རང་སྡེ་ཁྲ་མོ།

ཉི་འོད་སྣུམ་པོ་ཞིག་རྒྱབ་རིའི་ངོས་ནས་མར་མར་བསྣར་ནས་ཐོན་ན་ཡང་།  ཁོར་ཡུགཧྲིལ་བོ་འཇམ་ཅག་གེར་ ཡོད་ལ།  རྒྱུན་དུ་ཟུག་སྐད་གཟན་པོ་སྒྲོག་པའི་ཁྱི་ལྡོམ་དག་ཀྱང་གཉིད་དུ་ཡུར་བའམ་གང་ཞིག་ཏུ་ལྡོམ་སོང་བ་ཡིན་མི་ཤེས་མོད་གྲགས་འགུལ་ཅི་ཡང་མེད། རྒྱ་རྒན་ལས་ཀ་བ་ཚོ་སྔ་མོ་ནས་ལངས་ཏེ་འུར་རྒྱག་གིན་འདུག  ཚེ་རིང་ལ་ཉིན་འདི་གར་དམིགས་བསལ་གྱི་ལས་ཀ་ཅི་ཡང་མེད་པས་ཉལ་ནས་བསྡད།  ཁྲོག་ཁྲོག  ཁྲོག་ཁྲོག  བར་མེད་དུ་སྒོ་བརྡུང་བྱུང་། “ཝེ། ཝེ།  སྒོ་ཕྱེ་རོགས”  ཡང་སི་ཁྲོན་གྱི་ས་ཆ་གང་ཞིག་ནས་ཡོང་བའི་ལས་ཀ་ཚོའི་གྲས་ཀྱི་གཅིག་སྟེ།  ཟ་མ་ལས་མཁན་གྱི་རྒྱ་རྒན་མཛུབ་ལོའི་སྐད་རེད།   ཁོས་སྒོ་བརྡུངས་ནས་སྐར་མ་གཉིས་ཙམ་སོང་ནའང་མཚམས་མི་འཇོག་པས། ཚེ་རིང་སུན་སྣང་དང་ཉལ་ཐུལ་ནང་ནས་བུད་དེ་ནང་གཏན་བླངས་ནས་སྒོ་ཁྲོགས་སེ་ཕྱེས། 

“ཚེ་རིང་། ཚེ་རིང་། ང་ལ་རོགས་ཤིག་བྱེད་རོགས།” “ཡང་ཅི་ཞིག་རེད།” “ང་ཚོའི་མི་གཅིག་དེ་རིང་རྫོང་མཁར་དུ་འགྲོ་དགོས་པས། འཕྲུལ་རྟ་ཞིག་གླ་རོགས།  དོ་དགོང་ཚུར་ཐོན་ནི་བྱེད་དགོས།  ངེད་ཚོའི་ཟ་མ་ཟད་ལ་ཡོད་ལ།  ཐ་མག་ཀྱང་ཁ་སང་ནས་རྫོགས་སོང་།  ང་ཚོ་དངོས་གནས་དཀའ་ལས་ལ་ཐུག་ཡོད། ” ཚེ་རིང་ཡང་ཐབས་ཟད་འུ་ཐུག་གིས། ནམ་རྒྱུན་སྒོར་མོ་ཟད་ནས་ཅི་བྱེད་འདི་བྱེད་ལ་ཐུག་བསྡད་ཡོད་པའི་གསར་བུ་སྐོར་ཞིག་ལ་ཁ་པར་བཏང་།  ལ་ལའི་ཁ་པར་ནང་ནས་སྒོར་མོ་ཟད་འདུག་ཡོད་ལ།  ཡང་ལ་ལ་ནི་འཕྲིན་བརྡ་མེད་སར་སོང་ཟིན།   ཚེ་རིང་ཉལ་སའི་ནང་དུ་འཛུལ་ཏེ་མུ་མཐུད་དུ་འདང་ཞིག་བརྒྱབས་པ་ན། རྒྱ་རྒན་མཛུབ་ལོ་ནི་སྐྱོན་ཆ་ཅི་ཞིག་བཟོས་པའི་སློབ་ཕྲུག་ཅིག་དང་འདྲ་བར་སྒོ་ཤིང་ལ་རྒྱབ་བསྙེས་ནས་ལངས་འདུག  གློ་བུར་དུ། བཟོད་པ་ཡིད་ལ་དྲན་བྱུང་། མདང་ས་རུབ་ཁར་འཁོར་ཁང་སྒོ་ན་ཁོ་དང་ངོ་མི་ཤེས་པའི་གསར་བུ་འགས།  འཕྲུལ་རྟ་སྐོར་ལྡིང་བྱེད་གི་འདུག ཁོ་རང་འཕྲུལ་རྩལ་གྱི་ཕྱོགས་ནས་དཔེ་ཞིག་མེད་ཅིང་།  རྫོང་ཐོག་ཏུ་ཕལ་ཆེར་ཉིན་གསུམ་ནང་ལ་ཐེངས་རེར་འགྲོ་བས། ཁོ་འགྲོ་ཁོ་ཐག་ཡིན་སྙམ་སྟེ།  ཕྱོགས་ཡར་མར་ལ་ཁ་པར་བཏང་བཏང་ན་ཡང་སུ་གཅིག་གིས་ཀྱང་ཁ་པར་སྣེ་ལེན་མི་བྱེད། 

སྡེ་དཔོན་སྐྱབས་ལོའི་གཉིད་སད་མའི་སྐད་ཀྱིས།  “ཨ། ཨུན།  བཟོད་པའི་ཁ་པར་ཨང་གྲངས་ཡོད།” “དྲིན་ཆེན་པོ།  ང་ལ་བཟོད་པའི་ཁ་པར་ཨང་གྲངས་ཤིག་སྐུར་རོགས།” “ངས་སྐུར་ཤེས་ནི་མ་རེད།  ཁྱོད་ཀྱིས་ཕྲིས་དང་ངས་འདོན་ཡོང་།” སྡེ་དཔོན་སྐྱབས་ལོ་ཅི་ཞིག་གིས་བསྒུལ་བཞག་པ་ལྟར་སྐད་མགོ་ལྡབ་འགྱུར་གྱིས་ཇེ་མཐོར་སོང་སྟེ།  “༡ཅིག་ཕྲིས།  ད་༣ཞིག་ཕྲིས།”  འགོར་འགོར་བའི་རྗེས་སུ། བཟོད་པ་ལ་ཁ་པར་གཏོང་ཐུབ་སོང་།  “ཝེ། བདེ་མོ།  ང་ཚེ་རིང་་ཡིན། ” “ཨོ་བདེ་མོ།” “རྫོང་ཐོག་ཏུ་མི་ཞིག་སྐྱེལ་བསུ་བྱེད་རྒྱུ་འདུག  འགྲོ་ནི་ཨུ་ཡིན།”  “ གླ་ག་ཙམ་སྦྱིན་གི”  “དེ་ཁྱོད་རང་གིས་ཤོད།” “ཁྱོད་ཀྱིས་ཤོད་དང་། ” “སྒོར་མོ་༡༥༠དགོས།” རྒྱ་རྒན་མཛུབ་ལོས་ཐབས་ཟད་པའི་ཉམས་ཤིག་གིས། “ཡ་ཡ་ཡ། སྒོར༡༥༠སྤྲད་ཆོག ཁོང་ཚོའི་མི་དེ་ངེས་པར་དུ་འདི་གར་ཕྱིར་སྐྱེལ་དགོས་ཟེར” བཟོད་པས་དེ་ལ་སེམས་ཁུར་མི་དགོས་ཞེས་པའི་བརྡ་རུ་མགོ་བོ་ནང་དུ་གུག་ཙམ་བྱས་ནས་རྒྱ་རྒན་ལོ་ན་ཅུང་མཐོ་ཤོས་ཤིག་འཕྲུལ་རྟའི་འཕོང་ལ་བཞག་ནས་གློག་འཁྱུག་པ་ལྟར་བུད་སོང་། ཚེ་རིང་ཉལ་སའི་ནང་དུ་བཙོག་སྟེ་བརྩམས་སྒྲུང་གི་དཔེ་དེབ་ཅིག་་ཕར་སློག་ཚུར་སློག་འགའ་རེ་བྱས་མོད།  རྣམ་རིག་དང་མིག་ཟུང་དོ་མཉམ་པར་དཔེ་ཆའི་སྟེང་དུ་ཟུག་ཐབས་མ་བྱུང་བས། ཡང་བསྐྱར་མགོ་བོ་སྔས་ཐོག་ཏུ་བཞག་སྟེ་དོན་དག་མང་པོ་ཕྱིར་དྲན་བྱས་ནས་ཡུན་རིང་འགོར་སོང་། དུས་ཚོད་༡༢བརྒལ་ཟིན། ཚེ་རིང་གཞི་ནས་ཡར་ལངས་ཏེ་ཁ་ལག་སྟབས་བདེ་ཞིག་བཀྲུས་ཏེ་སྒོར་བུད་པ་ན་ཚོང་ཁང་ཆུང་ཆུང་དེའི་སྒོ་སྔུན་ན་མི་མང་ཞིག་འདུས་ནས་དགོད་སྒྲ་དིར་དིར་འུར་རྒྱུག་གིན་འདུག  ཚེ་རིང་ཡང་རང་བཞིན་ཤུགས་ཀྱིས་དེའི་ཕྱོགས་སུ་འཐེན་ཤུགས་ཤིག་གིས་དྲངས་སོང་།

གསར་བུ་སྐོར་ཞིག་གིས། ཁོལ་ཁོལ་ཁུ་ནག་བསྡམས་མ་ཞིག་གཏོར་ཏེ་མི་རེ་རེ་བཞིན་དུ་སྦི་བ་སོབ་སོབ་ཏུ་རྔུབ་ཞོར་དུ།  འཕྲུལ་རྟ་སྐོར་ལྡིང་བྱེད་པ་དང་། ཁ་པར་དང་འཕྲུལ་རྟའི་ཚོང་བཤད་མང་པོ་ཞིག་བྱེད་ཀྱིན་འདུག་ལ།  འགྲིག་རྒྱུ་ཟེར་བ་ཞིག་ཆེར་མེད་ཀྱང་ཁོང་ཚོར་ཡོད་པའི་ཅ་ལག་ཅིག་ལ་མི་འཚོང་རྒྱུ་ཞིག་མི་འདུག  ཚེ་རིང་ནི་ཁོང་ཚོར་འབྲེལ་འདྲིས་མེད་ལ།  དེ་ལྟར་ཚོང་ལབ་འཐེན་པ་ནི་དོགས་མི་བདེ་བའི་ཚོར་བ་ཞིག་དབང་མེད་དུ་ཐོན་ཡོང་བས།  ཁོང་ཚོ་སུས་ཅིག་བཤད་བཏང་ན་དེའི་རྒྱབ་ཏུ་དགོད་ཙམ་རེ་བྱེད་པ་ལས།  ཡུན་རིང་ལ་ཅི་བཤད་འདི་བཤད་མེད་པར་ལུས། 

མཚམས་ཤིག་ལ།  ཀུ་ཤུ་ཁ་པར་འཆར་ངོས་ཆེ་བ་ཅན་ཞིག་ཁོས་ཉོ་ངས་ཉོ་ཞེས་འུར་རྒྱག་མགོ་ཚུགས།  སྐྲ་མདོག་ཁམ་ནག་ཏུ་བསྒྱུར་ཙམ་བྱས་ཡོད་པའི་ཕོ་སར་དེས། “ཁྲིན་ཏུའུ་ནས་ཁྱེར་ཡོང་བ་རེད། བརྐུས་རྒྱུའི་ནང་ནས་ཉོས་པ་ཡིན།” སྒོར་མོ་ལག་ན་ཡོད་ན་གོང་བདེ་བྱེད་འཇོག  གཞུག་ཆད་ལ་འཇོག་དགོས་ཚེ་སྒོར་མོ་༥༥༠༠མན་ལ་མི་འཕབ།  ཚེ་རིང་གིས་ལག་ཅི་ཞིག་གིས་བསྒུལ་བ་ལྟར།  ཁ་པར་དེ་ལག་ཏུ་བླངས་ནས་ཞིབ་ལྟ་ཞིག་བྱས་པ་ན། འབྲོག་པ་ཚོས་ཀུ་ཤུ་6པ་ཞེས་འབོད་འདུག་ས་དེ་ཡིན་ལ།   ཤོངས་ཚད༡༢༨ཅན་ཞིག་རེད། མདོག་ཁ་སེར་སྐྱ་དུབ་ཞད་ཅན་ཞིག་རེད།  ལྷག་ཏུ་སེམས་འཕྲོག་འགྲོ་བ་ཞིག་ལ། ཁོང་ཚོའི་ཀུ་ཤུ་4པ་དང་།  4Sརྙིང་རོ་དེ་དག་དང་ཁྱོན་ནས་མི་འདྲ་བར། བལྟས་ཚོད་ལ་སྐྱོན་གང་ཡང་མེད་པའི་ཚུགས་ཀ་ཞིག་འདུག བོད་ཡིག་བཀོལ་སྤྱོད་ཧ་ཅང་བདེ་བས་བློར་འབབ་པ་ཞིག་རེད།  “ཁྲིགས་ཁྲིགས་ཤོད་དང་།  གོང་འགྲིག་ན་ངས་ཉོ” “སྒོར་མོ་ཏག་ཏག་ཡིན་ནམ། ཅ་ལག་ལེན་དགོས” “ཅ་ལག་སྤྲོད་ཆོག”ཚེ་རིང་ལ་ཡང་གང་ནས་ཡོང་མི་ཤེས་པའི་སྤོབས་པ་ཞིག་རྒྱས་ཏེ།  བཤད་བཤད་མཐར།  སྒོར་མོ༨༠༠དང་། ལྭ་རིང་སྨུག་པོ་ཞིག  དངུལ་རྫུན་གྱི་བཅུ་ཚར་ཞིག་བཅས་བྱིན་ཏེ་ཚེ་རིང་གིས་ཁ་པར་ཉོས་བཞག   ཨ་གསར་ཟེར་བའི་འདུ་ཤེས་དེས་ཚེ་རིང་ཡང་ཡང་བསྒུལ་བྱུང་བས་ཁ་པར་སྣོག་སྣོག་ཏུ་སྡོད་དགོས་བྱུང་།  ཆེས་བཀོལ་སྤྱོད་ཤེས་པ་ནི་བོད་ཡིག་གི་རྩོམ་ཐུང་རེ་འབྲི་རྒྱུ་དེ་རེད།

 ཚེ་རིང་ལ་མཚོན་ན་སྔོན་ཆད་དགོན་པའི་གྲྭ་བ་ཡིན་དུས། བརྡ་སྤྲོད་དང་སྙན་ངག  འབྱུང་རྩིས་སོགས་རིག་གནས་ཀྱི་ཕྱོགས་ལ་སློབ་སྦྱོང་བདེ་ཙམ་བྱས་མྱོང་མོད།  ད་ལྟ་ཕལ་ཆེར་བརྗེད་ངེས་ཀྱི་རྐུན་པོས་ཁྱེར་ཚར་ནའང་རྩོམ་ཐུང་རེ་འབྲི་བ་ལ་ད་རུང་རབ་ཅིག་དགའ།   དགོང་མོ་གཉིད་མི་ཁུག་དུས།  སྙན་ངག་འབྲི་བ་དང་འཕྲིན་ཐུང་སྐུར་བ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་སོང་ལ།  ཁ་པར་དེ་ནི་ཁོ་ལ་མཚོན་ན་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་སོང་།   

ཉིན་ཞིག་རྫོང་རིམ་པའི་འབྲེལ་ཡོད་ལས་བྱེད་པ་སྡེ་བར་འབྱོར་ཏེ། མང་ཚོགས་བསྡུས་ནས་ཚོགས་འདུ་འཚོགས་ཤིང་གསར་དུ་ཐོན་པའི་ཤང་ཀྲང་ནག་སྟུག་དེས་གཏམ་བཤད་བྱས་བྱུང་། སྐད་ཆའི་ནང་དོན་དངོས་ནི། “རྒྱལ་ཁབ་ཀྱི་ཁྲིམས་ཇེ་ཡག་དང་མང་ཚོགསལ་འཚོ་བའི་ཁ་གསབ་སྟེར་རྒྱུ་སོགས་རོགས་སྐྱོར་ཇེ་མང་ཡིན་པས་ཏང་གིས་འུ་ཚོ་གཅེས་སྐྱོང་བྱས་པའི་བཀའ་དྲིན་དེ་ཤེས་དགོས།  ད་རུང་ཁ་ཚ་དགོས་གཏུག་གི་གནད་དོན་ནི།  མང་ཚོགས་ཚང་མར་ཐུམ་བུའི་ནད་ཡོད་མེད་བརྟགས་དཔྱད་དགོས་ལ།  ཁྱི་ལྡོམ་ཚང་མ་གསོད་དགོས། ཁྱི་ལྡོམ་མ་བསད་ན་ཐུམ་བུའི་ནད་གཙང་སེལ་ཡོང་ཐབས་མེད་པ་རེད།”སོགས་མང་དུ་བཤད་སོང་ལ།   མཇུག་ཏུ“མང་ཚོགས་སུ་ཞིག་ལ་རེ་བ་འདོན་རྒྱུ་ཡོད་ན་བཤད་ཆོག”ཟེར། སྐད་ཆ་དེའི་མཇུག་རྫོགས་མ་རྫོགས་མཚམས་ནས།  ཨ་ནེ་སྒྲོན་སྐྱིད་ཀྱིས་ཁ་གྲགས་བྱུང་།  “མགོ་ཁྲིད་དྲིན་ཆེན་པོ།  ངས་ཅང་བཤད་ཀྱང་མི་ཤེས་མོད།  དེ་རིང་ཅིག་མི་བཤད་ཀ་མེད་རེད།  ང་རང་རྒན་མོ་ཁེར་འདུག་ཅིག་ཡིན་ལ། ད་ལོ་ལོ༧༤རེད། བུ་རྒྱུད་མེད་ཁར་རྐང་བ་ནད་པ་ཡིན།  ངས་རྩྭ་ཐང་སྲུང་སྐྱོབ་ཀྱི་བྱ་དགའི་སྒོར་མོ།  དམའ་སྐྱོང་གི་སྒོར་མོ་གཅིག་ཀྱང་མ་རེག་མ་མྱོང་།  ན་ནིང་དབྱར་ཁར།  ཉེ་བ་ཆ་བསྒྲིགས་ཡིན་པ་ཟེར་བའི་རྫོང་ནས་ཡོང་བའི་བོད་རིགས་ལས་བྱེད་དེས།  ང་རང་ལྔ་སྐྱོང་ཁྱིམ་ཚང་གི་ནང་དུ་ཡོད་ཀི་ཟེར་མོད།  གནང་སྦྱིན་ཅི་ཡང་མ་རེག  རྗེས་ཕྱོགས་གནང་སྦྱིན་རེ་རྩོང་རྒྱུ་ཨེ་རྙེད་ལྟ་རོགས། ”ཟེར།  དེའི་འཕྲོར་མཐུད་ནས།  ཨ་ཁུ་མགོན་པོས།   “ལོ་འགའི་སྔོན་དུ།  སྡོད་དམངས་འཛུགས་སྐྲུན་གྱི་ཁང་བ་དེ་སྡེ་དམངས་ཡོངས་ལ་ལས་པ་རེད། ང་རང་ལ་ཅི་ཡང་སྤྲད་མ་སོང་།  རྗེས་ནས་ཁང་བ་མ་ཐོབ་པ་དག་ལ་ཁ་གསབ་གཞན་པའང་སྦྱིན་སོང་མོད།  ངས་དེ་ཡང་མ་རེག་པས་རྗེས་མར་ང་ལ་གནང་སྦྱིན་རེ་ཡོད་པར་མཁྱེན།  ང་ནི་རྒན་པོ་ཁེར་འདུག་ཅིག་ཡིན་ཁར་ཁང་བ་ཐེབས་ཆགས་ཤིག་ལས་མེད།”

མཚམས་དེར།  ཀུན་དགས་ལག་པ་བཀྱགས་བྱུང་།  “ངས་ཅིག་བཤད་ཨེ་ཆོག”  “ལོས་ཆོག   ཁ་ས ང་དེ་རིང་བཤད་དགོས་པའི་དུས་ཚོད་ཡིན་པ་རེད།”ངའི་ཨ་ཅེ་དགའ་ལྡན་མ་༢༠༠༣ལོར་ཤི་སོང་བ་རེད།  ད་ལོ་ནས་ལོ་༡༢ལྷག་འགོར་འདུག ན་ནིང་ཨ་ཅེའི་ཉེ་བ་ཆ་བསྒྲིགས་ཡིན་ཟེར་བའི་རྒྱ་མོ་ཞིག་གིས་ངའི་ཨ་ཆེའི་པར་དང་མིང་། ཁྱིམ་ཐོ་སོགས་བཟུང་ནས་ངེད་ཚང་ལ་སླེབས་བྱུང་།   མོས་བཤད་ན་“ཁྱིམ་ཐོ་འདིའི་སྟེང་ན་དམའ་སྐྱོང་གི་སྒོར་མོ་སོགས་རྒྱལ་ཁབ་ཀྱི་རོགས་དངུལ་མང་པོ་ལེན་གི་འདུག” “གནད་དོན་འདི་འདྲ་ཞིག་ཡོད་མེད་གསལ་བོར་ལྟ་རོགས་ཨེ་ཐུབ་དྲིན་ཆེན་ཚོ།”དེ་ལྟར་སྡེ་མི་མང་ཤས་ཤིག་གིས་རང་རང་གི་བསམ་ཚུལ་དང་རེ་བ་བཏོན་རྗེས་ཚོགས་འདུ་གྲོལ་སོང་།  མ་གཞི་སྔོན་ཆད་དང་མི་འདྲ་བར་གོང་རིམ་ནས་ལས་བྱེད་པ་ཡོང་ནས་སྡེ་བར་ཚོགས་འདུ་བསྡུ་ཐེངས་རེར།  མང་ཚོགས་ཀྱི་ནང་ན་དཀའ་ངལ་བཤད་ཐུབ་མཁན་དང་།   ཞུ་གཏུག་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་བཞིན་འདུག་མོད།  སྡེ་བ་འདིར་མཚོན་ན་དེའི་ཕྱོགས་ནས་རྗེས་ལུས་ཀྱི་སྐོར་དེ་ཡིན་ཡང་།  དེ་རིང་ནི་ཨ་ནེ་སྒྲོན་སྐྱིད་སོགས་ཀྱིས་ཡག་ཐག་ཆོད་ཅིག་བཤད་ཐུབ་སོང་ཞེས་ཚང་མས་ཁ་ན་འུར་འུར་དུ་བཤད་ཀྱིན་ཡོད། 

 སྔ་དྲོའི་ཉི་འོད་ལུང་གཞུང་དུ་བབ་པའི་མཚམས་སུ། ལྡོག་འོད་ཅིག་གྲོང་སྡེའི་འཁོར་ཁང་དུ་གི་ཕྱོགས་སུ་འཕྲོས། ཏས…ཏས…ཏས…༡༢༠ཨང་རྟགས་དམར་པོ་འདི་གསུམ་ཐོད་ངོས་སུ་སྦྱར་ཡོད་པའི་རླངས་འཁོར་ཞིག་སྡེ་བའི་ནང་དུ་གཏད་ནས་སླེབས་བྱུང་།  འཁོར་ཁང་གི་སྒོར་ཉི་མར་ལྡེ་བཞིན་པའི་ལོ་ལོན་ཚོས།  “མགྲོན་འཁོར་ཞིག་རེད”  “རེས་འཁོར་ཞིག་རེད”ཁ་རྩོད་རྒྱག་བཞིན་པའི་སྒང་དེར།  ལོ་བརྒྱད་ལས་མ་ལོན་པའི་བྱིས་པ་བློ་ལྡན་གྱིས།  “མྱུར་སྐྱོབ་རླངས་འཁོར་ཟེར་བ་རེད།  སྨན་པའི་རླངས་འཁོར་རེད། ཕ་སྐད་གཙང་མ་ཤོད་ཅེས་པའི་དེབ་ཀྱི་ནང་ན་རླངས་འཁོར་གན་དང་ཨ་ན་མ་ནའི་པར་ཡོད་ཀི”ཟེར། སྐད་ཆ་དེས་ལོ་ལོན་ཚོར་ཅི་ཟེར་འདི་ཟེར་མེད་པར་ཅུང་ཙམ་ལ་འཇམ་ཅག་གེར་བཏང་སོང་།    ཏག་ཏག་སྐབས་དེར་རླངས་འཁོར་དེ་སྡེ་བའི་ནང་ནས་འཕྲེད་དུ་གཤེགས་ཏེ་ཐོན་ཡོང་ལ།  ས་རྡུལ་མིག་ཁ་བཀང་བ་ཞིག་དཀྲུགས་ཏེ་ལོ་ལོན་དག་གི་སྔུན་དུ་སླེབ་མ་སླེབ་མཚམས་སུ་བསྡད་བྱུང་།   ལོ་ལོ་ཚོ་འཇིམ་སྐུ་རེ་རེ་དང་འདྲ་བར་ཁ་གཅིག་ཀྱང་མི་གྲགས་པར་མིག་རིག་རིག་གིས་རླངས་འཁོར་དེའི་ནང་ནས་མི་སྣ་ཅི་འདྲ་ཞིག་སྒོར་འབུད་པར་རེ་སྒུག་བྱས་འདུག    སྨན་པའི་ལྭ་བ་གྱོན་མཁན་གྱི་ཕོ་སར་མོ་སར་སྐོར་ཞིག་སྒོར་བུད་བྱུང་ལ།   མང་ཤས་བོད་སྐད་གོ་མཁན་ཏག་ཏག་རེད།   ད་རུང་མི་རེའི་ལག་ཏུ་རྒྱ་གྲམ་དམར་པོའི་རྟགས་མ་ཅན་གྱི་སྒམ་ཆུང་རེ་བཟུང་འདུག  ཁོང་ཚོའི་ནང་ནས་ཤ་རྒྱགས་ཅིང་སྐྲ་ལོ་རིང་ཙམ་བསྐྱུར་ཡོད་པའི་སྐྱེས་པ་ཞིག་གིས་ཁ་གྲགས་བྱུང་།

“ཁྱེད་ཚོ་བདེ་མོ།  ང་ཚོ་རྫོང་སྨན་ཁང་དང་།  རྫོང་རིམས་ནད་སྔོན་འགོག་ལྟེ་གནས།  རྫོང་འཕྲོད་བསྟེན་ཅུས་བཅས་ལས་ཁུངས་གསུམ་གྱི་མི་ཡོད།  ད་ཐེངས་ཆེད་དུ་མང་ཚོགས་ནང་ཐུམ་བུའི་ནད་ཀྱི་གཙོས་འགོས་ནད་ཡོད་མེད་རིན་མེད་དུ་བརྟགས་དཔྱད་བྱེད་དུ་ཡོང་བ་ཡིན”ཟེར་ཞོར་དུ་སྡེ་དཔོན་ལ་ཁ་པར་བཏང་།  སྡེ་དཔོན་སྐྱབས་ལོས་འཕྲུལ་རྟ་ཆག་རོ་ཞིག་ཞོན་ཏེ་རྐང་བ་དྲུད་ཞོར་དུ་སླེབས་བྱུང་།  སྨན་པ་ཚོར་ལག་འཇུ་ཞིག་བྱས་རྗེས་མང་ཚོགས་ལ་ཐུམ་བུའི་སོགས་ཡོད་མེད་ཀྱི་བརྟགས་དཔྱད་བྱ་རྒྱུའི་སྐོར་ལ་གྲོས་བྱེད་ཀྱིན་འདུག་ལ།  སྡེ་མི་ཚོ་སྔ་མོ་ནས་བརྡ་བཏང་བ་ལྟར་འདུས་བྱུང་།

སྡེ་དཔོན་སྐྱབས་ལོའི་གཉེར་མས་ཁེབས་པའི་ངོ་གདོང་དང་།  དཀར་ཕྱེད་ནག་ཕྱེད་དུ་གཟེངས་པའི་སྐྲ་ལོ།  ཚི་དཀག་ཏུ་སོང་བའི་ཚི་ལེན་རྙིང་ཧྲུལ་དེ། ད་རུང་སྲུང་འཁོར་དང་ཕྱག་མདུད་ཐུམ་གཡོག་མ་མང་དྲགས་པ་ཞིག་སྐེ་རུ་དཔྱངས་ཏེ་ཟི་ཚར་སྨུག་ནག་དེའི་གོང་ཁ་ནས་མངོན་འདུག་པ་དེས།  དེ་རིང་གསར་དུ་ཐོན་པའི་སྨན་པ་ཚོའི་སྔུན་ནས་ཆེས་བསྡུར་ཐབས་མེད་པའི་འཚོ་གནས་གཉིས་ཀྱི་བར་ཁྱད་དེ་གསལ་བཤད་བྱེད་ཀྱིན་པ་དང་ཀུན་ནས་མཚུངས།

ཐུམ་བུའི་ནད་ཡོད་ས་དག་ནི་སྨན་པ་ཚོས་པར་ལ་ལེན་པ་དང་།  ཡིག་ཚགས་སུ་ཉར་བ།  སྐད་ཆ་འདྲི་བ་སོགས་ལས་ཀ་མང་པོ་སྒྲུབ་ལ།  ནད་མེད་པའི་མང་ཚོགས་ལ་འགོས་ནད་དེའི་སྔོན་འགོག་སྐོར་གྱི་ཤེས་བྱ་ཕྲན་བུ་དེ་བཤད་ནས་ཕྱིར་ལ་སྐོར་ཐབས་བྱེད། དེ་ལྟར་ནད་ཡོད་མེད་བརྟགས་དཔྱད་བྱས་ཏེ་བསྡོམས་གྲངས་བླངས་རྗེས་སྨན་པ་ཚོ་ཕྱིར་རྫོང་མཁར་དུ་བུད་སོང་། བཤད་ཚུལ་ལྟར་ན། གོང་རིམ་ནས་རྩ་འཛུགས་ཅན་གྱི་ཞིབ་བཤེར་དང་སྤྱི་སྡོམ་ཞིག་ཡིན་པ་རེད་ཟེར།

 ཉིན་འདི་དག་ལ་འཁོར་ཁང་སྒོ་ཁའི་ལོ་ལོན་ཚོར་བཤད་རྒྱུ་ཞིག་ཡོད་སོང་བ་རེད།  “སྐྱེས་པ་ཅིག་ཅིག་ལ་ནད་ངན་ཞིག་ཕོག་འདུག་ཟེར་གི” “ཉིག་ཉིག་ཚང་གི་བུ་མོ་ལ་ཡང་ནད་ངན་ཚབ་ཆེན་འགོས་འདུག་ཟེར་གི”ཡང་སྡེ་དཔོན་ཚང་གི་སློབ་ཆེན་སློབ་མ་དར་རྒྱས་ལ་བཅོས་ཐབས་མེད་པའི་འགོས་ནད་ཕོགས་ཡོད་རབས་སོགས་ལུང་པ་གང་གླེང་གིན་འདུག  སུས་བཤད་འདིས་བཤད་མེད་པའི་གཏམ་འཁྱར་ལུང་བ་གང་བསྒྲིགས་ཏེ།  གསར་འགྱུར་གལ་ཆེན་ཞིག་ཡིན་པའི་ཁུལ་གྱིས་སྒྲོག   

སྤྱིར་བཏང་དགོན་པའི་གྲྭ་བ་སུ་ཞིག་ལ་སྡོམ་པ་ཡོད་མེད། སུ་ཚང་གི་བུ་མོར་བྱིས་པ་ཆགས་ཡོད་མེད།  ཁྱིམ་ཚང་སུ་ཚང་ལ་བཟའ་འཁོན་ཡོད་མེད།  ད་རུང་མར་ཆུར་དང་ཤ  དབྱར་རྩྭ་དང་ཟོག་ཤ་སོགས་ཀྱི་གོང་ཚད་ཀྱི་མཐོ་དམན་སོགས། སྡེ་ཆས་རུ་ཆས་ཤིག་བཤད་པ་ལ་འཁོར་ཁང་སྒོ་ཡི་ལོ་ལོན་ཚོའི་ཡན་ན་སུ་ཡང་མེད་ལ། ཁོང་ཚོས་ཕྱོགས་ཡར་མར་གྱི་སྐད་ཆ་འདྲ་མིན་གོ་བ་ནི་སྐྲག་ཡོང་ས་ཞིག་ཡིན་པ་རེད།

 དཔྱིད་ཟླ་ཐ་མའི་ཚེས་བཅོ་ལྔའི་དུས་ཆེན་དུ། ན་བཟའ་གྲ་དག་གྱོན་ཡོདཔའི་མཁན་པོ་ཞིག་གདན་འདྲེན་ཞུས་བྱུང་ལ། ཁོང་གིས། མང་ཚོགས་ལ་སློབ་གསོ་གནང་སོང་ལ།  སྐབས་རེར་མི་རིགས་དང་རྒྱལ་ཁབ་གཞན་ཞིག་ན་ཡར་རྒྱས་ཡོད་ཚུལ་གསུང་།  ཡང་སྐབས་རེར་རྒྱ་ཡུལ་སོགས་སུ་བོད་ཀྱི་གཟི་རྙིང་དང་ཐང་ག་སོགས་ཀྱི་རིན་གོང་མཐོན་པོར་འགྲོ་རབས་གསུང་།  ཡང་སྐབས་རེར་དགེ་བཅུའི་ཁྲིམས་ལེགས་པར་བསྲུངས་པའི་ཕན་ཡོན་དང་།  དེ་མ་བསྲུངས་པའི་ཉེས་སྐྱོན་སྐོར་ནས་མང་པོ་ཞིག་གསུངས་ཤིང་།  སྡེ་མི་རེ་རེ་བཞིན་དགེ་བཅུའི་ཁྲིམས་དང་འགལ་ཡོད་མེད་ཀྱི་དག་ཐེར་བྱས།   ཕྱག་རྡོར་གྱིས་འདིར་དགེ་བཅུའི་ཁྲིམས་ཀྱི་བསྲུང་བྱ་སྣ་གཅིག་ལ་འགལ་མེད།  གཅིག་ཡོད་དུས་ངེད་ཚང་གི་མི་རབས་གསུམ་ཚུན་ལ་དཀར་པོ་དགེ་བའི་ལས་ཤིག་སྒྲུབ་ཚད་པོ་མེད་པར་བྱས་བཞག་ནི་ཡིན།  དེ་ལྟར་སྡེ་བ་དེའི་ཁྱིམ་ཚང་རེ་རེ་བཞིན་ལྷག་ལུས་མེད་པར་མནའ་སྐྱེལ་མནའ་ལེན་བྱས་ཚར་རྗེས།  དེར་ཡོད་ཀྱི་དཔོན་འབངས་ཚང་མའི་སྙིང་ནང་དུ་ཙག་ཤད་ལངས་ཡོང་བ་ཞིག་རེད་དེ།  གྲྭ་རྒན་བློ་བཟང་གིས། “བླ་མ་མཁྱེན། ད་འདིར་ཁྱེད་ཚོས་དགེ་བ་སྒྲུབ་ཀྱིན་ཡོད་དམ། སྡིག་པ་གསོག་གིན་ཡོད་བཤད་དཀའ་བ་ཞིག་རེད”གསུངས་ནས་ཙན་ཕྲེང་སེན་ཁ་མ་དེ་བྱུག་བྱུག་བྱེད་བཞིན་ཁ་ནས་མུར་མུར་ངང་ཅི་ཞིག་འདོན་གྱིན་འདུག  ཕྱག་རྡོར་ནི་གྱོད་བཤད་ལ་མཁས་ཤིང་སྡེ་བ་ཡར་མར་ན་མནའ་ཤག་དང་གྲོགས་པོ་མང་བའི་ཕོ་སར་མགོ་ཐོན་ཞིག་ཡིན་ལ།  དགེ་བཅུའི་དོ་དམ་པའི་མགོ་གཙོ་མཁན་པོ་ཕྲིན་ལས་ཀུན་ཁྱབ་ཚང་གི་ཤ་ཉེ་ཆུང་བ་རེད། དགེ་བཅུའི་ཁྲིམས་དང་འགལ་མཁན་དག་ལ་སྐོར་བ་སྐོར་བ།  ཕྱག་འཚལ་བ།  མཆོད་པ་འབུལ་བ།  སྒོར་མོ་སོགས་རྒྱུ་དངོས་ཀྱི་ཉེས་ཆད་གཅོད་པ་སོགས་ལས་ཀ་མང་པོ་ལས་སོང་། 

 ཉིན་འགའི་རྗེས་སུ་ཡང་།  འཁོར་ཁང་སྒོ་ཁའི་ལོ་ལོན་ཚོས་མཁན་པོའི་གསུང་བཤད་ཀྱི་དགོངས་དོན་འགྲེལ་ཞིང་།  དགེ་བཅུའི་ཁྲིམས་འཛིན་པའི་ལས་ཀ་ལ་ནོར་འཁྲུལ་ཡོད་ཚུལ། ཕྱག་རྡོར་གྱིས་ད་ལོ་རྙི་འགུགས་བཞག་ནས་གླ་བ་བསད་ཚུལ།  གཡག་ནག་བཅུ་ཁ་ཞིག་ཤོ་འདེད་བྱས་ནས་སོང་སྟེ་ཁ་ཆེ་བ་འགའ་ལ་སྤྲད་ཚུལ། ཁ་སང་དག་ཐེར་སྐབས་མནའ་ཟོས་ནས་བུད་སོང་ཡང་། མཁན་པོའི་ཤ་ཉེ་ཡིན་པས་བསྐྱུར་བཞག་ཚུལ། མང་ཚོགས་རྒྱབ་རྟེན་མེད་མཁན་ཞིག་ཡིན་ན་ཚར་སོང་ཡོད་རབས་དང་། ཁྲིམས་འཛིན་པ་དག་གིས་འདྲ་མཉམ་མིན་པའི་ལས་ཀ་ལས་བཞིན་ཡོད་ཚུལ་སོགས་མང་པོ་ཞིག་གླེང་། ད་རུང་སུ་ཞིག་གིས་མནའ་ཟོས་ཡོད་པ།  ཉེས་བཤགས་ལ་ཆེ་ཆུང་ཤོར་ཚུལ་སོགས་གཏན་དུ་འགྲིག་ཐབས་མེད་པ་ལྟ་བུའི་སྐད་ཆ་མང་པོ་ཞིག་བཤད་ཀྱིན་འདུག་ཅིང་།  ཕྱི་དྲོའི་ཉི་འོད་དམར་མག་མོག་དེ་ཕ་གིའི་རི་རྩེར་ཐོན་ཚར་ཞིང་དུད་ཁྱིམ་རེ་རེའི་ཁང་ཀླད་དུ་ནུབ་ཇ་སྐོལ་བའི་དུ་བ་སྔོ་ལྷོག་ལྷོག་ཏུ་འཕྱུར་གྱིན་འདུག

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་སྡེ་ཁྲ་མོ།

2017-03-15 ལྷ་སྤོས་དཀར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།