དངུལ་རྭའི་འཇམ་དབྱངས་ཀྱི་བརྩམས་སྒྲུང་། 《ཁོ་ཆད་རྒྱུ་མེད་པའི་འབྲོག་ཕྲུག་མ》

དངུལ་རྭའི་འཇམ་དབྱངས།(རྨ་ཆུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2020-12-25

  ད་ལོའི་སྟག་ཟླའི་ཚེས་མགོར། རྫོང་གུང་གཞོན་སྡེ་ཚོགས་ཀྱི་འཐུས་མི་ཚོགས་ཆེན་འཚོགས་དུས་ང་ཡང་དེའི་ཟུར་དུ་ཞུགས་པའི་གོ་སྐབས་ལྡན། ཡར་ཚོགས་ཀྱི་ཉིན། ཚོགས་འདུའི་མགོ་བརྗོད་དེ་ནོར་སྦྱིན་འཚོ་ཞེས་བྱ་བའི་གཞོན་ནུ་མ་ཞིག་གིས་རྒྱ་སྐད་ཀྱིས་བཤད་པ་ལ། ངས་འདུག་རོགས་ལ་གན་སུ་རེད་ཅེས་དྲིས་པར། ཁོས་གན་རྩེ་བཟའ་ནོར་སྦྱིན་འཚོ་རེད། མོ་ད་ལྟ་རྫོང་གུང་གཞོན་ཀྱི་ཧྲུའུ་ཅི་གཞོན་པ་རེད་ཟེར། རྩེ་བཟའ་ཞེས་པའི་བུ་མོ་འདི་ད་རེབ་མ་གཏོགས་མཐོང་མ་མྱོང་ནའང་། རིང་པོ་རྣ་བས་ལོ་མང་བོའི་སྔོན་དུ་ཐོས་མྱོང་ཕྱིར། ངས་མོ་སྐད་ཆ་ཅི་ཡོད་དུ་རིག་པ་བསྒྲིམས་ནས་ཉན་ན་ཡང་། རྒྱ་སྐད་མི་ཤེས་པས་ཚིག་གི་གོ་བ་མ་ལོན་ནའང་། རྩེ་བཟའ་ཞེས་པ་ལ་གོ་བ་ལོན་པར་གྱུར་པའོ།།

  དེ་ནི་མི་ལོ་བཅུའི་ཡར་སྔོན་དུ། ང་རང་རྫོང་མཁར་དུ་སྐམས་ལུག་སྤྲོད་པར་ཡོང་དུས། རྩེ་བཟའ་སློབ་ཆུང་མཐར་ཕྱིན་ཏེ་དམངས་སྒྲུབ་དགེ་རྒན་ཞིག་ཏུ་གྱུར་པར་མ་ཟད། སྐད་ཡིག་དང་རྩིས་རིག་གཉིས་ཀྱི་ཐད་ནས་ཀྱང་ངན་པ་ཞིག་མ་རེད། གླུ་ལེན་གར་རྩེད་བྱེད་དགོས་ནའང་ས་དེའི་རྒྱ་མོ་ཚོ་དང་འདྲ་འདྲ་རེད་ཅེས། དགེ་རྒན་ཚོས་གླེང་གིན་པ་ཐོས།

  དེ་ནས་བཟུང་ལོ་གསུམ་ཙམ་ལོན་ཚེ། ང་ཚོའི་རུ་ཆེན་ན་ཡོད་པའི་དམངས་སྒྲུབ་དགེ་རྒན་ལྔ་བོས་བོད་སྐད་མི་གོ་རུང་གཞུང་སྒྲུབ་དགེ་རྒན་དུ་གྱུར་ཅིང་། ལ་ལ་སླར་ཡང་རྒྱ་ནང་དུ་ལོག་ནས་རྒྱ་དཔོན་ཞིག་ཏུ་གྱུར་ཡོད་པས་ན། རྩེ་བཟའ་དེ་ལས་ཀྱང་ལྷག་ཅིག་ཏུ་འགྱུར་ལོས་ཡོད་འདོད་དེ། ཉིན་ཞིག་དེའི་སྐོར་ཀུང་ཧྲེའི་དགེ་རྒན་ཞིག་ལ་དྲིས་ཚེ། ཁོ་མོ་དགེ་རྒན་བྱས་ནས་ལོ་དུ་མ་ཟིན་ནའང་། རྒྱ་ཡིག་གི་ཡོན་ཚད་དམའ་བས་གཞུང་སྒྲུབ་དགེ་རྒན་དུ་འགྱུར་མ་ཐུབ་པར། ན་ནིང་སྟོན་ཀར། མོ་དགེ་ཐོན་སློབ་གྲྭ་ཞིག་གི་ནང་དུ་སོང་ནས་རྒྱ་ཡིག་སྦྱོང་བཞིན་ཡོད་པ་ཐོས་ཚེ། ངའི་ཡིད་དུ་བུ་མོ་རང་ཚུགས་ཅན་ཞིག་ཡིན་ཚུལ་རེད། དེ་འདྲ་བྱེད་དགོས། གསར་བརྗེ་བྱེད་འདོད་ན་གོ་རྟོགས་དང་རིག་གནས་ཡོད་པའི་ངལ་རྩོལ་བ་ཞིག་ཡིན་དགོས་རབ་ཡོད། བོད་ཀྱི་ཆུང་ཐོགས་པའི་ནང་ན། ཀ་ངོ་ཡིག་ངོ་ཟིན་མི་རེ་སྐྱེ་ཐུབ་ན་དགོས་ཐོག་མཁོ་ཐོག་རེད། ཁྱད་པར་དུ་བོད་ཡིག་གི་དགེ་རྒན་རེ་འབུད་ཐུབ་ན་བཟང་པོ་རེད། བོད་སྐད་མི་གོ་བའི་དགེ་རྒན་གྱིས་རྒྱ་སྐད་མི་ཤེས་པའི་སློབ་མར་ཀློག་ཁྲིད་ན། དྲེད་མོང་གིས་འཕྱི་བ་བརྐོས་ཕའི་དཔེ་རུ་གྱུར་ཡོད་པ་འདི་རེད། ཅེས་སྙམ་ནས་བདག་ལྟ་བུའི་ཐང་ནས་དོན་མེད་ཅིག་ལའང་དགའ་སྣང་སྐྱེས་འོང་བའོ།།

  མི་བཞིའི་ཕྱོགས་ཁག་འདུལ་རྗེས་ཀྱི་ལོ་གཅིག་ལྷག་གི་རྗེས་སུ། རུ་ཁག་གི་དོན་དུ་ང་དང་མི་ལྔ་ཆུ་མ་མཁར་དང་ཤིང་ཀུན་མཁར་ལ་ཤིང་རྟའི་ཕང་ལོ་ཉོ་རུ་འགྲོ་དུས། སྐྱ་ཀ་མཁར་ཞེས་པའི་གྲོང་རྡལ་གྱི་ཟ་ཁང་ཞིག་གི་སྒོ་སྔུན་ན། རླངས་འཁོར་སྔོ་ནག་ཅིག་འཚོམ་ཡོད་པ་དེ། ངའི་ཟུར་གྱི་སྐྱ་ལོས་མཐོང་མ་ཐག་ཏུ། འདི་ནོར་སྦྱིན་འཚོའི་རླངས་འཁོར་རེད་ཅེས་འུར་སྒྲོག་པ་ལ། ངས་ནོར་སྦྱིན་འཚོ་ཞེས་པ་གང་རེད་ཅེས་དྲིས་དུས། ལན་དུ་དགེ་རྒན་ནོར་སྦྱིན་འཚོ་རེད་ཟེར། དེའི་དུས་ངས་རྩེད་མཚར་གྱིས་ཁོ་ལ་བོད་མི་བཙན་ན་རུས་མི་ཤེས་རུང་མཚང་མིང་ཤེས་དགོས་ཟེར་བ་ནི། ཁྱོད་ཀྱིས་མ་གོའམ་ཞེས་པ་ལ། ཁོ་རང་གིས་བོད་ལ་རུས་མེད་དུས་ཁྱོད་ཚོར་གང་ན་རུས་ཤིག་ཡོད། མཚང་ངམ་ཚང་ཟེར་བ་ནི་ངས་མ་ཤེས་ཞེས་ཅུང་ཙམ་ཁྲོ་བའི་རྣམ་པ་སྟོན་ཚེ། ངས་ཡང་ཁ་རྩེད་བྱས་ཏེ། འོ་ན་དགེ་རྒན་འདི་བརྩེ་བཟའ་ནོར་སྦྱིན་འཚོ་ཞེས་པ་དེ་མ་ཡིན་ནམ། ཞེས་ཁས་ཤོར་བ་དང་། རྒྱ་ལུ་སྐྱ་ལོས་ཁོ་མོས་དགེ་ཐོན་སློབ་གྲྭ་ནས་ལོ་ཕྱེད་གཉིས་སུ་སྦྱངས་ནས་མཐར་ཕྱིན་རུང་། སླར་ཡང་སྔར་ལྟར་དམངས་སྒྲུབ་དགེ་རྒན་བྱས་དུས། འབྲོག་པ་ལ་ལས་མོ་ནི་རྒྱ་རུ་སོང་ནས་བཤའ་ཟོག་དང་། བོད་དུ་ཡོང་ནས་བཀོལ་ཟོག་མ་ཉན་ཞེས་ཟུར་ཟ་བྱས། དེ་ནས་མོ་རང་ཡང་ཁུལ་རླངས་འཁོར་ཁ་ལོ་བའི་སྦྱོང་བརྡར་འཛིན་གྲྭར་སོང་ནས་ལོ་རྒན་ཁ་འཁོར་གཅིག་ལ་ལག་རྩལ་སྦྱངས་རྗེས། ད་གཟོད་འཛིན་ཡིག་ཅིག་ལོན་ཏེ། ད་ལྟ་རྫོང་ན་རླངས་འཁོར་གྱི་ཁ་ལོ་བ་བྱས་ཡོད་ཅེས། མཐོ་བཤད་དམའ་བཤད་དང་བསྟོད་ཞོར་སྨད་ཞོར་གྱི་ཚིག་རྔ་དེ་བུད་དུས། ང་ཚོའི་འགྲུལ་འཁོར་ཡང་ཟ་ཁང་ཞིག་གི་སྒོ་ཁར་སོང་ནས་དྲོས་ཇ་འཐུང་བ་རེད།

  འགྲོ་རོགས་ཚོས་ཟས་ཟོས་ཤིང་ཇ་འཐུང་ནའང་། ངས་རྩེ་བཟའི་དོན་དེ་གོ་བ་ནས་བཟུང་ནས་ཟས་ཟ་འདོད་མེད་པར་ཁོང་ཁྲོ་དང་འདང་རྒྱག་ཅིག་གི་ནང་དུ་ལྷུང་སྟེ། ད་ལྟ་མགོ་འདྲེན་ཚོས་འབྲོག་པ་རྣམས་གོ་རྟོགས་དམའ་སྟབས། བུ་ཕྲུག་སློབ་གྲྭར་མངག་ཁར་མི་ཉན་ཟེར་བ་མིན་ནམ། རྩེ་བཟའ་སློབ་གྲྭར་སོང་བ་ལྟ་བུ་ཞིག་ཡིན་པ་ལས། སྔར་ནས་བཟུང་སེམས་ཅན་གྱི་རྗེས་འབྲངས་ནས་མ་སོང་བའི་བཟང་འདོད་མོད། འོན་ཀྱང་། བསམ་བློ་བཞི་གསུམ་བཅུ་གཉིས་བཏང་ན། དེ་ཅི་ལ་ཡིན། རྩེ་བཟས་རླངས་འཁོར་སྐོར་ཐུབ་པ་འདི་ནི། སྤྱིར་འབྲོག་པ་དང་། ནང་སྒོས་སུ་འབྲོག་མོ་ཚོ་ལ་དཔེ་ཞིག་བཙུགས་པ་མིན་ནམ་སྙམ་ཡོང་ཚེ། མོའི་ཀུན་སྤྱོད་ལ་ང་རང་ཞེ་ཐག་པ་ནས་དགའ་ཞིང་མགུ་བར་གྱུར་ཅིང་། ཞེ་སྡང་གི་སྨུག་པའང་དེ་དང་ལྷན་དུ་དྭངས་ཤིང་། རྒྱ་སྒོའི་ཚོང་ར་ཉུལ་ཏེ་ཅུང་ཙམ་མིན་ན་ང་ཚོའི་འགྲུལ་འཁོར་གྱི་རྗེས་མ་ཆོད་པའོ།།

  ཤིང་ཀུན་དང་ཆུ་མ་མཁར་ནས་ཟླ་བ་ཕྱེད་གསུམ་ལ་གཞུང་དོན་དུ་འབད་ནས་ཕྱིར་རྫོང་དུ་འབྱོར་ཞིང་། དེའི་དགོང་མོར་བསྐུར་མ་རྣམས་ཡར་སྐྱེལ་མར་སྦྱིན་བྱེད་ཞོར་དུ་ངའི་ཡུལ་ཕྱོགས་ཚང་ལ་སླེབས་དུས། ཡང་དེ་ན་རྩེ་བཟའི་རྒྱུ་མཚན་གླེང་གིན་ཡོད་ཅིང་དེ་ནི་སྔར་གྱི་ཐུ་ཡིན་པར་མ་ཟད། ཐ་ན་རྒྱུ་འབྲས་པ་འགའ་རེ་ཡང་མོའི་ཆེད་དུ་ཁྲོ་བཞིན་ཡོད། དེ་ཅི་ཡིན་ཞེ་ན། རྩེ་བཟའ་སླར་རྫོང་ལ་ཡོང་ནས་དུས་ཅིག་ལོན་པ་ཙམ་ལས། ད་དུང་དངོས་གཞིའི་བཟོ་མོར་གྱུར་མེད་པས། ལས་ཁུངས་ཤིག་ལ་སོང་ན་ཟླ་གླ་སྟེར་མོད། འོན་ཀྱང་། ལས་ཁུངས་དེའི་འགོ་བ་བོད་ཡིན་ནའང་། རླངས་འཁོར་མི་གཞན་ཞིག་གི་ལག་ཏུ་འཇོག་འདོད་དེ། རྩེ་བཟས་ཅི་འདྲ་སྒྲིམ་རུང་མ་འདོད་པར་ལག་གི་རླངས་འཁོར་བླངས་སོང་། དེ་ནས་མོས་རླངས་འཁོར་གཞན་པ་ཞིག་སྐོར་རྒྱུ་མ་རྙེད་པས། རྗེས་འཁྱོག་རུང་ཕྱི་ལམ། ཉམས་ངན་རུང་རང་ཡུལ་ཞེས་པ་ལྟར། རྒྱབ་ཁུག་ནག་ཐོ་མ་ཁུར་ཞིང་། གློག་རྫ་དཀར་ཐོ་མ་བཟུང་སྟེ། མི་ལོག་ཐབས་མེད་དུ་གྱུར་པ་རེད་ཅེས་སོ།།

  ངའི་ཡིད་དུ། རྩེ་བཟའ་ནི་སློབ་གྲྭ་གཉིས་ཀྱི་སྒོ་འགྲིམ་མྱོང་ལ། གྲལ་རིམ་དེད་ན་མེད་པོ་ཞིག་ཡིན་རབ་ཡོད། ད་ཚོད་ལྷག་ཏུ་བུད་མེད་གནམ་ཚལ་ཞེས་མོ་དྲི་ཞིག་བྲོ་ན་དཔོན་པོའི་མིང་བྱང་ཐོབ་པའི་དུས་སུ། མོ་རང་གར་སོང་ས་ནས་ལམ་རུབ་འགྲོ་བ་འདི་ནི། མོ་རང་ལན་ཡོད་ཀྱི་རེད་ཅེས་ཤར་ཡོང་བས་ན། དེར་ཡོད་ཚོ་ལ། མོའི་བཟང་ངན་མ་དྲིས་པར། མོ་སླར་རང་སྡེར་ལོག་དུས། རུ་ཁ་ཁྱིམ་མཚེས། ཁ་བལྟ་འགྲོས་བཟང་གིས་ཅི་འདྲ་གླེང་བཞིན་ཡོད་ཚུལ་དྲིས་པ་ལ། ད་རེབ་རུ་ཁ་ཁྱིམ་མཚེས་ཚོས་མོ་ལ་ངན་མི་བསྒྲགས་པར། གསེར་ས་འོག་ན་ཡོད་རུང་འོད་ནམ་མཁའ་རེད། ད་ལྟ་ཁྱེད་སླར་ལོག་པ་འདི་ང་ཚོར་མཁོ་ཐོག་ཉག་ཐོག་ཡིན་ཞེས་པའོ།། དེ་ནས་ངས་མོའི་རྒྱུ་མཚན་ཞིབ་ཏུ་འདྲི་འདོད་མོད། འོན་ཀྱང་ནུབ་དེར་བྲེལ་བའི་དབང་གིས་མང་བོ་བཤད་ཁོམ་མ་བྱུང་བ་རེད། ད་ནི་རྩེ་བཟའ་ཡུལ་ན་མི་སེར་ཡིན་འདང་བྱས་ཡོད་ཀྱང་། དེ་རིང་འདི་ན་དཔོན་མོ་ཞིག་ཏུ་གྱུར་ཡོད་པ་རེད།

  ཡར་ཚོགས་ཀྱི་སྔ་དྲོའི་གྲོས་རིམ་ལ། ཚོགས་འདུའི་མགོ་བརྗོད་དང་བྱ་བའི་སྙན་ཞུ་གཉིས་ལས་མེད། དེ་གཉིས་ཀའི་བཤད་རྔ་བུད་དུས་དྲོས་ཇ་འཐུང་རན་དུ་སླེབས་པའོ།། དྲོས་ཇའི་སྟེང་ན་རྒྱ་ཟས་ཀྱི་སྡེར་སྣ་མོད་ཅིང་། ཇ་ཆང་གི་རྣམ་པ་མང་རུང་། རྩེ་བཟའ་ད་རེབ་ཀྱི་ཚོགས་འདུའི་བདག་མོ་ཡིན་ཚུལ་གྱིས་བ་ཁ་སོ་སོར་སོང་སྟེ། ཟས་སུ་གང་ཞིམ་དང་། ཆང་ལ་གང་ལ་མཚར་གྱི་སྐོར་དྲིས་ཚེ། ཁ་དགའ་ངོ་འཛུམ་སྟོན་མིའང་མང་བོ་ཡོད།

  ཕྱི་ཉིན། མོ་རང་ང་ཚོའི་ཚོགས་ཆུང་གི་སྟེང་དུ་ཞུགས་པར་མ་ཟད། ངས་ཀྱང་རྒྱ་སྐད་མི་བ་ཚོར་རྗེས་ཡོང་ནས་ང་ལ་ལོ་ཙཱ་བ་བྱས། ངས་ཀྱང་སྐབས་དེར་བསྟུན་ནས། མོས་སྔར་ཁ་ལོ་བ་བྱེད་མ་ཐུབ་པར་སླར་རུ་ནང་དུ་སོང་དུས། གཞན་གྱིས་བསྟོད་སྨད་ཅི་སྒྲོགས་དང་མོ་རང་གི་ཅི་འདོད་དྲིས་པ་ལ། མོས་དེ་རིང་འདི་ནས་དེའི་སྐོར་མི་གླེང་བར། ཁོམ་དུས་ང་རང་ཁྱེད་ཀྱི་རྩར་ཡོང་ནས་ཞིབ་ཏུ་བཤད་ཅེས་སྨྲས་པ་ལ། ང་ཅུང་ཙམ་མ་འཐད་ནའང་། མི་མང་ནང་ནས་ཚིག་སྣེ་ཐུག་ག་ལ་རུང་འདོད་དེ་རྗེས་སུ་མི་སྣུར་ཀ་མེད་དུ་གྱུར་པ་རེད།

  ད་རེབ་རྩེ་བཟའ་རྫོང་གཞོན་ཨུའི་ཧྲུའུ་ཅི་གཞོན་པར་བདམས་པ་ནས་བཟུང་། ངའི་ཞེ་རུ་སྤྱིར་བུད་མེད་དཀོར་ཟན་ཚོ་ལ་སྣང་བ་མཐོ། དེའི་ནང་གི་ན་ཆུང་ཚོ་ལ་ལྷག་པར་མཐོ་སྲིད་ཀྱི་རེད་ཅེས་འདོད་མོད། འོན་ཀྱང་དེ་ལས་ལྡོག་སྟེ། དེའི་དགོང་མོར་ཆུ་ཚོད་བདུན་གྱི་ཐོག འབྲོག་པའི་འགྲུལ་ཁང་གི་ངའི་ཤག་ཏུ་རྩེ་བཟའ་བུ་མོ་གཉིས་དང་ལྷན་དུ་ཡོང་སྟེ། ནུབ་དེར་ང་ཚོ་གློག་འཆར་ལྟ་རུ་མ་སོང་བར། མོས་སྔོན་ཆད་ཅི་བྱས་ཀྱི་སྐོར་ཁ་བརྡ་བྱས་པའི་ནང་ན། ངའི་ཐོས་མ་མྱོང་བ་ནི། མོ་རང་ཡུལ་དུ་ལོག་རྗེས། ཟླ་ཕྱེད་ཙམ་དུ་ཁྱིམ་ལ་འཛུལ་ནས་སྒོར་འབུད་མ་འདོད། དེ་ནས་མོས་སློབ་གྲྭའི་དགེ་རྒན་དང་འདྲུད་འཐེན་འཁོར་ལོའི་ཁ་ལོ་བའང་བྱེད་མ་འདོད་པར། རུ་ཆེན་གྱི་བཟོ་ཁང་གི་གོས་གཅོད་པ་བྱས། དེ་འདྲ་བྱེད་རྐྱེན་ལ། ལོ་དུ་མའི་རིང་ཕྱི་རུ་བུད་ཅིང་རྒྱ་གོས་གྱོན་པ། ད་ལྟ་ཕྱིར་ཡོང་དུས་ཐ་ན་ཁ་ཡ་ན་ཟླའི་ནང་དུ་འགྲོ་སྤྱད་ཀྱི་བོད་ལྭ་འབྱོར་མོ་ཞིག་ཀྱང་གོན་རྒྱུ་བཟོས་མེད་པ་དང་། ནང་སྒོས་སུ། ཕོ་གསར་ཞིག་གིས་མོ་ལ། གཅིག་མ་ཤི་ན་གཅིག་མི་རྫུན་པའི་གཉེན་ཡིག་བཞག་ཡོད་ཀྱང་རུང་། ཕོ་གསར་དེས་མོ་མི་སེར་བྱེད་དགོས་པ་མཐོང་མ་ཐག་ཏུ་སེམས་འགྱུར་ནས་མ་འདོད་པར་བརྟེན། མོ་རང་རེ་ཞིག་ལ། མང་ཚོགས་ནང་དུ་སོང་ནས་ཁ་ཡ་ན་ཟླ་ཚོ་དང་འགྲོས་མི་ཕོད་པར་བཟོ་ཁང་བདམས་པ་རེད། བཟོ་ཁང་ནང་ནས་ཟླ་འགའ་འགོར་རྗེས། མོའི་ཡིད་དུ་འཇིག་རྟེན་སྣང་བ་མཐུན་ན། མི་གཅིག་མེད་ཀྱང་སྐྱོན་མེད་ཟེར་བ་ནི། གཞན་ལ་བདེན་རུང་ང་ལ་རྫུན་རེད། རྒྱུ་དང་ནོམ་པ་ཡོད་ན། མིག་གཅིག་ཀྱང་མེད་ཀྱང་འཁོར་འཆང་ཆོག་ལ། རླངས་འཁོར་ཉོ་རྒྱུའང་ཡོད་པ་རེད། མོས་རླངས་འཁོར་ཞིག་ཉོ་བའི་ཀུན་སློང་ལ་མི་སེར་འཐད་ཅིང་། དངུལ་ཁང་གིས་འདོགས་ཀྱང་འཇོག་པ་ལས། གཞན་རླངས་འཁོར་སྲ་འཆིང་ཅན་གྱི་རྙིང་བ་གོང་སླ་ཞིག་ཀྱང་ཉོ་རྒྱུ་རྙེད་པས་ན། མོས་ཐོན་སྐྱེད་ཀྱི་འགན་ཁུར་བླངས་ནས། མདོ་དབུས་གཙང་གསུམ་གྱི་གནས་སྐོར་བ་མང་པོ་ཡར་སྐྱེལ་མར་ལེན་བྱས་ཤིང་། ཨར་ལས་ལམ་ལས་དངོས་རྫས་མང་བོ་ཕར་འདྲེན་ཚུར་འཁུར་བྱས་ནས་འབད་པར་བརྟེན་ལོ་ཕྱེད་གཉིས་ཀྱི་ནང་དུ་འཁོར་ལོའི་རིན་ལོན། ཐོན་སྐྱེད་ཀྱི་འགན་གྲུབ་ཤུལ་ན། སྒོར་སྟོང་ལྔ་ཙམ་ཞིག་མོ་རང་ལ་ཡོད་པ་རེད། དེ་ལྟ་བུས་ན། རྩེ་བཟའི་ལག་རྩལ་མཐོ་ཞིང་རྣམ་འགྱུར་བཟང་ཞེས་བསྟོད་མི་ཇེ་མང་དང་། ཉེ་རྩ་ལག་གིས་ཇེ་གཅེས། མོ་རང་གི་སྣང་བ་ཇེ་སྐྱིད་ཡིན་ལ་དྲན་རྒྱུ་ཡང་ཇེ་མང་ཡིན་པའི་སྐབས་སུ། རྫོང་ནས་མོ་རང་རྒྱལ་ཁབ་ཀྱི་ལས་བྱེད་པ་ཡིན་པའི་བརྡ་ཐོ་འབྱོར་བ་རེད།

  དེའི་དུས་སུ། རྩེ་བཟའི་ཨ་མས་ངེད་ཚང་ལ་གནག་རྫི་ཞིག་མ་གཏོགས། ལས་བྱེད་པ་ལོག་སྤྱད་ཅིག་མེད་ཅེས་ཁ་ར་བསྐང་ར་རྩི་ཞོར་དུ་བུ་མོ་ཅུང་ཙམ་བཀག་རུང་། རྫོང་ཨུའི་ཧྲུའུ་ཅི་ཡོང་སྟེ། མི་རིགས་ཀྱི་ལས་བྱེད་པ་སྐྱེད་བསྲིང་བྱ་དགོས་ཞེས་དཔེ་འདྲེན་ལུང་འདྲེན་བྱས་ནས་སློབ་གསོ་བཏང་སྟབས། རྒད་མོ་དེ་སྡུག་སླ་ལ་དགའ་ཡང་སླ་བའི་དཔེ་ལྟར་དུ། ཨ་མའི་བློ་འགྱུར་ནས་བུ་མོ་ལས་བྱེད་པ་བྱེད་དུ་བཅུག་དུས། རྩེ་བཟས་རླངས་འཁོར་ཐོན་སྐྱེད་རུ་ཁག་ཏུ་སྤྲད་ནས། རྫོང་གཞོན་ཨུ་ཁང་ལ་ཡོང་ངོ་།། ཞེས་བྱ་བའོ།།

  ང་ཚོ་བཤད་མཚམས་དེར་སླེབས་དུས། མོ་རང་འགྲོ་གྲབས་བྱས་པ་ལ། ང་ཡིས་ཀྱང་སྡོད་མ་བཟླས་པར་སྒོ་ཁར་བུད་ཚེ། ཁ་བ་བུ་ཡུག་གིས་གནམ་ས་གཡོགས་ཤིང་། སྐྱི་བསེར་རླུང་གིས་འུར་སྒྲ་སྒྲོག་བཞིན་ཡོད། བུ་མོ་ཞིག་གིས་ཨ་ལ་ལ། དབྱར་སྟག་ཟླའི་ནང་ལ་ཁ་བ་འདི་འདྲ་ཞིག་བབས་ཞེས་པ་ནི་གོ་མ་མྱོང་། ད་ང་ཚོ་ཇི་ལྟར་འགྲོའམ་ཞེས་པའི་ལན་དུ། ངའི་ཁ་འདུག་མ་ཐུབ་པར། ང་ཚོའི་ས་ན་དབྱར་སླེབས་རུང་གླང་ཟླའི་འབྲི་འདར་མ་ཟེར་བའི་ཙག་རླུང་འདི་འདྲ་ཞིག་ཡོད་པར་མ་ཟད། སྲིབ་ལུང་ཁ་ཁེར་ན་དར་ཡང་ཞུ་མེད་ཅེས་པས་ན། དེ་ཚོས་བདེན་པའི་གཏམ་ཅི་ཡང་མི་སྨྲ་བར། གློག་སྒྲོན་འོག་གི་སྣུམ་ལམ་དེད་ཅིང་། འཇུར་རྟའི་སྒྲ་ཐྲིག་ཐྲིག་གྲགས་བཞིན་པར་སྐྱོད་དོ།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། 1983ལོའི་《ཟླ་ཟེར》དེབ་ག་གེ་མོ་ཞིག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དངུལ་རྭའི་འཇམ་དབྱངས་ཀྱི་བརྩམས་སྒྲུང་། 《ཁོ་ཆད་རྒྱུ་མེད་པའི་འབྲོག་ཕྲུག་མ》

2020-12-25 དངུལ་རྭའི་འཇམ་དབྱངས།(རྨ་ཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།