གཡུ་ཆུང་གི་བརྩམས་སྒྲུང་གསར་བ། སྒྲུང་ཞིག་གི་ཟིན་ཐོ།

མོའི་གདོང་དུ་བདེ་བ་དང་ངོ་ཚ་གཉིས་ཅིག་ཅར་དུ་ཤར་འདུག   ཡུན་གྱིས་མིག་ཟུང་ཡང་བདེ་བའི་ཀློང་ཆེན་པོ་དེ་དང་འདྲེས་ཏེ་ཟུམ་ཞིང་། ལུས་སེམས་གཉིས་མར་ཞུ་བ་ལྟར་དལ་གྱིས་བཞུར།    སྐབས་དེར་མོས་ཟླ་བའི་རྒྱབ་ནི་ཇི་འདྲའི་འཇམ་པ་ལ་ཨང་སྙམ་པ་དང་།   ལག་པ་གཉིས་ཀྱིས་ཟླ་བའི་རྒྱབ་ཤ་ལ་བྱིལ་བྱིལ་བྱས་ཤིང་།   མོས་ཟླ་བའི་རྒྱབ་ཤའི་བ་སྤུའི་བུ་ག་རེ་རེ་ནས་འཛུམ་གྱིན་པའི་དྲོད་རྔུལ་ཡང་ཚོར། 

མོས་སློབ་སྦྱོང་དང་།  ལས་བྱ་དང་།  སང་ཉིན་བཀྲུ་རྒྱུར་ལུས་པའི་གྱོན་ཆས།  ཚོང་ཁང་དུ་ཕྱིར་བརྗེ་དགོས་པའི་ཆག་གྲུམ་ཤོར་བའི་ཅ་ལག   སྐབས་འདིར་དེ་དག་ཡོད་ཚད་ཁང་མིག་གྲུ་བཞི་འདིའི་ཕྱི་རོལ་དུ་བསྐྱུར་ཡོད།  མིན།   དེ་ནི་ཟླ་བས་སྐྱུར་དུ་བཅུག་པ་རེད།   ཟླ་བས་ཐོག་དང་པོར་མོའི་ཁོག་སྨད་ནས་བརྡོལ་བའི་ཚ་རླབས་དེ་རྫིང་བུར་རྡོ་འཕངས་པ་ལྟར་མཐའ་ནས་མཐའ་རུ་བསྐྱེད་དེ་ལུས་པོ་ཡོངས་སུ་མཆེད་དུ་བཅུག   ཐ་ན་སྐྲ་རྐང་རེ་རེའང་རྔུལ་ཆུས་བརླན་པའི་ཤྭ་བ་རེ་རེར་བསྒྱུར།

ཟླ་བ་མོའི་སྟེང་ནས་མར་བབས་རྗེས།  མོའི་ལུས་པོའང་ཡང་བྱོལ་ལེར་གྱུར་བ་དང་།  དེའི་འཕྲོར་ཟི་བུན་པའི་སྣང་བ་དེ་སྨུག་པ་བཞིན་དྭངས།   སྐབས་དེར་མོས་ད་གཟོད་ཁང་མིག་གྲུ་བཞི་དེའི་ནང་མགྲོན་ཁང་ཡོད་ཚད་ལ་བྲོ་བའི་དྲི་མ་དེ་ཚོར།   མོས་མིག་བཙུམ་ནས་དྲི་མ་དེ་དོན་དམ་གང་ཡིན་བཙལ།   དེ་ནི་འདག་ཕྱེས་ཡང་ཡང་བཀྲུས་པའི་རས་ཀྱི་དྲི་མ་དང་སྒེའུའི་ཤེལ་ངོར་ཆགས་པའི་རླངས་པ་སྣ་ཚོགས་ཀྱི་དྲེགས་པའི་དྲི་མ་རེད།   ཁྲིན་ཏུའུ་གྲོང་ཁྱེར་གྱི་མགྲོན་ཁང་ཆུང་ཆུང་དེར་མོས་ད་གཟོད་མགྲོན་ཁང་མང་པོའི་ནང་དུ་ཡོད་ཅིང་ཅི་ཡིན་མ་ཤེས་པའི་དྲི་མ་དེ་ངོས་ཟིན།

མོས་དྲི་མ་དེ་རྔུབ་ཞོར་མིག་ཕྱེས་ཏེ་གམ་གྱི་ཟླ་བ་ལ་བལྟས། ཟླ་བས་སྔས་འབོལ་ལ་རྒྱབ་བསྙེས་ཤིང་མིག་གཉིས་བསུམས་འདུག་ལ།    ཁ་ནས་དབུགས་ཧལ་ཧལ་བྱེད་ཅིང་།  དཔྲལ་བ་དང་རྣ་རྒྱབ་ནས་རྔུལ་ནག་ཐོན།  ཁོ་ནི་མཱ་ལ་སུང་རྒྱུགས་མཁན་ཞིག་དམིགས་སར་སླེབས་རྗེས་ས་རུ་བསྙེས་ཏེ་ངལ་གསོ་བཞིན་པ་དང་འདྲ་སྟེ།  དེ་གཉིས་ཀྱི་མི་འདྲ་ས་ནི།  གཅིག་ནི་གྱོན་ཆས་གྱོན་ཡོད་པ་དང་། གཅིག་ནི་གཅེར་ཧྲེང་ཧྲེང་དུ་ཡོད་པ་དེ་རེད།

མོས་ལུས་པོ་ཅུང་ཟད་འཁྱགས་པའི་ཚོར་བ་བྱུང་བས་ཉལ་ཐུལ་ཡར་ལུས་སྟེང་དུ་འདེད་ཙམ་བྱས་པའི་མུར་ཀུན་དགའ་ཡིད་ལ་འཁོར།   གལ་ཏེ།  མོའི་གམ་གྱི་མི་འདི་ཀུན་དགའ་ཡིན་ན།  རང་གི་ལུས་སྟེང་དུ་ཉལ་ཐུལ་འདེད་མཁན་དེ་མོ་རང་མིན་པར་ཀུན་དགའ་ཡིན་སྲིད།

ཀུན་དགའ་ནི་མོ་རང་སློབ་ཆེན་ལོ་རིམ་གཉིས་པ་ཡིན་དུས་ངོ་ཤེས་པ་ཡིན་ཏེ།  ཀུན་དགས་སློབ་གྲྭའི་ཟ་ཁང་དུ་མོ་རང་མཐོང་བའི་ཉིན་དེ་ནས་བཟུང་།  མོ་ལ་བརྩེ་འཕྲིན་བྲིས།  ཐེངས་ཤིག  ཀུན་དགས་མོ་ལ་ལེགས་སྐྱེས་ཤིག་ཉོས།   ཉིན་དེར་སྲང་ལམ་ནས་ཕྱིར་ཡོང་ཁར།  གློ་བུར་དུ་ཆར་བ་ཆེན་པོ་ཞིག་བབས་ནས་མཚམས་མ་བཞག  དེ་སྔ་ནས་དུས་བཏབ་ཟིན་པས།  ཀུན་དགས་ཆར་ཆེན་པོ་དེའི་ནང་ཆར་གཡོལ་ཀྱང་མ་བྱས་པར་མོས་བསྒུགས་ཡོད་སའི་ཟ་ཁང་གི་སྒོ་ལ་སླེབས།   མོས་བྱ་རོའི་སྟེང་ཆར་བབས་པ་ལྟ་བུའི་ཀུན་དགའ་མཐོང་ནས་ཧད་དེ་ལུས།   ཁོ་གཉིས་ཀྱིས་མཉམ་དུ་ཟ་མ་ཟོས་ཏེ་ཕྱིར་འགྲོ་ཁར།  ཀུན་དགས་རྒྱབ་ཁུག་ལས་ལེགས་སྐྱེས་བཅུག་ཡོད་པའི་ཤོག་ཐུམ་དེ་བླངས་ནས་མོ་ལ་བྱིན།    མོ་ཕྱིར་སོང་ནས་ཤོག་ཐུམ་ཁ་ཕྱེས་ནས་བལྟས་དུས་དེ་ནི་ཆར་གདུགས་ཤིག་རེད།  མོསགླེན་པ།  ཆར་གདུགས་ཡོད་བཞིན་དུ་མི་སྤྱོད་པར་ཅི་བྱེདཞེས་ཁ་ནས་ཤོར་མོད། ཕྱི་རློན་ནང་རློན་བྱས་པའི་སྐྱེས་པ་དེས་དེ་ལྟར་མོའི་མི་ཚེའི་སྟེང་སེམས་འགུལ་ཐོག་མ་ཐེབས་སུ་བཅུག 

ཀུན་དགའ་ནི་དེ་ལྟར་བརྩེ་དུངས་ཀྱི་ཆེད་དུ་ཆར་གདུགས་ཡོད་བཞིན་དུའང་ཕྱི་རློན་ནང་རློན་བྱེད་པར་མོས་མཁན་ཞིག་ཡིན། 

ཕྱིས་སུ་མོ་རང་ཀུན་དགའ་དང་འགྲོགས་རྗེས།   ཀུན་དགའ་ནི་འཇིག་རྟེན་སྟེང་གི་གསར་བུ་རྫིག་ཤོས་དེ་མིན་ཡང་།  འཇིག་རྟེན་སྟེང་དུ་མོ་རང་ལ་གཅེས་ཤོས་དེ་རེད་སྙམ།   ཆར་བ་བབས་ཚེ་ཁོས་རང་གི་སྐྲ་མ་བརླན་གོང་ལ་མོའི་ལུས་བརླན་འགྲོ་སྙམ་ནས་སེམས་ཁུར་བྱེད་ཅིང་།   ཉི་མ་ཤར་ཚེ་རང་གི་ལུས་མ་དྲོས་གོང་ལ་མོའི་གདོང་ཚིག་འགྲོ་སྙམ་ནས་སེམས་ཁུར་བྱེད། 

སྒྲུང་བྲིས་ནས་མཚམས་འདིར་སླེབས་རྗེས། ངས་འཕྲོར་མཐུད་ནས་འབྲི་ཐུབ་ཀྱི་མི་འདུག  ཀློག་པ་པོ་དག་གིས་ཟླ་བ་དང་ཁོ་མོས་ངོ་ཇི་ལྟར་ཤེས་པ་དང་།  ཁོ་མོ་དང་ཀུན་དགའི་བར་ལ་ཅི་བྱུང་སོགས་ལ་ངེས་པར་འདང་རྒྱག་སྲིད་ལ།  གཅིག་བྱས་ན་ངས་དོན་དག་དེ་དག་གི་མགོ་རྔ་ཡོངས་སུ་མ་བཤད་པར་ང་ལ་ལེ་གདའ་འང་བྱེད་སྲིད།  ཡིན་ནའང་ངས་དངོས་གནས་འབྲི་ཐུབ་ཀྱི་མི་འདུག  དེ་ནི་ངས་སེམས་ལ་ཤར་བ་དག་ཡི་གེར་འབྲི་མ་ཤེས་པ་མིན་ཏེ།   ངས་འབྲི་མགོ་བརྩམས་ཚེ་རྟོག་པར་གང་ཤར་མཚམས་མ་བཞག་པར་ཤོག་གྲངས་མང་པོར་འཕབ་ཐུབ་ཀྱི་ཡོད་ལ།  ཕབས་པ་ཡང་ཉམས་དང་ཁམས་གཉིས་ཀའི་ཆ་ནས་མཐོ་བོ་ཡོད་ཅིང་།  མཐར་ཡིག་ནོར་ཞུ་དག་ཙམ་ལས་བྱེད་དགོས་ཀྱི་མེད། དཔེར་ན། གློག་བརྙན་ཞིག་གི་ནང་དུ་གཉེན་སྟོན་ལ་སྟ་གོན་བྱེད་ཀྱིན་པའི་སྐབས་སུ། སྐྱེས་པ་དེ་གློ་བུར་དུ་མ་འོངས་པའི་ཆུང་མའི་སར་འོངས་ཏེ། ཁོ་ནི་དོན་དམ་པར་བུ་མོ་གཞན་ཞིག་ལ་ཆགས་ཡོད་ལུགས་དང་གཉེན་སྒྲིག་བྱ་མི་ཐུབ་པའི་སྐོར་བཤད་པས། སྐྱེས་མ་དེ་བརྩེ་དུངས་ཀྱི་རྒྱབ་འགལ་དང་སྡེ་བའི་མི་ཁ་ལ་ཞེད་ནས་རེ་ཐག་ཆད་དེ་ཉིན་ཞག་འགའ་ལ་ངུས་ནས་བསྡད་པ་དང་། མཐར་སྡུག་བསྔལ་གྱི་དབྱིངས་ལས་རྣམ་པར་གྲོལ་བའི་གཏམ་རྒྱུད་བསྟན་པར་ང་སེམས་འགུལ་ཐེབས་ནས་ཉིན་ཐོར་འབྲི་སྐབས་དེའི་མགོ་རྔ་ཆ་ཚང་བོ་དབུགས་ཐེངས་གཅིག་གིས་ཡི་གེར་ཕབས། ངས་བུ་མོ་དེ་རེ་ཐག་ཆད་ཡོད་པ་མཚོན་སྐབསའགྲམ་འདབས་མཆི་མའི་རྗེས་ཤུལ་བབས ཞེས་བྲིས་པ་དང་། བུ་མོ་དེས་དོན་དེ་ཡིད་ལ་ཤར་ཐེངས་རེར་སེམས་ལ་ན་ཟུག་སྐྱེ་སྐབས། ངསན་ཟུག་གི་ཙག་ཤད་རེ་རེ་སྨག་རུམ་འཐིབས་པའི་དབྱར་གྱི་མཁའ་ཀློག་དུ་གློག་རྒོད་འཁྱུག་པ་ལྟར་ལུས་ཀྱི་རྩ་རྒྱུས་རྩ་རྒྱུས་སུ་རྒྱུགས་ཤིང་འགྲོསོགས་ཅུང་ཟད་ཉམས་ཡོད་པའི་མཚོན་ཐབས་མང་པོ་ལུད་ཡོད་པར། ངའི་ཉིན་ཐོ་ཀློག་རྒྱུར་དགའ་བའི་གྲོགས་པོས་ཀྱང་བསྟོད་བསྔགས་བྱས་ལ།  ང་ཡང་ཡིད་ཚིམས་ཀྱིན་ཡོད།

དེས་ན་ངའི་རྟོག་པར་འཆར་མ་ཐུབ་པ་རེད་ཟེར་ན།  དེ་ཡང་མིན་ཏེ། སྒྲུང་ནང་གི་མི་སྣ་འདི་གསུམ་པོ་ངའི་འཚོ་བ་དངོས་ཀྱི་ནང་དུ་ང་དང་ཤིན་ཏུ་ཉེ་བའི་མི་གསུམ་ཡིན་ལ།  ངས་ནི་ཁོ་ཚོ་གསུམ་པོའི་འབྲེལ་བ་ཡིག་ངོར་ཕབས་པ་ཙམ་ཡིན་པས་རྟོག་བཟོའི་ནུས་པ་དགོས་དོན་མེད།  དེ་བས་ངའི་སྒྲུང་འདི་ནི་དོན་དམ་པར་སྒྲུང་ཟེར་བ་ལས་མི་དེ་གསུམ་པོའི་འབྲེལ་བ་ཡིག་ངོར་ཕབས་པའི་ཇི་བཞིན་བརྗོད་པའི་རྩོམ་ཞིག་ཡིན།

ངའི་སྒྲུང་འདི་འབྲི་སྐབས་ལོ་མང་སྒམ་དུ་བཅུག་པའི་འདྲ་པར་རྙིང་པ་དག་ལ་བསྐྱར་དུ་བལྟས་པ་ལྟར། ཕྱིར་དྲན་མང་པོ་ཞིག་འཛིན་རྒྱུའང་འདུག་པའི་ཟོལ་གྱིས་མིག་ལམ་དུ་ཤར་ཡོང་ལ།  དེས་ངའི་མགོ་ན་བར་བྱེད།

ཟླ་བ་དང་ཀུན་དགའ་གཉིས་ནི་སློབ་གྲོགས་ཡིན་པར་མ་ཟད།  གྲོགས་པོ་ཡང་ཡིན།  ཀུན་དགའ་དང་བུ་མོ་དེ་གཉིས་དགའ་རོགས་སུ་གྱུར་རྗེས།  ཁོ་ཚོ་གསུམ་པོ་མཉམ་འགྲོ་མཉམ་འདུག་མཉམ་འཐུང་བྱས་ཏེ།  ཟླ་བ་དང་ཀུན་དགའ་གཉིས་ནི་སྤུན་མཆེད་ལྟ་བུ་དང་།  ཀུན་དགའ་དང་བུ་མོ་དེ་གཉིས་ནི་བཟའ་ཟླ་ལྟ་བུ།  ཟླ་བ་དང་ཀུན་དགའི་དགའ་རོགས་གཉིས་ནི་མིང་སྲིང་ལྟ་བུར་ཡོད།   ཕྱིས་སུ་སློབ་གྲྭ་ལས་མཐར་ཕྱིན་པའི་ལོ་དེར་ཀུན་དགའ་ལོ་གཅིག་ལ་ཡོ་རོབ་དུ་སློབ་སྦྱོང་ལ་ཕྱིན་ནས་ཕྱིར་སླེབས་རྗེས་ཀྱང་།  ལེགས་སྐྱེས་རྩ་ཆེ་ཤོས་དག་ནི་ཟླ་བ་དང་ཁོའི་དགའ་རོགས་གཉིས་ཀར་བྱིན་པ་རེད

ཀུན་དགའ་ནི་བརྩེ་དུངས་གསེར་དུ་ལྟ་མཁན་ཞིག་སྟེ། ཁོས་གསེར་དེ་ལ་ལྷད་མ་ཟད་ནག་ནོག་ཅུང་ཟད་ཀྱང་བྱུགས་འདོད་མེད།   ཁོ་ཡོ་རོབ་སྦེལ་ཇིམBelgiumདུ་ཡོད་དུས་གྲོགས་པོ་དག་གིས་ཨུ་ཚུགས་ཇི་ལྟར་བྱས་ཀྱང་གྲོང་ཁྱེརAntwerpརུ་ཡོད་པའི་སྐད་གྲགས་ཆེ་བའི་གློག་ཞུ་དམར་པོའི་སྲང་གི་ཁང་པ་དེ་དག་གི་ནང་ལ་མ་སོང་བ་སྟེ།   ཁོ་གྲོགས་པོ་ཚོ་དང་ལྷན་དུ་སྲང་དེར་སླེབས་རྗེས་ཁང་པ་དེ་དག་གི་ཕྱོགས་ལ་ལྟ་ཙམ་བྱས་རྗེས།  ངས་ཁྱོད་ཚོར་ཕ་གི་ནས་བསྒུག་ལ་འདུག ཞེས་ཁོ་ཧྥེ་ཁང་ཞིག་བསྟན་ནས་གྱེས་པས།  གྲོགས་པོ་ཚོས་ཀྱང་ཁོའི་རྗེས་སུགླེན་པ་གནཞེས་སྟོང་བཤད་ཙམ་བྱས་པ་ལས་ཐབས་གཞན་མ་རྙེད།     ཁོ་རང་ཁོ་ཧྥེ་ཁང་དེར་ཕྱིན་ནས་ཚགས་ཤོག་ཞིག་བླངས་ནས་བལྟས་པར།  དེའི་སྟེང་ལ་མུ་རཱ་ཁ་མཱིHaruki Murakamiཡི་དེབ་གསར་པསྐྱེས་མ་མེད་པའི་སྐྱེས་པ་དགMen Without Women ཞེས་པའི་སྐོར་ནས་གསར་འཕྲིན་ཞིག་འདུག་པ་དེ་བཀླགས། སྒྲུང་ཐུང་ཕྱོགས་བསྒྲིག་དེབ་དེ་ཉི་ཧོང་སྐད་དུ་མ་གཏོགས་དབྱིན་སྐད་དུ་མེད་པ་ཡིན་འདུག  ཀུན་དགས་དང་ཐོག་མུ་རཱ་ཁ་མཱི་ནི་ལྷ་རུ་བརྩི་མོད། མུ་རཱ་ཁ་མཱི་ཡིས་ཁོ་ཧྥེ་ལྟར་ཚིག་དྲི་དང་སྐྱུར་དྲི་འདྲེས་པའི་ཁེར་རྐྱང་གི་གདུང་བ་འབྲི་རྒྱུ་མང་དྲགས་པས།  ཀུན་དགའི་སེམས་སུ་སླར་ཡང་ལྷ་ནས་མི་རུ་གྱུར་ཡོད།    ཁོས་མུ་མཐུད་དུ་ཚགས་ཤོག་དེ་ཀློག་མ་འདོད་པར་ཡར་སློག་མར་སློག་ཙམ་བྱས།  དེ་ལྟར་བྱེད་ཞོར་སྒེའུ་ལས་ཁོའི་རྐང་མགོར་འོད་ཟེར་སྤྲོ་བའི་ཉི་མ་མྱུར་དུ་ནུབ་ནས་སའི་གོ་ལའི་ཤར་ཕྱོགས་སུ་ཤར་ན་སྙམ།  དེ་ལྟར་ན་ཁོས་གཉིད་ལས་སད་ཡོད་པའི་དགའ་རོགས་དང་ཁ་བརྡ་བཤད་ཐུབ་པས་ཡིན།

མི་ཚེ་ནི་རྒྱང་རིང་ལ་གོམ་འགྲོད་བྱས་པ་དང་འདྲ་སྟེ།  ཕྱིར་འཁོར་ནས་རིང་གི་རྗེས་ཤུལ་ལ་ལྟ་དུས་ལམ་ཐག་ཐུང་ངུ་ཞིག་ལས་ཕྱིན་མེད་ནའང་།  གོམ་པ་གཅིག་རེ་གཅིག་རེ་སྤོ་སྐབས་དེ་ནི་སོང་མི་ཚར་བ་ལྟར་རིང་།  དེས་ན་ལོ་གཅིག་ཀྱང་ཉིན་ཞག་རེ་རེ་བརྒྱུད་སྐབས་སུ་ཤིན་ཏུ་རིང་བོ་ཡོད་པས།  ལོ་གཅིག་གི་ནང་ལ་འདི་འབྱུང་དང་གན་མི་འབྱུང་ཟེར་བ་དངོས་གནས་ཁག་པོ་འདུག་ཏེ།  ཀུན་དགའ་དང་བུ་མོ་དེ་གཉིས་བར་གྱི་མ་གཞི་རྟག་བརྟན་དུ་འདོད་པའི་བརྩེ་དུངས་ཡང་ལོ་གཅིག་དེའི་ནང་ལ་ཡུན་གྱིས་འགྱུར།  ཡུན་རིང་བོར་ས་ཕྱོགས་གཉིས་སུ་བསྡད་པས་ཕན་ཚུན་གྱི་ཉིན་རེའི་གནས་ཚུལ་རྒྱུས་མ་ལོན་པ་དང་ཕན་ཚུན་གྱི་ཐད་ཀར་བའི་དགོས་མཁོ་སྐོང་ཐབས་བྲལ་བས།  འབྲེལ་མེད་ལྟ་བུ་ཞིག་ཏུ་གྱུར་ཏེ་ཁ་བརྡ་ཇེ་ཉུང་ལ་སོང་བ་དང་། བསམ་བཞིན་དུ་ཁ་བརྡ་བཙལ་ཚེ་ཚིག་རྩོད་ལྟ་བུ་ཞིག་གིས་མཇུག་བསྡུ་དགོས་པས་ཡུན་གྱིས་མཚམས་འདྲི་ཙམ་ལས་སྐད་ཆ་གསར་པ་མེད་པར་གྱུར་ཏེ་འབྲེལ་བ་ཆད།  ཉིན་ཞིག མོས་ཁོ་ལ་གློག་འཕྲིན་ཞིག་བསྐུར་ཏེལས་དབང་གིས་འུ་གཉིས་རང་རང་སར་འགྲོ་དགོས་པ་སྔ་ས་ནས་བཀོད་སྒྲིག་བྱས་ཡོད་པ་འདྲ།  དེ་བས་ལེ་བདའ་དང་འཁང་ར་མ་བྱེད་རོགས།  མཐར་ཕྱིན་ལས་རིམ་བསྒྲུབས་རྗེས་ང་ཕ་ཡུལ་ལ་ལོག་འགྲོ  ཅ་ལག་མང་དྲགས་པས་དེབ་འགའ་ཤས་མཚོ་མོའི་ལག་ཏུ་བཅོལ་ཡོད།  དེ་དག་ཁྱོད་ཀྱིས་ལེན་རོགས།  བཀའ་དྲིན་ཆེཞེས་བྲིས་འདུག  ཁོས་དེ་ནས་བཟུང་ཇི་ལྟར་འབྲེལ་བ་བྱས་ཀྱང་མོ་ལ་འབྲེལ་བ་བྱེད་མ་ཐུབ།   ཡོ་རོབ་ནས་ཕྱིར་སླེབས་དུས་ཀྱང་མོས་ནི་ཕ་ཡུལ་དུ་བྱ་བ་འཚོལ་གྱིན་འདུག་པ་གོ་བ་ལས་འབྲེལ་བ་བྱེད་མ་ཐུབ་ལ།   ཟླ་བས་ཀྱང་མཐར་ཕྱིན་འགྲོ་རིམ་བསྒྲུབས་ཏེ་ཕ་ཡུལ་ལ་ལོག་འདུག  ཁོས་ཡོ་རོབ་ནས་ཁོ་གཉིས་ལ་ཉོས་པའི་ལེགས་སྐྱེས་དེ་གཉིས་ཡིག་ཟམ་བརྒྱུད་ནས་བསྐུར།  

མོས་མཚོ་མོ་ལ་བཅོལ་བའི་ཅ་ལག་ནི་ཤོག་སྒམ་གྲུ་བཞི་ཞིག་རེད་ལ། ཁོས་ཁ་ཕྱེས་ནས་བལྟས་ཚེ་དབྱིན་རྒྱ་ཚིག་མཛོད་ཅིག་དང་དུང་དཀར་ཚིག་མཛོད་གཉིས་ལས་གཞན་དག་ནི་ཁོས་མོ་ལ་ལེགས་སྐྱེས་སུ་ཉོ་མྱོང་བའི་དངོས་པོ་དག་རེད་དེ། སྒྲུང་གཏམ་དཔེ་ཆ་ལྔ་དང་རྒྱབ་ཤ་སྤུས་ལེགས་ཅན་གྱི་འབྲི་དེབ་གསུམ།  ལག་འདོགས་དུས་ཚོད་གཅིག་འདུག  ཁོས་དྲན་པ་འདུས་པའི་དངོས་པོ་དེ་དག་རེ་རེ་བཞིན་བླངས་ནས་བལྟས།  སྒྲུང་གཏམ་དེབ་གཅིག་དང་འབྲི་དེབ་གཅིག་མ་གཏོགས་གཞན་དག་ཚང་མ་གསར་བ་གསར་རྐྱང་དུ་འདུག   ཁོས་འབྲི་དེབ་དེ་བླངས་ནས་བལྟས་དུས།  དེའི་མཇུག་གི་ཤོག་གྲངས་འགའི་སྟེང་ལ་ཡི་གེ་བྲིས་འདུག   དེ་ནི་མོའི་ཉིན་ཐོ་རེད་འདུག་ཏེ།  མོའི་ཨ་མྱེ་འདས་པའི་སྐོར་གྱི་ཐོ་ཞིག་དང་།  མོའི་མཛུབ་སྟོན་དགེ་རྒན་གྱིས་གཞུང་ལས་ཁང་དུ་མོ་ལ་དབང་ཡོད་བྱ་རྩིས་བྱས་པར་མོ་རང་བྲོས་པའི་སྐོར་གྱི་ཐོ་ཞིག་དང་།  དེའི་རྗེས་ནས་ཟླ་བའི་སྐོར་བྲིས་པའི་ཐོ་ལྟ་བུ་ཞིག་འདུག  ཏག་ཏག་ཐོ་གསུམ་པ་དེས་ཁོ་ཧ་ལས་ཧོན་འཐོར་དུ་བཅུག  དེ་ནས་ཁོང་ཁྲོ་ཆུ་ཁོལ་ལྟར་གདུས་ནས་ཉིན་ཐོའི་དེབ་དེ་ཐང་ལ་བརྡབས།  འཕྲལ་དུ་མོ་ལ་ཁ་པར་བཏང་དུས་སྔར་བཞིན་ཁ་པར་མི་འགྲོ་ལ།  ཟླ་བའི་ཁ་པར་ཡང་མི་འགྲོ་བས།  དེ་ནས་བཟུང་ཁོས་མོ་ལ་ཁྱི་མོ་དང་ཟླ་བ་ལ་ཁྱི་རྒན་ཞེས་བཏགས།

མོའི་ཉིན་ཐོརཟླ་བ།  སྙིང་ཉེ་ལགས།  ངས་ད་ནི་བློ་ཐག་བཅད་ཟིན།  ང་རང་དེབ་ཀྱི་ཤོག་བུའི་དྲི་མ་ལྟ་བུའི་ཁོའི་འཚོ་བ་ལས་བརྒལ་ཏེ།  ཁྱོད་ཀྱི་སྤང་ཐང་དུ་འོངས་ནས་འགྲེ་ལྡོག་རྒྱག་འདོད། 2015.5.2ཉིན།

མཚན་མོ་དེ་ནི་ཆེས་མཛེས་པའི་ནོར་འཁྲུལ་ཅིག་ཅི་ལ་མིན་ཨང་། 2015.6.1ཉིན།

ངས་ཆང་འཐུང་བ་དང་།  སྦྲང་རྩི་མྱངས་པ་དང་།   རྫ་ཆུ་སིལ་མར་ཁམ་གང་བྱས་པ་དང་།  སྨུག་པའི་རྐེད་པ་གཡོགས་པའི་རི་རྩེར་བུད་པ་དང་།    ཡར་ལངས་ཁའི་ཉལ་སའི་བདེ་དྲོད་གང་ཅིས་ཀྱང་དོ་ཟླ་མི་ཡོང་བའི་བརྗོད་བྲལ་གྱི་བདེ་བ་དེ་བརྗེད་ཐབས་མི་འདུག  སྙིང་ཉེ་་་ ་་་ཞེས་བྲིས་འདུག་པ་དང་གཤམ་དུ་མིག་ཤེལ་གོན་པའི་ཟླ་བའི་གདོང་ཚུགས་རི་མོར་ཕབས་འདུག   ལོས་ཡིན་ཏེ།  འདི་དག་ཚང་མ་མོས་རྒྱ་ཡིག་གིས་བྲིས་འདུག   ཁོས་སླར་ཡང་འབྲི་དེབ་དེ་ཐང་ནས་ཡར་བླངས་ནས་ཕར་ཀའི་གྱང་ངོས་སུ་ཤེད་ཀྱིས་བརྡབས།  གལ་ཏེ། འབྲི་དེབ་དེ་ཁྱི་གུ་ཆུང་ཆུང་ཞིག་ཡིན་ན།  ཁོག་གི་རྒྱུ་མའང་ཕྱི་རུ་དོན་ནས་ཤི་ཡོད་པ་ཐག་གིས་ཆོད།

དེ་ནས་བཟུང་ཁོ་ཟླ་བ་དང་ཁོ་མོར་ཕྲད་མ་མྱོང་།

ད་ནི་ལོ་གསུམ་ཙམ་འགོར་ཟིན་མོད།  ངས་མི་འདི་གསུམ་པོའི་བར་གྱི་འདས་དོན་དེ་དྲན་པའི་གཡང་རོང་དུ་འདོར་ཐུབ་ཀྱི་མི་འདུག་པས། ལན་རེར་རྨི་ལམ་དུ་འཁོར་ཞིང་། ལན་རེར་སྟོང་བསམ་དུ་འཁོར་འོངས། དེ་བས་སྒྲུང་གི་རྣམ་པས་བྲིས་ཏེ་དྲན་པ་བཅོས་ཨེ་ཐུབ་བསམ་པ་ཡིན།  འོན་ཏེ་བྲིས་ཀྱིན་བྲིས་ཀྱིན་བུ་མོ་འདིས་ཀུན་དགའ་ལ་རྒྱབ་འགལ་བྱེད་དོན་ཅི་ཡིན་འབྲི་མི་སྤོབས་པ་དང་།  རྒྱབ་འགལ་བྱས་ཚུལ་འབྲི་མི་འདོད་ལ།  ཐ་ན་བུ་མོ་དེའི་མིང་ཡང་འདིར་འགོད་མི་འདོད།  གང་ལགས་ཤེ་ན།  སྒྲུང་ནང་གི་ཀུན་དགའ་ནི་ང་ཡིན་པས་སོ།། 

                                                             2018ལོའི་ཟླ6པའི་ཚེས2ཉིན།  ཁྲིན་ཏུར།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡུ་ཆུང་གི་བརྩམས་སྒྲུང་གསར་བ། སྒྲུང་ཞིག་གི་ཟིན་ཐོ།

2016-11-15 གཡུ་ཆུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།