང་གི་དགའ་མ་དང་མི་གཞན་ཞིག་དང་མཉམ་དུ་ས་སྲོད་ཀྱི་བརྩེ་དུང་དེ་འཁྲབ་ཏུ་མི་འཇུག་ཀ་མེད་བྱུང་སོང་།

   ངའི་གྲོགས་པོ་བློ་དགའ་དང་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་གཞོན་ནུ་དེའི་དགའ་རོགས་ངོ་མ་ཟླ་བ་འོད་ཟེར་དང་འདྲ་བའི་ཆ་ཧ་ཅང་མང་། ཁོ་གཉིས་ཀ་གཞོན་ནུ་ཤ་དར་ཁྲག་དར་གཉིས་ཡིན་པ་མ་ཟད།  སྤོ་ལོ་རྒྱག་རྒྱུར་དགའ།  ཆང་ཁང་ནས་མི་གཞན་དང་ཁ་རྩོད་དང་འཛིང་མོ་བརྒྱབ་རྒྱུ་དགའ། དེ་བས་ཀྱང་དགོད་བྲོ་བ་ཞིག་ནི་སྒྲུང་གཏམ་ནང་གི་ཟླ་བ་འོད་ཟེར་ནི་མི་སྣ་གཙོ་བོ་གཞོན་ནུ་མའི་དགའ་རོགས་ངོ་མ་ཡིན་པ་དང་ངའི་གྲོགས་པོ་བློ་དགའ་ནི་ལྷ་མོ་སྒྲོན་གྱི་དགའ་རོགས་ངོ་མ་ཡིན་པ་དེའོ།།

     སང་ཉིན་གྱི་ཞོགས་པ་ཤར་འོང་དུས་གྲོགས་པོ་བློ་དགའ་ང་འཚོལ་དུ་སླེབས། ཞོར་དུ་བརྙན་ལེན་བྱེད་ཀྱི་པར་ཆས་ཅིག་ཀྱང་ཁུར་རྒྱུ་འདུག འཕྲད་མ་ཐག་ནས“འདིCanonརེད”ཅེས་ང་ལ་ངོམ་པར་བྱེད།   ཉིན་དེའི་ཞོགས་པར་ང་དང་བློ་དགའ། ལྷ་མོ་སྒྲོན་གསུམ་པོས《ཟབ་མོ་དག་སྣང་གི་འཇིག་རྟེན》ནང་གི་མི་སྣ་གཙོ་བོ་གཞོན་ནུ་མ་དེའི་རྗེས་དྲན་ཁྲོད་ཀྱི་དགའ་རོགས་ངོ་མ་ཟླ་བ་འོད་ཟེར་གྱི་སྣང་བརྙན་ཐར་ཐོར་རྣམས་བརྙན་དུ་ལེན། སྣང་བརྙན་དེ་དག་ནི་དགའ་རོགས་བར་གྱི་རོལ་རྩེད་དང་ཆ་འདྲ་བའི་ཁ་རྩོད་དང་བརྩེ་དུང་གི་མངར་ཁ། ཁ་བྲལ་དག་ལས་གཞན་ཅི་ཡང་མེད། ཁོ་གཉིས་ཀྱང་དེ་དག་ལ་འབྱམས་པར་འདྲ། ངས་ཡར་མར་འཁྲིད་མི་དགོས་པ་ལེགས་པར་འཁྲབ་སོང་། 

     ཉིན་དེའི་ཕྱི་དྲོ་ང་དང་བློ་དགའ།  ལྷ་མོ་སྒྲོན་གསུམ་བྱ་བ་ཅི་ཡང་མེད་པར་སློབ་རའི་གང་སར་ཉུལ།  ངས་སློབ་རའི་ཟུར་གྱི་ཚོང་ཁང་ཞིག་ཏུ་ཞི་ཀྭ་གྲང་མོ་ཞིག་ཉོས། ང་ཚོ་གསུམ་པོ་མེ་ཏོག་ལྡུམ་རའི་རྩྭ་ནང་དུ་ཙོག་ནས་ས་སྲོད་ཀྱི་གློག་བརྙན་དེ་ཅི་ལྟར་ཕབ་རྒྱུར་གྲོས་བསྡུར་བྱས།  བར་སྐབས་ཅིག་ལ་ངས་ལྷ་མོ་སྒྲོན་མ་ལ“ས་སྲོད་ཀྱི་སྐབས་སུ་ཁྱོད་དང་ངའི་ཉལ་ཁང་གཅིག་པའི་བུ་མཛེས་པོ་སྙན་བཟང་གི་བར་དུ་འོ་བྱེད་པའི་ཟློས་གར་ཐུང་ངུ་ཞིག་ཡོད་པས་ཁྱོད་རང་དེ་འཁྲབ་རྒྱུར་ཨེ་འཐད”ཅེས་དྲིས་པས་མོ་རང་ནི་ངོ་ཚ་ནས་བློ་འགའི་རྒྱབ་ཏུ་ཡིབ་ནས་བསྡད་པ་ལས་མི་འཐད་པའི་ལན་ཅི་ཡང་མ་བཏབ། ངས་མུ་མཐུད་དུ “ས་སྲོད་ཀྱི་འོ་བྱེད་པའི་ཟློས་གར་དེ་འཁྲབ་སྐབས་དེ་ནི་དོན་དངོས་ཡིན་པའི་ངེས་ཤེས་ཡོད་མི་རུང”ཞེས་རྩེད་དགའི་ཚུལ་དུ་བཤད་པ་ན་ངའི་གྲོགས་པོ་བློ་དགའ་ཡང་དགོད་ཤོར་སོང་། ངས་དེ་ནི་སེམས་ནད་ལྷག་མ་ཞིག་ཡིན་པ་གཞི་ནས་རྟོགས།

   ངས་བློ་དགའ་ལ“ཁྱོད་ཀྱི་འཁྲབ་དགོས་པའི་ཟླ་བ་འོད་ཟེར་གྱི་ཟློས་གར་ཡོད་ཚད་ད་ནི་འཁྲབ་ཟིན་པས་དེ་རིང་ས་སྲོད་ལ་ལྷ་མོ་སྒྲོན་དང་སྙན་བཟང་གཉིས་ཀྱི་ཟློས་གར་ལས་ཁྱོད་ལ་སྐལ་བ་མེད་པས་ཁྱོད་རང་མ་ཡོང་ན་དགའ”ཞེས་བཤད་ཀྱང་ཁོས“ངས་ལྟད་མོ་ཅི་ཞིག་འདུག་བལྟ་རྒྱུ་ཡིན”ཟེར། དེའི་རྗེས་ཀྱི་དུས་ཚོད་ནི་ཞོགས་པར་ཕབ་ལེན་བྱས་པའི་བརྙན་དུམ་བུ་དུམ་བུ་རྣམས་ཡང་ནས་བསྐྱར་དུ་བལྟས་ནས་ཟད།

  ང་རང་ཉལ་ཁང་དུ་སླེབས་པ་དང་སྙན་བཟང་ནི་ཁོའི་གོམས་གཤིས་ལྟར་མལ་ཁྲིར་ཉལ་བཞིན་ཁོ་རེ་ཡའི་གློག་བརྙན་ལ་ལྟ་བཞིན་འདུག  ངས་ཁོ་ལ“གློག་བརྙན་ལ་མ་བལྟ། ས་སྲོད་ལ་ཁྱོད་ཀྱིས་ཀྱང་གློག་བརྙན་ཞིག་འཁྲབ་དགོས་པའི་གྲ་སྒྲིག་བྱོས”ཅེས་བཤད་ཀྱང་ཁོ་རང་ནི་སྣང་དོགས་ཅི་ཡང་མེད་པར“བརྙན་ཐུང་ཞིག་འཁྲབ་པར་གྲ་སྒྲིག་ཅི་ལ་དགོས”ཟེར་བྱུང་།  ངས་ད་དུང་འཁྲབ་འཁྲིད་པ་ཞིག་གི་ངང་ཚུལ་བཟུང་ནས་ཁོ་ལ་ཅི་ཞིག་ཤོད་གྲབས་བྱེད་སྐབས་ཁོས“ལྷ་མོ་སྒྲོན་གྱིས་ཅི་ལྟར་འཁྲབ་བྱུང་ན་ངས་ཀྱང་དེ་ལྟར་འཁྲབ་རྒྱུ་ཡིན”ཟེར་བྱུང་བས་ངས་ཀྱང་ཁོའི་སྐད་ཆ་འདི་ལ་ཤིན་ཏུ་འཐད་པའི་རྣམ་འགྱུར་བསྟན་པ་ཡིན།

  དགུན་ཁའི་དུ་སྨུག་དང་དཔྱིད་ཀའི་མེ་ཏོག་སོགས་ངའི་མཐོང་ལམ་ནས་དུས་ནམ་ཞིག་ཡལ་སོང་བ་མི་ཤེས་ཀྱང་དེ་རིང་གི་པེ་ཅིང་གི་ནམ་མཁའ་ནི་ངའི་སེམས་ཁམས་བཞིན་དྭངས་ཤིང་གཙང་། ཉི་མ་ནི་ཟླ་བཞི་པའི་པེ་ཅིང་གི་ཤིང་བལ་བཞིན་དལ་བྲལ་མེད་པར་ནུབ་ཕྱོགས་སུ་ཉུལ་གྱིན་འདའ།

  སྙན་བཟང་ཁོ་རང་དུས་རྒྱུན་རྩེད་མོ་དང་སྐད་ཆ་བཤད་རྒྱུ། ཆང་ཁང་དུ་ཉུལ་བ་དང་སློབ་གྲོགས་ལྷན་འཛོམས་སོགས་ལ་དགའ་པོ་མེད་མོད། དེ་རིང་ངས་ཁོ་ལ་བརྙན་ཐུང་འཁྲབ་བར་འགྲོ་ཞེས་སྐུལ་དུས་ཁོའི་མིག་ནས་དུས་རྒྱུན་མཐོང་དཀའ་བའི་འོད་ཅིག་ལམ་ལམ་དུ་འཕྲོ་ཡོང་བ་མཐོང་།ངས་ཁོ་ལ“དེ་རིང་ཁྱོད་ཀྱིས་བུ་མོ་ཞིག་ལ་འོ་བྱེད་ཆོག་པ་རེད”ཅེས་བཤད་མ་ཐག ཁོའི་མཁུར་ཚོས་དཀར་པོའི་ངོས་སུ་སྤྲིན་པ་དམར་པོ་ཞིག་རབ་རིབ་ཀྱིས་ལངས་ཡོང་བ་མཐོང་བྱུང་། དེ་ལས་ངའི་སྒྲུང་གཏམ་ནང་གི་མི་སྣ་ཉི་མ་འོད་ཟེར་འདྲ་བའི་ཆ་ཞིག་དང་མི་འདྲ་བའི་ཆ་གཅིག   མེ་ལོང་གཅིག་གི་ངོས་སུ་གསལ་བོར་འཆར་བ་ལྟར།

  པེ་ཅིང་གི་མཚམས་སྤྲིན་དམར་པོ་ནི་ཐོག་བརྩིགས་ཁང་ཆེན་གྱི་ཟུར་ནས་ཐོན་འོངས་བ་དང་ཁོར་ཡུག་གི་ཡོད་ཚད་སླར་ཡང་གསལ་སྣང་ལམ་མེ་བཟོས་པས་མུན་མ་རུབ་པའི་སྔོན་དུ་ཞོགས་པ་ཤར་བ་མིན་ནམ་སྙམ་པའི་དོགས་པ་སྐྱེས་སུ་བཅུག ང་ཚོ་ཁོར་ཡུག་མཛེས་པོ་དེ་འདྲ་ལ་སེམས་པ་ཤོར་ནས་བསྡད་ཁོམ་ག་ལ་ཡོད། རྒྱ་ལྕང་གི་འདམ་མའི་འོག་གི་རྐུབ་སྟེབས་ཤིག་གི་ཐོག་ཏུ་མི་སྣ་གཙོ་བོ་གཞོན་ནུ་མ་དང་ཉི་མ་འོད་ཟེར་གཉིས་ལས་དབང་གི་གློ་བུར་འཁྲད་པའི་ཟློས་གར་དེ་བརྙན་ལེན་པར་བྲེལ། ང་ལ་སྙན་བཟང་གིས་ཅི་འདྲ་ཞིག་འཁྲབ་འོང་སྙམ་པའི་སེམས་ནད་ཅིག་ཡོད་ནའང་བརྙན་ཐུང་དངོས་སུ་འཁྲབ་ཡོང་དུས་ཁོ་རང་ཁོ་རེ་ཡའི་གློག་བརྙན་ལ་བལྟ་བར་གོམས་པས་ཡིན་ནམ། ཁོ་རང་རྒྱུས་ཅི་ཡང་མེད་པའི་ཡིག་ནོར་ཅན་གྱི་སྒྲུང་གཏམ་དེའི་མི་སྣ་ཉི་མ་འོད་ཟེར་དེ་གསོན་ཉམས་ལྡན་པའི་སྒོ་ནས་འཁྲབ་བྱུང་། ངས་མི་སྣའི་གཏམ་རྒྱུད་ཐུང་ངུ་དང་སྐད་ཆ་དམ་དུམ་དག་ཁོ་ལ་བཤད་ཐེངས་རེར་ཁོས་དེ་བཞིན་དུ་ཤེས་པ་འདུག་པས་ངས་པར་ཆས་ཀྱི་པར་མིག་ཁོར་གཏོད་རྐྱང་བྱས་པས་ཆོག་པར་འདུག

  གཞོན་ནུ་མ་དང་ཉི་མ་འོད་ཟེར་འཕྲད་པའི་ལེའུ་ནང་གི་རང་ཉིད་ངོ་སྤྲོད་དང་མི་སྣ་གཙོ་བོས་ཞི་ཀྭ་ཟ་བ་དང་ཉི་མ་འོད་ཟེར་གྱིས་ཀུ་ཤུ་དམར་པོ་ཟ་བ། ཟླ་བ་ལ་པར་བརྒྱབ་པ་སོགས་བརྙན་ལེན་ཚར་རྗེས་མུན་ཡང་ཡོངས་སུ་རུབ་སོང་། ང་ཚོ་མཉམ་དུ་ལམ་ཕྲན་བརྒྱུད་ནས་སློབ་གྲྭའི་ཁ་ཧྥེ་ཁང་གི་ཕྱོགས་སུ་བསྐྱོད། སྐབས་འདི་བློ་དགའ་དང་ལྷ་མོ་སྒྲོན་གཉིས་སྐད་ཆ་ལྷུག་ལྷུག་འཆད་བཞིན་རྗེས་སུ་ཡོང་བཞིན་ཡོད་ལ་སྙན་བཟང་ནི་ངའི་སྔོན་དུ་འགྲོ་བཞིན་འདའ། སྐབས་རེར་ཁོས་ང་ཚོ་ལ་ཕྱི་ལྟ་བྱས་ཙམ་བྱས་ཙམ་བྱེད། ཟླ་བའི་འོད་ཟེར་གྱིས་བརླན་པའི་ཁོའི་ངོ་གདོང་ནི་ཁོས་འཁྲབ་བཞིན་པའི་ཉི་མ་འོད་ཟེར་གྱི་ངོ་གདོང་དང་འདྲ་བར་སྐྱོ་སྣང་གིས་ཁེངས་འདུག་པ་མཐོང་།
   ཁ་ཧྥེ་ཁང་གི་སྒོ་ཤུག་སྡོང་མང་པོའི་གྲིབ་མ་ནས་ང་ཚོའི་ཕྱོགས་སུ་གློག་འོད་དང་བཅས་ཕྱེ་འདུག དེའི་ནང་དུ་འཛུལ་བ་ན་མི་ཞིག་གི་ཁ་ནས་གྲོད་པ་རུ་ལྷུང་པའི་སྣང་བ་སྐྱེས། ངས་སྦྱིན་བདག་མ་ལ“བརྙན་ཐུང་ཞིག་ཕབ་ལེན་བྱེད་དགོས་པས་གོ་ཡངས་གནང་རོགས”ཅེས་ཞུས་པ་དང་ཞོར་དུ་རྒུན་ཆང་དམར་པོ་ཤེལ་དམ་བཞི་དང་པེ་ཙི་རྐང་རིང་མ་བཞི་བླངས།

  སྦྱིན་བདག་གིས“ཁྱོད་ཚོས་ཁ་ཧྥེ་ཁང་གི་ནང་ནས་ཁ་ཧྥེ་མི་འཐུང་བའི་རྒྱུ་མཚན་ཅི་ཡིན”ཟེར།

  ངས་ལན་དུ“གཅིག་ནས་བརྙན་ཐུང་འདིའི་རྒྱུ་ཆ་ལ་དགུན་ཆང་དམར་པོ་མཁོ་བ་དང་གཉིས་ནས་ད་ལྟ་ཁ་ཧྥེ་བཏུངས་ན་མཚན་མོར་གཉིག་ཁུག་གི་མ་རེད”ཅེས་བཤད་པ་དང་ཁོས “ཡ་མཚན་རེད་ཨང”ཟེར།

  ངའི་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོ་གཞོན་ནུ་མ་དང་ཉི་མ་འོད་ཟེར་གཉིས་ཀྱིས་བརྩེ་དུང་དང་རྨི་ལམ། སྐྱོ་གདུང་གླེང་བ་དང་། གཞོན་ནུ་མ་ཁ་ཧྥེ་ཁང་གི་ཕྱི་རོལ་དུ་རྒྱ་སེ་འཚོལ་དུ་ཕྱིན་པ། རྒྱ་སེ་དེ་ཉི་མ་འོད་ཟེར་ལ་སྟེར་བ། ཉི་མ་འོད་ཟེར་གྱིས་རྒྱ་སེ་དེའི་ལོ་མ་དང་ཟེའུ། ཚེར་མ་བཅས་རེ་རེ་བཞིན་ཟ་བའི་རྣམ་པ་རྣམས་ངས་དགུན་ཆང་དམར་པོ་འཐུང་བཞིན་བརྙན་དུ་བླངས།

  ལྟད་མོ་ལྟ་མཁན་བློ་དགའ་ནི་ཐག་ཅུང་རིང་བའི་སྒྲོག་རྩེ་ཞིག་གི་འགྲམ་དུ་ཙོག་བཞིན་ཁ་པར་གྱིས་རྩེད་མོ་རྩེ་ནས་བསྡད་པ་ལས་ང་ཚོ་ལ་ཁ་ཡ་མི་བྱེད།

  བར་སྐབས་ཞིག་ལ་ངས་སྒྲུང་གཏམ《ཟབ་མོ་དག་སྣང་གི་འཇིག་རྟེན》གྱི་ནང་དུ་ཞིབ་འབྲི་བྱེད་པ་བཞིན་སྙན་བཟང་གིས་ཞིམ་སྙམ་གྱིས་རྒུན་ཆང་དམར་པོ་བཏུང་རྗེས །པེ་ཙིའི་འགྲམ་དུ་ཡོད་པའི་དཀར་ཞིང་འཇམ་པའི་ལག་པའི་འཛུབ་མོ་ལྷ་མོ་སྒྲོན་མས་རེ་རེ་བཞིན་བྱིལ་བྱུང་། བྱེད་སྟངས་དེ་ནི་སྒྲུང་གཏམ་ནང་ཞིབ་འབྲི་བྱེད་པའམ་ཡང་ན་བརྙན་ཐུང་འདིའི་དགོས་མཁོ་ལྟར་ངས་འཁྲབ་འཁྲིད་བྱེད་པ་ཡིན། སྐབས་དེར་བློ་དགས་རང་ཉིད་ཀྱི་ལག་པའི་ཆ་ཤས་གཅིག་ཡིན་པ་དང་འདྲ་བའི་ཁ་པར་དེ་མར་བཞག་ནས་མིག་རུབ་རུབ་གྱིས་ང་ཚོའི་ཕྱོགས་སུ་བལྟས་བྱུང་། ཞིབ་ལྟ་ཞིག་བྱས་ན་ལྷ་མོ་སྒྲོན་མས་སྙན་བཟང་ལ་བྱིལ་བྱིལ་བྱེད་སྟངས་དེ་སྒྲུང་གཏམ་ནང་དུ་ཞིབ་འབྲི་བྱེད་པ་ལས་ཅུང་བརྒལ་འདུག མོའི་འཛུབ་མོ་ནི་ཤིན་ཏུ་སྐོམ་པའི་སྦྲུལ་ཞིག་ལྟར་སྙན་བཟང་གི་འཛུབ་མོ་ལ་དམ་དུ་འཁྱུད་པར་བྱེད། མིའི་སྒྲུང་གཏམ་དང་ཟློས་གར་ལས་བརྒལ་བའི་བྱེད་སྟངས་དེས་བློ་དགའ་ང་གཉིས་དོགས་མི་བདེ་བ་ཞིག་བཟོས་སོང་། སྟབས་ལེགས་པ་ཞིག་ལ་ང་རང་ཁོ་གཉིས་ཀྱི་བྱེད་སྟངས་དེ་ལ་ཧད་ནས་མ་བསྡད་པར་ཁ་ནས“ད་འགྲིག་སོང་།ད་འགྲིག་སོང”ཞེས་བར་མེད་དུ་ཤོར་བས་ཁོ་གཉིས་ཀྱིས་ཀྱང་གཉིད་ལས་སད་པ་བཞིན་སོ་སོའི་ལག་པ་མགྱོགས་ཤིག་ཤིག་གིས་ཚུར་བླངས་སོང་།

  “རྒུན་ཆང་དམར་པོ་འདི་ཅི་འདྲའི་ངར་བ་ལ་ཨང་། ང་རང་ཅུང་བཟི་ཡོད་པ་འདྲ”ལྷ་མོ་སྒྲོན་རང་ཉིད་ཀྱི་བྱ་སྤྱོད་དེ་ལ་ངོ་ཚ་ནས་ངོ་ཡང་དམར་པོ་གྱུར་འདུག མོས་རང་ཉིད་ཀྱི་བྱ་སྤྱོད་དེ་རྒུན་ཆང་དམར་པོ་ལ་ཁ་གཡར། ངས་ཀྱང་རྒུན་ཆང་ཁམ་གང་བཏུང་རྗེས“དགུན་ཆང་འདི་དཔེ་ངར་པོ་འདུག”ཅེས་འགྲེལ་བཤད་བྱས་པ་ཡིན། བློ་དགའི་གདོང་ལའང་རྒུན་ཆང་འདི་ངར་པོ་ཡོད་པ་ལྟར་གྱི་རྣམ་འགྱུར་ཐོན་འདུག

  རྒུན་ཆང་དམར་པོ་བཏུངས་ཚར་རྗེས་ཁ་ཧྥེ་ཁང་ནང་གི་བརྙན་ཐུང་ལེན་ཡང་ཚར། ད་ནི་ཕྱི་རོལ་གྱི་མུན་པ་ན་འོ་བྱེད་པའི་ཟློས་གར་དེ་ལས་ཡོད་ཚད་ཚར་སོང་།

   ཕྱི་རོལ་ཀྱི་རླུང་བུ་དེས་ངའི་རེག་པ་ཇེ་གསལ་དུ་བཏང་བས་རང་ཉིད་ཅུང་བཟི་ཟིན་པ་གཞི་ནས་རྟོགས་བྱུང་། ཁོ་ཚོ་གསུམ་པོའི་གདོང་ལའང་མལ་ལས་ལངས་མ་ཐག་པའི་རྣམ་འགྱུར་ཞིག་བསྡུས་བཞིན་ངའི་རྗེས་སུ་འོང་བཞིན་འདུག ནམ་མཁའ་ཡར་ལ་ལྟ་དུས་དེ་རིང་གི་ཟླ་བ་ནི་སྟོན་མཇུག་གི་ཟླ་བ་ལས་ཆེ་ལ་དྭངས། གསར་སྐྱེས་ཀྱི་ལོ་མ་དག་གི་ཐོག་ཏུ་འོད་ཟེར་དཀར་ལམ་མེར་ལྷུང་འདུག

  སློབ་རའི་ཁོར་ཡུག་ཀུན་འཇམ་ཐིང་ཐིང་རེད། རྒྱུགས་ཤོག་རྐྱང་རྐྱང་ལ་བལྟས་ནས་བསྡད་པའི་སློབ་མ་རྣམས་ཉལ་ཁང་དུ་ལོག་སོང་བ་འདྲ།ཁོ ་ཚོའི་རྨི་ལམ་དུ་ཨང་ཀི་དམར་པོ་མང་པོ་ཞིག་རྨི་བཞིན་ཡོད་ངེས།

  ང་རང་ལམ་གྱི་བཞི་མདོ་ཞིག་གི་དཀྱིལ་དུ་ལངས་ནས་ཁོ་གསུམ་པོ་སྒུགས། ཁོ་གསུམ་པོ་ངའི་འགྲམ་དུ་སླེབས་དུས་ངས་འོ་བྱེད་པའི་ཟློས་གར་དེ་བརྙན་ལེན་པའི་གྲ་སྒྲིག་བྱས་ཟིན་སོང་།

  “གཅིག གཉིས། གསུམ།  འོ་བྱོས”

  མ་ཟེར་གོང་དུ་ལམ་གྱི་བཞི་མདོ་དེ་ནས་ལྷ་མོ་སྒྲོན་དང་སྙན་བཟང་གཉིས་དམ་དུ་འཁྱུད་ནས་འོ་བྱེད་པའི་ཟློས་གར་འཁྲབ་བྱུང་། འོ་བྱེད་པའི་ཆུ་ཚད་དེ་འོ་མ་བཞིན་གྱི་ངའི་སྒྲུང་གཏམ་གི་འོ་བྱེད་པའི་རྣམ་པ་ལས་བརྒལ། འཁུན་སྒྲ་དང་ལག་པས་ཕན་ཚུན་ཕུར་ཕུར་བྱེད་པ་སོགས་ནི་ངའི་སྒྲུང་གཏམ་ན་ཞིབ་འབྲི་བྱས་མེད་ལ་ངས་གློག་བརྙན་གྱི་འཁྲབ་འཁྲིད་བྱེད་སྐབས་ཁོ་གཉིས་ལ་དེ་འདྲ་བྱེད་དགོས་པའི་སློབ་སྟོན་ཡང་གནང་མེད།

  ཁོ་གཉིས་བཞི་མདོ་འདིར་སླེབས་དུས་ངས་ཡང་ཡང་དུ་འོ་བྱེད་པའི་ཟློས་གར་འདི“འཇམ་པོ། དལ་པོ། ལྷོད་པོ”འི་ངང་ནས་བྱེད་དགོས་པའི་སྐད་ཆ་མང་པོ་ཞིག་བཤད་པ་ཡིན། ཡིན་ཡང་ཁོ་གཉིས་ཀྱིས་ངའི་སྒྲུང་ནང་གི་རྣམ་པ་དང་ངའི་འཁྲབ་སྟོན་བྱེད་རྩ་ཚིག་དང་འགལ་བའི་གློ་བུར་གྱི་བྱ་སྤྱོད་དེ་མཐོང་བ་དང་ངས་རང་གི་མིག་ཡང་ནས་ཡང་དུ་ཕུར་བཞིན་འདི་རྨི་ལམ་མིན་ནམ་སྙམ།

  ང་རང་ཡང་ཅུང་བཟི་ཡོད་པ་འདྲ“འགྲིག་སོང་། འགྲིག་སོང”ཡང་ཟེར་མ་ཐུབ་པར་ལུས་སོང་།  བརྙན་དུ་ཁོ་གཉིས་ཀྱི་བྱ་སྤྱོད་དེ་ཇི་བཞིན་དུ་བླངས་པ། སྐར་མ་གཅིག་གི་རྗེས་ནས་བརྙན་ལེན་ཚར་ཡང་ཁོ་གཉིས་ད་དུང་འོ་བྱེད་ཅིང་ཕན་ཚུན་གྱི་རྣམ་ཤེས་འབོད་བཞིན་པ་དང་འདྲ་བའི་འཁུན་སྒྲ་ཡང་ཇེ་ཆེར་སོང་།
 “ད་འགྲིག་སོང་།ད་འགྲིག་སོང”

  ངས་ཡང་ཡང་བོས་ཀྱང་ཕན་པ་མི་འདུག ངས་ཉེན་བརྡའི་ཚུལ་དུ་ཁོ་གཉིས་ལ་པར་ཞིག་བརྒྱབ། པར་མིག་ནས་མཆེད་པའི་འོད་དཀར་ལམ་ལམ་གྱིས་ཁོ་གཉིས་ཀྱི་མཆུ་སྒྲོས་བརླན་པ་དང་མུན་པ་ཡོངས་སུ་གསལ། ཡིན་ཡང་། ཁོ་གཉིས་ཀྱིས་མུན་པ་དང་འཁྲབ་འཁྲིད་པ་ང་རང་། ད་དུང་ལྟད་མོ་བ་བློ་དགའ་བཅས་ཡོད་ཚད་བརྗེད་སོང་བ་འདྲ། ཅི་ལའང་ཁ་ཡ་མི་བྱེད་པར་མཆུ་སྒྲོས་འཕྲད་པའི་མངར་ཁ་དེའི་བདེ་བས་མྱོས་འདུག
 
  བློ་དགའ་འདུག་བཟོད་མེད་པར་ཁོ་གཉིས་བཀར་བ་དང་སྙན་བཟང་ལ་རྡོག་ཐོ་ཞིག་གཞུས་རྗེས་ལྷ་མོ་སྒྲོན་ལ་འགྲམ་ལྕག་ཚ་ཐག་ཅོད་ཅིག་གཞུས་པའི་སྒྲས་ཅི་བྱ་གཏོལ་མེད་དུ་ལུས་པའི་ངས་ད་ནི་དཔེ་བསགས་སོང་སྙམ།
       
  “ང་ཚོ་ཚང་མ་རྒུན་ཆང་གིས་བཟི་སོང”

  ངས་རབ་ཏུ་ཁྲོས་པའི་བློ་དགའ་ལ་སེམས་གསོའི་ཚུལ་དུ་སྐད་ཆ་འདི་བཤད་ཀྱང་ཁོས་ང་ལ་ཁ་ཡ་ཅི་ཡང་མ་བྱེད་པར་ལྷ་མོ་སྒྲོན་དང་ཁ་རྩོད་བརྒྱབ་ནས་བསྡད། ང་རང་མགོ་ན་ཤོས་ཀྱང་དགའ་རོགས་བར་གྱི་ཁ་རྩོད་དེ་ཡིན།  གང་དུ་ལངས་དགོས་པའང་ཤེས་ཀྱི་མི་འདུག
ངས་མགོ་བོ་ཕྱིར་བསྐོར་ནས་སྙན་བཟང་ལ་སེམས་གསོ་ཞིག་བྱེད་དགོས་བསམ་ཡང་ཁོ་རང་གི་རྒྱབ་གཟུགས་ནག་པོ་དེ་ང་ལ་གཏད་ནས་ཉལ་ཁང་གི་ཕྱོགས་སུ་འགྲོ་བཞིན་འདུག

  “ང་རང་ཁྱོད་དང་འདྲ་བའི་ཤ་དར་ཁ་དར་གྱི་ཕོ་གསར་རྣམས་ལ་དགའ་པོ་མི་འདུག ངས་འོ་མ་དང་འདྲ་བའི་སྙན་བཟང་གི་མཆུ་ཏོ་ནུ་སྐབས་ཅི་འདྲ་ཞེས་ལ་བདེ་སྐྱིད་ཟེར་བ་རྟོགས་སོང”

  “དེ་རིང་འཁྲབ་པ་འདི་དག་གློག་བརྙན་མིན་དོན་དངོས་ཡིན”

  ལྷ་མོ་སྒྲོན་གྱི་རྒུན་ཆང་གི་བྲོ་བའི་ཁ་ནས་འདི་དང་འདི་འདྲ་བའི་སྐད་ཆ་མང་པོ་ཞིག་ཐོན་འོང་ནའང་ངས་ཐབས་ཤེས་གང་མང་སྤྱད་ནས་ཁོ་གཉིས་སོ་སོའི་ཉལ་ཁང་དུ་ལོག་བཅུག

   ཁ་རྩོད་ཀྱི་སྒྲ་དག་སློབ་ར་ནས་རང་སར་སིམ། ད་ནི་ང་རང་གཅིག་པོ་པར་ཆས་ཆེན་པོ་འདི་ལག་ཏུ་འཛིན་བཞིན་སྟོང་ལྷང་ལྷང་གི་སློབ་རའི་དཀྱིལ་དུ་ལུས། པར་ཆས་འདིས་དེ་རིང་བརྙན་དུ་ལེན་པའི་ཟློས་གར་ཐམས་ཅད་རུམ་ནས་ངའི་ལག་གཉིས་ཀྱི་བར་དུ་གཉིད་ལ་ཤོར་འདུག པར་ཆས་ཀྱིས་རྨི་ལམ་ནང་དུའང་བརྗེད་ཐབས་མེད་པ་ནི་ལྷ་མོ་སྒྲོན་དང་སྙན་བཟང་གཉིས་ཀྱི་འོ་དེ་ཡིན་ནམ། ངས་དབུགས་རིང་ཞིག་བཏང་རྗེས་ནམ་མཁའ་ལ་འདི་ལྟར་དྲིས་དུས། ཟླ་བ་ནི་པར་ཆས་ཀྱི་པར་མིག་ཞིག་ལྟར་སའི་གོ་ལར་ཁ་གཏད་ནས་སའི་གོ་ལའི་ཐོག་གི་མཁས་པ་དང་བླུན་པོ། ཞིང་པ་དང་གྲོང་ཁྱེར་བ་སོགས་དབྱེ་བ་དུ་མ་ཡོད་པའི་ང་ཚོ་སྟེ་འགྲོ་བ་མིས་ཟ་མ་ཟ་བ་དང་གསང་སྤྱོད་ན་ཙོག་པ། འདོད་པ་སྤྱོད་པ་ཡོད་ཚད་དམར་རྗེན་ངང་བརྙན་ལེན་བཞིན་པ་གསལ་བོར་མཐོང་བྱུང་།  

                                                                              རྩོམ་སྒྲིག་པ། དབང་མོ།

        (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་གསར་བ། པར་མིག

2016-05-11 ཀླད་ཀོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།