ཡུགས་མོ་ཟླ་སྒྲོན།

འཕགས་ཆེན།(ཡུལ་ཤུལ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-06-03

དར་རྒུད་ནི་མཐོན་པོ་གནམ་འདྲ་བ་དང་། དམའ་མོ་ས་ལྟ་བུ་ལའང་ཡོད་པ་བཞིན་ཟླ་སྒྲོན་ཚང་ཡང་དེ་ལས་མ་འདས། གནམ་ས་འདབ་འདྲེས་པ་ལྟ་བུའི་སྐད་ཅིག་མ་ཞིག་ནས་ལོ་ངོ་ག་ཙམ་སོང་ཡང་བརྗེད་དུ་མི་བཏུབ་པའི་ཉི་ཟླ་ནག་པོ་ཞིག་ཤར་མྱོང་། དེ་ནི་ཟླ་སྒྲོན་གྱི་གཟའ་ཟླ་ཚེ་རྡོ་འཆི་བའི་ཉིན་མོ་དེ་རེད།  ཚེ་རྡོ་ནི་བདེ་གྲགས་ཚང་དང་བསམ་གཏན་གཉིས་ཀྱི་རྩྭ་སའི་གྱོད་དོན་བར་འདུམ་བྱ་བར་གཞི་རིམ་དུ་སྐྱོད་སྐབས་ལམ་བར་ནས་འཕྲུལ་རྟས་ས་ལ་བརྡབས་ཏེ་ཀླད་ཁྲག་འདྲེས། ཉིན་གསུམ་ལས་མ་འཚོ་བར་འཇིག་རྟེན་གྱི་སྣང་བ་ཡོད་ཚད་ཡལ་ཏེ་ཕྱི་མའི་ལམ་དུ་ཆས། ལྷ་རྗེས་འཆི་ཐག་མ་བཅད་ཀྱང་ཁོ་རང་གིས་འགལ་རྐྱེན་འདིའི་འོག་ནས་འཆི་ཐག་བཅད།

“ཟླ་སྒྲོན། དོན་རྐྱེན་འདིའི་འོག་ནས་ང་ཐར་གྱི་མ་རེད། འཆི་བ་ནི་ངེས་མེད་ཅིག་རེད། གནམ་གྱི་རྒྱལ་པོ་དང་། འོག་གི་འཁོར་འབངས་གང་ཡིན་ན་མི་འཆི་འགྲོ་ས་མེད། ད་ནི་ཁྱོད་ཀྱིས་བསམ་བློ་མང་པོ་མ་འདང་རོགས། འུ་གཉིས་ཀྱི་ཤ་ཁྲག་ལས་ཆད་པའི་གངས་དགའ་དང་གངས་སྐྱིད་གཉིས་ཀྱི་འཚོ་བའི་སྐྱིད་སྡུག་ལ་ནུས་པ་འདོན་རོགས།”ཞེས་བཤད།

ཟླ་སྒྲོན་གྱིས“ཁྱོད་འཆི་མ་འགྲོ། ངེད་མ་བུ་ཚོའི་སྐྱིད་སྡུག་ལ་གཟིགས་རོགས། ཁྱོད་མེད་ན་འུ་ཚོ་ལ་སུས་ལྟ་རྟོག་བྱེད།”ཅེས་མིག་ཆུ་དང་སྐྱོ་གདུང་གི་ཁྲོད་ནས་ཉམ་ཐག་པའི་གླེང་མོལ་བྱས། དེ་ལྟར་ཕན་ཚུན་གདོང་ལ་ཅེར་ཞིང་ཡུན་རིང་མ་ལོན་པར་ཚེ་རྡོའི་དབུགས་ཆད།  ཟླ་སྒྲོན་གྱིས་ངུ་འབོད་བྱས་ཏེ་མཐར་དྲན་མེད་དུ་བརྒྱལ་བས་ཟུར་གྱི་ལྷ་རྗེ་དག་གིས་ཀྱང་མིག་ནས་མཆི་མ་བཏང་། འདི་ལྟར་ཧ་ཅང་གཅེས་འགངས་ཆེ་བའི་འཇིག་རྟེན་གྱི་གཟའ་ཟླ་དང་། བསོག་འཇོག་བྱས་པའི་རྒྱུ་ནོར་མང་པོ་ཤུལ་དུ་བསྐྱུར་ནས་ཉམ་ཆུང་ནུས་མེད་ཀྱི་ངང་ནས་གྲོགས་མེད་གཅིག་པུར་འགྲོ་བའི་དུས་ལ་བབ་སྐབས་སུས་ཀྱང་ཟློག་མི་ནུས་ཤིང་།   སྐྱབས་མེད་མགོན་མེད་ཀྱིས་འཇིགས་ཡེ་རེ་བཞུད་དུས་སྙིང་རྗེའི་མིག་ཆུ་མི་གཏོང་མཁན་སུ་ཞིག་ཡོད་སྲིད། དེ་ནས་བཟུང་སྐུ་ཞབས་ཚེ་རྡོ་ཚང་ཞེས་པའི་ཁྱིམ་ཚང་གི་མིང་བོར་ཏེ་ཡུགས་མོ་ཟླ་སྒྲོན་ཚང་ཞེས་ཉེ་འཁོར་གྱི་མི་དག་གིས་འབོད་པ་མ་ཟད་མར་ངོའི་ཟླ་བ་ནང་བཞིན་ཕྱུག་པོ་ནས་དབུལ་པོར་གྱུར།

ཚེ་རྡོ་འཇིག་རྟེན་འདི་དང་གྱེས་ཟིན་པའི་ཟླ་བ་གཅིག་གི་རྗེས་སུ་ཁོའི་སྤུན་ཆུང་བ་ཉི་མས་གཡོ་སྒྱུ་དང་འཇིགས་སྐུལ་གང་མང་གིས་ཟླ་སྒྲོན་བསླུས་ཏེ་མག་པར་འདུག་རྒྱུའི་ཁ་ཆད་བཞག  དེ་ནས་ཉི་མས་ཤོ་བག་རྒྱག་པ་དང་ཆང་འཐུང་བ་སོགས་མ་རབས་ཀྱི་ལས་ཏག་ཏག་བྱས་ནས་ཡོང་སྒོ་ཏིལ་འབྲུ་ཙམ་ཡང་མེད་པར་ལོ་ངོ་གཉིས་འདས། དེ་ནས་ཟླ་སྒྲོན་ཚང་དབུལ་པོ་ཐབས་རྡུགས་ཤིག་ཏུ་གྱུར་སྟབས་ཉི་མས་ཆུང་མ་གཞན་ཞིག་བཙལ་ནས་ས་ཆ་ལོག་ཏུ་གནས་བཅས།

ཚེ་རྡོ་ཚེ་ལས་འདས་པ་ནས་ད་ལྟའི་བར་ཟླ་སྒྲོན་གྱིས་སྐྲ་ཤད་རྒྱག་པ་དང་ངོ་གདོང་བཀྲུ་བ་སོགས་གང་ཡང་བྱེད་མ་མྱངས་བས་མིས་སུས་བལྟས་ན་ཉམ་ང་ཞིང་སྐྱུག་ལྡད་ལངས་པ་ལྟ་བུ་གྱུར། ད་ལོའི་ལྔ་མཆོད་ཉིན་གྱི་མཚན་མོར་ཁྱོ་བོ་འདས་པོའི་ཆེད་དུ་བསྔོ་སྨོན་དང་སྐྱབས་འཇུག་ཞུ་རུ་བར་སྐོར་ལམ་དུ་སོང་བས་ཁྲག་མགོ་མཐོ་ནས་ས་ལ་འགྱེལ། སྐབས་དེར་ལག་པ་གཡས་མར་ཆག་གྲུམ་ཤོར། “བླ་མ་མཁྱེན། ངས་འདི་འདྲ་དཀའ་སྡུག་མྱོང་བགོ་སྐལ་ཞིག་འདུག ང་སྨན་ཁང་དུ་འཇོག་རོགས” ཞེས་འོད་དོད་དྲགས་པོས་མི་ཚོགས་ཟིང་ཟིང་དུ་བཏང་བས་བར་སྐོར་ལམ་ནས་ཉིན་མཚན་མེད་པར་བདེ་འཇགས་ལ་ལྟ་མཁན་གྱི་ཉེན་རྟོག་རུ་ཁག་གཡས་གཡོན་ནས་བྲེལ་འཚུབས་ཀྱིས་འོངས་ཏེ་གནས་ཚུལ་བརྟག་དཔྱད་བྱས་ནས་ཁོ་མོ་སྨན་ཁང་དུ་བསྐྱལ།

ཟླ་སྒྲོན་གྱི་བུ་མོ་གངས་སྐྱིད་ནི་ལོ་ན་བཅོ་བརྒྱད་ལ་ཕྱིན་ཞིང་། ལྷ་སའི་བོད་ཡིག་སློབ་འབྲིང་ན་ཡོད་མོད་ཁྱིམ་ཚང་གི་དཀའ་ངལ་ཆེ་དྲགས་པས་སློབ་གྲྭ་ནས་ཕྱི་ནུད་བྱས། ཟླ་སྒྲོན་ནད་ལས་ཅུང་གྲོལ་བ་ན་ཁྱིམ་ཚེས་ཚང་གི་བུ་མོ་བདེ་སྐྱིད་དང་མཉམ་པོར་ཁ་བཏགས་འཚོང་བའི་ལས་ཀ་གཉེར། བར་སྐོར་ལམ་དུ་རྟག་པར་གནས་སྐོར་བ་ཚོའི་སྔོན་རྒྱུགས་རྗེས་འདེད་བྱེད་པའི་ཁ་བཏགས་བཙོང་མཁན་ཚེ་རིང་མཚོ་མོ། མཆོད་མར་བཙོང་མཁན་རྒན་མོ་ཉི་དགའ། དངུལ་བརྗེ་མཁན་རྡོ་གྲགས་སོགས་གཅིག་ལས་གཅིག་མགྱོགས་ཀྱིས་ཕྲག་དོག་འགྲན་སེམས་བར་ནས་སྐབས་རེར་མི་ཚོགས་ལ་སྟབས་བདེའི་འཚོ་བ་སྤྲད་ཀྱང་ལན་རེར་ཁོ་ཚོའི་འགལ་འདུ་སྣ་ཚོགས་ཀྱིས་གནས་སྐོར་བ་ལ་ཚོར་སྣང་མི་འདྲ་བ་བསླངས།     

སྐབས་རེར་ཁོ་མོས་སློང་མོ་བ་དུང་ལོ་མ་བུ་དང་། རྒྱ་རིགས་ཀྲོང་མན་(张明)སོགས་ལ་སྦྱིན་པ་ཐེངས་མང་དུ་བཏང་མྱོང་། དེ་ནི་སངས་རྒྱས་ཆོས་ལུགས་པ་ཚོའི་ངག་ནས་“སྦྱིན་པ་བཏང་ན་ལོངས་སྤྱོད་འབྱུང་།”ཞེས་པ་ཐོས་མྱོང་ཡོད་པས་ལོས་ཡིན།

ཁོ་མོས་ཉིན་རེ་བཞིན་ཚོང་བདག་བསྟན་འཛིན་ཚང་ནས་ཁ་བཏགས་སེར་པོ་སྒོར་དྲུག་རེ་བྱས་ཏེ་བསྡེབས་ལེན་བྱེད་བཞིན་བར་སྐོར་ལམ་ནས་སྒོར་བཅུ་རེ་བྱས་ཏེ་བཙོང་པས་ཚེས་བཅོ་ལྔ་དང་གནམ་སྟོང་སོགས་ལ་ཁ་བཏགས་བཞི་ཅུ་ཡར་མར་ཚོང་བས་མ་མཐར་ཁེ་སོང་སྒོར་བརྒྱ་དང་སུམ་ཅུ་ཙམ་ཞིག་བརྙེད་ངེས། འདི་ལྟར་ཉིན་སྔ་ལངས་བྱས་ནས་ཁ་བཏགས་བཙོང་། ནུབ་ཉལ་འཕྱི་ཡིས་ཁྱིམ་ལས་ཡོད་ཚད་ལས་པས་དུས་ཚོད་ཀྱི་སྨྱུག་ཚིགས་དག་གང་དུ་སོང་བ་རྟོགས་དཀའ། འདི་ལྟར་མོ་རང་གི་ཁྲག་གསོག་གནག་གསོག་བྱས་པའི་སྒོར་མོ་དེ་དག་གིས་མ་རྒན་ཟླ་སྒྲོན་ལ་སྨན་བཅོས་བྱེད་པ་དང་། རང་གི་གྱོན་ཆས་ཉོ་བ། ཁྱིམ་གྱི་བཟའ་བཏུང་བསྒྲུབ་པ། ནུ་བོ་གངས་དགའི་སློབ་གྲྭའི་འཚོ་བ་ལ་མཐུན་རྐྱེན་སྦྱོར་ཅི་ཐུབ་བྱས་པས་སྒོར་སྟོང་ཁ་ལོན་པ་ཞིག་གཏན་ནས་བྱུང་མ་མྱོང་། གངས་དགའ་ནི་སློབ་གྲྭའི་མཐུན་རྐྱེན་དང་། མ་རྒན་ཟླ་སྒྲོན་གྱི་རེ་བ། ཨ་ཅེ་གངས་སྐྱིད་ཀྱི་སློབ་གསོ། རང་གིས་འབད་བརྩོན་བྱས་པའི་དབང་གིས་སློབ་རིམ་དུས་ལྟར་འཕར་ཐུབ་སོང་། ལྷག་ཏུ་ད་ལོར་གཟེངས་རྟགས་ཐོབ་པས་ཁོང་མ་བུ་གཉིས་ལ་ཉི་མ་ཤར་བ་ལྟ་བུའི་དགའ་ཚོར་ཆེན་པོ་སྐྱེས།

ཉིན་ཞིག་གངས་སྐྱིད་ཀྱིས་བསམ་བློ་མང་པོ་བཏང་སྟེ་ཚོང་ལས་འདི་རྒྱ་ཅུང་ཙམ་བསྐྱེད་དགོས་པའི་འདུན་པ་བརྙེད་དེ་ཁ་བཏགས་ཀྱི་ཐོག་ཏུ་མཆོད་མེ་བཙོང་རྒྱུའི་ལས་ཀར་སྤར། མཆོད་མེ་ནི་ཁ་བཏགས་བཙོང་བ་ལས་ངལ་ལས་དང་སྒོར་མོ་མཐོ་ཙམ་ཕར་གཏོང་དགོས་པས་ཚུར་ཡོང་ཡང་དེ་བཞིན་མང་། ཚ་དོམ་ཆུང་ཆུང་བཅུ་ཙམ་ཉོས་ཏེ་མཆོད་མར་བཞུས་ནས་བླུགས་པའམ་ཡང་ན་འགྱིག་ཁུག་ནང་དུ་ཕྱེ་མར་བྱས་ཏེ་བཙོང་པས་སྔར་ལས་ལྷག་པའི་ཡོང་སྒོ་མང་། དུས་ལྟར་ཚོང་ལས་ཀྱི་ཕྱོགས་སུ་ནུས་པ་ཡོད་དགུ་བཏང་བས་ལོ་གསར་པའི་ནང་ཁྱིམ་ཚེས་ཚང་གི་བུ་མོ་བདེ་སྐྱིད་དང་མཉམ་པོར་བར་སྐོར་ལམ་ནས་ཚོང་ཆུང་ཞིག་གཉེར་ཐུབ་པར་གྱུར། དེ་རུ་ཕྲེང་མ། ཁ་བཏགས། མཆོད་མར། རྐང་ཤུབས། ལག་གདུབ། མཛུབ་དཀྲིས་སོགས་རིན་གོང་ཅུང་སླ་བའི་ཅ་ཁ་སིལ་མ་སྣ་ཚོགས་བཞག གངས་སྐྱིད་ཀྱིས་ངལ་རྩོལ་ལྷོད་མེད་བྱས་པའི་གྲུབ་འབྲས་ཀྱིས་ཁྱིམ་ཚང་སླར་ཡང་དབུལ་པོ་ནས་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་གྱུར་ནའང་མོའི་འདོད་བློ་ད་དུང་ཚིམས་མེད། དེ་ནི་མོ་རང་སློབ་འབྲིང་ཡན་དུ་འགྲོ་བའི་གོ་སྐབས་མ་རག་པས་སློབ་ཆེན་དང་། སློབ་རིམ་གོང་མའི་ཡོན་ཚད་མེད་སྟབས་དུས་རྒྱུན་སེམས་པ་སྡུག་གིས་མནར། འོན་ཀྱང་ཁྱིམ་ཚང་གི་སྐྱིད་སྡུག་ལ་བསམ་བློ་འདོན་ཐེངས་རེར་སློབ་གྲྭར་འགྲོ་འདོད་ཀྱི་སེམས་མེད་པར་གྱུར་སྟེ་ཨ་མ་ཟླ་སྒྲོན་ནད་ལས་གྲོལ་བ་དང་། ནུ་བོ་གངས་དགའ་སློབ་མཐར་ཕྱིན་རྒྱུའི་རེ་སྨོན་ཁོ་ན་བཅངས་ཡོད།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུགས་མོ་ཟླ་སྒྲོན།

2017-06-03 འཕགས་ཆེན།(ཡུལ་ཤུལ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།