ལྷ་སྒྲོལ་མ།

ཀ་རོང་ཚེ་རིང་།༼ གཞིས་ཀ་རྩེ ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-08-16

       མཚན་མོ་ཞིག་དང་འདྲ་བའི་ནགས་ཚལ་གྱི་ཀློང་དུ།  ལྷ་སྒྲོལ་མ་མི་རོ་ཞིག་ལ་བཞོན་ནས་རྒྱང་ལ་ལམ་ལ་ཆས་པ་རེད། མོ་ནི་ལྷའི་དམག་དཔོན་ཞིག་དང་འདྲ་བར་མདའ་གྲི་ལུས་ལ་སྐོར་ནས་རང་ཉིད་ཀྱི་བོར་བའི་བརྩེ་དུངས་དེ་ཇོ་མོ་གླང་མའི་དབུ་རྩེ་ནས་ལེན་པར་འགྲོ་འོ་ཟེར།། 

ལམ་བར་དུ་སྟག་གཟིག་གི་མགོ་བཅད་ནས་ལུས་རྒྱན་དུ་སྒྲོན་བཞིན།   ལམ་དུ་ཧ་ཅང་ངལ་བཞིན་དུབ་པས་ཨ་མ་རྒད་མོ་ཞིག་གི་འགྲམ་ནས་གནས་ཚང་གཡར་རོ།    མོ་རྒན་དེས་བྱང་ཆུབ་སེམས་པ་ཞིག་དང་འདྲ་བར་མོ་ལ་ཤ་མར་གྱི་སྣེ་ལེན་བྱས་པ་མ་ཟད།    ཕོ་གསར་སྟག་འདྲ་བ་ཞིག་ཀྱང་མོའི་འདོད་ཆགས་ཚིམ་བྱེད་དུ་མངག    སྔར་མོ་ནས་བཟའ་ཟླ་རྒྱང་ལ་ཤོར་བའི་འདོད་པ་འདི་སུ་ཞིག་གིས་མ་བཤད་ཀྱང་ཤེས་པ་ཞིག་ཡིན་ཡང་།  མོས་རང་ཉིད་ཀྱི་འདོད་སེམས་མཐའ་དག་སེམས་ཀྱི་གཏིང་རུམ་དུ་སྦས་ནས།   མི་བུ་དྲེད་དང་འདྲ་བ་དེ་རང་གི་ཁྱོ་བོར་སྟེར་བར་འདོད་ནས།    རང་ཉིད་ཀྱི་གམ་དུ་མངག་པའི་སྐྱེས་པ་དིའི་མགོ་བཅད་ནས་གཡང་ལ་སྐྱུར།    མོས་མཚན་མོ་དེར་མ་རྒན་དེ་ཡང་བསད་དེ་ཤིང་སྒོའི་སྟེང་དུ་ལྷ་སྒྲོལ་མས་མི་བསད་མེད་ཅེས་དག་ཐེར་དང་འབྲེལ་རྫུན་གཏམ་ཞིག་བཤད་ནས་བྲོས།    ནགས་ཚལ་དང་འདམ་གྱི་ཁེངས་པའི་སྲང་ལམ་ཆུང་ཆུང་དེ་དེད་ནས་ཡོང་མཁན་གྱི་སྐོར་གཡེང་མི་སྣས་ཤིང་སྒོའི་སྟེང་གི་ཡི་གེ་དེ་མཐོང་མ་ཉིད་དུ་ནང་ལ་འཛུལ་ནས་ལྟ་དུས།   མ་རྒན་དེས་བྱིས་པ་ལོ་བརྒྱད་ཅན་ཞིག་ལ་བཙན་དབང་བྱེད་བཞིན་པ་མཐོང་བ་ན།    སྐོར་གཡེང་རུ་དཔོན་གཟའ་མིག་དམར་གྱི་དེ་ནི་མིའི་བདེ་སྐྱིད་ཅིག་ཡིན་པས་ང་ཚོས་ཐེ་གཏོགས་བྱེད་མི་ཉན་ཞེས།    ཤར་རེར་སྲང་ལམ་དེད་ནས་ཕྱིན་སོང་།   

           མ་རྒན་གྱིས་རང་ཉིད་ཤི་ཟིན་པའི་གྲིབ་མེད་ཀྱི་ལུས་པོ་ཞིག་ཡིན་པ་རྟོགས་ཆེད།   སྒོ་འགྲམ་དུ་རྒྱུག་ནས་གྲིབ་གཟུགས་ཡོད་མེད་བལྟས།    མོའི་གྲིབ་གཟུགས་ནི་སྐར་ཕྲན་ཙམ་ཞིག་ལས་མི་མངོན་པས་དངངས་འདར་ཞིག་དང་མཉམ་དུ།   བྱིས་པ་དེར།   རང་ཉིད་ཤི་ཡོད་མེད་སྐད་ཆ་དྲིས།    བྱིས་པ་དེས་སེམས་པ་ནི་ནམ་ཡང་བཟི་རུ་མེད་དོ་ཟེར་བས།    མོས་གྲིབ་གཟུགས་ཆུང་ཆུང་དེ་ཡང་སྦྱིན་པར་བཏང་ངོ་།།

དངངས་བཞིན་འདར་ནས་འགྲོ་བའི་ལྷ་སྒྲོལ་མའི་ཕྲག་སྟེང་དུ་ཁུ་བྱུག་ཞིག་བབ་ནས་དངངས་དོན་ཅི་ཡང་མེད་དེ།    མ་རྒན་དེ་ནམ་ཡང་ཤི་མེད་པ་ཞིག་ཡིན་པ་ཤེས་ནས། ཁྱེད་རང་ཁྲིམས་ལ་གཏུགས་རྒྱུ་མིན་ལ་ད་དུང་ཁྱེད་དང་གྲོགས་མོ་བྱེད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་སོང་ཞེས་ལབ་མ་ཉིད་དུ།   མོས་མི་རོ་དེར་ལྕགས་ཚན་ཚ་ཐག་ཆོད་ཅིག་གཞུས་ནས།   ཡར་ཀླུང་གཙང་པོར་མཆོངས་ཏེ་ངས་ཀྱང་རང་ཉིད་ཀྱི་ལུས་གཟུགས་ཡོད་ཚད་ཉ་ལ་སྟེར་ནས་སྒྲིབ་པ་དག་པར་བྱེད་དོ་ཟེར།   མོས་དུམ་སྒྲ་བཅས་མཆོངས་ནས་མཇུག་བསྒྲིལ་བར་བཟོས་སོ།།

                                                                                                               རྩོམ་སྒྲིག་པ། དབང་མོ།

 (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སྒྲོལ་མ།

2016-08-16 ཀ་རོང་ཚེ་རིང་།༼ གཞིས་ཀ་རྩེ ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།