ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《སྙན་ངག་ལས་བཏོགས་པའི་རྒྱ་སེ》

ཀླད་ཀོར།(སྨར་ཁམས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-05-28

  “མེ་ཏོག་འདི་སྐམ་འདུག”

  ཚེ་མཛེས་ཀྱིས་ངའི་གཞུང་ལས་ཁང་གི་སྒེའུ་ཁུང་འགྲམ་དུ་བཞག་པའི་མེ་ཏོག་དབང་ལག་དེ་གད་སྙིགས་ནང་འཕངས་སོང་།

  ང་ཚོའི་ལས་ཁུངས་དེ་ལུང་པ་ཆུང་ཆུང་ཞིག་ནང་གནས་ཡོད། ཕྱི་རོལ་དུ་ནམ་ཡང་ཆར་བ་ཟ་ཟི་ཞིག་འབབ། སྒེའུ་ཁུང་གི་ཕྱི་རོལ་དུ་ཤུག་པའི་འདབ་མ་ལས་ཆུ་ཐིགས་བར་མེད་དུ་ཟགས་པ་ལས་མི་དང་མོ་ཊའི་སྐད་ཅུང་ཙམ་ཡང་གོ་རྒྱུ་མི་འདུག

  ང་ཚོ་ལས་ཁུངས་སུ་བསྡད་པ་ནི་དུས་ཚོད་ཕར་བསྐྱལ་ཨེ་ཐུབ་ལ་བལྟ་བ་ཙམ་ཡིན། བྱེ་ཐང་ན་སྐྱེས་པའི་མེ་ཏོག་དབང་ལག་གིས་ཀྱང་དུས་ཚོད་དག་ཕར་བསྐྱལ་རྗེས་མེ་ཏོག་རེ་བཞད་སྲིད་ཀྱང་མི་ལ་དགོས་པ་ནི་མེ་ཏོག་ཁོ་ན་ཙམ་མ་རེད།

  ཚེ་མཛེས་ཀྱི་གཞུང་ལས་ཁང་ནི་ཐོག་བརྩེགས་དྲུག་པར་ཡོད། མོ་ལ་ལས་ཀ་མེད་དུས། མ་རེད།(ང་ཚོ་ལ་དུས་ནམ་ཡང་ལས་ཀ་ལས་རྒྱུ་མེད) ཁོང་མོ་དུས་རྒྱུན་ཐོག་བརྩེགས་གཉིས་པར་ཡོད་པའི་ངའི་གཞུང་ལས་ཁང་དུ་འཛུལ་ཡོང་ནས་ཧྥ་རན་སེའི་སྙན་ངག་རེ་བཀླག་པའི་མྱོང་བ་གླེང་བར་བྱེད།

  དེ་རིང་མོས་སྐད་ཆ་ཅི་ཞིག་བརྗོད་དགོས་པ་མི་ཤེས་པ་འདྲ་སྟེ་སྒོ་འགྲམ་དུ་ཡོད་པའི་ཅ་ལག་དག་སྒེའུ་ཁུང་འགྲམ་དུ་སྤོས་སོང་ལ་སྒེའུ་ཁུང་འགྲམ་དུ་ཡོད་པའི་དངོས་པོ་དག་སྒོ་འགྲམ་དུ་བཞག་སོང་།

  མོས་སྒེའུ་ཁུང་འགྲམ་དུ་བཞག་པའི་མེ་ཏོག་དབང་ལག་གི་ཚེར་མ་ཞིག་ནས་བཟུང་སྟེ་ཡར་བལ་རྗེས་གད་སྙིགས་སུ་གཡུགས་སོང་།

  ངས་གཞི་ནས་མེ་ཏོག་དེ་དྲན་བྱུང་།

  མེ་ཏོག་དེ་ནི་ལོ་གཅིག་གི་སྔོན་དུ་ངས་ཐག་རིང་གི་གྲོང་ཁྱེར་ནས་ལུང་པ་འདི་རུ་ཁུར་ཡོང་པ་ཡིན། མེ་ཏོག་དེ་གློག་ཀླད་བཞག་སའི་ཅོག་ཙེ་ཐོག་བཞག་པ་ཡིན། ཉིན་ཞིག་ངས་ཅོག་ཙེའི་ཐོག་གི་ཡིག་ཆ་ཞིག་བླངས་པར་རྩོམ་དུས་མེ་ཏོག་དེའི་ཚེར་མས་ངའི་འཛུབ་མོ་ཕིགས་སོང་། ཁྲག་དམར་བར་མེད་དུ་ཟགས། ངའ་མེ་ཏོག་དེ་ཉི་འོད་བྲལ་བའི་སྒེའུ་ཁུང་འགྲམ་དུ་བཞག་དགོས་བྱུང་།

  ཉིན་དེར་ཚེ་མཛེས་ལ་སྤོབས་པ་ཞིག་སྐྱེས་པ་འདྲ་སྟེ“ངས་སྙན་ངག་གླེང་པ་ནི་མདོ་བསྡུས་ན་བརྩེ་དུང་གླེང་གིན་པ་ཁྱོད་ཀྱི་མི་ཤེས་སམ”ཟེར།

  ཕྱི་ཉིན་ངས་སྒེའུ་ཁུང་ཕྱི་རོལ་གྱི་ཆར་ཞོད་ལ་ལྟ་བཞིན་བསམ་གཞིགས་ནང་ལྷུང་ཞིང་ཚེ་མཛེས་དང་ངེད་གཉིས་དགའ་རོགས་སུ་གྱུར་འདུག་ཨང་སྙམ་བྱུང་།

  ང་རང་ཚེ་མཛེས་ཀྱི་གཞུང་ལས་ཁང་དུ་ཐེངས་འགར་འགྲོ་མྱོང་། མོ་རང་ནམ་ཡང་ཐ་མག་ནག་པོ་ཞིག་འཐེན་གྱིན་ལུང་པ་འདིའི་མཐར་ནས་ཡར་འཐེན་ཡོད་པའི་གཞུང་ལམ་དེར་ཧད་འདུག གཞུང་ལམ་ནག་པོ་དེ་ནི་ནམ་ཡང་སྟོང་ལྷང་ལྷང་ཡིན། མོའི་གཞུང་ལས་ཁང་གི་ཡིག་ཆ་ཡོད་དོ་ལ་ཐལ་བ་སྟུག་པོ་ཞིག་ཆགས་འདུག་ཅིང་གློག་ཀླད་ནས་ཅོག་ཙེའི་བར་དུ་སྡོམ་རྒྱ་སྒོ་སྒོ་ཞིག་འཐེན་འདུག དེའི་དཀྱིལ་གྱི་སྡོམ་ཆེན་པོ་དེས་ཤི་མ་གསོན་གྱི་སྦྲང་བུ་ཞིག་གི་ཁྲག་དམར་འཇིབ་ཀྱིན་མཆིས།

  དེ་རྗེས་ང་རང་མོའི་ཉལ་ཁང་དུ་ཡང་ཡང་འཛུལ་བ་མ་གཏོགས་གཞུང་ལས་ཁང་དུ་སོང་མེད།

  ཉལ་ཁར་མོས“ངེད་གཉིས་ལས་ཁུངས་ཁ་གཏད་ཀྱི་དེའུ་འབུར་སྒང་ལ་ཐེངས་གཅིག་འཆམ་འགྲོ”ཞེས་ཡང་ཡང་ལབ་ཡོང་།

  “དེའུ་འབུར་དེར་ལ་འཛེག་སའི་ལམ་ཞིག་མི་འདུག ”

  “རྩྭ་ལྗང་སྟུག་པས་ཟིལ་ཆུ་མང་པོ་ཡོད་ངེས”

  ངས་དེའུ་འབུར་དེར་འཛེག་མི་ཉན་པའི་རྒྱུ་མཚན་མང་པོ་བཙལ།

  ང་རང་སྒེའུ་ཁུང་ཕྱི་རོལ་དུ་ཆར་བ་འབབ་ཚུལ་ལ་ཧད་ཀྱིན་དྲན་པ་འཆམ་དུས་ངའི་མིག་ལམ་དུ་མེ་ཏོག་མེད་པའི་རྫ་མ་ཆུང་ཆུང་དེ་མངོན་བྱུང་། མེ་ཏོག་མེད་དུས་རྫ་མ་དེ་ནི་མགོ་བོ་མེད་སོང་བ་དང་འདྲ། ངས་གད་སྙིགས་ནང་གི་མེ་ཏོག་སྐམ་པོ་དེ་བླངས་རྗེས་རྫ་མའི་ཐོག་བཞག་པ་དང་ཚེ་མཛེས་ཀྱི་ཁང་པའི་ནང་བསྐྱལ།

  ཡིན་ཡང་མོ་རང་ངོ་ནག་ནས་འདུག མེ་ཏོག་དེར་ལྟ་ཙམ་ཡང་མ་བྱས།

  མོས་“ཁྱོད་ཀྱིས་ནང་མི་རྣམས་ལ་ཁ་པར་ཞིག་རྒྱོབས། མ་གཏོགས་ངའི་ཁོག་པའི་ནང་ཕྲུ་གུ་འཁོར་ཡོད་པ་འདྲ”ཟེར།

  ང་རང་དེ་མུར་བརྡ་རྟགས་མི་ཡག་པའི་ལུང་པ་འདིའི་ཆར་ཞོད་ཁྲོད་དུ་འགྲེང་ནས་ཕ་ཡུལ་གྱི་མི་རེ་རེར་ང་ལ་ནག་མོ་ཞིག་ཡོད་ཚུལ་ལབ་དགོས་བྱུང་།”

  ཚེ་མཛེས་དང་ངེད་གཉིས་དེའུ་འབུར་དེའི་སྒང་ལ་སླེབས་དུས་དགུན་ཁ་སླེབས་རན་པ་འདྲ་སྟེ་ཆར་བ་འབབ་མཚམས་ཉིན་གཅིག་བཞག་སོང་། གཞན་པ་ཡོད་ཚད་ལ་འགྱུར་བ་མི་འདུག

  ལུང་པ་འདི་རུ་དགུན་ཁ་སླེབས་པ་ནི་ཆར་བ་འབབ་མཚམས་བཞག་པ་ཙམ་ཡིན། གཞན་ཡོད་ཚད་ལ་འགྱུར་བ་ཡོད་མི་སྲིད། དུས་བཞི་ནི་གསལ་པོར་དྲན་རྒྱུ་མེད་པའི་མདང་གི་རྨི་ལམ་ལ་ཕྱི་དྲན་བྱས་པ་དང་འདྲ།

  དེའུ་འབུར་སྒང་ནས་མར་བལྟས་དུས་དང་པོ་མིག་ལམ་དུ་མངོན་ཡོང་བ་ནི་ལུང་པའི་ནང་གི་གཞུང་ལས་ཁང་ཐོག་བརྩེགས་བཅུ་ཅན་དེ་རེད། གཞན་ལུང་པ་འདིའི་ནང་ཕོ་རོག་ཅིག་གི་གྲིབ་མ་ཡང་མི་འདུག གཞུང་ལས་ཁང་ཆེན་མོ་དེ་ནི་ནམ་ཞིག་སུས་མི་མེད་ལུང་སྟོང་འདིར་བསྐྲུན་པ་ཡིན་ནམ་སྙམ་ན། དེ་ནི་བསྐལ་པ་ཡ་ཐོག་ནས་མ་བཅོས་ལྷུན་གྱིས་འགྲུབ་པ་ཡང་ཡིན་སྲིད་སྙམ་ཡོང་།

  ཚེ་མཛེས་ཀྱིས་སྙན་ངག་ཅིག་དབྱངས་སུ་ལེན་བྱུང་། སྙན་ངག་དེའི་ནང་རྒྱ་སེ་དང་དུག་ཅེས་པའི་ཚིག་དེ་གཉིས་ཡང་ཡང་ཐོན་པར་གོ

  ཟླ་བ་ཁ་ཤས་ཕར་སོང་ཡང་ཚེ་མཛེས་ཀྱི་ཁོག་པ་ནང་གི་ཕྲུ་གུ་དེ་ནི་མོས་དེ་སྔོན་རྟོག་བཟོ་བྱས་པ་འདྲ་སྟེ། ཆེན་པོ་ཆགས་རྒྱུ་མི་འདུག

  རྫ་མའི་ནང་གི་མེ་ཏོག་དབང་ལག་དུས་ནམ་ཞིག་ནས་རོ་ལངས་བྱས་པ་གསལ་ཆ་མེད་མོད། ད་ནི་ཆེ་ཆེར་རྒྱས་འདུག

  ཚེ་མཛེས་ཀྱི་ཁང་པའི་ནང་རུལ་དྲི་ཞིག་སྤྲིན་པ་བཞིན་ཁང་ཟུར་ཀུན་དུ་འཁྲིགས་ཀྱིན་འདུག ངེད་གཉིས་ནི་འདི་ལྟར་ཁང་པ་འདིའི་ནང་གི་དངོས་པོ་ཆ་ཡོད་ཅིག་ལ་ཧད་བསྡད་པ་ལས་ཁང་པའི་ནང་གཙང་སྦྲ་ཐེངས་གཅིག་བྱེད་རྒྱུ་ཡིད་ལའང་མ་ཤར།

  “ཤུགས་རྒྱོབ། ད་ནི་ལུང་པ་འདིའི་ནང་ཟླ་གཅིག་ལས་བསྡད་མི་དགོས། ཟླ་གཅིག་གི་རྗེས་སུ་ང་རང་གྲོང་ཁྱེར་དུ་ལོག་འགྲོ གྲོང་ཁྱེར་ནས་སྙན་ངག་གི་རྒྱལ་ས་ཧྥ་རན་སེར་ཆས་འགྲོ། ”ཚེ་མཛེས་ཀྱི་རྣམ་ཤེས་ནང་ཁ་བྲལ་ཟེར་བའི་འཁྲུལ་སྣང་དེ་ཆེ་ཆེར་རྒྱས་ཀྱིན་པ་ཚོར། ཟླ་བ་ཁ་ཤས་ཕར་ཡལ་མོད། མོ་རང་ད་དུང་ལུང་པ་འདིའི་ནང་ལུས་འདུག

  “ང་རང་ཁ་བྲལ་དུ་མི་འཇུག་མཁན་ནི་ཁྱོད་རེད”མོ་རང་ང་དང་བཅས་པའི་ལུང་པ་འདིའི་དངོས་པོ་ཡོད་དོ་ལ་ཁོང་ཁྲོ་ལངས་འདུག

  ང་རང་གཉིད་ལས་སད་དུས་མཚན་མོ་རེད། ཚེ་མཛེས་ཀྱི་རྨི་གཏམ་འཆད་ཀྱིན་འདུག མོའི་རྨི་གཏམ་ནི་ཧྥ་རན་སེའི་སྙན་ངག《མེ་དགེ་མེ་ཏོག》རེད། ཡིན་ཡང་སྙན་ངག་ནང་རྒྱ་སེ་དང་དུག་ཅེས་པའི་ཚིག་གཉིས་པོ་ཐོན་མ་སོང་།

  ངས་པེ་ཙི་རྐང་རིང་མ་ཞིག་གི་ནང་དུ་རྒུན་ཆང་དམར་པོ་འཐུང་དུས་གཟབ་གཟབ་མ་བྱས་པ་སར་ཤོར།

  ཚུལ་དེ་མཐོང་མ་ཐག ཚེ་མཛེས་ཀྱི་ཁ་ནས་ཚིག་རྩུབ་དུ་མ་ཐོན་བྱུང་ལ་ཁ་ངོ་འཇིགས་སུ་རུང་བ་ཞིག་ཏུ་གྱུར་འདུག་པས་ང་རང་བརྩེ་དུང་ཟེར་བར་ཡིད་མི་ཆེས་པར་བཟོས་སོང་།

  ཕྱི་ཉིན་ང་རང་ཚེ་མཛེས་གྱི་གཞུང་ལས་ཁང་དུ་མོ་ལ་ལྟ་བར་འགྲོ་དུས། མོ་རང་བསྡད་མི་འདུག མོ་རང་བཞིན་ངས་ཀྱང་སྒེའུ་ཁུང་བརྒྱུད་ནས་ལུང་པའི་མཐར་རུ་འཐེན་པའི་གཞུང་ལམ་ནག་པོ་དེར་ལྟ་སྐབས། དུས་རྒྱུན་ཕོ་རོག་གི་གྲིབ་མའང་མཐོང་མི་སྲིད་པའི་གཞུང་ལམ་དེའི་ཐོག་ཏུ་སྐེ་དཀྲིས་དམར་པོ་གྱོན་པའི་ཚེ་མཛེས་རླུང་གིས་ཁུར་བའི་རྒྱ་སེ་ལྟར་མར་ཕྱིན་སོང་།

  ངས་རྩྭ་ལྗང་ན་རྣམ་པར་གྲོལ་བའི་རྒྱ་སེ་ལྟར་གྱི་མོའི་རྒྱབ་གཟུགས་ལ་ལྟ་བཞིན་རྒུན་ཆང་དམར་པོ་འཐུང་འདོད་འགོག་མེད་དུ་སྐྱེས། གང་ལྟར་ཚེ་མཛེས་ངེད་གཉིས་མཉམ་པོར་བསྡད་པ་ནས་བཟུང་ངས་རྒུན་ཆང་མང་པོར་འཐུང་དགོས་པར་གྱུར། མོས་ཀྱང་ཐ་མག་ཡང་ཡང་འཐེན་གྱིན་འདུག

  མོས་དུས་རྒྱུན་གཞུང་ལས་ཁང་གི་སྒེའུ་ཁུང་ནས་གཞུང་ལམ་སྟོང་པར་བལྟས་པ་ནི་དྲན་སྣང་ཁྲོད་ཀྱི་ཁ་བྲལ་བའི་རང་ཉིད་ཀྱི་རྒྱབ་གཟུགས་ལ་བལྟས་པ་ཡིན་འདུག

  ཕྱི་དྲོར་ཆར་བ་འབབ་མཚམས་བཞག་རྗེས་མཚམས་སྤྲིན་དམར་པོ་ཞིག་འཁྲིགས་སོང་། ཚེ་མཛེས་རྐང་ཐང་ངང་མོས་ཡང་ཡང་སྨྲས་མྱོང་བའི་གྲོང་ཁྱེར་དེར་ལོག་འགྲོ་བར་འདྲ། ད་དུང་ཕྱིར་ལོག་མ་བྱུང་། ངས་མཚམས་སྤྲིན་གྱི་ནང་དུ་མེས་པོ་ཚོའི་རྣམ་ཤེས་འཁྱམས་པོ་དག་གིས་དྲོད་འཐུང་གིན་པ་དངོས་སུ་མཐོང་བྱུང་།(རྣམ་ཤེས་འཁྱམས་པོས་མཚམས་སྤྲིན་ནང་གི་དྲོད་ཆུང་ངུ་འཐུང་ཚུལ་ནི་མེས་པོ་ཚོས་བཤད་མྱོང་བའི་གཏམ་རྒྱུད་ཅིག་ཡིན)

  ཁ་སང་འཐུང་འཕྲོ་བཞག་པའི་རྒུན་ཆང་དམར་པོ་ཤེལ་དམ་ནང་རྒྱ་སེ་དམར་པོ་རྐང་གཅིག་ཁྲག་ལྟར་བཞད་འདུག དེ་ནི་མོས་ང་ལ་བདེ་མོར་འཇོག་བྱེད་ཀྱི་ལེགས་སྐྱེས་དེ་ཡིན་སྲིད། རྒྱ་སེ་དེ་ནི་མོས་ཡང་ཡང་གྱེར་མྱོང་བའི་སྙན་ངག་ལས་བཏོགས་ཡོང་བར་ཡིན་ནམ་སྙམ་གྱིན་རྒྱ་སེ་རྐང་གཅིག་དེ་གད་སྙིགས་སུ་འཕངས་པར་རྩོམ་དུས་འདབ་མ་དམར་པོ་དག་གད་སྙིགས་བླུགས་སྒམ་གྱི་གཡས་གཡོན་དུ་ཐོར་སོང་།

  ཚེ་མཛེས་མེད་དུས་རྒུན་ཆང་པེ་ཙི་ནང་བླུགས་དགོས་དོན་མེད། ཤེལ་དམ་ཁ་ལ་སྤྲད་ནས་འཐུང་པས་ཆོག སྐབས་དེར་རྫ་མའི་ནང་རྣམ་པར་གྲོལ་བའི་མེ་ཏོག་དབང་ལག་གིས་ང་ལ་རྒུན་ཆང་འཐུང་བར་བར་ཆད་བཟོས་སོང་།

  མེ་ཏོག་དབང་ལག་ལས་མེ་ཏོག་བཅུ་ཕྲག་མང་པོ་བཞད་འདུག

  “གྲོགས་པོ་ཡིན་དཱ། ཞབས་དག་ཡིན་དཱ།”ངས་འདི་ལྟར་འཆད་ཀྱིན་རྫ་མའི་ནང་དུ་རྒུན་ཆང་ཡིད་ཚིམས་དགོས་པ་ཞིག་བླུགས་རྗེས། ཤེལ་དམ་དུ་ལུས་པའི་རྒུན་ཆང་ལྷག་མ་ཀུན་ཞབས་དག་བརྒྱབ་པ་ཡིན།

  མེ་ཏོག་དབང་ལག་ལ་ད་དུང་སྐད་ཆ་ཞིག་བཤད་གྲབས་ཡོད་དུས། གསར་དུ་བཞད་པའི་མེ་ཏོག་དག་ངའི་མིག་ལམ་ནས་གློ་བུར་རྙིད་སོང་།

  ངའི་བྲང་ཁོག་ཏུ་བཟོད་པར་དཀའ་བའི་ན་ཟུག་ཅིག་ལངས་ཡོང་།

  རྨི་ལམ་ལས་སད་དུས་ང་རང་བར་དོར་ཟིན་འདུག

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《སྙན་ངག་ལས་བཏོགས་པའི་རྒྱ་སེ》

2020-05-28 ཀླད་ཀོར།(སྨར་ཁམས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།