དགའ་ལྡན་ལྔ་མཆོད་དང་ཤ

འཁྱམ་རུ་གནམ་ལྷ་རྒྱལ།(པེ་ཅིང) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2017-12-15

ཁོས་ང་ལ་དེ་རིང་ཤ་ཨེ་ཟོས་ཞེས་དྲིས།   ངས་ཁོ་ལ་འདི་ལྟར་བརྗོད་པ་ཡིན།  ང་ཚོས་དྲོས་ཇ་འཐུང་སྐབས། ངས་སྔོ་ཚལ་ནང་གི་ཤ་རྡོག་དེ་དག་རེ་རེ་བཞིན་སོ་བར་ལ་བླངས་ཏེ་ལྡོད་ཙམ་ལྡོད་ཙམ་བྱས་ཤིང་།  མིད་རན་ལ་མ་སླེབས་གོང་དུ་ལ་ལ་ཞིག་མིད་དགོས་བྱུང་སོང་།  སྐབས་དེར་ངའི་ཉེ་གམ་ན་ལས་གྲོགས་འགའ་ཡང་ང་ནང་བཞིན་མགོ་བོ་བསྒུར་ཏེ་བཟའ་བཏུང་ལ་བྲེལ་བཞིན་འདུག  འོན་ཀྱང་།  ངའི་མདུན་ཐད་དུ་ཙོག་པའི་ལས་གྲོགས་སྨྲ་ར་ཅན་དེས་སྐབས་རེར་ང་ལ་ཁ་བརྡ་རེ་བྱེད་པ་དང་། ལན་རེར་གཡས་གཡོན་གྱི་ལས་གྲོགས་དེ་ཚོར་ལྟ་ཙམ་བྱས་རྗེས་སླར་ཡང་ཐུར་མའི་བར་གྱི་སྔོ་ཚོད་དེ་རང་གི་སོ་བར་ལ་བཞག་ནས་ཡུད་ཙམ་ལ་བལྡད་ནས་འདུག  དེའི་དུས་ལས་གྲོགས་སྨྲ་ར་ཅན་དེའི་སེམས་སུ་ཅི་ཞིག་དྲན་གྱིན་ཡོད་པ་ངས་བསམ་བློ་མ་བཏང་།  ཞིབ་ཕྲ་བཤད་ན་འདི་འདྲ་ཞིག་རེད།  ད་ནངས་ཞོགས་པ་མལ་ལས་ལངས་དུས།  ངས་དམིགས་བརྩེ་མ་ཚར་འགའ་བཏོན་པ་ཡིན་མོད།  དེའང་དད་པ་དག་སྣང་གིས་བཏོན་ཡོད་མེད་དྲན་རྒྱུ་མི་འདུག  ཡིན་ཡང་དེ་རིང་ཤ་ཟ་མི་རུང་བ་ཡིད་ལ་འཁོར་བས་ནངས་ཇ་རྩམ་ཆིངས་འགའ་ཡིས་ལྟོ་བཅོས་རྗེས། རྒྱབ་ཁུག་ཁུར་ཏེ་ལས་ཁུངས་ཕྱོགས་སུ་གོམ་ཁ་བསྒྱུར་བ་ཡིན། ལམ་བར་དུ་སྐད་འཕྲིན་གྱི་བར་སྟོང་ལ་འཁྱུག་ཙམ་བལྟས་པ་ན། ཨ། བོད་མདོ་དབུས་ཁམས་གསུམ་གྱི་སྐྱ་སེར་ཕོ་མོ་ཀུན་གྱིས་དགའ་ལྡན་ལྔ་མཆོད་དང་འབྲེལ་ཡོད་ཀྱི་འདྲ་པར་དང་གསུང་ཆོས་མང་པོ་ཞིག་སྤེལ་བཞིན་འདུག   དེ་དག་ལས་མང་ཆེ་བ་ནི་དམིགས་བརྩེ་མ་རེད།  དྲ་གྲོགས་ལ་ལས་ད་དུང་གསལ་བཤད་ཀྱི་ཚུལ་དུ་དམིགས་བརྩེ་མ་ཐད་ཀར་བསྐུར་ན་གཞན་གྱིས་མཐོང་ཐུབ་ཀྱིན་མི་འདུག་ཟེར་ནས་རང་གིས་བསྐུར་བ་དེ་སླར་ཡང་པར་དུ་བསྐྱོན་ནས་བསྐུར་གྱིན་འདུག  དེ་ལྟར་བསྐུར་ན་ད་གཟོད་གཞན་གྱིས་མཐོང་ཐུབ་པས་བསྐུར་བ་བོའི་བློ་ཡང་བདེ་ཕྱམ་མེར་སོང་ཡོད་ངེས།  གལ་སྲིད་རང་གིས་བསྐུར་བ་དེ་གཞན་གྱིས་ཅིས་ཀྱང་མཐོང་མ་ཐུབ་པར་གྱུར་ཚེ་རང་གི་བསམ་འདུན་གང་ཞིག་མཚོན་ཐུབ་ཀྱི་མེད་པ་འདྲ།   དེའང་ཅི་ཁག་ཨང་།  དེ་རིང་ནི་སྤྱིར་བཏང་གི་ཉིན་མོ་ཞིག་ག་ལ་ཡིན།  ངས་དབུགས་ངལ་ཞིག་གསོ་སྐབས།   ཁོས་ཡང་བསྐྱར་དུ་བ་ཞིག་ལ་མེ་བསྒོས་ནས་མུ་མཐུད་དུ་ང་ལ་ཉན་ནས་འདུག   སྔ་དྲོ།  ངས་ཀྱང་ཤ་མི་ཟ་མི་ཟ་ཟེར་བཞིན་གཞུང་སྒྲུབ་ཁང་དུ་བསླེབས། ནམ་རྒྱུན་སྤྱང་ཀི་བཞིན་ཤ་ལ་རྔམ་པའི་ངས་ནི་དགའ་ལྡན་ལྔ་མཆོད་ཀྱི་ཉིན་མོར་དཀར་ཟས་ལ་རོལ་བ་ཡིན་ན། མ་མཐའ་ཡང་རང་ཉིད་ལ་མཚོན་ན་དགེ་བའི་ལས་ཤིག་བསྒྲུབས་པ་ཅི་ལ་མིན།  ཡིན་ཡང་།  ཞིབ་ཏུ་བསམ་བློ་ཞིག་བཏང་ཚེ། ངས་ནམ་རྒྱུན་ཤ་ཟ་བཞིན་ཡོད་མོད།  དེ་རིང་ཉིན་གཅིག་པོ་འདི་ལ་ཤ་མ་ཟོས་པ་ཡིན་ན།  ཁ་སང་གི་ང་དང་དེ་རིང་གི་ང་། སང་ཉིན་གྱི་ང་གསུམ་གྱི་བར་ལ་ཁྱད་པར་ག་འདྲ་ཞིག་འབྱུང་གི་ཡོད་དམ།  ཁྱོད་ཀྱིས་ཤོད་དང་།   དེ་ངས་ངོ་མ་ཧ་གོ་ཡི་མི་འདུག  ངས་ཤ་མི་ཟ་ཞེས་པའི་དམ་བཅའ་དེའང་མཐར་གཏུགས་ན་དད་པ་ཞིག་ལ་རག་ལས་བདོག  ཡིན་ཡང་།  དད་པ་ཟེར་བ་དེ་ཧ་ཅང་རྙོག་འཛིང་ཞིག་རེད།  སྐབས་རེར་མཐའ་གཅིག་ཏུ་དད་པའི་དབང་དུ་སོང་ཚེ་དམིགས་ཡུལ་དང་རྒྱུ་མཚན་གང་ཡང་འཆད་རྒྱུ་མི་འདུག་ལ།  འཆད་ཀྱང་མི་རུང་བའི་ཚོར་སྣང་སྟེར། དད་པ་ཞེས་པ་དེ་གཏོས་ཆེ་བ་ཞིག་རེད།  གཏིང་ཟབ་པ་ཞིག་རེད། རྟོགས་དཀའ་བ་ཞིག་རེད།  ཡིན་ཡང་སྐབས་རེར།  སྐྱི་གཡའ་བ་ཞིག་ཀྱང་ཡིན་ཚོད་གདའ།  ཚོད་ཚོད་ལ་དད་པའི་དབང་གིས་རང་ཉིད་བོར་འགྲོ་གི་འདུག  སྐབས་སྐབས་ལ་དད་པའི་དབང་གིས་རང་ཉིད་བརླག་འགྲོ་གི་འདུག    ངས་འདི་ལྟར་བཤད་མ་ཐག  ཁོས་བདེན་པའི་ཚུལ་དུ་མགོ་ལྕོག་ལྡེམ་ལྡེམ་བྱེད་ཅིང་།  གདོང་གི་རྣམ་འགྱུར་ལ་བལྟས་ན་མུ་མཐུད་དུ་ཤོད་དང་ཟེར་བཞིན་ཡོད་པ་འདྲ།   ངས་སྔོ་ཚལ་ནང་གི་ཤ་རྡོག་དེ་དག་མ་ཟོས་པའི་སྔོན་ཏག་ཏག་ལ།  གཞུང་སྒྲུབ་ཁང་དུ་ལག་སྣེའི་བྱ་བ་ཙག་ཙིག་ཅིག་མ་འགྲུབ་པར་བསྡད་ཡོད།  སྐབས་དེར་ལས་གྲོགས་སྨྲ་ར་ཅན་དེ་ངའི་གཞུང་སྒྲུབ་ཁང་དུ་ཡོང་ནས“འགྲོ། ཁ་ལག་ཟ་གི་འགྲོ།  དུས་ཚོད་བཅུ་གཉིས་གཟིར་འདུག”ཟེར།  ངས་འཕྲལ་མར་གློག་ཀླད་མར་གཤམ་དུ་འཆར་བའི་དུས་ཚོད་ལ་བལྟས་པར་ལས་གྲོགས་དེའི་བཤད་པ་ཏན་ཏན་རེད། ནམ་རྒྱུན་དུས་ཚོད་བཅུ་གཅིག་དང་ཕྱེད་ཀའི་སྟེང་ཟ་ཁང་གི་སྒོ་འབྱེད་པ་དང་། ལས་གྲོགས་གཞན་དག་ནི་དུས་ལྟར་ཟ་ཁང་དུ་སོང་ནས་གྲལ་བསྒྲིགས་ཏེ་ཚལ་རིགས་སྣ་ཚོགས་ཅི་འདོད་དུ་བདམས་ནས་ཟོས་ཆོག  ལས་གྲོགས་དེས་སྒོ་འགྲམ་དུ་ང་ལ་སྒུག་འདུག་པས་ངས་ཀྱང་ལས་མཚམས་བཞག་སྟེ་ཁོ་དང་མཉམ་དུ་ཟ་ཁང་ཕྱོགས་སུ་ཆས་པ་ཡིན། ང་ཚོའི་གཞུང་སྒྲུབ་ཁང་ནི་ལྔ་ཐོག་ཡིན་ལ་ཟ་ཁང་ནི་སུམ་ཐོག་ན་ཡོད། ངེད་གཉིས་ཟ་ཁང་དུ་སླེབ་དུས་རྒྱ་མི་ལས་གྲོགས་མང་ཤོས་ཤིག་ཟ་མ་ཟོས་ཚར་ཏེ་འགྲོ་གྲབས་འདུག  བོད་པ་སྐོར་ཅིག་ད་དུང་ཅོག་ཙེ་གཅིག་གི་སྒང་ལ་ཁ་གཏད་དུ་ཙོག་ནས་དལ་ལྷོད་ལྷོད་སྒོས་ཁ་ལག་ཟ་བཞིན་མཆི།  ངེད་གཉིས་ང་སྔོན་དང་ཁོ་རྗེས་སུ་འབྲངས་ནས་རང་རང་གི་འདོད་མོས་ལྟར་ཚལ་རིགས་འགའ་ལྕགས་སྡེར་ཁུགས་ལ་བླངས། ངས་ལུག་ཤ་དང་བསྡེབས་པའི་ཚལ་རིགས་དེ་དང་ད་དུང་ཚལ་རིགས་གཞན་འགའ་བཅུས་པ་དང་།  ཞོར་དུ་འབྲས་དཀར་ཡོལ་གང་དང་འོ་ཇ་དཀར་ཡོལ་གང་ཁྱེར་ནས་བོད་རིགས་ལས་གྲོགས་དེ་དག་གི་ལོགས་སུ་བསྡད།  ངས་ཁོ་ཚོས་ཚལ་རིགས་གང་དང་ཅི་ཞིག་བཟའ་བཞིན་ཡོད་པ་དོ་སྣང་མ་བྱས་ལ།  ལས་གྲོགས་སྨྲ་ར་ཅན་དེས་ཚལ་རིགས་ཅི་དང་གང་ཞིག་བླངས་ཡོད་པའང་ཆ་འཇོག་མ་བྱུང་།  སྐབས་དེར།  ངའི་སེམས་སུ་ཁ་སང་དེ་རིང་གི་བྱ་བ་ཙག་ཙིག་དེ་དག་ཇི་ལྟར་འགྲུབ་དགོས་པར་བསམ་བློ་གཏོང་གི་ཡོད་པས།  རང་ཉིད་ཀྱིས་གང་ཞིག་ཟ་བཞིན་ཡོད་པའང་མཉམ་མ་བཞག  ངས་འདི་ལྟར་བཤད་མ་ཐག   ཁོས་ངའི་སྐད་ཆར་ཉན་ནས་དབང་མེད་དུ་དགོད་ཁ་ཤོར་སོང་།  འོན་ཀྱང་།  ངས་མུ་མཐུད་དུ་ཁོ་ལ་འདི་ལྟར་བརྗོད།  ཁྱོད་ཀྱིས་ཤེས་སམ།  དགོད་བྲོ་ལ་ངུ་སྐྱེན་པ་ཞིག་ནི།  ང་ཚོས་ཟ་མ་ཟོས་ཚར་ལ་ཉེ་སྐབས།  ངའི་མདུན་ཐད་དུ་ཙོག་པའི་ལས་གྲོགས་སྨྲ་ར་ཅན་དེས་ཅི་མི་སྙམ་པར་གདོང་ལ་འཛུམ་ཞིག་བཏོད་ནས། “དེ་རིང་དགའ་ལྡན་ལྔ་མཆོད་རེད། ང་རང་དཀར་ཟས་ལ་རོལ་གི་ཡོད”ཟེར།  དེའི་དུས།  ང་ད་གཟོད་དྲན་པ་སོས་ཏེ་གཡས་གཡོན་དུ་ལྟ་ཙམ་བྱས་པར།  རང་གིས་ནི་ལུག་ཤ་དང་བསྡེབས་པའི་སྔོ་ཚལ་དེ་ཡོངས་སུ་ཟོས་ཚར་ཡོད་ལ།  ཉེ་གམ་གྱི་ལས་གྲོགས་དེ་ཚོས་ཀྱང་ལུག་ཤ་བྱ་ཤ་ཕག་ཤ་ཅི་རིགས་སྔ་མོ་ནས་ཟོས་ཚར་འདུག  ལས་གྲོགས་སྨྲ་ར་ཅན་དེའི་སྐད་ཆ་དེ་ཐོས་འཕྲལ།  ཉེ་གམ་གྱི་གཟུགས་པོ་ཅུང་རྒྱགས་པོ་ཆགས་འདུག་པའི་བུད་མེད་དེས“ཨ། བདེན་ཨང་། ངས་ཅི་ལ་བརྗེད་སོང་བ་ཡིན་ནམ”ཞེས་རང་ཉིད་ལ་འཁང་ར་བྱེད་འགོ་བརྩམས་བྱུང་།  དེར་མཐུད་ནས་ལས་གྲོགས་གཞན་ཞིག་གིས་ཀྱང“ཧ་ཧ།  ངས་ཀྱང་བརྗེད་འདུག  ཡ་མཚན་པ་ལ། ཟ་ཁང་དུ་ཡོང་སྐབས་ངས་ད་དུང་རང་ལ་ཤ་ཟ་མི་རུང་ཞེས་གསལ་འདེབས་བྱས་མོད…..ཨ། ང་འདི་ད། ཨོཾ་མ་ཎི་པདྨེ་ཧྲུཾ”ཞེས་འགྱོད་བཤགས་བྱེད་ཀྱིན་འདུག  ང་རང་ཡང་ཅུང་དོགས་མ་བདེ་བར་གྱུར་ཏེ་ཅི་ཞིག་ལ་འདང་རྒྱག་དགོས་བྱུང་། སེམས་སུ་ཉེས་པ་གང་ཞིག་བསགས་སོང་བའི་ཉམས་སྣང་ཞིག་ཀྱང་ཐོལ་གྱིས་འཕྱུར།  ཡིན་ཡང་།  ངས་ཅིས་ཀྱང་འདང་མི་དཔོག་པ་ནི་སྔོན་ཏག་ཏག་ལ་ངས་ལུག་ཤ་དང་བསྡེབས་པའི་སྔོ་ཚལ་དེ་དག་ལེན་སྐབས།  ལས་གྲོགས་སྨྲ་ར་ཅན་དེས་མཐོང་ཡོད་དམ་མེད་པ་དེ་རེད།   གང་ལྟར་ཡང་།  ད་ནི་ཟོས་ཚར།  འགྱོད་བཤགས་བྱས་ཀྱང་ཅི་ཕན།  ངས་ཁ་རོག་གེར་རང་ལ་དེ་ལྟར་སྨྲས་ཤིང་གན་གྱི་ལས་གྲོགས་དེ་ཚོར་ཡང་དེ་ལྟར་ལབ་རྩིས་བྱེད་དུས།  ངའི་མདུན་ཐད་ཀྱི་ལས་གྲོགས་སྨྲ་ར་ཅན་དེས་སླར་ཡང“ངས་དེ་རིང་ཤ་མ་ཟོས”ཞེས་བརྗོད་བྱུང་།  ཁྱོད་ཀྱིས་ཤེས་སམ།  ལས་གྲོགས་སྨྲ་ར་ཅན་དེས་དེ་ལྟར་ཟེར་དུས་གདོང་ལ་ནང་དོན་གྱིས་ཕྱུག་པའི་འཛུམ་གྱིས་ཁེངས་འདུག  ང་འཛུམ་དེའི་རིགས་ལ་གཏན་ནས་དགའ་བོ་མེད།   ང་རེ་ཞིག་ཁ་རོག་གེར་བསྡད།   ཁོས་ཀྱང་ཅུང་ཡིད་ཆད་པའི་ཚུལ་གྱིས་མགོ་བོ་འཕྲེད་དུ་གཡུགས་ཙམ་བྱེད།   དེ་ནས་ཆང་ཕོར་ཡར་བཀྱགས་ནས་ཧུབ་གང་བཏུང་རྗེས་སྔར་བཞིན་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་ཞིག་བསྟན་ཏེ་ཡ། དེ་ནས།  མུ་མཐུད་དུ་ཤོད་དང་ཟེར།   རེད་དེ།  དེ་རིང་ནི་དགའ་ལྡན་ལྔ་མཆོད་ཀྱི་ཉིན་མོ་རེད།  འོན་ཀྱང་།  དགའ་ལྡན་ལྔ་མཆོད་དང་ཤ་གཉིས་བར་དུ་འབྲེལ་བ་ག་འདྲ་ཞིག་མཆིས་སམ། ང་རང་རྗེ་རིན་པོ་ཆེའི་རྣམ་ཐར་མཇལ་དུས་ནི་སློབ་ཆེན་ལོ་རིམ་གསུམ་པའི་སྐབས་སུ་ཡིན། དེ་དུས་རྣམ་ཐར་དད་པའི་འཇུག་ངོགས་ཚར་གཅིག་བཀླགས་རྗེས། ང་ལ་ཤ་ཟ་མི་རུང་བའི་ངེས་ཤེས་ཤིག་སྐྱེས་མ་བྱུང་། དགེ་བའི་བཤེས་གཉེན་གྲགས་པ་འབྱུང་གནས་ལགས་ཀྱིས་ང་ཚོར་བུམ་པ་གང་བྱོའི་ཚུལ་དུ་རྗེའི་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པ་ཁྲིད་སྐབས་ཀྱང་།  འོ། སླད་ཕྱིན་ཤ་ཟ་མི་རུང་སྙམ་པའི་བློ་ཞིག་ཀྱང་ཤར་མ་མྱོང་།  ཡིན་ཡང་།  ལོ་རེའི་དགའ་ལྡན་ལྔ་མཆོད་ཀྱི་ཉིན་མོར། བོད་པ་མང་པོ་ཞིག་ནི་དཀར་ཟས་ལ་རོལ་ཞིང་རང་གི་ཉེ་འཁོར་གྱི་མི་ལ་ཡང་དཀར་ཟས་རོལ་བར་སྐུལ་མ་བྱེད།  དེ་ལ་མི་འགྲིག་རྒྱུ་ཅི་ཡང་མེད་དེ། དཀར་ཟས་ལ་རོལ་བ་དེ་ཡང་དད་པ་བྱེད་སྟངས་ཤིག་རེད།  དགེ་བ་སྒྲུབ་སྟངས་ཤིག་རེད།   འོན་ཀྱང་།  མགོ་ནག་བོད་པ་ཟེར་བའི་མི་རིགས་འདི་ལ་སྐབས་རེར་རང་ཚུགས་ཡེ་མི་འདུག  ཁོ་ཚོའི་བྱ་སྤྱོད་ལ་ལན་རེར་འགལ་ཟླ་མང་པོ་འདུག  བྱ་སྤྱོད་ལ་ལ་ཞིག་ལོག་སྤྱོད་ཁོ་ན་རེད།  ཁོ་ཚོའི་དད་པ་ལ་མཚམས་རེར་འགལ་ཟླ་མང་པོ་འདུག  དད་པ་ལ་ལ་ཞིག་ཨ་གསར་ཤ་སྟག་རེད།  ངས་རང་རློམ་དང་བཅས་འདི་ལྟར་བཤད་རྗེས་ལན་ཀྲུ་རྟགས་ཅན་གྱི་ཐ་མག་རྐང་གཅིག་བླངས་ཏེ་མེར་བསྒོས།   ཁོས་ངས་བཤད་པའི་སྐད་ཆ་ལ་མོས་མཐུན་ཡོད་པའི་ཚུལ་དུ་མགོ་བོ་ནང་དུ་བཀུག་སྟེ་མཐེ་བོང་བསྒྲེངས་ཞོར་ངོ་མ་བདེན་པ་རེད་ངོ་མ་བདེན་པ་རེད་ཟེར།    ངས་མུ་མཐུད་དུ་བཤད་འགོ་བརྩམས།   ངས་དྲང་མོར་བཤད་པ་ཡིན།  དེས་མི་ཚད་པར་ད་དུང་ལས་རྒྱུ་འབྲས་བརྩི་དགོས་ཟེར་བཞིན་དུ་བརྩི་གི་མི་འདུག  ཆེ་རྒན་པ་བཀུར་དགོས་ཟེར་བཞིན་དུ་བཀུར་མཁན་མི་འདུག  ཨ---  རྡོག་རྩ་གཅིག་སྒྲིལ་ཟེར་བཞིན་དུ་ནང་དམེ་འབྱུང་གི་འདུག  མ་ཎི་པདྨེ་ཟེར་བཞིན་དུ་སྲོག་ཆགས་དུད་འགྲོའི་མཆུ་ལུ་སྡོམ་གྱིན་འདུག  ཉེས་པ་གང་ཞིག་བསགས་ཚེ་མ་ཤེས་པ་ལ་ཉེས་པ་མེད་ཟེར།  ཧིན་ཧིན།  ད་རུང་ཕ་སྐད་ཕ་སྐད་ཟེར་བཞིན་དུ་རང་གི་བུ་ཕྲུག་གིས་རང་སྐད་རྨང་ནས་དོར་ཡང་གུ་ཡངས་གནང་གི་འདུག   ལ་རྒྱ་ལ་རྒྱ་ཟེར་བཞིན་དུ་རང་གི་མགོ་ལ་གཞན་གྱིས་རྐང་པ་བཙུགས་ཀྱང་བཟོད་བསྲན་གནང་གི་འདུག  ཨ།   ཁྱོད་ཀྱིས་བལྟས་ན་དེ་འདྲ་ཞིག་རེད་དམ།  ངས་ཧ་ཅང་ཡི་མ་རངས་པའི་ཚུལ་དུ་ཁོ་ལ་དེ་ལྟར་དྲིས་པར།  ཁོས་སླར་ཡང་ཆང་ཕོར་ཡར་བཀྱགས་ཏེ་རང་འགུལ་གྱིས་གཙང་བཞེས་གནང་རྗེས་ང་ལ་བསྟོད་པའི་མཐེ་བོང་བསྒྲེངས་བྱུང་།   ངས་ཀྱང་ཆང་ཕོར་ཡར་བཀྱགས་ནས་ཁོ་ལ“ཁྱོད་ཀྱིས་དེ་ལྟར་མཐེ་བོང་བསྒྲེངས་མི་དགོས།  གོང་དུ་བརྗོད་པ་དེ་དག་ང་རང་གི་བསམ་ཚུལ་ཙམ་ཡིན།  ཁྱོད་ཀྱིས་ཉན་པར་བཀའ་དྲིན་ཆེ”ཞེས་བརྗོད་རྗེས་ཝུ་ཆང་ཕོར་བ་གང་དེ་གཙང་བཞེས་གནང་བ་ཡིན།   དེའི་དུས།   ངེད་གཉིས་ཀྱིས་ཝུ་ཆང་དམ་བེ་ཉི་ཤུ་བཏུང་ཟིན།  ཁོས་ང་ལ་ད་དུང་འཐུང་ངམ་ཞེས་དྲིས།  ངས་སྐད་གསེང་མཐོན་པོས་སྦྱིན་བདག་མ་ལ“ཝེ།  སྦྱིན་བདག་མ།  ད་རུང་ཝུ་ཆང་དམ་བེ་བཅུ་ཁྱེར་ཤོག”ཅེས་བཤད་པར།   སྦྱིན་བདག་མ་ག་ལེར་ཚུར་འོང་སྟེ།  “སྐུ་ཞབས་ལགས།  དགོངས་པ་མ་ཚོམས།  ད་ནི་ནམ་གུང་ཆུ་ཚོད་གཉིས་ལ་སླེབ་ཉར་འདུག  ང་ཚོས་ཀྱང་ཅུང་ཙམ་ནས་ངལ་གསོ་དགོས”ཞེས་གུས་ཉམས་དང་བཅས་སྨྲས་བྱུང་།  ཁོས་ང་ལ“ད་ཁྱོད་བཟི་འདུག  འུ་གཉིས་ཕྱིར་ལོག་ན་ག་འདྲ”ཞེས་དྲིས།  ངས“མིན།  ང་བཟི་མེད། འུ་གཉིས་ས་ཆ་གཞན་ཞིག་ལ་འགྲོ་མུ་མཐུད་དུ་འཐུང་”ཞེས་བརྗོད།

                                            ༢༠༡༧ལོའི་ཟླ་༡༢པའི་ཚེས་༡༣ཉིན།

རྩོམ་སྒྲིག་པ། གངས་དགའ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དགའ་ལྡན་ལྔ་མཆོད་དང་ཤ

2017-12-15 འཁྱམ་རུ་གནམ་ལྷ་རྒྱལ།(པེ་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།