ཕྱིར་མི་ལྡོག་པའི་ལོ་ཟླ།

གཡུ་ལུང་གཡུང་དྲུང་འབུམ།(གཙོས)) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-07-13

ཁོ་ནམ་རྒྱུན་བཞིན་སྔ་མོ་ནས་མལ་ལས་ལངས་ཏེ་ཁ་ལག་བཀྲུས་ཤིང་།ནག་ནོག་ཏུ་གྱུར་བའི་མིག་ཤེལ་དེ་གཙང་མར་ཕྱིས་ནས་གྱོན་རྗེས།དཔེ་ཁུག་འཁུར་ནས་སློབ་ཁང་གི་ཕྱོགས་སུ་ཆས།དེ་རིང་ཡང་གཟའ་ཉི་མ་ཞིག་ཡིན་པས།སློབ་རའི་གྲུ་ཟུར་ཐམས་ཅད་སྟོང་ལྷང་ངེར་ཁུ་སིམ་མེར་མི་མེད་ལུང་སྟོང་ཞིག་ཏུ་སླེབས་པའི་སྣང་བ་ཞིག་སྟེར།

ཁོའི་མིང་ལ་ལོ་མ་ཟེར་ཞིང་།ཁོའི་མིང་ལ་ལོ་མ་ཟེར་དོན་ཁོས་ཀྱང་མི་ཤེས་པས།སློབ་གྲོགས་རེ་འགས"ཁྱེད་ཀྱི་པིར་མིང་ཡིན་ནམ།"ཞེས་ཀྱང་དྲིས་མྱོང་།འོན་ཀྱང་།ཁོ་ལ་གནའ་སྔ་མོ་སྐྱེས་ནས་བཟུང་མིང་ཞིག་ཡོད་པ་འདི་ཁོ་ན་ཡིན།མདོ་དབུས་མཐོ་སྒང་གི་ཆབ་ཆ་ཟེར་བའི་ལུང་ཁོག་ཅིག་ནས་མཐོ་འབྲིང་མཐར་ཕྱིར་རྗེས།སྣ་ཚོགས་འཇིག་རྟེན་གྱི་གྲོང་ཁྱེར་འདི་རུ"སློབ་ཆེན་པ"ཞིག་གི་མིང་བྱང་འཁུར་བའི་སློབ་བུ་ཞིག་ཡིན།ཁོ་དང་སློབ་གྲོགས་གཞན་ལ་མི་འདྲ་བ་ཞིག་ཡོད་པ་ནི་ཁོ་ལ་དཔེ་སྒྲོམ་ཞིག་དང་དེའི་སྟེང་དུ་བཙིར་ནས་ཆུད་ཀྱིན་མེད་པ་ལྟར་བསྒྲིགས་པ་དང་།མལ་སའི་ནང་དང་ཅོག་ཙེའི་སྟེང་བཅས་སུ་གཡས་འགྱེལ་གཡོན་འགྱེལ་དུ་བཞག་པའི་དཔེ་དེབ་དེ་དག་ཡིན།དེ་བཞིན་དུ་ཁོས་དཔེ་ཆ་ཀློག་པ་དང་རྩོམ་ཡིག་འབྲི་བ་ནི་ཁོའི་འཚོ་བའི་ཁོམ་ལོང་གསེང་གི་སྤྲོ་སྣང་གི་འབྱུང་ཁུངས་ཉག་གཅིག་ཏུ་གྱུར་ཡོད།དེ་ལྟར་བཤད་ན་ཅུང་ཟད་ཐལ་ཆེ་བའང་ཡིན་སྲིད་དེ།ཁོས་རྩམ་སྐྱ་འགམ་ནས་སྐར་ཆ་རེ་རེའང་གཅེས་སྤྲས་ཀྱིས་དུས་ཚོད་དང་འཐབ་རྩོད་བྱེད་པའི་དགེ་བཤེས་མཁན་པོ་ཚོ་ནང་བཞིན་དཔེ་ཀློག་བྱེད་ཐུབ་ཀྱིན་མེད་པར"གང་ལ་དགའ་ན་དེ་ལ་མོས"ཞེས་པ་བཞིན་རང་ཉིད་ཀྱིས་བཀླག་འདོད་ཀྱི་དཔེ་དེབ་དག་དགའ་སྣང་དང་བཅས་ཀློག་བཞིན་ཡོད།དེ་བཞིན་དུ་ཁོས་རྩོམ་ཡིག་བྲིས་པ་དག་ཀྱང་ཚགས་དེབ་ག་གེ་མོར་བཀོད་པ་དང་བྱ་དགའ་ཆེ་གེ་མོ་ཐོབ་པ་གང་ཡང་མ་ཡིན་པར་འཚོ་བའི་མངར་སྐྱུར་གྱི་འཕོ་འགྱུར་ཀློང་ནས་ངལ་གསོ་སའི་རབ་ཁ་ཞིག་དང་འཁོར་བའི་དབྱར་དགུན་གྱི་འཁོར་བསྐྱོད་ཁྲོད་དུ་སེམས་ཁེན་སའི་འཁར་བ་ཞིག་ཏུ་ངོས་འཛིན་བཞིན་ཡོད་པས།ཁོས་ནམ་རྒྱུན་ཚོར་འདུ་ཤུགས་པོའི་སྒོ་ནས"ཅི་ཞིག་འཐོབ་འདོད་ཀྱི་སྐོམ་པས/ནམ་རྒྱུན་ཡིག་ཕྲེང་གི་མེ་ལྕེ་འཚོས་ནས་ཐོ་རེངས་ཁར་དེད་མོད/ཡང་ཡང་བསམས་གཞིགས་བྱས་མཐར/བརྩམས་ཆོས་ཀྱི་ཕ་གི་ན/རང་ཉིད་བརྩམས་ཆོས་ཤིག"ཅེས་སྙན་ངག་པ་འབར་རྡེའུ་ཡི་སྙན་ངག་ཚན་པ་ཞིག་གྱེར་ནས་རང་དང་ལས་དབང་གཅིག་པ་དག་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱིན་ཡོད།

ལོ་མ་ནམ་རྒྱུན་གྱི་ལོབས་ཕྱོགས་ལྟར་སློབ་ཁང་གི་གྲུ་ཟུར་ཞིག་ཏུ་རྐུབ་སྟེགས་སུ་བསྡད་དེ།ཁུར་དུ་ལྕི་བའི་དཔེ་ཁུག་ལས་རང་ལ་མཁོ་བ་དག་བླངས་ནས་ཅོག་ཙེའི་སྟེང་དུ་བཞག་ཅིང་།དེ་དག་གི་ལོགས་སུ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེའང་གློ་ཁུག་ལས་བླངས་ནས་བཞག  དེ་ནས་ཅི་ཞིག་འབྲི་འདོད་ཀྱིས་དཔེ་དེབ་ཁ་ཕྱེས་ནས་སྨྱུ་གུ་བཟུང་དུས།"དིར་རི་རི"ཞེས་ཅོག་ཙེའི་སྟེང་གི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ལ་འདར་བརྡ་ཞིག་གྲག་བྱུང།

ལོ་མས་ཁ་པར་ལག་ཏུ་བཟུང་ནས།འཆར་ངོས་ཀྱི་ཁྱེའུ་འཕྲིན་ནང་བརྡ་འཕྲིན་ཞིག་ཐོན་པའི་བརྡ་རྟགས་ཤིག་ཤར་འདུག  ཁོས་དེ་མུར་བྱང་ཆ་ལྡན་པའི་སྒོ་ནས་གཡོན་ལག་གིས་ཁ་པར་བཟུང་ཞིང་།གཡས་ལག་གི་མཐེ་བོང་གིས་ཁྱེའུ་འཕྲིན་གྱི་གནས་སུ་མནན་པ་ན།དྲ་མིང་ལ་དབྱིན་ཇིའི་སྐད་ཡིག་གིTiramisuཟེར་བས་རྒྱ་ཡིག་གི"དྲ་གྲོགས་རྗེས་དྲན་ཉིན་མོ"ཞེས་པའི་ཤོག་བྱང་གི་རྣམ་པ་ཞིག་བསྐུར་ཡོད་ཅིང་།ཤོག་བྱང་དེའི་དཀྱིལ་དུ་ཟླ2པའི་ཚེས14ཞེས་པའི་ཟླ་ཚེས་འཁོད་ཡོད་པ་དང་།དེའི་གཤམ་དུ་ཡང་རྒྱ་ཡིག་གིས"ལོ་གསུམ་གྱི་སྔོན་གྱི་དེ་རིང་ང་ཚོ་གྲོགས་པོར་གྱུར་པ་རེད"ཅེས་བྲིས་འདུག
དེ་མ་ཐག་ལོ་མའི་ཡིད་ཀྱི་རྒྱ་མཚོའི་ངོགས་སུ་འདས་དོན་རེ་རེ་རླབས་ཕྲེང་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་འཕྱུར་བྱུང་།ལོ་ངོ་གསུམ་སྔོན་གྱི་དུས་དེ་རིང་སྟེ།2013ལོའི་ཟླ2པའི་ཚེས14ཉིན་ད་གཟོད་ཁོས་ལྐོག་ལྐོག་སུད་སུད་ཀྱིསTiramisuཡི་འབྲེལ་གཏུགས་ཆ་འཕྲིན་བཙལ་བཙལ་བའི་མཐར་གྲོགས་པོ་ཞིག་གིས་ཁྱེའུ་འཕྲིན་ཨང་གྲངས་བཤད་པས།ལོ་མས་དགའ་དགའ་སྤྲོ་སྤྲོའི་ངང་དྲ་གྲོགས་སུ་བསྣན་པ་རེད།དེ་ནས་བཟུང་ནམ་རྒྱུན་དགོང་ཚོགས་གྲོལ་ནས་མལ་ཁང་དང་ཁོམ་སྐབས་སུ་ཁྱེའུ་འཕྲིན་དུ་ཁ་བརྡ་བྱས་ཏེ་སེམས་ཐག་ཉེ་བར་བཅར་ཅི་ཐུབ་བྱས།

"དྲ་ལམ་ན་འེ་ཡོད་དམ།"ཐོག་མར་གཏམ་གྱི་སྒོ་འབྱེད་མཁན་ནི་དུས་རྒྱུན་དུ་ལོ་མ་ཡིན།
         Tiramisuཡིས"ཡོད"ཅེས་ཐད་ཀར་དུ་སྐད་ཆ་གཞན་མེད་པར་ལན་འདེབས་ཐུབ་བྱས།
         ཁོས་ཡང་བསྐྱར"ཉེ་ལམ་བདེ་མོ་ཡིན་ནམ།སློབ་སྦྱོང་གི་གནོན་ཤུགས་ཆེའམ།"སེམས་ཁུར་དང་བཅས་དྲིས།
         "བདེ་མོ་ཡིན།གནོན་ཤུགས་ཀྱང་དེ་འདྲ་རང་རེད།"མོས་གླེང་འདོད་མེད་པའི་ཚུགས་ཀ་བསྟན།
         དེ་བས།ཁོས་བརྗོད་གཞི་གཞན་ཞིག་ལ་བསྐོར་འདོད་ཀྱིས"ཁྱེད་ཀྱིས་ང་ལ་རྒྱ་གླུ་སྙན་མོ་འགའ་འོས་སྦྱོར་བྱ་རོགས།"ཞེས་རེ་བ་བཏོན་པ་ན།
         "ཝང་ལི་ཧུང་།《རང་ཉིད་བསྒྱུར་བཅོས་བྱ།》ལྔ་བཅིངས་ཁུ་ཚུར་ཚན་སྡེབ།《མ་མོག་ཀ་ར།》ཐུར་མ་སྤུན་ཟླའི་ཚན་སྡེབ།《ཀུ་ཤུ་ཆུང་ཆུང་།》TFBOYSཚན་སྡེབ།《སྒྱུ་འཕྲུལ་གྱི་མཁར་རྫོང་།》"བཅས་བསྐུར་འདུག

དེ་ནས་བཟུང་།ལོ་མའི་ཁམས་གསེང་དང་ཁོམ་ལོང་གི་སྐབས་སུ་ཉན་བྱའི་གླུ་དབྱངས་དག་ཀྱང་བོད་གླུའི་རྡུང་ལེན་དང་ལ་གཞས་སོགས་མ་ཡིན་པར་ཁོ་མོས་འོས་སྦྱོར་བྱས་པའི་རྒྱ་གླུ་དེ་དག་ཡིན་ལ།ཁོས་རྒྱ་གླུ་དེ་དག་གི་གླུ་ཚིག་ལས"ཚེ་སྲོག་ཐུང་ནའང་ང་ཁྱེད་དང་མི་འབྲལ།ཁྱེད་ནི་ངའི་ཀུ་ཤུ་ཆུང་ཆུང་།"ཞེས་དང་།"ཁྱེད་ནི་སྤྲིན་དཀར་གྱི་འདབ་མ།ང་ནི་སྔོ་བསངས་ཀྱི་ནམ་མཁའ།""ཁྱེད་ནི་ངའི་སེམས་ཀྱི་མ་མོག་ཀ་ར།ཞིམ་མངར་རྨི་ལམ།"སོགས་ཞི་འཇམ་གྱི་དབྱངས་རྟའི་འགྲོས་དང་བསྟུན་པའི་མཐོ་རླབས་ཀྱི་སྐབས་སུ་ཁོ་ལ་རང་དབང་མེད་པར་ཀླད་པའི་སྤྱི་གཙུག་ནས་རྐང་བའི་ཞབས་མཐིལ་བར་ཚོར་འདུ་ཤུགས་དྲག་པོའི་ཙག་ཤེད་ཡང་ཡང་བརྒྱུགས་མྱོང་།ད་དུང་ཁོས་རྒྱ་སྲང་ནས་རྒྱ་གླུ་དེ་དག་ལས་གང་རུང་ཞིག་གསལ་ལྷང་ལྷང་གིས་གྲག་པ་ཐོས་དུས།ཐོག་མར་དྲན་ཡོང་བའང་ཁོ་མོའི་ཕྲ་ལ་ལྡེམ་པའི་རྒྱབ་གཟུགས་དང་སྙན་ཞིང་འཇེབས་པའི་སྐད་གདངས།ཡིད་དུ་འོང་བའི་བྱད་བཞིན།སྙིང་དུ་སྡུག་པའི་གོམ་འགྲོས་སོགས་ཡིན་ཞིང་།ལོ་མ་མཚོན་ན་རྒྱ་གླུ་དེ་དག་ནི་ཁོ་མོས་བླངས་པའམ།རྒྱ་གླུ་དེ་དག་དང་ངོ་བོ་གཅིག་ཏུ་འཐིམ་པ་ཡང་ན་རྒྱ་གླུ་དེ་དག་ཁོ་མོ་དང་སྲད་བུས་སྦྲེལ་ཞིང་སྐུད་པར་བརྒྱུས་པ་ལྟ་བུའི་སྣང་བ་བྱུང་བས།ཁོ་ལ་རྣམ་ཀུན་རྒྱ་གླུ་དེ་དག་གིས་བཟི་ལོང་བའི་ཚོར་བ་བྱིན་པ་གྲངས་ལས་འདས།

ནམ་མཁའ་གཡའ་དག་ཅིང་དྲོད་འཇམ་གྱི་ཉི་འོད་ཀྱིས་ལུས་རྩལ་ཐང་གི་ཁ་དོག་ཡོད་ཚད་བཀྲག་མདངས་ལྡན་པར་གྱུར་འདུག གསལ་ལྷང་ལྷང་གི་ཅོང་བརྡ་ཞིག་གྲག་པ་མཉམ་དུ།ཐོག་ཁང་ཆེན་པོ་ཞིག་གི་སྒོ་ཆུང་ཆུང་ཞིག་གི་ནང་ནས་སློབ་ལྭ་དམར་ཁྲ་གྱོན་པ་ཏག་ཏག་གྲོག་ཚང་བརྡོལ་བ་ལྟར་འཚང་ཁ་ཤིག་ཤིག་གིས་ལུས་རྩལ་ར་བར་ལུད་ཡོང་གིན་འདུག སློབ་གྲོགས་བུ་མོ་རྣམས་ཀྱིས་ཕན་ཚུན་དཔུང་རྡང་སྦྲེལ་ཞིང་འཐེན་རེས་དཔྱངས་རེས་བྱེད་ཅིང་།སློབ་གྲོགས་བུ་རྣམས་ཀྱིས་ཀྱང་འཇུ་རེས་འཐམ་རེས་བྱས་ནས།ཁོ་ཚོའང་ཁོ་ཚོའི་ཕྱོགས་སུ་འ་འུར་ཟང་ཟིང་གིས་སྒོར་འབུད་ཀྱིན་འདུག སློབ་གྲོགས་བུ་མོ་ཞིག་གིས་བུ་ཞིག་ལ་རྡོག་ཐོས་རྒྱག་ཙམ་དང་སློབ་གྲོགས་བུ་ཞིག་གིས་བུ་མོ་ཞིག་ལ་རེག་པ་ཙམ་གྱིས་ཕན་ཚུན་བདའ་རེས་ཀྱིས་མི་གཞན་ལ་ཐོད་གཏུག་རྒྱག་ཅིང་།འབྲོ་ཚོད་མ་བཟུང་བར་ཐ་ན་དགེ་རྒན་དང་དཔུང་ཐུག་རྒྱག་པའི་སྐབས་ཀྱང་ཡོད།

སློབ་གྲྭར་སྐོར་བྲོ་འཁྲབ་སྟེ་ལུས་རྩལ་སྦྱོང་བརྡར་གྱི་ཚབ་བྱེད་པ་ནི་བོད་ཁུལ་སློབ་འབྲིང་དག་གི་ལུགས་སྲོལ་གསར་བ་ཞིག་ཡིན་ལ།དགེ་སློབ་ཀུན་གྱིས་ཀྱང་རང་ཉིད་མི་རིགས་ཀྱི་ཁྱད་ཆོས་ཡིན་སྙམ་པའི་ང་རྒྱལ་གྱིས་ཁེངས་ཡོད།སློབ་གྲོགས་ཚང་མ་འཛིན་གྲྭ་རེ་རེ་བྱས་ནས་ཕྲེང་བསྟར་བསྒྲིགས་ཡོད་ཅིང་།ལོ་མ་སྐྱེས་གཟུགས་ཅུང་རིང་བས།འཛིན་གྲྭ་མཇུག་ཕྱོགས་སུ་ཡོད་ཅིང་།ལྡེམ་མྱུར་ལྡན་པ་ཞིག་ཀྱང་མིན་པས།ཕ་རོལ་ནས་སྐོར་བྲོའི་སྒྲ་དབྱངས་སིང་སིང་གྲག་ཏུ་བཅུག་མ་ཐག  སློབ་གྲོགས་ཚང་མ་སྒྲ་དབྱངས་ཀྱི་འགྲོས་དང་སྐོར་བྲོ་འཁྲབ་པ་ན།ཁོས་རྐང་ལག་བརྐྱངས་སྐུམ་ཙམ་བྱེད་ཞོར་མིག་ཟུང་ཁོ་ཚོ་འཛིན་གྲྭའི་ཕན་ཆད་ན་བསྒྲིགས་ཡོད་པའི་ཁོ་མོའི་ལུས་ཀྱི་ཉམས་འགྱུར་དང་གར་གྱི་སྟངས་སྟབས་ལ་ཕུར་ཚུགས་སུ་ཧད་དེ་ལུས་ཡོད་པས།སློབ་གྲོགས་དག་གིས"འདིས་ཡང'རྒྱ་སྟག'མཐོང་སོང་བས་རེད།ཧ་ཧ་ཧ།"ཞེས་འཕྱ་སྨོད་བྱས་མོད།ཁོས་སྔར་བཞིན་ཁོ་མོའི་རྒྱབ་གཟུགས་མཐོང་དུས་གཟུགས་མེད་ཀྱི་ཞགས་པ་ཞིག་གིས་ཉེ་བར་དྲངས་པ་དང་འདྲ་བར་དབང་མེད་བཀུག་འགྲོ
སློབ་རའི་ཁོར་ཡུག་ཀུན་ཏུ་འཕྲེད་གཞུང་ལྟར་བསྒྲིགས་ཏེ་ཡོད་པའི་རྒྱ་ལྕང་གི་སྡོང་ལོ་དག་ཀྱང་ལྗང་ནེམ་ནེམ་དུ་གྱུར་ཡོད་ཅིང་།དེ་ལ་བསིལ་རླུང་འཇམ་པོ་ཞིག་ལྡང་བས།རྒྱ་ལྕང་གི་ལྕུག་ཕྲན་དག་ཀྱང་སྐྲ་ལོ་བཞིན་ཡང་ཡང་འཕྱོ་ཞིང་གཡོ་བར་བྱེད།

ལོ་མ་དང་སློབ་གྲོགས་རླུང་རྟ་གཉིས་ཀྱང་ནགས་གསེང་གི་ལྡིང་ཁང་ཞིག་ཏུ་ཙོག་ནས་ཁ་བརྡ་བྱེད་བཞིན་མཆིས།
       "ཨ་རོགས།མདང་དགོང་ནམ་གུང་ཡང་ཁྱེད་ཀྱི་སྔས་མགོ་ན་འོད་གསལ་ལེར་རེད།དེ་འདྲ་འཕྱི་བར་ཅི་བྱས་པ་ཡིན"རླུང་རྟས་དེ་ལྟར་དྲིས་པས།ལོ་མ་ཅུང་དོགས་མ་བདེ་བའི་ངང"ཅི་ཡང་མ་བྱས།རང་དགར་ཁ་པར་ལ་བལྟས་ནས་མཚན་གུང་ཆུ་ཚོད་གཉིས་པ་ཡོལ་ཟིན།"
        རླུང་རྟས་ཤེས་ཀྱང་མ་ཤེས་ཁུལ་བྱས་ནས"'ཤ་རྒྱགས'ལ་བལྟས་པ་ཡིན་ནམ།ཧ་ཧ་ཧ།"ཞེས་ཧབ་ཆ་བརྒྱབ།
        འོན་ཀྱང་ལོ་མས་སྔར་བཞིན་ཅུང་སྒམ་ཚུགས་དང་བཅས"'རྒྱ་སྟག'མཐོང་ན'རྒྱ་སྒོ'ལ་བདག་དམ་མི་ཐུབ་པ་དེ་སུ་ཡིན་མིན་སོ་སོའི་སེམས་ལ་ཁྲིགས་སེ་ཡིན"ཞེས་ཨོང་ཤ་སྤྲུགས་ཞོར་བུད་སོང་བས།རླུང་རྟ་ད་དུང་ཤུལ་དུ་ལྷུག་ལྷུག་ངང་དགོད་བཞིན་འདུག
         རླུང་རྟ་བདེན་པ་ཡིན་ཏེ།མདང་དགོང་ལོ་མ་དགོང་ཚོགས་གྲོལ་མ་ཐག་མལ་ཁང་དུ་ལོག་ནས་ཉལ་ཐུལ་བར་གྱི་ཁ་པར་ཁ་ཕྱེས་ཏེ་ཁྱེའུ་འཕྲིན་ནང་དུ་སོང་ནསTiramisuལ"དྲ་ལམ་ན་ཡོད་དམ"ཞེས་རྒྱ་ཡིག་བསྐུར་མོད།ཁོས་ཁ་པར་རྩེད་གིནTiramisuཡིས་ལན་སློག་པར་རེ་སྒུག་བྱས་ཀྱང་ཨ་ལན་གཅིག་ཀྱང་མ་ཡོང་།དེ་དུས།མཚན་གུང་ཆུ་ཚོད་གཉིས་པ་ཡོལ་ཟིན།ལོ་མས་འདས་ཟིན་པའི་ལོ་ཟླའི་ནང་དུ་ཁོ་གཉིས་སློབ་གྲོགས་ཡིན་ཡང་ཁོས་བརྩེ་དུངས་ཀྱི་བདེན་པ་ལ་གྱེན་ལོག་བྱེད་མཁན་ཞིག་ཆགས་པར་འགྱོད་སེམས་སྐྱེས་ཤིང་།སེམས་ཁོང་འདི་རྡོ་ལོག་ཅིག་གམ་ཕ་བོང་ཆེན་པོ་ཞིག་གིས་མནན་པ་ལྟར་ལྗིད་ཏིག་གེར་གྱུར་བས།འཁྲེང་ཞེན་གྱི་ཚོར་འདུ་ཤུགས་དྲག་པ་ཞིག་ལ་བརྟེན་ནས་ཁ་པར་དུ་སྙན་ངག་མ་ཡིན་པའི་སྙན་ངག་ཅིག་བྲིས།

              དྲན་པའི་ལོ་ཟླ།

                             ———སྙིང་གི་ཐིག་ལེར་གྱུར་བའི་གང་ལ།

དང་པོ་ནས།
ཆུང་ཆུང་གི་རྩེད་ར་གྲུ་བཞི་བསྒྲིགས་ཤིང་།
ཡང་ཆུང་གི་མེ་ཏོག་སྣ་ལྔ་འཐུ་སའི།
ང་དང་ཁྱེད་ཀྱི།
ཆེས་ལྷད་མེད་དྭངས་གཙང་གི་ཕ་ས་ཕ་ཡུལ་ནས།
ཆེས་ཡིད་འོང་མཛེས་སྡུག་གི་གླིང་གའི་ཚལ་དེར་ སླེབས་དུས།
ང་ཡིས་ཁྱེད་ལ་ས་བོན་གྱི་ཟུར་མིག་འཕངས་མྱོང་ལ།
ཁྱེད་ཀྱིས་ང་ལ་འཛུམ་མདངས་ཀྱི་མྱུ་གུ་འབུས་སུ་ བཅུག་མྱོང་།
དུས་དེ་ནས་བཟུང་།
ང་།   ཁྱེད་ཀྱི་ཁྲ་ཆུང་མིག་ལམ་གྱི་མཆོག་ཏུ་གྱུར་ ཡོད་ལ།
ཁྱེད།  ང་ཡི་ཡ་ཆུང་སེམས་ཁོང་གི་རྟེན་དུ་གྱུར་ཡོད།

ལོ་ཟླ་ནི་བཙོན་ལས་ཐར་བའི་ཉེས་ཅན་ཇི་བཞིན།
མ་གཞི་ནས་གདུག་རྩུབ་ཆེ་ཞིང་མགྱོགས་མྱུར་ཅན་ཞིག
ཡང་ན།
མ་གཞི་ནས་ཞི་འཇམ་ལྡན་ཞིང་དལ་ལྷོད་ཅན་ཞིགགང་ལྟར་ཀྱང་།
ལོ་བརྒྱའི་འཁྲེང་སེམས་ཀྱི་མེ་ལྕེ་དེ།
འཆི་མེད་གླང་རྫི་དང་སྐར་མ་ཐགས་མ་ཡི།
ཁེར་ཧྲེང་མནར་གཅོད་ཀྱིས་མཚོན་ནུས་མིན་ཞིང་།
རྒན་གྱའི་སྐར་མ་དང་སྨན་ཚང་ཚེ་སྐྱིད་ཀྱི།
དྲན་གདུང་གི་ན་ཟུག་གིས་དེ་བས་ཀྱང་།

ས་སྲོས་སུ།
གནམ་མཐའི་མཚམས་སྤྲིན་ལྟ་བུའི་ཁྱེད་ཀྱི་མཁུར་ ཚོས་ལ།
ང་ཡི་ལག་ཟུང་ནུབ་རིས་འཁྱུད་ན་འདོད།
ཐོ་རེངས་སུ།
འོད་གསལ་མཁའ་དབྱིངས་འདྲ་བའི་ཁྱེད་ཀྱི་བྱད་ བཞིན་ལ།
ང་ཡི་འགྲམ་པའི་སྤྲིན་དཀར་གྱིས་གླན་ན་འདོད།
ད་དུང་།
ངས་ཉིན་མོའི་དཀར་ངོགས་ནས།
ཁྱེད་རང་གླེང་གིན་ཡོད་ཅིང་།
མཚན་མོའི་སྨག་རུམ་དང་འགྲོགས་ནས།
ཁྱེད་རང་བརྗེད་གི་མེད།

               2015.4.12
               ཆབ་ཆའི་སྨག་རུམ་ཀློང་ནས།

ཁོས་དེ་ལྟར་བྲིས་རྗེས།ཁྱེའུ་འཕྲིན་གྱི་རྒྱབ་ལྗོངས་སུ་བསྐུར་བ་ན།ཁོའི་ཕྲག་སྟེང་གི་རྡོག་ཁྲེས་ལྗིད་མོ་ཞིག་ཐང་ལ་ཕོག་པ་དང་མཚུངས་པར་བག་ལྷོད་པོ་བྱུང་དུས།མལ་ཁྲི་ལ་ཁྲོག་སྒྲ་ཞིག་གྲག་པ་ཚོར་མོད།སུ་ཡིན་འདི་ཡིན་མ་ཤེས་པར་ཡང་མ་ཤེས་པར་གཉིད་ཀྱིས་ཏོབ་པར་གྱུར།

ལོ་མསTiramisuལ་བཅངས་པའི་ལྷད་མེད་ཀྱི་བརྩེ་དུངས་དང་ལྷག་བསམ་གྱི་བདེན་པ་དེའི་དབང་གིས་དུས་ཚོད་སྐར་ཆ་རེ་རེར་ཡང་བརྗེད་མ་ཐུབ་པར་ལན་རེར་མིག་མདུན་དུ་སླེབས་པའི་འཕྲུལ་སྣང་སྐྱེ་གི་ཡོད།ཁོས་བརྩེ་དུངས་ཀྱི་མངའ་ཐང་དུ་འཕྲུལ་སྣང་གི་རོལ་རྩེད་དང་ཁྱེའུ་འཕྲིན་གྱི་ཁ་བརྡ་ལས་ཕར་འདའ་ཐུབ་ཀྱིན་མེད་པས།སློབ་གྲྭ་ཡོངས་ཀྱི་བྱ་འགུལ་ཆེ་གྲས་རེ་སྤེལ་དུས་མི་ཚོགས་ཀྱི་རླབས་ཕྲེང་བསྐྱོམས་པའི་ཁྲོད་ལོ་མས་ཁོ་མོའི་རྒྱབ་གཟུགས་དང་དགོད་སྒྲ་སོགས་རྒྱང་རིང་ནས་མིག་གིས་འཚོ་བ་ལས་ཉེ་བར་བཅར་ནས་ཁ་བལྟས་ངོ་བལྟས་ཀྱིས་ཕན་ཚུན་ལག་པའི་ནང་དུ་ལག་པ་བཞག་ཅིང་སེམས་པ་དང་སེམས་པ་གླན་ནས་ཁ་བརྡ་ལྷོད་ལྷོད་ཅིག་བྱས་མ་མྱོང་མོད།ལོ་མས"བར་ཐག་གི་མཛེས་པ"དེ་ནི་འགྱུར་མེད་ཀྱི་ལོ་ཟླའི་བརྩེ་བ་སྦྲུམ་པའི་མནར་གཅོད་ཀྱི་གོ་རིམ་ཞིག་ཏུ་ངོའ་འཛིན་བཞིན་ཡོད།ཡིན་ནའང་།ཁོས་ལོ་ཟླ་ནི་གཟུགས་མེད་ཀྱི་གཙང་བོ་རབ་མེད་ཅིག་ཡིན་པ་རྟོགས་ཀྱིན་མེད་ཚོད་རེད།

དངོས་ཡོད་ཀྱི་འཚོ་བའི་ཁྲོད་དུ་ཁོ་གཉིས་ཀྱི་བར་ཐག་དེ་སེང་རས་ཤིག་བརྒྱངས་པ་ཙམ་ཁོ་ན་མ་ཡིན་པར་ལེ་བར་ཁྲི་སྟོང་གིས་བཅད་ཡོད་པ་ལྟར་ཡིན།འོན་ཀྱང་།ལོ་མས་སྔར་བཞིན་ཁྱེའུ་འཕྲིན་ལས་རང་གི་སེམས་གཏམ་དམར་རྗེན་མ་དག་གློ་རྒྱུ་མས་མ་གུམ་པར་མོ་ལ་བཤད་ཀྱིན་ཡོད་མོད་ལ།ནམ་རྒྱུན་ཁོའི་ཉིན་མོའི་གྲིབ་མ་དང་མཚན་མོའི་རྨི་ལམ་ཇི་བཞིན་བརྗེད་ཐུབ་ཀྱིན་མི་འདུག  ཐ་ན་སློབ་ཐུན་སྐབས་སུ་ཡང་འཆར་ཡན་གྱིས་ཁོ་མོའི་གཟུགས་སྣང་སྒོ་སམ་དུ་ཡོད་པ་ལྟར་བྱས་པ་སྟེ།

"སློབ་གྲོགས་ལོ་མ།ཁྱེད་ཀྱིས་སྒོ་སམ་ངོས་སུ་ལྷ་ས་མཐོང་བ་ཡིན་ནམ"དགེ་རྒན་གྱིས་ལོ་མ་སྒོ་སམ་ངོས་སུ་ཅེར་འདུག་པ་མཐོང་ནས་དེ་ལྟར་སྐད་ཆེན་པོའི་སྒོ་ནས་བཤད་པས།Tiramisuཡི"སྐུ་གཟུགས"སྒོམ་གྱིན་པའི་ལོ་མ་དགེ་རྒན་གྱིས་འབོད་དུས་བློང་བློང་བོར་གྱུར་ཏེ་ཅི་བཤད་དགོས་མིན་ཡང་མ་ཤེས་པར་འདུག་སྐབས"ལྷ་སར་དད་པ་ཅི་ཆ།།ལྷ་མོ་དྲན་པ་ལོས་ཡིན།།"སློབ་གྲོགས་རླུང་རྟས་དེ་ལྟར་བཤད་པས།སློབ་གྲོགས་ཚང་མ་དགོད་བྲོ་ནས་ཧབ་ཆ་དི་རིར་གྱུར་བ་དང་།དགེ་རྒན་ཡང་འུ་ཐུག་ཐབས་ཟད་ཀྱིས་ཅི་ཡང་མི་ཟེར་བར་མུ་མཐུད་དུ་སློབ་ཁྲིད་བྱས་བྱུང་།འོན་ཀྱང་།ལོ་མའི་མིག་རྩ་དམར་པོར་གྱུར་ཞིང་ཨམ་གཙིགས་ཀྱིས་སློབ་གྲོགས་རླུང་རྟ་ལ་ཕུར་ཚུགས་སུ་བལྟས་འདུག

སྤོ་ཐུང་ཐུང་གིས་མི་རྫོད།།ལ་ཐུང་ཐུང་གིས་རྟ་རྫོད།།ཅེས་པ་ཅིས་མ་བདེན།ལོ་མ་དང་རླུང་རྟ་གཉིས་རྒྱུན་འགྲོགས་ཀྱི་སློབ་གྲོགས་ཡིན་ཡང་།སློབ་ཁྲིད་གྲོལ་མ་ཐག  ལོ་མས་རྐུབ་སྟེགས་ཀྱི་སུག་ཐུ་ནས་བཟུང་སྟེ་རླུང་རྟའི་ཕྱོགས་སུ་གཡུག་པ་ན།རླུང་རྟ་ཅུང་ཙམ་ལྡེམ་མྱུར་ཅན་ཞིག་ཡིན་པས།གཡོལ་ཐེངས་གཅིག་གིས"སྐག་སྒྲ"ཞིག་གྲག་པ་དང་གྱང་ངོས་སུ་མ་གཏོགས་རླུང་རྟར་རྒྱག་མ་ཐུབ།དེ་ནས་ལོ་མ་སློབ་གྲོགས་མང་བོས་བཀག་ནས་བར་བཤོལ་མོད།ལོ་མ་འགོག་མ་ཐུབ་པར་ཁུ་ཚུར་གཡུག་ཐེངས་ཤིག་གིས་རླུང་རྟ་ཕྱི་བཀྱེད་འགའ་སྟེག་པར་བཅུག་པ་དང་།རླུང་རྟའི་ཁ་ནང་ནས་མགོ་ནང་བར་ཀུན་ཏུ"དང་སྒྲ"ཞིག་མ་གཏོགས་མ་ཚོར་བ་དང་།གཏིང་ནས་ན་ཟུག་ཅིག་སྐྱེས་པ་དང་ལྷན་དུ་སྣ་ཁུང་ནས་ཁྲག་དམར་གྱི་ཐིགས་པ་ཙ་ར་ར་འཛར་བྱུང་།ཉིན་དེར་ལོ་མ་དང་རླུང་རྟ་གཉིས་ཀྱིས་དེ་ལྟར་འཇིང་རེས་བྱས་མོད།ཉིན་འགའ་མ་འགོར་བར་གཉིས་ཀ་སླར་ཡང་མཉམ་འགྲོ་མཉམ་འདུག་དང་མཉམ་བཟའ་མཉམ་འཐུང་བྱེད་ཀྱིན་འདུག་པས།ཀུན་གྱིས"སློབ་གྲོགས་ཟེར་བ་རེད"ཅེས་སློབ་རའི་གྲུ་ག་སོ་སོ་ན་སྤུར་གྱིན་འདུག

འོན་ཀྱང་།ལོ་མས་སྔར་བཞིནTiramisu་འབྲེལ་འདྲིས་ཀྱིས་ཁ་བརྡ་བྱེད་པ་ལྟ་ཅི།ཐ་ན་སྟབས་དང་སྟེས་དབང་གིས་འཕྲད་ནའང་འཚབ་འཚུབ་ཀྱིས་ངོ་གདོང་དམར་པོར་གྱུར་ཞིང་གོམ་སྟབས་ཀྱང་འཁྱོལ་འགྲོ་བས།འདྲིས་ཆ་ཆེ་བའི་སློབ་གྲོགས་དག་གིད"ཡང་དམར་པོར་གྱུར་ཐལ""སྤོབས་པ་བསྐྱེད་ཅིག"སོགས་ཟུར་ཟ་དང་འདྲེས་པའི་ཁ་ཏ་མང་བོ་བྱས་མོད།ལོ་མ་ལ་འཆི་མེད་རྒས་མེད་ཀྱི་གནས་ལུགས་རློན་པ་ཞིག་ཡོད་པ་ནི"བར་ཐག་གི་མཛེས་པ"ཞེས་པ་དེ་རེད།

དབྱར་གནང་བྱིན་ཟིན།ལོ་མ་ནི་ཆུང་དུས་ནས་འབྲོག་ཁུལ་ནས་ནར་སོན་པའི་འབྲོག་ཕྲུག་ཅིག་ཡིན་པས།ཁོ་ལ་མཚོན་ན་སྤྲོ་སྐྱིད་ཀྱི་ཁམས་གསེང་ལ་རོལ་བར་གནམ་གྱི་ལེགས་སྐྱེས་ལྟ་བུ་ཞིག་ཡོད་པ་དེའང་དབྱར་ས་སྟེ།ཁོས་མི་ཡུལ་གྱི་ལྷའི་ཞིང་ཁམས་སུ་སྒོམ་ཡོད་པའང་འདི་ཡིན།
         "ཐག་ཐག་ཐག"
         ཕྱི་རོལ་ཏུ་ཆར་བ་ཟམ་ཟིམ་ཞིག་ལས་འབབ་ཀྱིན་མེད་མོད།རས་གུར་ནང་དུ་ཐག་སྒྲ་དེ་སྔར་བཞིན་གསལ་ལྷང་ལྷང་རེད།ཆར་བ་འབབ་ཞོད་ཇེ་ཆེར་གྱུར་བ་དང་བསྟུན་ནས་སྦྲ་གུར་ནང་གི་ཐག་སྒྲ་དེ་ཇེ་ཆེར་གྱུར་བ་ནི་ལོ་མ་ལ་ཅི་ཞིག་གི་བརྡ་གཏོང་བ་དང་ཡང་འདྲ།དེ་དུས།ཁོའི་སེམས་པའང་དེ་རིང་གི་གནམ་གཤིས་ཇི་བཞིན་སྨྲེང་སྐྱོས་ཁེངས་བཞིནTiramisuལ་ཁོ་རང་ཅི་ལྟར་དགའ་ཚུལ་དང་ཁྱེད་ལ་འགྱུར་བ་མེད་ན་ང་ལ་འགྱུར་བ་མརད་ཚུལ་གྱི་ཚིགས་བཅད་སྙན་ངག་ཤར་མར་ཁ་པར་དུ་བྲིས།

                   རྡོ་རྗེའི་དམ་ཚིག་དགུ་སྒྲིལ་མ།

                           ———ངའི་འདང་བརྩེའི་བདག་ཉིད་ཅན་གང་ལ།  

མགྲིན་གཅིག་ངུ་ངག་དབྱངས་རྟ་མ་བསྒྲགས་ཀྱང་།།
ལས་གཅིག་འཕྲད་པའི་མཇལ་འཛོམས་དེས་རྐྱེན་གྱིས།།
ཚེ་གཅིག་འགྲོགས་པའི་གཏན་འདུན་སྨོན་ལམ་དེ།།
ཐེངས་གཅིག་མིན་པར་སྙིང་ནས་ཞུས་ཡོད་ལགས།།
རྐང་གཉིས་མི་ཡི་གཙོ་བོ་བཞུགས་ཀྱང་རུང་།།
དོན་གཉིས་ཁུར་ཁྱེར་བླ་དཔོན་འགྱིང་ན་ཡང་།།
བརྒྱད་གཉིས་ལང་ཚོའི་གར་གྱི་སྟངས་སྟབས་དེས།།
ཡིད་གཉིས་སོམ་ཉི་བྲལ་བར་དྲངས་འགྲོ་འོ།།
མཆོག་གསུམ་སྐྱབས་གནས་བསླུ་མེད་དབེན་ན་ཡང་།།
ཚིག་གསུམ་སེམས་ཀྱི་འཁྲི་ཤིང་དེ་བརྟན་ན།།
གོམ་གསུམ་སྤོ་བའི་གཤེད་མའི་ལྕགས་སྒྲོག་དེ།།
འཁོར་གསུམ་མཚོན་གྱིས་བཅོམ་པ་སོར་མོའི་རྩེ།།
སྡེ་བཞིའི་ཕུན་ཚོགས་འཛད་མེད་ལོངས་སྤྱོད་དང་།།
གླིང་བཞིའི་ལྷུན་པོའི་རྔམ་བརྗིད་མི་འཛོམས་ཀྱང་།།
སྤུན་བཞིའི་མཛའ་མཐུན་རྣམ་ཐར་བསྐྱངས་གྱུར་ན།།
དུས་བཞིའི་མཚར་སྡུག་དཔེ་རིས་སྙུག་གུའི་དབང་།།
དབང་ལྔ་སྐྱེ་མཆེད་ཇི་ལྟར་མི་སྡུག་ཀྱང་།།
དོན་ལྔ་བྲུས་ཤིང་དམར་མཆོད་བགྱི་དགོས་ཀྱང་།།
སྣ་ལྔ་མདངས་ཀྱི་བརྩེ་བའི་འཇའ་ཚོན་དེ།།
རྩེ་ལྔ་རྡོ་རྗེའི་རི་བོར་སྤྲོ་ལ་རངས།།
རྩལ་དྲུག་དཔའ་གདེང་སྤོབས་པ་མི་མངའ་ཡང་།།
བཟང་དྲུག་རོ་བྲོ་བཞིན་གྱི་གཞུངས་རྒྱུད་ཀྱིས།།
ཡིག་དྲུག་མ་ཎིའི་ཕྱག་ཕྲེང་བགྲང་བ་ལྟར།།
དུས་དྲུག་ནམ་ཞར་ཀུན་ཏུ་སེམས་རྟེན་ཡིན།།
དབྱངས་བདུན་རིག་བྱེད་རྫོགས་པའི་སྐད་ངག་དང་།།
སྨེ་བདུན་སྐར་མའི་བཀྲག་མདངས་གཟི་འོད་དང་།།
ཆ་བདུན་ནོར་བུའི་རིན་ཐང་བྲལ་ན་ཡང་།།
ཉིན་བདུན་གཟའ་རེའི་དྲན་ཤིང་འདི་ལས་ལྷག།
འདབ་བརྒྱད་པདྨའི་དུངས་སེམས་བཞད་གྱུར་ན།།
རྟགས་བརྒྱད་བཀྲ་ཤིས་རང་བྱུང་ལྷུན་ཆགས་སམ།།
ང་བརྒྱད་དུས་ཀྱི་འཐོར་རླུང་ཆེར་དྲག་ནས།།
སྡེ་བརྒྱད་ལྷ་སྲིན་འཁྲུག་ཀྱང་རྣ་རྒྱབ་ལྷགས།།
ཡོད་དགུ་རྩལ་སྤྲུགས་ཁྱེད་ལ་བསྟབས་སྤོབས་ན།།
སྐྱེ་དགུ་བདག་འགྱུར་ཁྱེད་ཀྱང་ཚུལ་འཆོས་ཀྱི།།
ཁུག་དགུའི་མདུད་པ་ནག་པོ་བཤིག་ནས་ཀྱང་།།
འདོད་དགུ་ང་ལ་སྩོལ་བའི་དམ་བཅའ་ཞོག།

                             2016.2.17
                     འབའ་ཐང་ལུ་གུའི་རྩེད་ཐང་དུ།

ཁོས་དེ་མུར་ཁྱེའུ་འཕྲིན་གྱི་རྒྱབ་ལྗོངས་སུ་སྤེལ་བ་ན།Tiramisuཡིས་བཀླགས་ཟིན་པ་མ་ཟད་མཐེ་བོང་ཡང་བསྟན་པས།ཁོ་དགའ་དྲགས་ནས་རྐང་རྗེན་ངང་ཆར་བའི་ཁྲོད་གནམ་ལྡིང་ས་ལྡིང་བྱས་མྱོང་།

"དིར་རི་རི"ཁ་པར་ལ་ཡང་བསྐྱར་འདར་བརྡ་ཞིག་གྲག་བྱུང་།

ལོ་མས་ཡང་བསྐྱར་ཁྱེའུ་འཕྲིན་ནང་དུ་བལྟས་དུས།ཉིན་གུང་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀར་སླེབས་ཟིན་པ་དང་དྲ་མིང་དུ་མུན་སེལ་ཟེར་བ་ཞིག་གིས"མྱུར་དུ་ཤོག  ཟ་མ་བླངས་ཟིན།"ཞེས་པ་བསྐུར་འདུག་པས།ལོ་མས་རང་གི་མཛའ་མོ་ནོར་མཚོ་ཡིན་པ་ཤེས་ནས།ལུས་ཀྱི་རྡུལ་དག་པར་སྤྲུགས་པ་དང་དཔེ་ཁུག་འཁུར་ནས་ཟ་ཁང་ཕྱོགས་སུ་བསྐྱོད་སོང་།ཟ་ཁང་གི་དྲི་བསུང་ཞིམ་པོ་དེས་ཁོས་ད་སོ་མ་ཕྱིར་དྲན་བྱས་པའི་འདས་དོན་ཡོད་ཚད་བརྗེད་ཆུ་བླུད་པ་ཇི་བཞིན་གཏིང་བརྗེད་དུ་གྱུར་སོང་།ཐ་ནTiramisuཟེར་བའི་མིང་དེ་ཡང……

                                                                                 2017.7.3~8བར་ལ་བྲིས།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕྱིར་མི་ལྡོག་པའི་ལོ་ཟླ།

2017-07-13 གཡུ་ལུང་གཡུང་དྲུང་འབུམ།(གཙོས)) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།