རྨི་ལམ།(ཞར་བཀོད་གཅིག་ཡོད)

ད་ནངས་ཡར་ལངས་བ་ནས་ངས་མདང་ནུབ་རྨིས་བའི་རྨི་ལམ་དག་ལ་འདང་བརྒྱབ་པ་ཡིན། སྔོན་ཆད་མཐོང་ཡུལ་ལ་ཡོང་མ་མྱོང་བའི་མི་ཞིག་གིས་ངས་མིང་གིས་ཡང་ཡང་བོས་ནས་ལོ་གསར་བ་ཚེས་སོང་བས་དོ་ནུབ་ཆང་ཅུང་ཙམ་འཐུང་ཟེར། ངེད་གཉིས་ཀྱིས་མཉམ་དུ་ཆང་མང་པོ་ཞིག་མཐོང་མོད་ཁ་བརྡ་གང་ཡང་བྱས་མ་སོང་། ཁོས་ང་ལ་ཡང་ནས་ཡང་དུ་སྐད་ཆ་བཤད་འདང་བྱས་མོད་ཆང་ཁང་གི་སྒྲ་ཆེ་སོང་བས་ཅི་ཡང་བཤད་ཐུབ་མ་སོང་། གང་ལྟར་རྨི་ལམ་དེ་དེ་ལྟར་མཇུག་རྫོགས་སོང་།  དེ་རིང་གཉིད་ལས་སད་དུས་ང་ད་དུང་བཟི་འདུག

ཡ་མཚར་ཞིག་ལ་ཆུང་མས་ཅི་ཡང་ཚོར་མི་འདུག ཁོ་མོ་རྒྱུན་ལྡན་ལྟར་གཉིད་ལས་སད་མ་ཐག་དེ་མུར་ཡར་ལངས་ནས་སོ་འཁྲུད་ཅིང་མེ་ལོང་མདུན་ནས་སྐར་མ་བཅུ་ཡས་མས་ཞིག་འགོར་སོང་དེ་དག་ཚར་རྗེས་གཟོད་ནས་ཁ་ཧྥེ་ཞིག་འཐུང་ཞོར་སྙན་ངག་ཅིག་ཀློག་མགོ་བརྩམས་སོང་། ཁོ་མོའི་ཉིན་རེར་སྙན་ངག་ཅིག་མ་གཏོགས་མི་ཀློགས་མོད་སྙན་ངག་དེ་ཁོ་ནའི་ཉིན་གང་བོའི་ཆུ་ཚོད་མང་ཆེ་བ་ཁྱེར་ཡོད།  ཁོ་མོ་དང་བསྡུར་ན་ང་ལ་བྱ་བ་ཉག་ཉོག་མང་པོ་ཞིག་བསྒྲུབས་རྒྱུ་ཡོད།   དེས་རྐྱེན་པས་དོན་དུ་ང་བཟི་ཡོད་པ་ཁོ་མོས་ཚོར་སོང་ཡང་དེར་ཧ་ལས་བ་གང་ཡང་མི་འདུག སྤྱིར་ན་ངས་རྨི་ལམ་དེ་ཁོ་མོར་བཤད་རྩིས་ཡོད་མོད་ཉིན་དེར་ཕྱི་རོལ་འགྲོ་བར་ཅུང་འཚུབ་ཆ་ལངས་ནས་ཡོད་པས་ངས་ཀྱང་ངག་སྒོ་བསྡམས་པ་ཡིན།  

དོན་དུ་ངས་སྐད་ཆས་མི་གཞན་ལ་བརྡ་འཕྲོད་ཀྱིན་ཡོད་དམ། ངས་རྐང་བ་ཟུང་ཁང་བ་འདིའི་ནང་མ་གཏོགས་ཐག་རིང་པོར་སོང་མྱོང་མེད་མོད་ཀླད་པའི་ནང་ཡུལ་སྐོར་ལ་འགྲོ་འདོད་ཀྱི་འཆར་གཞི་མང་པོ་ཡོད་མྱོང་། མ་ཟད་ངས་རང་གི་ཆུང་མ་ལ་ཡང་དོན་འདི་ཐེངས་མང་གླེང་མྱོང། ཁོ་མོའི་ཀྱང་ང་ལ་མི་ཆོག་ཟེར་མ་མྱོང་བ་འདྲ། ཡིན་ཡང་ངརང་གནས་གཞན་གང་ལ་ཡང་ཐོན་མ་མྱོང་། ངས་ཉིན་རེ་ནས་ཉིན་རེར་རང་གིས་རང་ལ་དོགས་པ་ཟ་བཞིན་ཡོད། དེའི་རྒྱུ་མཚན་ཧ་ཅང་སླ་མོད། མི་གཞན་པའི་ང་ལ་ཡིད་ཆེས་བྱ་ཡི་མི་འདུག མཐའ་ན་སྨན་པས་ཀྱང་ང་ལ་ནད་རྟགས་གང་ཡང་མི་འདུག་ཟེར། ཡིན་ཡང་། ངས་རང་ཉིད་ན་བཞིན་པ་ཚོར་གྱིན་འདུག མདང་གི་རྨི་ལམ་དེས་ང་ལ་ལྷག་དུ་དོགས་གཞི་ཆེན་པོ་ཞིག་བྱིན་སོང་།

མུན་རུབ་ལ་ཉེ་དུས། ཆུང་མ་ཕྱིར་སླེབས་བྱུང་། ངེད་གཉིས་ཀྱིས་མཉམ་དུ་ཟ་མ་ཟོས་པ་ཡིན་ལ་ངས་ཁོ་མོར་རྨི་ལམ་གྱི་དོན་དེ་ཞིབ་ཏུ་བཤད་པ་ཡིན། ཆུང་མས་ང་ལ་ངས་ཅིའི་ཕྱིར་ཁྱོད་རང་བཟི་ཡོད་པ་མ་ཚོར་བ་རེད་ཟེར། ངས་ཁོ་མོར་ཡང་ནས་ཡང་དུ་རང་ཉིད་དངོས་གནས་བཟི་ཡོད་ཚུལ་བཤད། མ་ཟད་། འུ་གཉིས་གནས་གཞན་ཞིག་ལ་ཡུལ་བསྐོར་དུ་འགྲོ་བར་གྲོས་མོལ་བྱས། ཁོ་མོས་ཀྱང་ང་ལ་ཁས་བླངས་བྱུང་། ནུབ་མོ་དེར་ངེད་གཉིས་ཀྱིས་ཁ་བརྡ་མང་པོ་ཞིག་བྱས་ལ་ཁོ་མོས་ང་ལ་ཉིན་རེར་ཀློག་གིན་པའི་སྙན་ངག་གི་མྱོང་སྣང་མང་པོ་ཞིག་བཤད་བྱུང་།

ཡང་བསྐྱར་རྒྱུས་མེད་པའི་མི་དེ་རྨི་ལམ་ལ་ཐོན་བྱུང། ཁོས་ང་རང་ལྕགས་ཐག་ཅིག་གིས་སྣེར་འཁྲུད་ནས་ཁོ་ཧྥེ་ཁང་ཞིག་གི་སྒོ་ཁར་ཐོན་སོང་། ང་རང་སྒོ་ཁར་བཏགས་རྗེས་ཁོ་རང་ཁ་ཧྥེ་ཁང་ནང་དུ་བུད་སོང་ལ་ངས་ཆུང་མས་ཁ་ཧྥེ་ཕོར་བ་གཉིས་ཅོག་ཙེ་ཐོག་བཞག་ནས་བསྒུག་འདུག ངས་སྒེའུ་ཁུང་ནང་ནས་ཡང་ནས་ཡང་དུ་ཁོ་མོའི་མིང་གིས་བོས་མོད་ང་ལ་ཨ་ལན་གང་ཡང་མེད་པར་ཁོང་གཉིས་ཀྱིས་ཁ་བརྡའི་ནང་ཟུག་འདུག  རྒྱུས་མེད་པའི་མི་དེས་ང་ལ་མཛུབ་མོ་ཀེར་ཞོར་ངས་ཆུང་མར་སྐད་ཆ་འགའ་བཤད་ཀྱིན་འདུག གློ་བུར་ལ་ངས་ཆུང་མས་རང་གི་མཛུབ་དཀྲིས་བླངས་ནས་རྒྱུས་མེད་པའི་མི་དེས་གོང་མཛུབ་ལ་བསྐོན་ཅིང་ཁོང་གཉིས་ཀྱི་གཉེན་སྟོན་གྱི་དུས་ཚོད་ཀྱང་གཏན་འཁེལ་བྱས་སོང་།

 ནམ་མ་ལངས་གོང་ང་རང་གཉིད་ལས་ཟད་ཅིང་མདང་ཅུང་ཙམ་བརྒྱབ་ནས་གཉིད་ནས་ཡོད་པའི་ཆུང་མས་མཛུབ་མགོར་བལྟས། མཛུབ་དཀྲིས་མི་འདུག་པས་ངས་དེ་མུར་ཁོ་མོར་བོས་ནས

"ངས་ཁྱོད་ལ་བྱིན་པའི་མཛུབ་དཀྲིས་དེ་གང་ན་ཡོད།"

ཁོ་མོའི་གཉིད་མ་སད་ཀྱིས་

"ཅི་ཞིག"

"ངས་ཁྱོད་ལ་བྱིན་པའི་མཛུབ་དཀྲིས་གང་ན་ཡོད། "

"ངས་མཛུབ་མགོ་ན་ཡོད་པ་མིན་ནམ། འདི་རེད། "

"ངས་མཐོང་གི་མི་འདུག"

"འདི་རེད། གསལ་བོར་ལྟོས་ར"

"རྫུན་མ་བཤད། ངས་ངོ་མ་མཐོང་མི་འདུག ཁྱོད་ཀྱིས་མི་གཞན་ཞིག་ལ་བྱིན་པ་ཨེ་ཡིན"

"ཁྱོད་ཀྱིས་ཅི་བཤད་ཀྱིན་ཡོད། མཛུབ་དཀྲིས་འདི་རེད། མི་མཐོང་ངམ། ངས་ལག་མགོ་ཡོད་པ་མིན་ནམ"

  དེ་ལྟར་ངས་ཁོ་མོར་ཅི་ཡང་མ་ལབ་པར་ཡང་བསྐྱར་རྨི་ལམ་དེར་ཞིབ་འདང་བརྒྱབ་པ་ཡིན་ལ་ཡང་ནས་ཡང་དུ་ཁོ་མོ་མཛུབ་མགོར་བལྟས་མོད་ངས་ངོ་མ་ལོ་དེར་གཉེན་སྟོན་གྱི་རྟེན་མར་བྱིན་པའི་མཛུབ་དཀྲིས་དེ་མཐོང་མ་སོང་།

                                                                                         2018.01.03ཉིན།

                    མ་ངེས་པའི་ཤུགས་རིང་།

འདི་ནས་གསལ་བཤད་བྱ་རྒྱུ་ཞིག་ལ། ཁོས་མི་ཞིག་ལ་བསྒུག་ནས་ཕལ་ཆེར་དུས་ཚོད་གསུམ་ལྷག་འགོར་ཟིན། ད་ལྟ་ཁོ་རང་ཆེས་འགྱོད་པ་སྐྱེས་སའི་བྱ་བ་གཉིས་ཡོད་པ་ནི་དང་ཐོག་མི་དེར་བསྒུག་པ་དང་གཅིག་སྒོར་འབུད་ཁར་དཔེ་ཆ་ཞིག་ཀྱང་ལག་ལ་མ་བཟུང་བ་དང་གཉིས་སོ།།  ཁོས་གློ་བུར་ལ་མི་དེས་སྤྱོད་པ་ངན་པ་མང་པོ་ཞིག་དྲན་ཤིང་རང་ཉིད་སྒོ་ཁར་འབུད་དགོས་པའི་རྒྱུ་རྐྱེན་བརྗེད་པར་གྱུར། ཁོས་ཡང་ནས་ཡང་དུ་ལམ་གྱི་གཡས་གཡོན་ལ་བལྟས་ཤིང་མི་རེ་རེའི་ངོ་གདོང་དང་རྒྱབ་གཟིགས་ཞིབ་གྱིས་ཡིད་ལ་བཟུང་།དུས་ཚོད་གསུམ་འགོར་ཡག་ཀ་འགོར་རྗེས་ཀྱི་ད་ལྟ་ཁོས་སུ་ཞིག་བསྒུག་ཡོད་པ་བརྗེད་འདུག  ཁོས་སྣང་ངོར་སྐབས་རེར་མི་ཚང་མ་ཁོ་རང་གཟས་ནས་ཡོང་གིན་པ་འདྲ་ལ་ལན་རེར་མི་སུས་ཀྱང་ཁོ་ལ་མིག་ཙམ་མི་གཡར་བར་གྲིབ་མ་ལྟ་བུར་སྣང་འདུག གང་ལྟར་ད་ལྟ་ཁོས་སེམས་ཁུར་བྱ་བཞིན་པ་ནི་སྣང་ཚུལ་དེ་མིན་པར་རང་ཉིད་ཅིའི་ཕྱིར་འདུག་སྟེགས་གཅིག་ནས་དུས་ཚོད་གསུམ་ལ་བསྡད་པ་དེའོ།།

ད་ནི་ཁོས་སེམས་ཐག་བཅད་ནས་མི་དེར་མི་བསྒུག་རྒྱུ་བྱས། དེ་ལས་ཀྱང་ཁ་གཡར་ས་ཞིག་རྙེད་པ་ནི་ཁྱིམ་གྱི་དཔེ་ཆ་དང་མལ་ཁྲི སྒེའུ་ཁུང་དང་འདྲུད་ལྷམ་ཐམས་ཅད་ཀྱིས་རང་ཉིད་བསྒུག་ཡོད་པ་ཚོར་ཅིང་དེ་དག་ལ་རང་ཉིད་མེད་ན་བདག་པོ་མེད་པར་འདོད་ནས་མྱུར་མོར་ཡུལ་ཕྱོགས་སུ་གོམ་པ་བརྒྱབ།  སྤྱིར་ན་དོ་ནུབ་མི་དེ་དང་མཉམ་དུ་ཆང་འཐུང་ནས་ཁ་བརྡ་བྱ་རྒྱུ་ཐག་བཅད་མོད་ད་ནི་རང་གཅིག་པུར་ལུས་སོང་བས་ཁོས་ཆང་འཐུང་མ་ཐུབ་ལ་དཔེ་སྒྲོམ་ཐོག་རྔུར་བ་འཐེན་ཀྱིན་པའི་སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག་ཅིག་ཀྱང་ཀློག་མ་འདོད་པར་ཐ་མག་ཅིག་རྔུབ་ཞོར་མལ་ཁྲིའི་ཐོག་ལོག་བྱུང་།

ཁོས་དལ་མོར་ལྷམ་འཕུད་ནས་འདྲུད་ལམ་འདྲུད་མགོ་བརྩམས།  འཆར་གཞི་ཐམས་ཅད་ལ་བོར་བརླག་ཐེབས་པའི་མི་འདི་ད་ནི་ཅི་འདི་མེད་པར་ཉལ་བར་བྲེལ་ཅིང་རང་ཉིད་གློག་བརྙན་ནང་གི་འཁྲབ་སྟོན་པ་ཞིག་ལ་སྣང་ནས་ཅི་ལྟར་ཉལ་ན་མི་སེམས་ལྷོད་པོ་ཡོང་བར་འདང་བརྒྱབ། སྒོ་ལ་ཟྭ་བརྒྱབ་མི་འདུག་པས་མི་སུ་ཡིན་ཡང་ནང་དུ་ཡོང་ནས་ཁོ་རང་ཉལ་གནོན་བྱས་ན་ཆོག་མོད་དོན་དེར་ཁོས་ཁ་ཡ་བྱ་ཡི་མི་འདུག་ཚུལ་ལ་བལྟས་ན་གནས་ཚུལ་དེ་འདྲ་ཡར་སྔོན་བྱུང་མྱོང་མེད་པ་འདྲ། ཅུང་ཙམ་ནས་ཁོ་རང་ཡར་ལངས་ཅིང་ཡང་བསྐྱར་དྲོད་ཡལ་བའི་འདྲུད་ལྷམ་དྲུད་ནས་ཁང་བའི་ནང་མྱུལ་མགོ་བརྩམས།  ཁང་བ་འདིའི་བཟོ་བཀོད་ཧ་ཅང་སྤྱིར་བཏང་བ་ཞིག་ཡིན་ཡང་ཁོ་རང་ཁང་བ་གཞི་མས་སེམས་ཆགས་ཅིང་སྒོར་འབུད་པའི་ཡི་ག་ཡང་ཇེ་ཆུང་ཇེ་ཆུང་དུ་གྱུར་འདུག

ལོ་རེ་རེར་ཁང་བ་འདིའི་ནང་དུ་མི་མང་པོ་ཡོང་གིན་ཡོད་མོད། སུས་ཀྱང་རིན་ཐང་རྟོགས་མེད་པ་འདྲ། མ་ཟད་ཁང་བ་འདི་དང་མཉམ་པར་ཞིག་རྒྱག་མཁན་ཀྱང་ཕལ་ཆེར་མི་འདུག ཡིན་ཡང་ང་ཚོའི་མཐོ་རིམ་སྲོག་ཆགས་དུ་འདོད་ཅིང་སྨྲ་ཤེས་ཤིང་དོན་གོ་བའི་མི་ཞིག་གིས་ཁང་བ་འདི་རང་གི་ཚེ་སྲོག་དུ་འདོད་ཅིང་མི་ཐམས་ཅད་ལ་ངོམ་སོ་བྱ་རྒྱུའི་རྒྱུ་དངོས་རྩ་ཆེན་ལ་ངོས་བཟུང་འདུག

དེ་རིང་ནི་ཟླ་བཅུ་བའི་ཚེས་གཅིག་ཡིན། ཁོས་ཡང་ནས་ཡང་དུ་ཟླ་ཚེས་ལ་བལྟ་བཞིན་ཡང་བསྐྱར་མི་ཞིག་བསྒུག་པའི་སེམས་ཐག་བཅད་ཅིང་དེ་མུར་མི་དེར་ཁ་པར་བརྒྱབ་ནས་དོ་ནུབ་ཁང་བ་འདིའི་ནང་ནས་མཚན་ཕུད་རྒྱུར་གྲོས་མོལ་བྱས། མ་ཟད། ཁོ་གཉིས་ཀྱིས་ཡང་ནས་ཡང་དུ་ཁེ་ཧན་གྱི་གཞས་དང་སྐྱབས་ཆེན་བདེ་གྲོལ་གྱི་སྙན་ངག ཨ་བྷ་སུས་གློག་བརྙན་སོགས་མེད་མི་རུང་ཁ་དན་བཞག  དོ་ནུབ་ནི་ཕལ་ཆེར་རྒས་རྒྱུ་མེད་པའི་མཚན་མོ་ཞིག་ཡིན་ངེས། ཁོས་དེ་ལྟར་འདང་བརྒྱབ་ཅིང་ཐ་མག་ཀྱང་དེས་འགྲོས་དང་བསྟུན་ནས་རྔུབ་མགོ་བརྩམས། མཐའ་ན་གོམ་པ་ཡང་དོ་ནུབ་གྱི་འཆར་གཞི་དང་བསྟུན་ནས་སྤོ་བཞིན་འདུག

ད་ནི་གཞི་ན་ནས་གྲ་སྒྲིག་བྱེད་དགོས་པ་དག་བྱས་ཚར་བས་སྒོ་ཁར་འབུད་པར་བརྩམས། ད་ཐེངས་ཁོས་དཔེ་ཆ་འཛིན་རྒྱུ་བློ་ཤར་མོད་ཅི་ཡང་བཟུང་མི་འདུག དོན་དུ་ཁོས་རང་ཉིད་དགའ་སའི་རྩོམ་པ་པོ་དག་གི་བརྩམས་ཆོས་དག་དཔེ་སྒྲོམ་ནང་ན་ཡོད་པ་བརྗེད་སོང་བ་འདྲ། ཡིན་ཡང་སྒོར་འབུད་ལ་ཉེ་སྐབས་འདྲུད་ལྷམ་ད་དུང་རྐང་མགོ་ན་ཡོད་པ་ཧ་གོ་རྗེས་ཤུགས་རིང་ཞིག་འཐེན་ཞོར་ཕྱིར་ཁང་བའི་ནང་སོང་ནས་གོ་ལྷམ་གསར་བ་དེ་མི་གོན་ཀ་མེད་བྱུང་།   

                                                            2018.01.05ཉིན།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྨི་ལམ།(ཞར་བཀོད་གཅིག་ཡོད)

2018-05-25 ཞགས་ཐག(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།