ལུང་ཐུང་ནང་གི་ནད་ཡམས།

ཨ་ཁྲི།(ཁྲིན་ཏུའུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-02-13

  ང་ནི་དུས་རྒྱུན་ཁྲིན་ཏུའུ་ན་གནས་སྡོད་བྱས་ཡོད་པའི་གྲོང་ཁྱེར་གྱི་འབྲོག་པ་ཞིག་ཡིན། ང་རང་ནམ་རྒྱུན་ཕ་ཡུལ་ན་ཡོད་དུས་ཆང་དང་དུ་བ་མི་འཐེན། རྒྱུ་མཚན་ངའི་ཕ་ལགས་ནི་སྡེ་བའི་ནང་གི་དཔེ་བཟང་མི་སྣའི་གྲས་ཡིན་པས་ངས་ཕ་ལགས་ལ་འཛེམ་པ་ཡིན་ཟེར་ནའང་མི་ཆོག་པ་མེད། དེ་བས་ཕྱི་རོལ་དུ་འཁྱམས་དོན་ཡང་རང་གིས་རང་ལ་ཆང་འཐུང་རྒྱུའི་གོ་སྐབས་བྱིན་པ་ཡིན། ལོ་ངོ་བཅུ་གྲངས་ཤིག་ལ་ཕ་ཡུལ་དུ་ཡོང་ནས་ཕ་མ་གཙོས་ནང་མི་དང་ལྷན་དུ་ལོ་སར་ལ་རོལ་མ་མྱོང་། དབྱར་དུས་ཚ་བ་ཆེ་དུས་སུ་ཡུལ་ལ་འཁྱུག་ཙམ་ཡོང་མྱོང་མོད། ཡོང་ཐེངས་རེར་ཡུལ་མི་དག་གིས་“ཁྲིན་ཏུའུ་ལྷ་ཡི་གྲོང་ཁྱེར་ཟེར་ནི་རེད། དེ་ད་སྐྱིད་རྒྱུ་རེད་མོ”ཟེར། ངས་ཀྱང་འོས་མཚམས་ཀྱི་ལན་རེ་བཏབས་ནས་སོང་བ་ཡིན།

  ད་ཐེངས་ང་ཡོང་དོན་ནི་ངའི་གྲོགས་པོ་ཙི་ཙི་ལགས་ཀྱི་གློག་བརྙན་དེའི་ཆེད་ཡིན། གློག་བརྙན་དེ་ནི་ལོ་མ་སར་བའི་ཟླ་བ་གཅིག་གི་སྔོན་ནས་འགོ་བརྩམས་པ་ཡིན་མོད། གློག་བརྙན་ནི་སྤྱིར་བཏང་གི་ལས་ཀ་ཞིག་དང་མི་འདྲ་བར་དེ་ནི་གནམ་གཤིས་དང་ཁོར་ཡུག་གི་རམ་འདེགས་མེད་ཚེ་ཕབ་ཐབས་མེད་པ་ཞིག་ཡིན། དེ་བས་ཁངས་དགོས་དུས་ཁངས་དུས་ལྟར་མ་བབས་པ་དང་རླུང་དགོས་དུས་རླུང་དུས་ལྟར་མ་གཡུག་པས་ད་དུང་ལེགས་འགྲུབ་མ་བྱུང་ཡང་ལོ་སར་ཐོན་ལ་ཉེ་བས་མཚམས་མི་འཇོག་ག་མེད་ཆགས། དེ་བས་ཐེངས་འདིའི་གོ་སྐབས་བརྒྱུད་དེ་ངས་ཕ་ཡུལ་ནས་ལོ་སར་ལ་རོལ་ཐུབ་སོང་བས་ཧ་ཅང་དགའ་ཡོད། མ་ཟད་ངའི་གྲོགས་པོ་ཙི་ཙི་ལགས་ལ་ཡང་དེ་ལྟར་དུ་བཀའ་དྲིན་ཞུས་མྱོང་།

  ངའི་ཕ་ཡུལ་ནི་མཚོ་སྔོན་པོའི་ལྷོ་རྒྱུད་དུ་གནས་པའི་འབྲོག་སྡེ་ཞིག་ཡིན། ངའི་ཁྱིམ་མི་དང་ཉེ་ས་བཅས་དུད་ཁྱིམ་བཞི་ཙམ་ལུང་ཐུང་ནང་དུ་ཡོད། འགྲིམ་འགྲུལ་གྱི་སྟབས་ཀ་ཅུང་བདེ་ན་ཡང་ལུང་བའི་ནང་དུ་དུད་ཁྱིམ་ཉུང་བས་ཁ་པར་ལ་4Gམེད་ལ་ཐ་ན་བརྡ་འཕྲོད་ཐབས་ཀྱི་བརྡ་རྟགས་ཙམ་ཡང་མེད་པའི་ཚོད་ཡིན། ངའི་ཕ་ལགས་ཀྱིས་བརྡ་རྟགས་བཙལ་བའི་ཐབས་ཤིག་རྙེད་ཡོད་པ་སྟེ་སྒེའུ་ཁོང་གི་མཐོ་སར་མཛེར་མ་ཞིག་བརྡབས་ཏེ་དེའི་མགོར་ཁ་པར་བཀལ་ནས་བཞག་ཚེ་ཁ་པར་ཡོང་བ་དང་སྐད་འཕྲིན་ལ་ཡང་ཅུང་ཟད་རེར་ལྟ་ཐུབ་པ་བྱས་ཡོད། ངའི་ཕ་ལགས་ནི་རྒྱུན་དུ་གཙང་སྦྲ་ལེགས་ཤིང་ལས་ཀ་ལས་དུས་གོ་རིམ་ཡོད་པ་ཞིག་ཡིན། ཐ་ན་ཁོ་རང་རུ་ཁ་ཁྱིམ་མཚེས་ལ་འགྲོ་སྐབས་དག་ཏུའང་ལྷམ་ལ་ལྷམ་རྩི་བྱུགས་ཏེ་ཡང་ལྟ་བསྐྱར་ལྟ་བྱེད་པར་མ་ཟད། ལྭ་བའི་སྟེང་དུ་སྤུ་ཉག་གཅིག་ཙམ་ཡང་འགོ་རུ་འཇུག་མི་སྲིད། དེ་བས་ངའི་གྲོགས་པོ་དང་ནང་མིའི་ནང་ན་ང་ནི་ཁོའི་བུ་མིན་ཚུལ་གྱི་ཀུ་རེ་ཡང་མང་པོ་ལབ་རྒྱུ་ཡོད།

  ང་རང་ཁར་ཉིན་ཁུལ་ནས་ཡོང་སྐབས་དགའ་རོགས་གཡང་འཚོ་དང་ཆང་གྲོགས་སྐོར་ཞིག་ལ་བདེ་མོ་བཞག ཕུ་བོར་ཡང་ཡི་གེ་འགའ་བསྐུར་ཏེ“ཁྱོད་གང་ན་ཡོད། ད་ལོ་ང་ཡུལ་ལ་སོང་ནས་ལོ་སར་རྒྱུ་ཟེར་གོ ཁྱོད་ཡུལ་ལ་ཡོང་རྒྱུ་ཨེ་ཡིན། ཡོང་ཐུབ་ན་ཤོག་ར་ད་ལོ་ཡུལ་ནས་ཨ་ཕ་ཨ་མ་དང་ལྷན་དུ་ལོ་སར་སྐྱིད་པོ་ཞིག་ལ་རོལ་”ཞེས་བཤད་པ་ཡིན། ངེད་ཀྱི་ཕུ་བོ་ནི་ཚོང་རྒྱག་མཁན་ཞིག་ཡིན་སྟབས་ནམ་རྒྱུན་ནང་ལོག་གི་ས་ཆ་གང་ས་གང་དུ་འགྲོ་རྒྱུགས་ཧ་ཅང་མང་མཁན་ཞིག་ཡིན། ཁོས་དེ་ན་འགྲིག་འདུག རྒྱ་ལོའི་ཚེས་པ་གསུམ་ཙམ་ནས་ཁོ་ཡང་ཡུལ་དུ་ཐོན་ངེས་ཟེར། ཕ་ལགས་ཀྱིས་བཤད་ན་ད་ལོར་སྡེ་བའི་ནང་གི་ལོ་ལོན་ཞིག་མ་འཚམས་པས་ཚེས་གཅིག་ཉིན་ལོ་སར་མེད་ཟེར་བས་ཚེས་གསུམ་ལ་ཐོན་ན་འགྲིག་འདུག་ཅེས་བཤད་པ་ཡིན། ཞོར་དུ་ངས་ཁ་པར་ནང་དུ་གློག་བརྙན་ཉི་ཤུ་ལྷག་ཕབ་ལེན་བྱས། གློག་ཀླད་ནང་དུ་ཡང་གློག་བརྙན་འགའ་ནང་འཇུག་བྱས་ཡོད། དེ་བས་སྐབས་སུ་སྐད་འཕྲིན་མི་རྩེ་རྒྱུའི་དམ་བཅའ་བཞག་དེ་ད་ལོའི་ལོ་སར་གྱི་གོ་སྐབས་དམ་འཛིན་བྱས་ནས་ངལ་ཡིད་ཚིམ་པ་ཞིག་གསོ་འདོད་པ་ཡིན།

  ལོ་སར་སྐབས་ཀྱི་ཚེས་པ་གཅིག་ཉིན་ནི་རྒྱུན་ལྡན་ལྟར་ལྷིང་འཇགས་ངང་ཚང་མས་གུང་ཟས་དང་དགོང་ཟས་ཡང་རྒྱུན་ལྡན་ལྟར་རོལ་བ་ཡིན། ཚེས་པ་གཉིས་ཉིན་གྱི་དགོང་མོར་ཕ་ལགས་དང་ནུ་བོ་ངེད་ཅག་གསུམ་གྱིས་*སྡེར་ཁ་སྒྲིག་པ་ཡིན། ལོ་ངོ་ཉི་ཤུའི་སྔོན་ཏེ་ཆུང་དུས་ལོ་སར་སྐབས་སུ་ལོ་ཉུལ་ལ་འགྲོ་བར་ཞེ་དག་པའི་དགའ་ཞིང་ཁྱིམ་ཚང་སོ་སོའི་སྡེར་ཁ་ག་ཚོད་བསྒྲིགས་ཡོད་པ་དང་སྡེར་ཁའི་མཐོ་དམན་ལ་ལྟ་བར་ཧ་ཅང་དགའ། དུས་སྐབས་དེར་ལོ་སར་བ་ནི་འགྲན་བཤམ་པ་དང་འདྲ་བར་གོན་པ་དང་འདོག་ཆ། སྡེར་ཁ་སོགས་གང་མང་གང་ཡག་ངོམས་རྒྱུར་ཧ་ཅང་དགའ་བོ་ཡོད། ཡིན་ནའང་ལོ་ངོ་བཞི་ལྔའི་ཡར་སྔོན་ནས་ཟས་ཆུ་འཕྲོ་རླག་དང་འགྲོ་གྲོན་ཇེ་ཉུང་དུ་གཏོང་བའི་ཆེད་དུ་སྡེ་བས་སྒྲིག་སྲོལ་འགའ་གཏན་ཁེལ་བྱས་ཡོད་ཏེ། ལོ་སར་ལ་འགྲོ་སྐབས་ཁ་བཏགས་ལས་ཅི་ཡང་བཟུང་མི་ཆོག་པ་དང་། ཅོག་ཙེ་གཅིག་གི་སྟེང་དུ་སྡེར་ཁ་སྣ་གསུམ་ལས་བརྒལ་མི་ཆོག་པའི་སྒྲིག་སྲོལ་རབ་དང་རིམ་པ་བཞག་ཡོད་པས་ནུ་བོ་དང་ངེད་གཉིས་ནི་གློག་ལྟར་འཁྱུག་ནས་དུས་ཚོད་ཕྱེད་ཀའི་ནང་ལོ་སར་གྱི་སྟ་གོན་ཡོངས་སུ་འཚག་ཟིན་པ་བྱས། ཕ་ལགས་ཨ་ལགས་ཚང་བཞུགས་མྱོང་སའི་ཞོལ་གྱི་འདུག་སྟེགས་སུ་བསྡད་དེ་ཅི་ཡང་མི་སྨྲ་བར་སྡེར་ཁའི་ནང་དུ་བལྟས་ཏེ་བསྡད། སྡེར་ཁ་འདི་ཙམ་གྱིས་ཁོའི་ཡིད་རྩ་བ་ཉིད་ནས་ཚིམ་གྱི་མེད་པ་ཤེས།

  དགོང་ཟས་རོལ་བའི་སྐབས་དེར་ཕ་ལགས་ལ་་ཁ་པར་ཞིག་འབྱོར་བྱུང་། ཕ་ལགས་ཀྱིས་“ཨ་ཨ། མི་གོ་གི་ཡ། ཨ་་་་ཨ་ལ། བྱ་འདི་ཁྱོད་ཚོར་སྐྱོན་མེད་ལ་”ཟེར། མ་ལགས་ཀྱིས་“ཅི་རེད། ཅི་རེད ” ངའི་མ་ལགས་ནི་རྒྱུན་དུ་མོ་དང་འབྲེལ་བ་ཡོད་མེད་ཀྱི་དོན་དག་གང་ཡིན་ཡང་ཉན་པར་སྤྲོ་ལ་འདྲི་བར་དགའ་བ་ཞིག་ཡིན་པར་མ་ཟད། དོན་མེད་མིག་ཆུ་གཏོང་མཁན་ཞིག་ཀྱང་ཡིན། དཔེར་ན་གློག་བརྙན་ལ་བལྟས་ན་མིག་ཆུ་འཕེན་སྲིད་ལ། ཐག་རིང་གི་ཤི་སྐད་ཞིག་གོ་ན་ཡང་མིག་ཆུ་འཕེན་སྲིད། ཕ་ལགས་ཀྱིས་འདང་ཅུང་ཙམ་རྒྱབ་ནས། “སྟག་བྷ་རེད། ལས་ཁུངས་ཀྱིས་གནང་བ་བཏང་ཏེ་ཡུལ་ལ་ལོ་སར་བྱེད་དུ་ཡོང་སྐབས་ལམ་ནས་བཀག་ཏེ་ཡོང་གི་མ་བཞག་ཟིག་”ཟེར། སྟག་བྷ་ནི་ཕ་ལགས་ཀྱི་ཨ་ཅེ་ཆེ་བའི་བུ་ཡིན་ལ། རྫོང་སྲིད་གཞུང་གི་འགོ་བ་ག་གེ་མོ་ཞིག་ཡིན། མ་ལགས་ཀྱིས་“ཅི་བྱས་སོང་ནི་རེད། སྡེ་སྟག་བྷར་ཁ་ལོ་བའི་ཆོག་ཡིག་ལོས་ཡོད།” ཕ་ལགས་ཀྱིས་དགོད་ཙམ་བྱས་ནས་“དེ་འདྲ་ཟིག་མ་རེད་”ཟེར། མ་ལགས་ཀྱིས་“འོ་ན་ཅི་རེད། *གཡའ་ཡེད་རྒྱུས་གསལ་བོ་ཟིག་མི་བཤད་ནོ།” ཕ་ལགས་ཀྱིས་“ཚེ་རྡོ་ཡོད་སའི་སློབ་གྲྭ་དེ་གྲོང་ཁྱེར་གང་ཟིག་རེད་དྲ་”ཟེར། སྲིང་མོས་“དེ་ཧོའུ་པེ་ཝུའུ་ཧན་རེད་ཡ”། “འོ་དེ་ནས་ནད་ཡམས་ཤིག་རྒྱ་ནང་ལ་མཆེད་དེ་མི་མང་པོ་ཤི་འདུག་ཟེར། དེ་བས་ཚེ་རྡོ་ཡང་རྫོང་སྤྱི་བདེ་ཅུའུ་ཡོང་ནས་བཟུང་བཏང་ཟིག་ཟེར་ཡ།” མ་ལགས་ཀྱིས་“བྱ་འདི་ཚེ་རྡོར་ལ་ནད་དེ་བྱུང་ཡོད་དུས་སྟག་བྷ་དང་སྲུ་མོ་མཚོ་སྐྱིད་ལ་ཡང་བྱུང་ལོས་ཡོད་།” ང་ཁར་ཉིན་ཁུལ་ནས་ཡོང་སྐབས་ཝུའུ་ཧན་གྱི་གྲོགས་པོ་ཆོས་ཐོར་འབྲེལ་བ་བྱས་མོད་དེ་འདྲའི་ཚབས་ཆེན་ཡིན་རབ་མི་གླེང་གི་ཡ། ཟས་དུག་ཙམ་ཕོག་ནས་མི་གཉིས་གསུམ་ཞིག་ཤི་རབ་བཤད་འདུག་པ་མ་གཏོགས་གཞན་ཅི་ཡང་བཤད་མི་འདུག སྐབས་དེར་ཕ་ལགས་འཚབ་འཚུབ་ངང་ཕུ་བོར་འབྲེལ་གཏུགས་ཤིག་བྱས་མོད། བརྡ་རྟགས་ཀྱི་དབང་གིས་འཕྲོད་ཐབས་མ་ཡོད། ཕ་ལགས་ཀྱིས་ནུ་བོ་དང་ངེད་གཉིས་ལ་”སོང་སོང་། ཁྱོད་གཉིས་ཕར་ཁ་སོང་ནས་ཁ་པར་ཞིག་རྒྱོབས་ར”ཟེར། ངེད་གཉིས་ཀྱང་འཚབ་འཚུབ་ངང་མདུན་གྱི་དེའུ་འབུར་འགོར་འགོས་ནས་ཕུ་བོར་ཁ་པར་ཞིག་བཏང་བ་ན་ཁོ་རང་ཟི་ལིང་ན་ཡོད་ཟེར། ཁོའི་ནད་འདིའི་གནས་ཚུལ་མང་པོ་ཞིག་བཤད་སོང་ལ། ཁྱེད་ཅག་ཀྱང་ཕྱི་ལ་མ་འགྲོ། ལོ་སར་སྐབས་སུ་ལུང་མདོ་རུ་ལོ་ཉུལ་ལ་མ་འགྲོ་ཟེར། ཁོ་རང་ཉིད་ཡང་ཡར་མར་གང་ལ་ཡང་འགྲོ་རུ་མི་འཇུག་ལ་འགྲོ་ཡང་མི་སྲིད་ཟེར། དེ་ནས་ཞོར་ཏུ་ངས་སྐད་འཕྲིན་ཁ་ཕྱེས་པ་ཡིན། དགའ་རོགས་གཡང་འཚོས་བརྡ་འཕྲིན་ཞིག་སྐུར་འདུག 2020/1/25ལ་སླེབས་མ་ཐག་པའི་ཆུ་ཚོད་བཅུ་གཉིས་ཏག་ཏག་སྟེང་སྐུར་བ་ཞིག་ཡིན་འདུག ངས་ཀྱང་དེའི་མུར་ཁོ་མོར་འཆར་བརྙན་བཀར་བ་ཡིན། མོས་འདི་གར་དེའི་འདྲའི་གནས་ཚུལ་ཛ་དྲག་མིན་ཚུལ་དང་རང་ཉིད་ཡང་ཕྱི་ལ་འགྲོ་ཡི་མེད་ཚུལ་ལབ།

  ཁ་པར་གྱི་ས་གནས་ཁྲིན་ཏུའུ་གཏན་ཁེལ་བྱས་ཡོད་པས། ཁྲིན་ཏུའུའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ཀྱིས་བརྙན་ཡོལ་ངོས་སུ་འཚང་འོང་གིན་འདུག འཕྲིན་ཐུང་རེ་ཟུང་ལ་བལྟ་དུས་ཁྲིན་ཏུའུ་རུ་མི་ཉི་ཤུ་ལྷག་ལ་ནད་དེ་བྱུང་འདུག་པར་མ་ཟད་དེའི་ཁྲོད་མི་གཅིག་ཤི་འདུག་པར་གསལ་བསྒྲགས་བྱས་ཡོད། སྐབས་དེར་ཏག་ཏག་སེམས་ལ་དངངས་སྐྲག་སྐྱེས་འོང་། དེ་ནས་ངས་སྐད་འཕྲིན་བར་སྟོང་དང་ཐུན་ཤོན་གསར་འགྱུར་(腾讯新闻)ཀློག་ཙམ་བྱེད་དུས། དངོས་གནས་ནད་དེ་ག་ས་གང་དུ་མཆེད་ཡོད་པར་མ་ཟད། ད་ལྟ་ཝུའུ་ཧན་གྲོང་ཁྱེར་བཀག་སྡོམ་བྱས་ཡོད་པ་དང་། ས་གནས་གང་དག་ལ་ནད་དེ་ཁྱབ་ཡོད་མེད་ཀྱི་ས་ཁྲ་ཡང་བཟོས་འདུག མཚོ་སྔོན་གྱི་གསར་འགྱུར་ལ་ལྟ་སྐབས། མཚོ་སྔོན་ན་མིག་སྔར་ནད་དེ་བྱུང་བའི་མི་གཅིག་ཀྱང་མེད་ལ་ལྷག་ཏུ་མཚོ་སྔོན་འགྲིམ་འགྲུལ་ཉེན་རྟོག་པས་ཕྱོགས་ཡོངས་ཀྱི་ལམ་སྒོ་མཐའ་དག་འགོག་སྲུང་བྱས་ཡོད་པའི་གནས་ཚུལ་འདུག ཕྱིར་ཁྱིམ་ལ་འཛུལ་ནས་ཕ་ལགས་ལ་གནས་ཚུལ་ཇི་བཞིན་བཤད་པ་ཡིན། སྐབས་དེར་ཕ་ལགས་ལྷག་ཏུ་བྲེལ་འཚབ་སྐྱེས་ཤིང་། ཁོ་རང་ཉིད་དེའུ་འབུར་འགོར་བུད་སོང་།

  ངེད་ཅག་ལ་བརྡ་རྟགས་མེད་པས་ནད་ཡམས་ཀྱི་གསར་འགྱུར་གསལ་བོ་མ་གོ་ལ། བཤད་ཡམས་ཀྱི་གསར་འགྱུར་ཡང་མ་གོ། ལུང་ཐུང་ནང་གི་འབྲོག་པ་དག་ནི་རྒྱལ་ཁབ་འདི་དང་འབྲེལ་བ་མེད་པ་བཞིན་ཁུ་སིམ་མེར་གནས། དེའུ་འབུར་འགོ་ནས་བརྡ་རྟགས་བཙལ་ཏེ་གསར་འགྱུར་ལས་རྒྱུས་ལོན་བྱུང་བ་ལྟར་ན་ནད་དེ་གཙོ་བོ་ཁ་རླངས་བརྒྱུད་ནས་འགོ་བ་ཞིག་ཡིན་པས་གྲོང་ཁྱེར་གྱི་མི་ཚང་མས་ཁ་ཐུམ་རྒྱག་པ་དང་ཁྱིམ་ལ་ཡོང་དུས་ལག་པ་བཀྲུ་བ་སོགས་ཀྱི་རྒྱུན་ཤེས་ཡང་སྐད་གཉིས་ཀྱི་ལམ་ནས་སྐད་འཕྲིན་བར་སྟོང་ཧྲིལ་བོར་བཀང་འདུག་པ་དང་གཞུང་སྒེར་ཚང་མའི་འཕྲིན་སྟེགས་སུ་ཡང་གནས་ཚུལ་འདིས་ཡོངས་སུ་བཟུང་འདུག

  ངས་མ་ལགས་ལ་རྒྱུན་ཤེས་དེ་དག་བཤད་སྐབས་མ་ལགས་དགོད་ཙམ་བྱས་ནས་”དེ་ཡིན་དུས་འུ་ཚང་གི་ཁྱི་རྒན་མགོ་སྐྱ་ལ་ཁ་ཐུམ་ཞིག་བཟོ་དགོས་རྒྱུ་རེད་ལ”ཟེར། ངེད་ཚང་གི་ཁྱི་རྒན་མགོ་སྐྱ་ནི་གདོང་དང་དཔྲལ་བ་དཀར་ཤས་ཆེ་བས་ཁོ་ལ་མགོ་སྐྱ་ཟེར། ཐག་རིང་ནས་མགོ་སྐྱ་མགོ་སྐྱ་ཞེས་བོས་ཚེ་ཁོས་རང་ཉིད་འབོད་བཞིན་པ་ཚོར་ནས་ཨམ་ཅོག་ལྷེབ་བེ་ལྷེབ་བེར་བདག་པོའི་གམ་དུ་རྒྱུགས་འོང་མཁན་ཞིག་ཡིན། མགོ་སྐྱ་ལོ་ན་མཐོ་བས་ཁྱི་ཁང་ཞིག་བཟོས་ཡོད་པ་ལས་ལྕགས་ཐག་གིས་འདོག་མི་དགོས། ཁོ་རང་ཉིན་གུང་ལ་སླེབས་ཏེ་ཉི་མས་དྲོས་ཙམ་བྱས་དུས་ཡར་མར་ལ་ཉུལ་ཉུལ་ནས་དགོང་མོར་ཁྱི་ཁང་དུ་ཁ་རོག་གེར་ངལ་གསོ་བར་གོམས་པ་ཞིག་ཡིན།

  ཚེས་པ་བདུན་ཉིན་ཁ་ཐུམ་བརྩེགས་ཏེ་བརྒྱབ་ཞིང་ལྭ་དཀར་གྱོན་པའི་མི་གཉིས་དང་དམག་ལྭ་གྱོན་པའི་མི་བཞིས་ལག་ཏུ་དར་དམར་བཟུང་ཏེ་ལུང་ཐུང་ནང་དུ་ཐོན་བྱུང་། ཨ་ཅེའི་ལོག་ལོག་ཚང་གི་སྒོ་ཁ་རུ་འཚང་གིན་འདུག ང་ཡང་དེར་སོང་བ་ཡིན། ངས་མ་ལགས་ནོར་རྫིར་འགྲོ་སྐབས་རྒྱག་བཞིན་པའི་ཁ་ཐུམ་དམར་པོ་སྟེང་ན་མེ་ཏོག་ཅན་ཞིག་ཡོད་པ་དེ་རྒྱབ་ནས་སོང་བ་ཡིན། དེ་དག་གི་ཁྲོད་ཀྱི་གཅིག་ནི་ངེད་ཚོའི་རུ་གཙོ་རེད། ཁོས་“ངའི་རོགས་པ་འདི་ཚོ་ཐེངས་འདིའི་ཏང་ཡང་(ཏོག་དབྱིབས)་ནད་དུག་སྔོན་འགོག་གི་ཆེད་དུ་དང་བླངས་བྱས་ཏེ་ལམ་སྒོ་སྲུང་བ་དང་ནད་དུག་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱེད་དུ་འོང་བ་རེད། གཞན་ལྭ་དཀར་དཀར་གྱོན་པ་འདི་གཉིས་ནི་སྲིད་གཞུང་གིས་ཆེད་དུ་འུ་ཅག་སྡེ་བར་མངགས་པའི་སྨན་པ་གཉིས་རེད” དེ་ནས་ཕལ་ཆེར་ལོ་ན་སུམ་ཅུར་འབུད་གྲབས་ལོས་ཡོད་བསམ་སྤྱད་ཀྱི་དམག་ལྭ་གྱོན་པའི་དང་བླངས་བ་དེས“ད་ཐེངས་དྲིལ་སྒྲོག་བྱེད་དགོས་པ་ནི་གཙོ་བོ་ཁྱེད་ཅག་ཡར་མར་ལ་མ་འགྲོ། ལྷག་ཏུ་མྱི་མང་འདུས་སར་མ་འགྲོ། ད་ཐེངས་ཀྱི་ནད་དུག་འདི་གཙོ་བོ་ཝུའུ་ཧན་ནས་བྱུང་བ་རེད། དེ་མི་དང་མིའི་ཁ་རླངས་བརྒྱུད་ནས་འགོས་པ་ཞིག་རེད། དེ་བས་ཚང་མས་ཁ་ཐུམ་རྒྱོབས། འགྲོ་འོང་ཇེ་ཉུང་དུ་གཏོང་དགོས་པར་མ་ཟད་མི་ཆ་མེད་དང་རྩ་བ་ཉིད་ནས་འབྲེལ་འདྲེས་བྱེད་མི་ཆོག འདི་སྡེ་དཔོན་དང་ངེད་ཅག་སྐོར་ཞིག་གིས་རྩ་འཛུགས་བྱས་པ་མ་ཡིན་པར་གོང་རིམ་ནས་ཐེངས་འདིའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཆེད་དུ་གནང་བའི་བཀའ་རེད། སྡེ་སྲུང་བ་དང་ངེད་ཅག་དང་བླངས་བ་དག་གིས་ཀྱང་རང་གཞན་གཉིས་ཀྱི་ཆེད་དུ་གཟབ་ནན་གྱིས་ཁ་སྒོ་སྲུང་རྒྱུ་དང་བརྟག་དཔྱད་བྱེད་རྒྱུ་ཡིན། གལ་ཏེ་སྒོ་སྲུང་བ་དང་སྡེ་གཙོ་རུ་གཙོ་དག་གི་ཁར་མི་ཉན་པར་གང་འདོད་འགྲོ་རྒྱུགས་བྱས་ན་ཁྲིམས་ཆད་ཕོགས་ངེས”ཞེས་ངོ་གནག་སྟེ་ཐ་མག་ཅིག་འཐེན་ཞོར་ཡར་འགྲོ་ཡར་འགྲོ་བྱས་ནས་དེ་ལྟར་བཤད། རུ་གཙོས་ཀྱང་“འོ་ལེ ད་ཐེངས་ཀྱི་ནད་འདི་གཙོ་བོ་གཙང་སྦྲར་རེག་ལས། དེ་བས་ཚང་མས་རང་རང་ལ་གཙང་སྦྲ་གང་ལེགས་བྱས་ཏེ་བདེ་ཐང་ལ་ཤུགས་རྒྱག་རྒྱུ་གལ་ཆེ”ཟེར་ཞོར་ང་ལ་ཡང་བལྟ་བསྐྱར་བལྟ་བྱས། རུ་གཙོའི་སེམས་སུ་ནང་ལོག་ནས་འོང་བ་ཡོད་ཚད་བདེ་ཐང་མིན་སྙམ་བསམ་གྱིན་པ་འདྲ། རུ་གཙོ་ཀུན་འབྲུག་ནི་ཟླ་བ་གཅིག་གི་ནང་དུ་མགོ་ཐེངས་མ་གཅིག་ལ་བཀྲུ་མི་བཀྲུ་མི་ཤེས་པའི་གཙང་སྦྲ་མི་ལེགས་པ་ཞིག་ཡིན། དེ་བས་སྡེ་མི་ཨ་ཅེ་མ་རིས་ནས་ཁོ་ལ་བཏགས་ས་ཞིག་བྱས་ཡོད། “རུ་གཙོ་ཀུན་འབྲུག་བྱུང་གི་འགྲིག་ཡོད་དྲ།། སྟེང་གི་ཚི་ད་ཅིག་ཅིག་འགྲིག་མེད་ཡ།། གོང་བ་དགོ་ནི་བདག་གོ་མིན་དུས། གྲོང་ང་ཡོང་སྲོལ་མེད་ནོ་ཤོད་དྲ།།” ཨ་ཅེ་ལོག་ལོག་གིས་“རུ་གཙོ་ལེ་ལེ་ཁྱོད་རང་ག་ད་ཐེངས་དུག་སེལ་དགའ་ཟིག་བྱོས་ཡ། ངེད་ཚོ་ད་དྲག་ནི་རེད། བྱ་ཞིག་གིས་ཅིག་ནས་ནད་ཞིག་ཁྱེར་འོང་ནས་མ་བགོས་ན་བགོ་ནི་ཞིག་ཡོད་ནི་མ་རེད་ཟེར་ཞོར་ཡ་ད་ཁྱིམ་ལ་ཡོང་ནས་ཁྱོད་ཚོས་དྲོས་ཇ་འཐུང་།དེ་ནས་ད་དུག་སེལ་དགོས་ནི་ཡིན་ན། ནད་བསྒྲགས་དགོས་ནི་ཡིན་ན་རང་ཚོས་ཅི་བྱ་དགོས་ན་དེ་བྱོས།”རུ་གཙོ་ནི་ཨ་ཅེ་ལོག་ལོག་གི་མ་སྤུན་གྱི་བུ་ཡིན་པས་འཛེམས་དོག་བྱེད་མི་དགོས་པར་རང་ཁྱིམ་ལྟ་བུར་ལོབ་ཡོད།

  ང་རང་ཕྱིར་ཁྱིམ་ལ་ཡོང་ནས་མ་ལགས་དང་སྲིང་མོར་ཡང་ཁ་ཐུམ་རྒྱག་ཏུ་བཅུགས་པ་ཡིན། ཕ་ལགས་དང་ནུ་བོ་གཉིས་ཨ་ལགས་ཚང་གི་ལོ་སར་ལ་བུད་སོང་། གཞུང་ལམ་བཀག་ཟིན་པའི་རྐེད་ལམ་དེད་ནས་བུད་སོང་། རྐེད་ལམ་ནི་ཟོག་ལམ་ལྟ་བུ་ཞིག་ལས་མེད་པས་མ་ལགས་ཀྱིས་སེམས་ཁུར་བྱེད་བཞིན་ཡོད། ཅུང་མ་འགོར་བར་རུ་གཙོ་འཁོར་དང་བཅས་ངེད་ཚང་ལ་ཡོང་ནས་ཨ་ཅེ་ལོག་ལོག་ཚང་ནས་བཤད་པ་ལྟར་ནད་འགོག་རྒྱུན་ཤེས་དྲིལ་སྒྲོག་བྱས་ཤིང་དུག་སེལ་བྱས་ཏེ་ཁྱིམ་ནང་ཚང་མར་དུག་སེལ་སྨན་མཆོད། ཐ་ན་མཆོད་ཁང་ནང་དུ་ཡང་དུག་སེལ་སྨན་མཆོད། འགྲོ་ཁར་དང་བླངས་བ་ཚོའི་གྲས་ཀྱི་གཟུགས་པོ་ཐུང་ཞིང་ངོ་མདངས་ཅུང་དམར་བའི་ན་གཞོན་དེས“གལ་ཏེ་ལུས་པོ་མི་བདེ་བ་བྱུང་རྒྱུ་དང་ཏོག་དབྱིབས་ནད་དུག་གི་ནད་རྟགས་འདྲ་བྱུང་ཡོད་པ་མཐོང་ཐོས་ཡོད་ཚེ་ང་ཚོར་གང་མྱུར་གྱིས་ཡར་ཞུ་བྱེད་དགོས། འདིའི་རིགས་ལ་གོང་རིམ་ནས་དགའ་རྟགས་འོས་འཚམས་ཤིག་ཀྱང་ཡོད་ན་ཐང་། གལ་ཏེ་དོན་དག་དེའི་རིགས་འགེབ་སྲུང་བྱས་ནས་གོང་རིམ་གྱིས་ཤེས་རྟོགས་བྱུང་ཚེ་ཉེས་པ་ཡངས་མོ་ཡིན་ནི་མ་རེད”ཟེར་ནས་ཁ་པར་ནང་དུ་ལྟ་ཞོར་འཕྲུལ་རྟར་ཞོན།

  ཁོ་ཚོ་ཕར་ཕྱིན་མ་ཐག་མ་ལགས་ཀྱིས་དུག་སེལ་ལ་ཡང་སེལ་བྱས་ཏེ་གདན་ཆ་དང་ཉལ་ཐུལ་ཚང་མ་སྒོར་འཕངས། ཁྱིམ་ལ་ཤུག་པ་གདུག དཀར་ཆ་དང་སྒམ་སོགས་ཆུ་ཡིས་བཀྲུས།

  ཕྱི་དྲོ་ཉི་མ་ནུབ་ཁར་ཕ་ལགས་དང་ནུ་བོ་གཉིས་ཕྱིར་ལོག་བྱུང་། ཕ་ལགས་ཀྱིས”ལོ་གྱོན་མའི་རིལ་ལུ་འདི་ཨ་ལགས་ཀྱིས་གནང་ནི་རེད། ནངས་དུས་རྩ་སྟོང་སྐབས་སུ་འཐུང་དགོས། དེ་ནས་ལོ་གྱོན་མ་ཁ་དོན་བྱོས་ར་ནད་མི་འགོ་ཁོ་ཐག་ཡིན་གསུངས་གི།” མ་ལགས་ཀྱིས་འགྱིག་ཐུམ་ནང་དུ་བཅུག་ཡོད་པའི་ལོ་གྱོན་མའི་རིལ་ལུ་དེ་མགོར་ཅིག་བཞག་ནས་ཆོས་སྒམ་གྱི་ནང་དུ་བཞག ཕ་ལགས་ཀྱིས་”མཚེ་རྡོར་སྐྱོན་མེད་ཀི་ཟེར། སང་ཉིན་ཨ་ཅེ་ཚང་ལ་སོང་རྗེས་འུ་ཚང་ལ་ལོ་ཉུག་བྱེད་དུ་ཡོང་རྒྱུ་ཡིན་”ཟེར། མ་ལགས་ཀྱིས“ཨ་ལ་ཡོང་གི་ཆེ་འཇུག. ལམ་ཚང་མ་བཀག་འདུག་ཟེར་ཡ”ཕ་ལགས་ཀྱིས”སྐྱོན་ནི་མ་རེད། སྟག་བྷར་ངོ་མེད་ལ་སུ་ལ་ངོ་ཡོད།”ཟེར་ཞོར་ཨ་ལགས་ཀྱིས་གནང་བའི་ལོ་སྐལ་སྒམ་ནང་དུ་བསྡུས། མ་ལགས་ཀྱིས“ཁྱོས་ཞི་ལུར་ཁ་པར་ཞིག་ཨེ་འཕྲོད་ཐ”ཕ་ལགས་ཀྱིས“འཕྲོད་ཐ། ཉིན་འགའི་རྗེས་ཡུལ་ལ་ཡོང་ཟེར་གི”མ་ལགས་ཀྱིས“ཧ་བོ་ངའི་དེས་ཅིག་ན་དཀའ་གི་ལོས་ཡོད་”ཟེར་ཞོར་ཨོང་གཞུང་བཟུང་ནས་སྒོར་བུད་དེ་ལུང་བའི་མདོ་རུ་ལྟ་བཞིན་ལྟ་བཞིན་ཨོང་ཁང་ཕྱོགས་སུ་ཕྱིན།

  ཕྱི་ཉིན་ང་ཡང་སྡོད་མ་ཚུགས་པར་ཕ་ལགས་ཀྱི་འཕྲུལ་རྟ་སེར་དྲིས་མ་ཞོན་ནས་ལུང་མདོ་རུ་ཕྱིན་པ་ཡིན། ལུང་མདོའི་བཞི་ཚིགས་སུ་གནོད་ཐེབས་ས་ཁུལ་དུ་མཐོང་སྲིད་པའི་གུར་སྔོན་པོ་དེ་འདྲ་ཞིག་ཕུབ་ཅིང་། རས་དམར་པོ་ཞིག་ལམ་གྱི་ཕར་ཚར་ལ་འཐེན་ནས་སྲུང་འདུག གུར་སྒོ་རུ་མི་མང་པོ་ཞིག་དང་ཉེན་རྟོག་རླངས་འཁོར་ཞིག་ཀྱང་འདུག ང་རང་ཉེ་བར་བཅར་ནས་རུ་གཙོ་ཀུན་འབྲུག་ལ་ཅི་བྱས་སོང་ནི་རེད་ཞེས་དྲིས་དུས། རུ་གཙོས“ཆུ་ལྷ་སྐྱབས་ཆང་འཐུང་འཛིན་གི་ཡོང་ནི་རེད” ངའི་སེམས་སུ་ཆུ་ལྷ་སྐྱབས་ཀྱིས་རྐུ་བྱས་སོང་ངམ་ཅི་བྱས་པ་ཡིན་ནམ་བསམ་གྱིན། ཁོ་ཅིའི་ཕྱིར་འཛིན་དགོས་ནི་རེད། “ད་ནངས་ཕར་ཚུར་ལ་མ་འགྲོ་ཞེས་ན་ཁ་མི་ཉན་གི་དེ་ནས་སྡེ་དཔོན་གྱིས་སྲིད་གཞུང་ལ་གཏུག་བཏང་ནི་རེད། ད་བཤད་ལེ་ཡོང་ན་ཉིན་འདི་ཚོར་ཁ་འཁྲུག་བཤད་པའི་གྲས་སུ་ཡང་ཐེ་གི་ཟེར་ཡ། ཡ་ཁྱོད་ཁྲིན་ཏུའུ་ནས་ནམ་ཡོང་བ་ཡིན། ད་ཕྱིར་མ་སོང་ན་བཟང་ཁ་རེད། རྒྱ་ནང་ན་བྱུང་རྒྱུ་མང་གི དེ་བལྟས་ན་རང་གི་ཕ་ས་ཕ་ཡུལ་ནས་ཚང་མར་ཕན་ཐོག་ནས་ལས་ཀ་རེ་ལས་ནས་བསྡད་ན་མི་སྐྱིད་ཀ” ངས་ཀྱང་ལན་ཅི་ཞིག་འདེབས་དགོས་པ་མ་ཤེས་པར། “བདེན་གི ད་ང་ར་ཕྱིར་འགྲོ་འདང་ཆེར་མེད་”ཅེའི་བཤད་དེ་འདང་རྒྱག་ངང་དར་ཅིག་ལུས།

  ཚེས་པ་བཅུའི་ཉིན་ཨ་ཅེ་ལོག་ལོག་གི་གློ་ན་ནས་གདོང་དམར་པོར་ཆགས་ཤིང་དབུགས་ཀྱང་ལེན་དཀའ་བའི་ཚོད་ལ་སླེབས། ཕ་ལགས་ཀྱིས་ཨ་ལགས་ཚང་གི་ཕྱག་ནས་ཁྱེར་འོང་བའི་ལོོ་གྱོན་མ་འགའ་ཁྱེར་ཏེ་ཨ་ཅེ་ལོག་ལོག་ལ་བླུད། སུ་ཞིག་གིས་བརྡ་རྒྱབ་པ་མ་ཚོར་ཡང་། ཉིན་གུང་སྨན་ཁང་གི་རླངས་འཁོར་ཞིག་གིས“ཏེང་ཏུས་ཏེང་ཏུས་”ཞེས་སྒྲ་སྒྲོག་བཞིན་ཨ་ཅེ་ལོག་ལོག་ཚང་ལ་ཡོང་དེ། ལྭ་དཀར་གྱོན་ཞིང་མིག་ཡང་མི་རིག་པའི་མི་འགས་ཨ་ཅེ་ལོག་ལོག་མགོ་རྔའི་བཀྱགས་ཏེ་རླངས་འཁོར་ནང་དུ་བཞག ངེད་ཅག་གི་ཐོད་པའི་སྟེང་དུ་ཡང་མེ་མདའ་ལྟ་བུའི་ཅ་ལག་ཅིག་ཚད་ཚད་རྗེས། ཕ་ལགས་ཡང་སྨན་ཁང་དུ་སོང་སྟེ་བརྟག་དཔྱད་བྱ་དགོས་ཟེར་ནས་ཨ་ཅེ་ལོག་ལོག་དང་མཉམ་དུ་སྨན་ཁང་གི་རླངས་འཁོར་ནང་དུ་བཞག་ཏེ“ཏེང་ཏུས་ཏེང་ཏུས་”ཞེས་སྒྲ་སྒྲོག་བཞིན་ལུང་མདོ་རུ་རྡུལ་ཚུབ་ཚུབ་བུད་སོང་།

  མཆན།
       *སྡེར་ཁ། ཨ་མདོ་མཚོ་ལྷོའི་ཡུལ་སྐད། སྡེར་མའི་ནང་དུ་ཟས་སྣ་སྒྲིག་ཏེ་བཤམས་པའི་དོན།

    *གཡའ་ཡེད་རྒྱུ། མཚོ་སྔོན་པོའི་ལུང་སྐད་ཀྱི་གཤེ་ཚིག་ཅིག

                                                                                                           2020/2/12ཉིན།

རྩོམ་སྒྲིག་པ། གངས་དགའ།

  (མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལུང་ཐུང་ནང་གི་ནད་ཡམས།

2020-02-13 ཨ་ཁྲི།(ཁྲིན་ཏུའུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།