སྐད་འཕྲིན་ལས་འཕྲོས་པའི་བརྩེ་དུང་།

                                                 ༡
      སྤྱིར་སྐད་འཕྲིན་དར་ནས་དུས་ཡུན་མང་བོ་ཞིག་སོང་མེད་ནའང་། དེ་དང་འབྲེལ་བའི་གཏམ་རྒྱུད་ཀྱང་རབ་དང་རིམ་པ་མང་བོ་བྱུང་ཡོད་དེ། ཕྱི་རོལ་གྱི་ནམ་མཁར་ཐལ་སྨུག་འཐིབས་ཤིང་ས་གཞི་རྡུལ་གྱིས་བཏུམས་པའི་ཁོར་ཡུག་འདི་ནས་བདག་གི་སྤུན་ཆུང་དང་ངེད་གཉིས་ཀྱིས་སྔར་གོམས་ལོབས་སུ་སོང་བའི་མདུན་ཅོག་གྲུ་བཞི་དེ་རུ་ཝུ་ཆང་འགའ་དང་ལྷན་དུ་སེམས་གཏམ་རེ་གློད་འགོ་བརྩམས། སྤྱིར་མི་སུ་ལ་མཚོན་འང་ཕོ་མོའི་བརྩེ་དུང་དང་འབྲེལ་བའི་གཏམ་རྒྱུད་འཆད་པར་སྤྲོ་ལ། དེ་ལ་ཉན་འདོད་མཁན་ཀྱང་ཧ་ཅང་མང་བ་ཆེས་རྒྱུན་ལྡན་དུ་སྣང་། དེ་རིང་ཁོས་ཤུགས་རིང་ཞིག་འབྱིན་ཞོར་འཇིག་རྟེན་ཟེར་བ་འདི་འུ་ཅག་གི་མཐོང་སྣང་གིས་བཏགས་པའི་སྟབས་བདེ་བའི་འཚོ་བ་དེ་མ་རེད་ཟེར། ངས་ཀྱང་རེབ་ཙམ་ལ་འདང་ཤིག་བརྒྱབ་ནས། ཅི་རེད་མདང་ནུབ་བརྩམས་སྒྲུང་ཁ་ཤས་ཤིག་བཀླགས་པ་ཡིན་ནམ་ཞེས་ནན་འདྲི་བྱས། ཁོས་དེ་མ་རེད། དངོས་བྱུང་གི་གནས་ཚུལ་རེད་ཟེར། ང་ལ་མཚོན་ལའང་ཉན་འདོད་ཧ་ཅང་ཆེ་བས།  འོ་:ཤོད་དང་ཟེར་ཞོར་ཁོའི་ཆང་ཕོར་ལ་ཝུ་ཆང་ཅུང་ཙམ་བསྣན་ནས་འཛུམ་ཙམ་བྱས། དེ་ནས་ཁོས་ཀྱང་ཉིན་འགའི་སྔོན་དུ་ངའི་གྲོགས་པོ་རྙིང་བ་རྡོ་རྗེ་ཡིས་བཤད་པའི་གཏམ་རྒྱུད་ཡ་མཚན་པ་དེ་བཤད་ཟེེར། རྡོ་རྗེ་ནི་ངའི་སྤུན་ཆུང་གྱི་གྲོགས་པོ་ཞིག་ཡིན་ལ་ཁོ་གཉིས་ནམ་རྒྱུན་འབྲེལ་འདྲིས་མེད་ཀྱང་ལན་རེར་ངོ་ཐུག་དུས་ཕན་ཚུན་ལ་སྙིང་གཏམ་རེ་བཤད་རྒྱུ་ཡོད་ངེས། སྤུན་ཆུང་གིས་ཝུ་ཆང་ཧུབ་འགའ་བཏུང་རྗེས་རྡོ་རྗེའང་ལོ་ན་ཅུང་མཐོ་རུང་ད་དུང་གཞོན་ཉམས་ཡོད་ལ་ཁོ་སྐད་འཕྲིན་གྱི་བསླུ་བྲིད་ལས་ཐར་ཡོད་མི་སྲིད་ཟེར། ཁོས་སྐད་འཕྲིན་གྱི་ནང་ནས་ངོ་ཤེས་པའི་བུ་མོ་ཞིག་ཡོད་ལ། དེ་ནི་ཁོའི་རྫོང་ཁག་ལས་གཞན་པའི་ས་གནས་ཤིག་གི་ཡིན་སྲིད། ཁོས་ཀྱང་ཡུན་རིང་བོར་འབྲེལ་གཏུག་བྱས་མཐར་ངོ་ཐུག་དགོས་པའི་རེ་འདུན་ཞིག་བཏོན་པས་མོས་ཀྱང་ཁས་ལེན་བྱས། རྡོ་རྗེ་ཡིས་སྤྱི་ལེ་ཉིས་བརྒྱ་ལྷག་གི་ཕ་རོལ་བརྒལ་ནས་མོའི་གམ་དུ་བཅར་ཚེ། མོ་ནི་དངོས་གནས་ཁོ་བོར་མཚོན་ན་ལོ་ན་ཆུང་ལ་སྐྱེ་གཟུགས་ནམ་མཁའི་ལྷ་མོ་ལྟར་ཡིད་དུ་འོང་བ་ཞིག་ཡིན་པས་ཁོ་རང་གཞི་ནས་ཧ་སང་སོང་ལ་དོག་སྣང་དང་མཚེར་སྣང་གིས་ཡོངས་སུ་བསྡམ་དེ་ཐ་ན་མོ་ལ་ངོ་ཐུག་དགོས་པའི་རྒྱུ་མཚན་རོབ་ཙམ་ཡང་ཤོད་ཐབས་བྲལ། དེའང་ཁག་མི་འདུག་སྟེ། ཁོ་ནི་ལོ་ན་སུམ་ཅུར་ཉེ་བ་ཞིག་ཡིན་ལ་བྱིས་པ་གཉིས་ཀྱི་ཨ་ཕ་ཡང་ཡིན་པས་སོ། འདི་ལྟར་ཟས་ཅོག་གྲུ་བཞི་ཞིག་གི་ཕན་ཚུན་ནས་འཛུམ་ཆུང་གི་མེ་ཏོག་འགའ་ལྷན་དུ་བཞད་པ་མ་གཏོགས་སྐད་ཆ་གཞན་ཞིག་ཡེ་ནས་བཤད་མ་ཕོད། 

ཟ་མ་ཟོས་ཚར་རྗེས་ཁོས་ཀྱང་མོ་ལ་ངས་ཁྱོད་རང་ཡུལ་དུ་སྐྱེལ་ངེས་ཞེས་བབ་ཆགས་པའི་ཚིག་འབྲི་འགའ་གློད་དེ་རླངས་འཁོར་ལ་བུད། མོས་ཀྱང་འཐད་པའི་རྣམ་འགྱུར་ལ་མགོ་བོ་ལྡེམ་ཙམ་བྱས་པས་ཁོ་གཉིས་ཐག་མི་རིང་བའི་མོའི་ཁྱིམ་གྱི་ཕྱོགས་ལ་བསྐྱོད། ཀློག་པ་པོ་ལགས། བུ་མོ་དེའི་མིང་ལ་སྒྲོལ་མ་ཟེར་ལ་རྫོང་ཁག་དེའི་ནང་གི་མཛེས་མ་ཨང་དང་བོའི་གྲས་སུ་ཀུན་གྱིས་བགྲངས་ཀྱིན་ཡོད། སྤྱིར་མོ་རང་སློབ་ཆེན་མཐར་ཕྱིན་ལ་ཁལ་ཡིན་པས་རྒྱུ་ཆེན་ངོ་ཆེན་ཚང་དེའི་དབང་ཤེད་དང་དྲིན་ཆེན་ཕ་མའི་བཀའ་ལུང་གི་འོག་ནས་གཞན་ཁྱིམ་དེར་གོམ་པ་མི་སྤོ་ཐབས་མེད་དུ་ཆགས་ཡོད། དེ་བས་མོས་ཀྱང་ཁྱིམ་ཚང་དེའི་ཉེ་འགྲམ་ལ་མ་ཐོན་གོང་དུ་མོ་རང་རླངས་འཁོར་ལས་བབས་སྟེ་འགྲོ་དགོས་བས་བརྡ་ཞིག་བཏང་། ཁོར་མཚོན་ན་སེམས་ཀྱི་མེ་ཏོག་ཅིག་ཐང་དུ་ལྷུང་སོང་བ་ལྟར་སྐྱོ་སྣང་གི་ན་ཟུག་རབ་རིབ་ཅིག་དང་ལྷན་དུ་ཁ་ཕྱིར་འཁོར་དེ་ཡོང་། ཁོས་ཀྱང་རང་ཉིད་ལ་དེ་འདྲའི་མཛེས་མ་ཞིག་ཁྱོད་ལ་དབང་བའི་གོ་སྐབས་ཤིག་ཡོད་ན་དེ་ནི་ཉ་བ་རྒན་པོར་ཡིད་འཕྲོག་ལྷ་མོར་སྲེད་པ་མ་ཡིན་ནམ། ཞེས་མག་མོག་གི་སེམས་ཁམས་དེ་དང་ལྷན་དུ་གསལ་འདེབས་ཤིག་བྱས་མཐར་སྨག་ནག་པའི་མཚན་མོ་བརྟོལ་ནས་སྤྱི་ལེ་ཉིས་བརྒྱ་ལྷག་གི་ལམ་དུ་ཕྱིར་བསྐྱོད་འགོ་བརྩམས། 

                                                ༢

 དུས་ཚོད་ཀྱི་མདའ་རྩེ་ནི་སྐད་ཅིག་ཙམ་ལའང་སྡོད་དབང་མེད་པས་སུ་ཞིག་ལའང་འཁང་ར་དང་ལེ་བདའ་སུན་སྣང་སོགས་བསྐྱེད་ཡོད་པ་སྨྲོས་མེད་རེད། དེ་བས་རྡོ་རྗེ་ལ་མཚོན་ན་ཟླ་ངོ་གཅིག་ཙམ་གྱི་རིང་ལ་མཛེས་མ་སྒྲོལ་མ་ལ་སྐད་འཕྲིན་གྱི་ལམ་ནས་སྐད་དང་འཕྲིན་ཡིག་སོགས་བསྐུར་བ་དེ་ཡང་སྐད་ཅིག་ཙམ་གྱི་དུས་ཚོད་དུ་སྣང་། ཟླ་ངོ་གཅིག་ཙམ་གྱི་རྗེས་སུ་ཁོས་ཡང་བསྐྱར་མོ་ལ་ངོ་ཐུག་དགོས་པའི་རེ་འདུན་ཞིག་བཏོན་མཐར། མོས་ཀྱང་ཡིད་ཅུང་ཙམ་མགུ་བའི་མགུལ་རིས་ཀྱི་བརྙན་པར་འགའ་བསྐུར་བས་ཁོ་རང་གཞི་ནས་འགྲོ་འདོད་ཀྱི་མེ་ཏོག་དེ་ཉིན་རེ་བཞིན་འདབ་ལག་རྒྱས། སྔར་བཞིན་སྐྲ་ལོ་ལ་མཛེས་བཟོ་རན་པོ་བྱས་ནས་སྟབས་བདེ་བའི་ནུབ་ལ་གྲལ་དག་ཅིག་གྱོན་ནས་རླངས་འཁོར་དུ་བུད་དེ་ཞིབ་འདང་ཅིག་བརྒྱབ་མཐར། དངོས་གནས་ཁོ་རང་མོ་ལ་ཧ་ཅང་དགའ་དྲག་པ་མ་གཏོགས་ཁོ་ལ་དམུགས་ཡུལ་གཞན་འཆང་བའི་སྤོབས་པ་ཡོངས་སུ་བྲལ་ཡོད། གང་ལྟར་མོ་ལ་ངོ་ཐུག་རྒྱུ་ནི་ཁོའི་སེམས་ཀྱི་རྩ་བར་ཟིན་པའི་བདེ་སྐྱིད་ཅིག་དང་འཇིག་རྟེན་སྣང་བ་ཞེས་པའི་ཐ་སྙད་དེའི་བརྗོད་བྱར་ཡོངས་སུ་འཐིམས་ཡོད། ཆུ་བོའི་ཟམ་ཆེན་དང་རི་བོའི་འགག་ཕྲེང་རིམ་བཞིན་བརྒལ་མཐར་ཕན་ཚུན་ལ་ཁ་ཆད་བཏབ་ཡོད་སའི་གནས་དེར་འབྱོར། ངོ་མ་ཡིན་ནམ། མོ་རང་གློག་འོད་ཀྱི་ངོགས་ན་ཡིད་འོང་གིས་བཞད་པའི་གངས་ལྷ་མེ་ཏོག་རྐང་གཅིག་གམ། ཡང་ན་ཁོས་ཚོར་བས་བཙལ་ན་མི་རྙེད་པའི་མཛེས་པའི་མཐར་ཐུག་ཅིག་རེད་ཨང་། སྟོད་ལ་ལྗང་སེར་དེས་གོང་དུ་སྐེ་དཀྲིས་དམར་བོ་སྲབ་ལ་བདེ་བ་ཞིག་དཀྲིས་ཡོད་ལ་ཞལ་རས་དཀར་ལ་འཇམ་པ་དེ་འང་གློག་འོད་ཀྱི་ངོགས་ནས་སྔར་ལྟར་མིན་པའི་མཛེས་པ་ཁྱད་པར་བ་ཞིག་ཏུ་འདུག ཁོ་རླངས་འཁོར་ལས་བབས་ཏེ་མོའི་གམ་དུ་བསྐྱོད་སྐབས་སེམས་འཚབ་པར་གྱུར་ཏེ་ཅི་ཞིག་བཤད་དགོས་པའང་གཞི་ནས་བརྗེད། ཕན་ཚུན་ལ་འཚམས་འདྲིའི་ཚུལ་དུ་འཛུམ་ཆུང་གི་མེ་ཏོག་ཅིག་བྱིན་མཐར་སྔར་གྱི་ས་གནས་དེར་གོམ་པ་མཉམ་དུ་སྤོས། སྨག་ནག་གི་མཚན་མོ་འདིས་གྲོང་ཁྱེེར་གྱི་མཐའ་འཁོར་ཡོངས་སུ་བཏུམས་ཡོད་ལ་གློག་འོད་ཀྱིས་གསལ་བ་ནི་མོའི་ངོ་གདོང་དང་ལྷད་མེད་པའི་འཛུམ་མདངས་དེ་ཡིན་ངེས། རེབ་དེར་འགྲོས་མཉམ་པའི་རོལ་དབྱངས་ཅིག་མོའི་ཁ་པར་ལས་བཏང་སོང་བས་དེ་ནི་ཁོ་དང་མོའི་སེམས་པ་མཚོན་པའི་སྤྱི་མཐུན་གྱི་ཁ་བརྡའམ་སེམས་གཏམ་ཞིག་ཏུ་གྱུར་བས་ལག་པ་ཆུང་ཆུང་དེའང་རིམ་གྱིས་མཉམ་དུ་སྦྲེལ། སྐབས་འདིར་ཁོས་སྔོན་ཆད་བལྟས་མྱོང་བའི་ལྷོ་ཁོ་རེ་ཡའི་གློག་བརྙན་དེ་ཡིད་ལ་གསལ་ལེར་ཤར་བ་དང་དེའི་ཚོར་བ་ཡང་སེམས་ཀྱི་གཏིང་དུ་ཟིམ་སོང་། 

སྔར་གྱི་ཟ་ཁང་དེར་ཟས་སྣ་འཛོམས་པ་ཞིག་བསྒྲིགས་ནས་ཕན་ཚུན་ཁ་གཏད་དུ་བསྡད་དེ་རྩེད་མཚར་དང་ཀུ་རེའི་གཏམ་འགོ་བསླངས་པས་ཁོས་ཀྱང་ད་ནི་སྔོན་ཆད་ཀྱི་ལྷན་འཛོམས་དང་མི་འདྲ་བ་གཞི་ནས་ཤེས། མཚན་མོ་སྔར་བཞིན་ལྷིང་འཇགས་སེར་གྱུར་ཡོད་ལ། སྒོ་ཁུང་ལས་ཆར་བ་ཟམ་ཟིམ་འགའ་ལྷོད་ཀྱིས་འབབ་ཀྱིན་པ་མཐོང་། དེ་ནི་ཁོའི་སེམས་ཁམས་དང་མཐུན་པའི་བརྩེ་དུང་གི་ཆར་བ་ཞིག་ག་ལ་མིན། ད་ནི་ཕན་ཚུན་ལ་དོག་འཛེམ་དང་འཚེར་སྣང་སོགས་ཡོངས་སུ་བྲལ་ཡོད་པས་ལག་པ་དང་སེམས་པ་རིམ་གྱིས་སྦྲེལ་ནས་ཐོག་ཁང་དེའི་ཐོག་སོ་གསུམ་པར་བསྐྱོད། ཕྱི་རོལ་གྱི་ཆར་བ་དེའང་སྔར་བཞིན་ཟམ་ཟིམ་དུ་འབབ་ཀྱིན་འདུག གློག་འོད་ཀྱིས་བརྒྱན་པའི་སྟོན་སྡོང་གི་ཡལ་འདབ་རེ་རེའི་སྟེང་ན་ཆུ་ཐུག་འགའ་མར་ལྷུང་བར་བལྟས་ནའང་དོ་ནུབ་རང་བྱུང་གི་མཛེས་པའང་སྔར་ལས་ཀྱང་གསལ་ཡོད་པ་ཤེས་ནུས། 

མཚན་མོའི་ཆུ་ཚོད་བཅུ་བ་རུ་ཁོ་གཉིས་ཀྱིས་ཕན་ཚུན་ལ་ཡང་བསྐྱར་ལྷན་འཛོམས་ཀྱི་ཁ་ཆད་ཅིག་བྱས་མཐར་གྱེས་ཕྱག་འབུལ་འགོ་བརྩམས། སྔར་བཞིན་མོའི་ཁྱིམ་གྱི་ཉེ་སར་སླེབས་དུས་མོས་ཁོ་ལ་མཆི་སྒྲོས་སྣུམ་པོས་ལེགས་སྐྱེས་ཤིག་བྱིན་རྗེས་ཐད་ཀར་རྒྱ་ལམ་གྱི་ཕར་ཁར་ཕྱིན། ཁོས་ཀྱང་མིག་ཟུང་གི་སྐྱེལ་མ་བྱས་ཏེ་ཆར་བའི་ཅུང་ཙམ་བརླན་པའི་ལག་ཟུང་དེ་གཡུག་ཙམ་འགའ་བྱས་མཐར། དགའ་སྐྱོ་ཟུང་གི་ཚོར་བ་བརྗོད་མི་ཤེས་པ་དང་ལྷན་དུ་ཕྱིར་ལམ་ལ་ཆས། 

ནུབ་མོ་དེར་རླངས་འཁོར་ནང་གི་རོལ་དབྱངས་དེ་འང་ཧ་ཅང་སྙན་ཞིང་འཇེབས་པའི་ཚོར་བ་ཞིག་བྱིན་ལ།དེར་བསྟུན་ཁོས་ཀྱང་དེ་ལ་ལད་ཟློས་བྱེད་བཞིན་ཞེ་སྣང་བ་དགུང་སྔོན་དབྱིངས་སུ་བསྐྱོད་བཞིན་པའི་སྐབས་དེར། ཕྱི་རོལ་དུ་རླངས་འཁོར་ནོར་མགོ་རྟགས་ཅན་གཉིས་གཤིབ་ཏེ་དུང་སྒྲ་དང་ལྷན་དུ་རླུང་འཚུབ་བཞིན་ཡོང་གིན་འདུག ཅི་ཡིན་ནམ། ཅུང་ཙམ་མ་འགོར་བར་མདུན་ཕྱོགས་ནས་འཕྲེད་དུ་བསྡད་པས་ཁོས་ཀྱང་རླངས་འཁོར་འདུག་དུ་མི་འཇུག་ཐབས་མེད་དུ་གྱུར། གསར་བུ་ཆུང་ཆུང་ལྔ་མཉམ་དུ་ས་བབས་ནས་དྲག་ཉམས་ཀྱིས་ཁོས་རླངས་འཁོར་གྱི་སྒོ་ཕྱེས་ནས་ ཨ་་ཁྱི་རྒན་ད་ས་བོབ་ཟེར་བཞིན་འགྲམ་པར་ཚ་བེར་བེར་གྱི་ཐལ་ལྕག་ཅིག་གཞུས། ཁོས་ཀྱང་ཡིད་ལ་གསལ་ལེར་ཤར་ཡོང་སྟེ། དེ་ནི་མོའི་སྐྱེས་པ་ཡིན་ལ་ཁོས་སྔོན་ནས་ཀྱང་ལྐོག་ཉན་དང་སོ་ལྟ་བྱས་ཡོད་སྲིད། ད་ཅི་བྱེད། ཁོས་རྐང་བ་ས་ལ་སྤོ་བཞིན་པའང་མི་ཤེས་ལ་མགོ་ཡི་སྐྲ་ལོ་དག་ཀྱང་ཕྱི་ལ་འཐེན་ཡོད་པའི་དངང་ཚོར་འཇིགས་ཡེར་བ་ཞིག་བྱིན། གསར་བུ་ཅུང་ལོ་ན་ཆུང་བ་དེས་ཁོས་ལག་པའི་བཟུང་ནས་གསུག་འཐེན་འགའ་བྱས་མཐར་འགྲོ་ཕྱིར་འགྲོ། ང་བུད་མེད་གན་ལྟ་བུ་ཞིག་དགོས་ན་ཞེས་མནའ་ཚིག་འཇིགས་སུ་རུང་བ་ཞིག་ཡང་ཡང་བཟླས། ཁོ་རང་ཡང་གཞི་ནས་འཇིགས་ཡེར་བར་གྱུར་དེ་ཡུལ་དུ་ཆུང་མ་དང་བྱིས་པ་ཡོད་དེ་དག་ལ་ཅི་བྱེད། རང་གི་སྡེ་བ་དང་ཡུལ་མི་དག་གིས་ཤེས་ན་ཅི་བྱ། ད་ནི་རང་སྲོག་གཅོད་པ་ལས་འོས་མེད་པའི་གདམ་ཀ་དེ་བཟང་སྙམ། གསར་བུ་དེས་ད་འགྲོ་ཟེར་ནས་རླངས་འཁོར་ཁ་ཕྱིར་བསྐོར་ནས་མདའ་འཕངས་པ་ལྟར་སྔར་གྱི་ཁྱིམ་ཚང་དེས་སྒོ་འགྲམ་ལ་སླེབས་སོང་ ། གསར་བུ་དེས་རླངས་འཁོར་གྱི་སྒོ་ཁྲོག་གེར་བརྒྱབ་ནས་ཁྱིམ་ཚང་དེར་འཛུལ། གསར་བུ་གསུམ་གྱིས་ཁོ་རང་དམ་པོར་བསྡམས་ནས་འགུལ་མི་ཐུབ་པ་བཟོས། ད་དུང་གསར་བུ་དེ་ཁྱིམ་དུ་མ་འཛུལ་གོང་ལ་མོའི་ཕ་རྒན་ལ་ཁ་པར་བཏང་སྟེ་གོ་ལྡོག་པའི་གཏམ་འཇིགས་ཡེར་བ་འགའ་བཤད། ཅུང་ཙམ་གྱི་རྗེས་ནས་ཁྱིམ་ཚང་དེས་སྒོ་འགྲམ་ནས་མོ་རང་མི་ཁ་ཤས་ཤིག་གིས་བསྐྱོར་དེ་ཡོང་གིན་པ་ཁོས་དངོས་སུ་མཐོང་བས་ཅི་ཡིན་ནམ་སྙམ་ནས་ངོ་ཚ་དང་སྐྲག་སྣང་གིས་ཚོར་བ་ཡོངས་སུ་འཁྲིགས། མ་གཞི་མོས་རང་གི་སྐྱེས་པ་ལ་གོ་བ་ལོག་སོང་བ་ལས་འབྲེལ་བ་གཞན་མེད་ཚུལ་ལབ་པ་ཡིན་ལ་ཁོས་དེར་སྣང་དོག་མ་བྱས་པར་མ་ཟད་ང་ཁྱོད་ལྟ་བུ་ཞིག་མི་དགོས་ཞེས་མནའ་ཚིག་གིས་བསྒགས་པས་མོ་རང་ཐབས་སད་དུ་གྱུར་ནས་མཐར་རང་ཉིད་ལ་གྲིས་བརྒྱབ་པ་ཡིན་འདུག གསར་བུ་དེ་དག་ལ་འཛེམ་དོག་གང་ཡང་མེད་པར་འདི་ཁྱོད་ཀྱིས་གང་ལ་འཁྱེར་འདོད་ན་དེ་ཁྱེར་ཞེས་བཙན་གྱིས་རླངས་འཁོར་དུ་གཡུག དེར་བསྟུན་ཁོ་ཡང་གསར་བུ་དེ་གཉིས་ཀྱིས་གློད་དེ་རླངས་འཁོར་ལས་ས་ལ་བབས། ཁོས་ཁ་ཕྱིར་འཁོར་ནས་བལྟ་དུས་མོའི་ལག་ཟུང་གི་བར་ན་འཐུག་གིན་པའི་ཁྲག་གི་བཞུར་སྒྲ་དང་རང་ཉིད་ཀྱི་ལྡིང་གིན་པའི་སྙིང་གི་སྟུག་སྒྲ་གཉིས་རྒྱུན་ལྡན་མིན་པ་ལྟར་གསལ་ལེར་ཐོས་འོང་། སྐབས་འདིར་ནམ་གུང་གི་ཆུ་ཚོད་གཉིས་པར་སླེབས་འདུག་ལ། ཕྱི་རོལ་དུ་དྲག་ཆར་འབབ་ཀྱིན་འདུག དངོས་གནས་དེ་ནི་ཁོའི་སེམས་ཁོང་གི་དངངས་འཚབ་དང་སྐྲག་སྣང་ཡོད་ཚད་ཕྱི་རོལ་གྱི་དྲག་ཆར་དེ་དང་འདྲེས་ཤིང་བསྡོངས་ཡོད་པ་ཅིས་མ་ཡིན། ཁོས་ཅི་བྱེད་དགོས་པའང་མ་ཤེས་པར་རླངས་འཁོར་ཅུང་ཙམ་བཏང་རྗེས་སྨན་ཁང་གི་རྟགས་ཤིག་ཡོད་པ་གསལ་ལེར་མཐོང་། དེ་བས་ཁོས་ཅི་མི་སྙམ་པར་ཐད་ཀར་དེར་བསྙེགས་དུས་སྨན་ཁང་ཞིག་ཡིན་འདུག་ལ། ལས་རེས་པ་རེ་འགས་ཀྱང་མཐོང་སོང་བས་མོ་རང་སྨན་ཁང་གི་འདུག་སྟེགས་ཤིག་ཏུ་བསྙེས་ནས་བུད་སོང་། ཀློག་པ་པོ་ལགས།   ད་དུང་ཤེས་དགོས་པ་ཞིག་ལ་ཁོའི་རླངས་འཁོར་གྱི་འདུག་སྟེགས་དེ་ན་ཁྲག་གིས་བྲིས་པའི་བརྩེ་དུང་གི་རྗེས་ཤུལ་དེ་ད་དུང་ཡོད་ངེས་ལ། མོའི་རྣམ་དག་གི་བསམ་པའི་བསླེས་པའི་བརྩེ་འདང་གི་མེ་ཏོག་དེ་འང་ཡོད་ངེས། སྨག་ནག་གི་མཚན་མོ་འདི་འདི་ལྟར་འཇིགས་རུང་གི་ངང་ནས་རྫོགས་སོང་ཞེས་སྤུན་ཆུང་གིས་ཀྱང་ཤུགས་རིང་ཞིག་འབྱིན་ཞོར་བཤད། ངས་ཀྱང་དེའི་རྗེས་ནས་ཞེས་ནན་འདྲི་འགའ་བྱས་ཀྱང་ཁོ་རང་གཞི་ནས་འགྲོ་རན་སོང་ཟེར། 

                                                             རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐད་འཕྲིན་ལས་འཕྲོས་པའི་བརྩེ་དུང་།

2016-07-04 ཕྲན་ཉི་ཟེར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།