ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《ཚངས་དབྱངས་རྒྱ་མཚོ》

ཀླད་ཀོར།(སྨར་ཁམས) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-03-07

  “སྐུ་ཞབས་ཀླད་ཀོར་ལགས། ཁྱེད་རང་ལི་ཐང་རྫོང་འཛམ་གླིང་གི་རྩོམ་པ་པོའི་ཁྱིམ་གཞིས་སུ་ཕེབས་ནས་གསར་རྩོམ་གནང་བར་དགའ་བསུ་ཞུ། གཞན་མགྲོན་ཁང་གི་ཁང་གླ་རིན་མེད་ཡིན།

  ལི་ཐང་རྫོང་རྩོམ་པ་པོ་མཐུན་ཚོགས་ནས”

  ང་རང་ཆུང་མའི་ཕ་ཡུལ་འབའ་ཐང་དུ་ཡོད་དུས། ཉིན་ཞིག་ལ་གདན་འདྲེན་ཡི་གེ་འདི་འདྲ་ཞིག་འབྱོར་བྱུང་། ངེད་གཉིས་ཀྱིས་ཡི་གེ་འདི་ཡང་ཡང་བཀླགས་ནས། ཡར་མར་ཚོད་དཔག་གང་མང་བྱས། འདི་ཡིན་ཟེར་བའི་ལན་ཡག་པོ་ཞིག་མི་རྙེད་པར་ཡོད་དུས། ཏག་ཏག་ངའི་ཡིད་ལ་ལོ་གསུམ་སྔོན་དུ་སྒྲུང་ཐུང་《ཀླུ》ཞེས་པ་ཞིག་བྲིས་ནས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བར་བཀོད་པ་དང་། ཀློག་པ་པོ་རྣམས་ཀྱིས་དགའ་བསུ་ཚད་མེད་ཐོབ་ཡོད་པ་དྲན། 《ཀླུ》ཞེས་པ་བྲིས་རྗེས། ང་རང་ཞོགས་སྔ་ལངས་བྱས་ཏེ་བརྩམས་སྒྲུང་འབྲི་བའི་གོམས་གཤིས་ཞིག་ཆགས་ཡོད།

  ཞོགས་པའི་ཆུ་ཚོད་ལྔ་པ་ཙམ་ལ། ཆུང་མས་རྒྱུན་པར་ “བརྩམས་སྒྲུང་བྲི་བར་སོང”ཞེས་ཟེར་ནས། ང་རང་རྨི་ལམ་སྐྱིད་པོ་ནས་ལས་བསླང་ངེས། སྔོན་མ་མཚན་མོར་རྩོམ་འབྲི་བའི་གོམས་གཤིས་ཡོད་ཀྱང་། མཚན་མོར་རྩོམ་བྲིས་ཚར་དུས་རྩོམ་རིག་གི་ཡིད་བརྙན་མང་པོས་ངའི་ཀླད་པ་ཡང་ཡང་བརྡུངས་ནས། མཚན་གང་བོར་གཉིད་དུ་མི་འཇུག་པས། རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་གི་ཆེད་དུ་ཞོགས་སྔ་པོ་ལངས་ནས་རྩོམ་བྲིས་པ་ཡིན།

  ལོ་གསུམ་གྱི་རིང་ལ་འབའ་ཐང་ན་ཡོད་པའི་ཁང་ཆུང་འདིའི་སྒེའུ་ཁུང་འགྲམ་དུ་ཙོག་གིན། སྒྲུང་རིང་《ཟླ་བ་དཀར་དཀར》དང་སྒྲུང་ཐུང་ལྔ་བཅུ་ལྷག་བརྩམས་པ་ཡིན། ཡིན་ཡང་སྒྲུང་དེ་དག་ནི་དཔེ་སྐྲུན་ཁང་དང་དུས་དེབ། རྩོམ་རིག་དྲ་བ་སོགས་གང་གིས་ཀྱང་དང་ལེན་བྱས་མ་སོང་བས། ང་རང་བརྩམས་སྒྲུང་འབྲི་བ་ལས་སྒེའུ་ཁུང་གི་ཕྱི་རོལ་ཏུ་ཡོད་པའི་འབའ་ཐང་གི་ཤིང་སྡོང་འདྲ་མིན་ལ་མེ་ཏོག་བཞད་ཅིང་འབྲས་བུ་བཏགས་པའི་ངང་ཚུལ་ལ་ཧད་རྒྱུར་དགའ་ཆེ་བར་གྱུར།

  “བརྩམས་སྒྲུང་དེ་ཅི་འདྲ་བྱུང་སོང”ཆུང་མས་ང་རང་དུས་རྒྱུན་ཧད་བསྡད་ཡོད་པ་མཐོང་མ་ཐག འདི་འདྲ་དྲིས་ཀྱང་ཨ་ལན་མེད་པ་མཐོང་དུས་སླར་ཡང་“ཁྱོད་ཀྱིས་བྲིས་པའི་གཏམ་རྒྱུད་ཐུང་ངུ་ཞིག་ང་ལ་བཤད་རོགས”ཟེར།

  ལོ་གསུམ་གྱི་རིམ་ལ་བྲིས་པའི་སྒྲུང་རིང་《ཟླ་བ་དཀར་དཀར》དང་། སྒྲུང་ཐུང་ལྔ་བཅུ་ལྷག་པོ་ཡོད་ཚད་མོ་རང་ལ་བཤད་ཟིན། ངས་བརྩམས་སྒྲུང་དེ་དག་ནང་གི་གཏམ་རྒྱུད་དག་འཆད་པའམ་ཀློག་དུས། མོའི་མིག་ནང་དུ་འོད་སྣང་ཞིག་འཕྲོ་ཡོང་བ་དང་ཧ་ཅང་ཞིམ་ཉམས་ཀྱིས་ཉན་ངེས། དང་པོ་ངས་ངའི་གཏམ་རྒྱུད་དག་ཧ་ཅང་ཡིད་དབང་འཕྲོག་པ་ཞིག་ཡིན་ས་རེད་བསམས་ཀྱང་། རྗེས་སུ་དེ་འདྲ་ཞིག་མིན་པ་ཤེས། དེ་ནི་མོ་རང་གཏམ་རྒྱུད་ཡག་མིན་ཡོད་དོ་ཅོག་ལ་ཉན་རྒྱུར་དགའ་བ་ཙམ་རེད།

  མོས་“ཁྱོད་ཀྱིས་བྲིས་པའི་གཏམ་རྒྱུད་ཐུང་ངུ་ཞིག་ང་ལ་བཤད་རོགས”ཟེར་དུས། ངས་ལོ་གསུམ་གྱི་རིང་ལ་གཏམ་རྒྱུད་མང་པོ་བྲིས་པའམ་བཤད་པས་ངལ་དྲགས་འདུག

  “ང་རང་བརྩམས་སྒྲུང་འབྲི་མཁན་ཞིག་བྱེད་འདོད་མི་འདུག ང་རང་དུས་བཞི་རྔུལ་ཆུ་ཁྲོམ་ཁྲོམ་བྱེད་པའི་ཞིང་པ་ཞིག་བྱེད་འདོད། ཡང་ན་ཁང་པ་རྒྱག་མཁན་གྱི་བཟོ་པ་ཞིག་བྱེད་འདོད། བརྩམས་སྒྲུང་འབྲི་དུས་ཤུགས་བརྒྱབ་རྒྱུ་མི་འདུག ཞིང་པ་དང་བཟོ་པ་ཅི་འདྲ་སྡུག་ནའང་ཤུགས་ཡག་པོར་བརྒྱབ་བཞག་ན་ཆོག་པ་རེད”ངས་སྒེའུ་ཁུང་ཕྱི་རོལ་ལ་ཧད་ནས་ཡུན་རིང་དྲན་པའི་བསམ་ཚུལ་དེ་མོར་བཤད།

  མོས་ངའི་སྐད་ཆ་དེ་གོ་མ་ཐག་ཧ་ལས་སོང་། “རང་གིས་ལོ་གསུམ་ལ་བརྩམས་སྒྲུང་བྲིས་བྲིས་ནས། བརྩམས་སྒྲུང་འབྲི་བའི་དོན་སྙིང་ཧ་གོ་གི་མི་འདུག་གམ”ཟེར་བ་དང་ཡང་“ཞིང་པ་ཞིག་བྱས་ན། དཔྱིད་ཀ་ནས་དགུན་ཁ་བར་རྔུལ་ཆུ་ཁྲོམ་ཁྲོམ་གྱིས་ཞིང་ལས་བྱས་ཚར་བ་དང་། ལོ་ཕྱི་མའི་དཔྱིད་ཀ་ཚེས་དུས་ལས་ཀ་ཚང་མ་ལོ་སྔོན་མ་ཅི་འདྲ་བྱས་པ་ལྟར་མགོ་རྩོམ་དགོས་ནི་རེད། འདི་ནི་འཁོར་བ་ཆེན་པོ་ཞིག་རེད། མི་ཚེ་གཅིག་ལ་ལས་ཚར་རྒྱུ་ཡོད་མ་རེད”

  ཡང“ཁང་པ་བཟོ་མཁན་ཞིག་བྱས་ན། ཁང་པ་གཅིག་བཟོས་ཚར་བ་དང་། ཡང་གཞན་ཞིག་བཟོས་དགོས་པ་ཡོང་གི་རེད།”མོས་ང་རང་བསྡད་སའི་ཅོག་ཙེ་ཐོག་གི་ཐལ་བ་དག་ལག་ཕྱེས་ཕྱེ་ནས“མཐོང་སོང་ངམ། ཐལ་བ་འདི་དག་མི་ཚེ་གཅིག་ཕྱེ་ཚར་རྒྱུ་ཡོད་མ་རེད། དེ་རིང་ཕྱེ་བཞག་ན་སང་ཉིན་འབབ་ཡོང་གི་རེད། སང་ཉིན་ཕྱེ་ན་གནང་ཉིན་འབབ་ཡོང་གི་རེད། མི་ཚེ་གཅིག་ལ་ཕྱེ་ཚར་རྒྱུ་ཡོད་མ་རེད། ང་ཚོ་བསྡད་ས་ནི་རྡུལ་གྱི་འཇིག་རྟེན་རེད། བརྩམས་སྒྲུང་འབྲི་བ་ནི་སྒྲུང་གཅིག་བྲིས་ཚར་ན་ཚར་བ་རེད། གཉིས་བྲིས་ཚར་ན་ཡང་ཚར་བ་རེད། བྱ་བ་གཞན་དག་བཞིན་འཁོར་བ་འཁོར་རྒྱུ་ཡོད་མ་རེད། དེ་དག་དང་བསྡུར་ན་དོན་སྙིང་ལྡན་པའི་བྱ་བ་ཞིག་མ་ཡིན་ནམ”ཟེར་བྱུང་།

  ངས་ཆུང་མའི་སྐད་ཆ་ལ་ཉན་རྗེས། ང་རང་ཞིང་པ་དང་བཟོ་པ་གང་རུང་ཞིག་བྱེད་པའི་བསམ་ཚུལ་དེ་སེམས་ནང་སྦས་དགོས་བྱུང་། ངས་སྒེའུ་ཁུང་ཕྱི་རོལ་གྱི་ཤིང་སྡོང་དག་ལ་བཏགས་པའི་དབྱར་གཞུང་གི་ཤིང་འབྲས་ལ་ཧད་ཀྱིན། ཤིང་སྡོང་དེ་དག་འཛུགས་མཁན་གྱིས་རང་ཉིད་ཀྱིས་བཙུགས་པའི་ཤིང་སྡོང་ལ། འབྲས་བུ་བཏགས་ཡོང་བ་མཐོང་ཚེ་ཅི་འདྲའི་དགའ་ཨང་སྙམ་སྐབས་མི་ཞིག་གིས་སྒོ་རྡུང་བྱུང་།

  ཆུང་མ་སྒོ་ཕྱེ་བ་ཕྱིན་སོང་ལ་སྒོ་ཁ་ནས་“བཀའ་དྲིན་ཆེན། བཀའ་དྲན་ཆེ”ཞེས་ཡང་ཡང་བཤད་སོང་བ་གོ

  “དྲིན་ཅན་པོ་སུ་ཕེབས་བྱུང”ངས་མོ་ལ་འདི་ལྟར་དྲིས

  “ངེད་གཉིས་ལ་གདན་ཞུ་ཡི་གེ་ཞིག་འདུག”མོས་བཤད།

  “ཡང་སུ་དང་སུ་གཉེན་སྒྲིག་བྱ་རྒྱུ་རེད”གདན་ཞུ་ཡི་གེ་ཡིན་ན་བརྒྱ་ཆ་བརྒྱ་བག་སྟོན་གྱི་གདན་ཞུ་ཡི་གེ་ཡིན་པས་ཁྱབ། ངས་འདི་ལྟར་བསམས།

  ཆུང་མས་གདན་ཞུ་ཡི་གེ་དེ་ངའི་ལག་ཏུ་བཞག་དུས། ད་ཐེངས་ཀྱི་གདན་ཞུ་ཡི་གེ་དེ་བག་སྟོན་གྱི་གདན་ཞུ་ཡི་གེ་རེད་མི་འདུག དེ་ནི་ལི་ཐང་གི་རྩོམ་པ་པོ་མཐུན་ཚོགས་ཀྱིས་བསྐུར་ཡོང་བའི་གདན་ཞུ་ཡི་གེ་ཞིག་རེད། རྒྱབ་ཏུ་ལི་ཐང་གི་རྩོམ་པ་པོ་མཐུན་ཚོགས་ཀྱི་ས་གནས་དང་འགན་ཁུར་མི་སྣའི་འབྲེལ་གནས་སོགས་ཀྱང་བྲིས་འདུག

  ངས་ཡར་མར་འདང་ཡུན་རིང་བརྒྱབ་རྗེས། ལོ་གསུམ་གྱི་སྔོན་དུ་ངས་《ཀླུ》ཞེས་པའི་བརྩམས་སྒྲུང་ཞིག་བྲིས་ནས། བོད་རྩོམ་ལ་ཚ་ཚ་འུར་འུར་ཞིག་བཟོས་མྱོང་བ་དྲན་པ་དང་དོན་དེ་ཆུང་མར་བཤད།

  ཡིན་ཡང་ཆུང་མས་སེམས་ཁུར་བྱེད་ས་ནི། སྒྲུང་ཐུང་《ཀླུ》ཡིས་བོད་ཀྱི་རྩོམ་སྟེགས་ལ་ཅི་འདྲ་ཚ་ཚ་འུར་འུར་བཟོས་བཞག་པ་དེ་རེད་མི་འདུག མོས“《ཀླུ》ཞེས་པའི་གཏམ་རྒྱུད་དེ་ཅི་འདྲ་ཞིག་ཡོད་པ་རེད། ཤོད་དང་”ཟེར།

  ངས་“《ཀླུ》ཞེས་པ་དེ་ནི་ཆུང་དུས་ཨ་མས་ང་ལ་བཤད་པའི་ཀླུའི་སྐོར་གྱི་གཏམ་རྒྱུད་ཅིག་ཡིན།

  དབུལ་པོའི་ཁྱིམ་ཚང་ཞིག་ལ་ཀླུས་གནོད་པ་ཚབས་ཆེན་བྱས་པས། རིམ་འགྲོ་སོགས་གང་བྱས་ཀྱང་མི་ཕན་པར་ཁྱིམ་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་ཀླུ་ནད་ཀྱིས་ཤི་བ་ལ་མཐར་ཁྱིམ་ནང་བུ་ཆུང་བ་ལས་མ་ལྷག བུ་ཆུང་བ་འུ་ཐུག་ཏེ། ‘ངའི་ཕ་མ་དང་སྤུན་མཆེད་ཡོད་དོ་ཅོག་ཀླུ་ནད་ཀྱིས་ཤི་སོང་བ་ལ། ང་ཁེར་པོར་མི་ཡུལ་དུ་གནས་པར་སྙིང་པོ་་ཅི་འདུག དེ་རིང་སྔོ་ཚོད་རྒྱགས་ཚོད་ཅིག་འཐུང་རྗེས་ཀླུ་དེ་རྩ་མེད་བཟོ་དགོས’སྙམ་པ་དང་། དཔྱིད་ཀ་ལ་ལུང་གང་སར་སྐྱེས་པའི་སྔོ་ཚོད་སྣ་ཁ་མང་པོ་རྣམས་མཉམ་ཏུ་བསྐོལ་རྗེས། རྒྱགས་ཚོད་ཅིག་འཐུང་བའི་གྲབས་བྱེད་པའི་སྒང་ལ། རྒད་པོ་སྐྲ་ལོ་དུང་ལྟར་དཀར་བ་ཁ་ནང་སོ་མེད་པ་ཞིག་གིས་‘ཀྱེ་མ། སྔོ་ཚོད་ཀྱི་དྲི་མ་དེ་ཅི་འདྲའི་ཞིམ་པ་ལ་ཕོར་བ་གང་ཨེ་ལྡུད’ཅེས་སྒོ་ཁ་ནས་བོས་ཡོང་བས་བུ་ཆུང་བས་ཡར་ཤོག་ཅེས་བོས། རྒད་པོས‘རང་གཅིག་པོ་ལས་མེད་པར་སྔོ་ཚོད་མང་པོ་བསྐོལ་ནས་ཅི་བྱེད’ ཅེས་དྲིས། བུ་ཆུང་བས་‘ང་དེ་རིང་མི་ཡུལ་ན་བསྡད་ཡོད་ཀྱང་སང་ཉིན་བསྡད་ཡོད་མེད་མི་ཤེས། ཤི་ནའང་ལྟོགས་གྲིས་ཤི་བའི་རྣམ་ཤེས་ཤིག་བྱེད་མི་འདོད’ཅེས་དང་། ད་དུང་དེ་རིང་ཁོས་ཀླུ་དེ་རྩ་མེད་བཟོ་དགོས་ཚུལ་སོགས་རྒད་པོར་བཤད། སྐད་དེ་གོ་བ་དང་། རྒད་པོ་ཧ་ལས་ཏེ་‘ཀླུ་རྩ་མེད་དུ་བཟོས་ན་སྐྱེ་བ་མང་པོ་ཁྱོད་ལ་གནོད་བསྐྱལ་བ་ཞིག་ཡོང་། དུས་དང་རྣམ་པ་ཀུན་དུ་ཀླུ་རྣམས་ཡིད་ཚིམ་པ་ཞིག་མཆོད་ན། ཀླུ་ནི་རིན་པོ་ཆེ་སྣ་ཚོགས་ཀྱི་བདག་པོ་ཡིན་པས། བུ་ཁྱོད་ཀྱང་ཚེ་རབས་ཀུན་ཏུ་གསེར་དངུལ་ལོངས་སྤྱོད་ཀྱིས་གང་བར་འོང’སོགས་ཀླུ་ལ་གནོད་པ་རྩ་བ་ནས་བྱེད་མི་ཉན་པའི་བསླབ་བྱ་ལུང་པ་གང་བརྒྱབ་པ་མ་ཟད། ‘སྔོ་ཚོད་འདི་ཞིམ་པ་ལ’ཟེར་གྱིན་ཕོར་བ་བརྒྱད་འཐུང་རྗེས། རྒད་པོ་བུད་སོང་། བུ་ཆུང་བས་སྔོ་ཚོད་རྒྱགས་ཚོད་ཅིག་འཐུང་བ་དང་། སྟ་རེ་ཁུར་ནས་ཀླུ་གནས་པའི་ལྕང་སྡོང་དེ་བཅད་པ་ན། ལྕང་སྡོང་གི་དཀྱིལ་དུ་སྦྲུལ་ཧ་ཅང་ཆེན་པོ་ཞིག་ཐོན་ཡོང་བར་སྟ་རེ་བརྒྱབ་པས་སྦྲུལ་དེ་དུམ་བུ་གཉིས་སུ་ཆད། སྦྲུལ་གྱི་ལྟོ་བ་ནས་སྔོ་ཚོད་ཀྱི་ཁུ་བ་ལྗང་ཁུ་ལྷང་ལྷང་བབས་ཡོང་བ་མཐོང”ཞེས་ངས་ངག་ཐོག་ནས་མོ་ལ་བརྩམས་སྒྲུང་《ཀླུ》འི་གཏམ་རྒྱུད་རགས་པ་ཞིག་བཤད།

  “ངས་ད་བར་གཏམ་རྒྱུད་ཡ་མཚན་འདི་འདྲ་གོ་མ་མྱོང”སྔོན་མ་ཡིན་ན་ངས་གཏམ་རྒྱུད་བཤད་ཚར་བ་དང་མོ་རང་ལས་ཀ་ཙག་ཙིག་བྱེད་པར་བུད་འགྲོ་མོད། དེ་རིང་མོ་གཏམ་རྒྱུད་དེའི་མངར་ཁས་མྱོས་འདུག

  ངས་བསམ་བློ་ཞིག་བཏང་དུས། བོད་ཀྱི་རྩོམ་སྟེགས་ཚ་ཚ་འུར་འུར་བཟོས་པ་དང་། ཆུང་མའི་ཡིད་དབང་འཕྲོག་པ་བྱེད་པའི་《ཀླུ》ཡི་གཏམ་རྒྱུད་འདི་ནི། ངའི་གཏམ་རྒྱུད་མིན་པར་ཨ་མའི་གཏམ་རྒྱུད་ཡིན། ངའི་བརྩམས་སྒྲུང་《ཀླུ》ནི་ཨ་མས་ཅི་འདྲ་བཤད་པ་ལྟར་དེ་འདྲ་ཡིག་ཐོག་ཏུ་ཕབ་པ་ཙམ་ཡིན། ངའི་གཏམ་རྒྱུད་དག་ནི་ཡི་གེ་ས་ཡ་ལས་བརྒལ་བའི་སྒྲུང་རིང་《ཟླ་བ་དཀར་དཀར》དང་སྒྲུང་ཐུང་ལྔ་བཅུ་ལྷག་ཙམ་གྱི་ནང་དུ་བྲིས་ཡོད། ཡིན་ཡང་གཏམ་རྒྱུད་དེ་དག་ལ་དགའ་པོ་བྱེད་མཁན་གཅིག་ཀྱང་བྱུང་མ་སོང་།

  ཆུང་མ་ངེད་གཉིས་གྲོས་བསྡུར་བྱས་རྗེས། སང་ཉིན་ཞོགས་པ་ང་རང་ལི་ཐང་དུ་འགྲོ་རྒྱུ་བྱས། ངས་དེ་མུར་ཕ་ཡུལ་སྨར་ཁམས་བྱིས་གྲོངས་ལུང་པར་བསྡད་ཡོད་པའི་ཨ་མ་ལ་ཁ་པར་བརྒྱབ་ནས། བུ་མོ་གཡུ་ལོ་མེ་ཏོག་ལ་ཁ་པར་ཉན་དུ་བཅུག ངའི་བུ་མོ་གཡུ་ལོ་མེ་ཏོག་མི་ཡུལ་དུ་སླེབས་དུས་ནི། ངས་སྒྲུང་ཐུང་《ཀླུ》བྲིས་ཚར་དུས་ལ་ཡིན། ད་ལྟ་གཡུ་ལོ་མེ་ཏོག་ལོ་གསུམ་དང་ཟླ་དགུ་ལ་ཟིན་ཡོད། ལོ་གསུམ་གྱི་བྱིས་པ་ཞིག་ཡིན་ན་བུ་བཅོལ་ཁང་དུ་གཏོང་དགོས་མོད། ཆུང་མ་ངེད་གཉིས་ཀྱིས་བྱིས་པ་ཆུང་ཆུང་ཡིན་དུས་ནས་ཕ་ཡུལ་གྱི་སྐད་ལ་འབྱམས་དགོས་པར་འདོད་དེ། བུ་མོ་གཡུ་ལོ་མེ་ཏོག་ངའི་ཕ་ཡུལ་བྱིས་གྲོངས་སུ་བཞག ཡུལ་མི་ཉེ་བ་ཀུན་གྱིས་མོ་ལ་ཉེ་པོ་བྱེད་ཀྱིན་འདུག་ཅིང་། མོའི་རྩེད་གྲོགས་ལ་ཞིང་ཁའི་མེ་ཏོག་དང་རླུང་བུ་ཡོད་པས་སེམས་ཁྲལ་བྱེད་མི་དགོས། དུས་རྒྱུན་ཁ་པར་ནས"པ་ལགས་དྲན་ཨེ་བྱུང"ཞེས་དྲིས་དུས“དྲན་མ་བྱུང”ཟེར་ངེས། མོའི་གཅེན་པོ་(ངའི་གཅེན་པོའི་བུ་ཆེ་བ)གཟའ་མཇུག་ལ་ངལ་གསོ་བཞག་ནས་ཁྱིམ་དུ་ལོག་ཡོང་དུས་བྱིས་སྒྲུང་བཤད་རོགས་ཟེར་ནས་ཞུ་བ་ཡང་ཡང་བྱེད་ཀྱིན་འདུག་ཟེར།

  གཅེན་པོས་མོ་ལ་བརྩམས་སྒྲུང་《ཧ་རུའེ་ཕོད་ཐར་དང་གསང་བའི་ཁང་པ》ཞེས་པ་དེ་བཤད་པ་འདྲ། ཉིན་ཞིག་ཁ་པར་ནས་མོ་རང་བརྩམས་སྒྲུང་དེའི་ནང་གི་མི་སྣ་སྙིང་རྗེ་མོ་མིང་ལ་རྡོ་པད་ཟེར་བ་དེ་ལ་དགའ་ཟེར། མོས་རྡོ་པད་ལ་ལད་མོ་བྱས་ཏེ“རྡོ་པད་སྡུག་ཅག སྡུག་ཆགས་སྡུག་ནག”ཅེས་ལབ་བྱུང་། སྐད་ཆ་དེ་ནི་རྡོ་པད་ཀྱིས་རང་ཉིད་ལ་བརྗོད་པའི་དམོད་ཚིག་ཅིག་ཡིན་ནའང་། དྲི་མས་མ་སྦགས་པའི་མོའི་བློ་ངོར་སྐད་ཆ་དེ་ནི་དགོད་བྲོ་བ་ཞིག་དང་སྙིང་ལ་རྗེ་བ་ཞིག་ཡིན་པར་སྣང་འདུག

  དེ་རིང་མོས་ཁ་པར་ནས“ཨ་ཕ། ཁྱོད་ཀྱིས་ཐེའུ་རང་ངོ་ཨེ་ཤེས། རྐང་པ་གཅིག་ལས་མེད་པ་དེ”ཞེས་དྲིས་བྱུང་བས་ངས་“ངོ་ཤེས”ཞེས་ལན་བཏབ།

  “ཨ་ཕ། དེ་ན་ཐེའུ་རང་རྐང་གཅིག་དང་ངེད་གཉིས་མཉམ་པོ་རྩེད་མོ་རྩེ་བའི་གཏམ་རྒྱུད་ཅིག་བྲི་རོགས”ཟེར་ནས་ཞུ་བ་ཡང་ཡང་བྱས་བྱུང་།

  ངས་བྱིས་སྒྲུང་དེ་འདྲ་བྲིས་ཐུབ་མེད་མི་ཤེས་པས། ལན་བཏབ་མ་ཐུབ་པར་བསྡད་དུས། ཆུང་མས་ཁ་པར་ཕར་ཁྱེར་ནས་“ཨ་ཕ་སང་ཉིན་རྩྭ་ཐང་ཆེན་པོ་ཞིག་གི་ཐོག་ལ་ཐེའུ་རང་དང་ཁྱོད་གཉིས་རྩེད་མོ་རྩེ་བའི་གཏམ་རྒྱུ་ཞིག་བྲི་བར་འགྲོ་རྒྱུ་རེད”ཟེར་སོང་།

  ཁ་པར་ཕ་རོལ་གྱི་བུ་མོ་གཡུ་ལོ་མེ་ཏོག་ཧ་ཅང་དགའ་སོང་།

  ངས་ཆུང་མ་ལ“ཁྱོད་ཀྱིས་རྩྭ་ཐང་ཆེན་པོ་ཟེར་བ་གང་ལ་ཟེར་བ་ཡིན”ཞེས་དྲིས།

  ཆུང་མས“ངས་ལི་ཐང་ལ་ཟེར་བ་ཡིན”ཟེར།

  སང་ཉིན་ཞོགས་པར་ངས་རྟ་མཆོག་རྟགས་ཅན་གྱི་མོ་ཊ་རྙིང་པ་དེ་གཏོང་གིན་ལི་ཐང་གི་ཕྱོགས་སུ་བསྐྱོད། ངའི་རོགས་པ་ནི་ཡང་སྐོར་བསྐྱར་སྐོར་གྱིས་གྲགས་ཡོང་བའི་ཨ་མེ་རི་ཁའི་རྒུད་པའི་མི་རབས་ཅིག་གི་ཚབ་མཚོན་གླུ་རྒྱུན་《ཁུ་སིམ་པའི་སྒྲ》ཁོ་ན་ཡིན།

  ཆུ་ཚོད་ལྔ་ཙམ་སོང་རྗེས། ལི་ཐང་ཞེས་པའི་རྩྭ་ཐང་དེ་ངའི་མིག་མདུན་དུ་ཆེ་ཆེར་མངོན་བྱུང་།

  སྔོན་མར་ཕ་ཡུལ་མཚོ་སྔོན་པོའི་ཁ་ནས་ཡིན་པའི་དགེ་རྒན་ཞིག་གིས། ཁོ་རང་ལི་ཐང་དུ་སླེབས་པའི་མྱོང་ཚོར་གླེང་སྐབས། “ངས་ལི་ཐང་ཟེར་བ་ནི་རྩྭ་ཐང་ཆེན་པོ་ཞིག་མིན་ནམ་སྙམ་ཡང་དངོས་སུ་ལི་ཐང་དུ་སླེབས་དུས། ལི་ཐང་ནི་ལག་མཐིལ་ཙམ་ལས་མེད་པའི་སྤང་ཐང་ཆུང་ཆུང་ཞིག་རེད”ཟེར། ང་འདྲ་བ་དུས་རྒྱུན་འབའ་ཐང་དང་སྨར་ཁམས་བྱིས་གྲོངས་ལུང་པ་ནང་བསྡད་པར་གོམས་པའི་མི་ཞིག་གློ་བུར་ལི་ཐང་དུ་ཐོན་དུས། རྩྭ་ཐང་ཆེན་པོ་ཞིག་གི་ཐོག་ཏུ་སླེབས་པ་ལྟར་སེམས་ནང་རླུང་བུ་འཇམ་པོ་ཞིག་ལྡང་འོང་།

  ལི་ཐང་རྫོང་འཛམ་གླིང་གི་རྩོམ་པ་པོའི་ཁྱིམ་གཞིས་མགྲོན་ཁང་དུ་འགན་འཛིན་པས་ང་ལ་བསྒུགས་འདུག

  “ཁྱེད་རང་ནི་བརྩམས་སྒྲུང་གྲགས་ཅན་《ཀླུ》ཡི་རྩོམ་པ་པོ་ཀླད་ཀོར་ཡིན་ནམ”ཁོས་དྲིས།

  ངའི་སེམས་ནང་ངས་ཚོད་དཔག་བྱས་པ་དེ་ནོར་མི་འདུག་སྙམ་ཞིང་“བརྩམས་སྒྲུང་གྲགས་ཅན་དེའི་རྩོམ་པ་པོ་ནི་ངའི་ཨ་མ་ལགས་རེད”ངའི་སེམས་ནང་དུ་སྐད་ཆ་འདི་འདྲ་ཞིག་ཐོན་མོད། ཁ་ནས་“ང་ཀླད་ཀོར”ཡིན་ཤོར་སོང་།

  ཁོས་ང་རང་མགྲོན་ཁང་སྤུས་དག་ཅིག་ནང་བསྐྱལ་རྗེས“སེམས་རྣལ་ལ་ཕབ་ནས་གསར་རྩོམ་བྱོས”ཟེར།

  ངས་སེམས་རྣལ་ལ་ཅི་འདྲ་ཕབ་ཀྱང་། ཐེའུ་རང་རྐང་གཅིག་དང་བུ་མོ་གཡུ་ལོ་མེ་ཏོག་གཉིས་པོས། རྩྭ་ཐང་ཐོག་ཏུ་རྩེད་མོ་རྩེ་བའི་གཏམ་རྒྱུད་དེའི་འགོ་རྩོམ་མ་ཐུབ། དུས་རྒྱུན་ངས་བརྩམས་སྒྲུང་འབྲི་དུས་འགོ་རྩོམ་པ་དང་མཇུག་བསྡུ་བ་གཉིས་ལ་དཀའ་ངལ་འཕྲད་མ་མྱོང་ནའང་། ངས་གླིང་སྒྲུང་ཁྲོད་ཀྱི་ཐེའུ་རང་བླ་མ་རྐང་གཅིག་དང་། ཕ་ཡུལ་གྱི་ངག་རྒྱུན་ཁྲོད་ཀྱི་གསེར་གྱི་འཁར་བ་ཐོག་པའི་ཐེའུ་རང་རྐང་གཅིག་གི་གཏམ་རྒྱུད་འདྲ་མིན་ཀུན་ལ། བསམ་བློ་ཅི་འདྲ་བཏང་ཡང་། བློར་བབ་པའི་བྱིས་སྒྲུང་ཞིག་གི་གཏམ་རྒྱུད་བློས་བསླངས་ཐུབ་མ་སོང་། ངས་གློག་ཀླད་ངོས་སུ་ཡི་གེ་ཁ་ཤས་གཏག་རྗེས་བསུབས། བསུབས་རྗེས་ཡང་གཏག་ནས་གཅིག་བཀླགས་པ་ན། རང་ཉིད་ཀྱིས་ཀྱང་ཅི་ཞིག་བྲིས་སོང་བར་མི་ཤེས་པའི་ཚིག་རོ་རྡོག་པོ་འགའ་ལས་མ་འདས།

  ངས་ལྕེ་ལེབ་ཀྱིས་མཆུ་ཏོ་སྐམ་པོ་ལྡག་གིན། ཆང་ཞིག་ཡོད་ན་ཅི་མ་རུང་སྙམ། ཆང་ཞིག་འཐུང་གིན་ཐ་མ་རྐང་གཅིག་བརྔུབས་ན། ཅི་འདྲའི་ཞིམ་ཨང་སྙམ་པ་དང་། རང་ཉིད་ཀྱིས་ཆང་དང་ཐ་མག་གཉིས་ཀ་བཅད་ནས། ལོ་མང་འགོར་ཟིན་པ་དྲན་གསོས་པས་རང་ཉིད་ཀྱི་བརླ་ཐོག་ལ་ཐལ་ལྕག་ཅིག་ཞུས།

  ཁ་ཤིན་ཏུ་སྐོམ་པས་ཆང་པེ་ཙེ་གང་འཐུང་ན་ཅི་སྐྱོན། དེ་རྗེས་ཐ་མག་རྐང་གཅིག་འཐེན་ནའང་།

  རྩྭ་ཐང་དང་ཐེའུ་རང་། བུ་མོ་གཡུ་ལོ་མེ་ཏོག་བཅས་ཕར་ཙམ་བཞག་ཏེ། ང་རང་ཕྱི་རོལ་ཏུ་བུད་འགྲོ་གི་འདུག

  ཉི་མ་ནུབ་རི་ནས་ཡལ་ལ་ཁད་ཡོད་དུས། སུམ་ཐོག་ལ་ཡོད་པའི་ཆང་ཁང་མེ་ཏོག་ར་བ་ཟེར་བ་དེའི་ནང་། ངས་རྒུན་ཆང་ཁྲག་དམར་འདྲ་ལེ་ཞིག་འཐུང་གིན་ཡོད། སྐབས་དེར་ཆང་ཁང་འདིའི་སྦྱིན་བདག་ཨེ་ཡིན་སྙམ་དགོས་པའི་ཕོ་གསར་རིག་པ་གསལ་ན་བསམས་བསམས། ལུས་པོ་བདེ་ན་བསམས་བསམས་ཤིག་གིས་པེ་ཙེ་རྐང་རིང་མ་ཞིག་ནང་རྒུན་ཆང་ཉུང་ཙམ་ཞིག་བླུགས་ནས་ངའི་ཕྱོགས་སུ་སླེབས་བྱུང་།

  “གྲོགས་པོ། ཞབས་དག་ཡིན་དཱ”ཟེར།

  ང་རང་ནི་དང་པོ་འཕྲད་མ་ཐག་ནས། གྲོགས་པོ་ཞེས་འབོད་མཁན་ལ་མི་དགའ་ནའང་། ཁོའི་རྣམ་འགྱུར་ལ་བལྟས་ན་ཁ་ནས་གྲོགས་པོ་བོས་ཀྱང་། རྒྱབ་ནས་གཡོ་རྒྱུ་འཁྲབ་མཁན་དེ་འདྲ་ཡིན་ས་མ་རེད་སྙམ་པ་དང་། གྲོགས་པོ་ཞེས་བོས་ཡོང་བ་ལ་མི་དགའ་བ་གང་ཡང་མ་བྱུང་།

  “ངས་འཐུང་གིན་པའི་རྒུན་ཆང་འདི་ནི་འབའ་ཐང་ནས་བཟོས་པའི་སྟོན་མཇུག་རྟགས་ཅན་དེ་རེད། ཁྱོད་ཀྱིས་འཐུང་གིན་པ་དེ་ཚྭ་ཁ་ལྷོའི་ཟླ་མེ་ལོང་རྟགས་ཅན་མིན་ནམ”

  ངས་རྒུན་ཆང་ཤེལ་དམ་ངོས་ཀྱི་གངས་རི་ཟླ་མེ་ལོང་གི་པར་ལ་ལྟ་བཞིན“ངས་འཐུང་གིན་པ་ནི་ཟླ་མེ་ལོང་རྟགས་ཅན་གྱི་རྒུན་ཆང་རང་རེད”ཅེས་བཤད་པ་ཡིན།

  “བོད་རང་ས་ནས་བསྙལ་བའི་རྒུན་ཆང་འདི་དག ཕྱི་རྒྱལ་གྱི་རྒུན་ཆང་ལས་ཀྱང་ཞིམ་པ་འདུག”ཁོས་རྒུན་ཆང་རོ་མྱོང་ཞིབ་པོར་བྱས་སོང་།

  ཁོས་རྒུན་ཆང་ཞིམ་ཉམས་ངང་མིད་རྗེས“གྲོགས་པོ། ཁྱོད་ཀྱི་མིང་ལ་ཅི་ཟེར”ཞེས་དྲིས་བྱུང་།

  ངེད་གཉིས་གྲོགས་པོར་གྱུར་རྗེས་གཞི་ནས་ཕན་ཚུན་གྱི་མིང་འདྲི་རེས་བྱས།

  “ངའི་མིང་ལ་ཀླད་ཀོར་ཟེར”

  “ཅི་ཟེར། མིང་ཡ་མཚན་དེ་འདྲ་ཡོད་དམ། སློབ་གྲྭ་འགྲོ་དུས་སྐར་མ་ཀླད་ཀོར་བཟའ་རྐྱང་བྱས་བསྡད་པ་མ་རེད་དམ”

  “ད་ངའི་མིང་གཅིག་པོ་ལབ་མི་བསྡད། ཁྱོད་ཀྱི་མིང་ལ་ཅི་ཟེར”

  “ངའི་མིང་ལ་ཚངས་དབྱངས་རྒྱ་མཚོ་ཟེར”

  “ཅི་ཟེར། རང་རྒྱལ་པ་ཚངས་དབྱངས་རྒྱ་མཚོ་ཡིན་ནམ”ང་རང་དགོད་ཀྱིན་ཀུ་རེའི་ཚུལ་གྱིས་དྲིས།

  ཁོས“རང་ཡིན”ཟེར།

  “ང་རང་སློབ་ཆུང་འདོན་དུས། རྒན་ལགས་ཀྱིས‘བློ་བཟང་གྲགས་པ’ཞེས་བོས་བྱུང་། ངས‘སྐྱབས་སུ་མཆི། འདི་རྒྱལ་པ་བློ་བཟང་གྲགས་པ་མིན་ནམ’སྙམ་སྐབས་‘ཨ’ཟེར་མཁན་དེ་ནི་མི་བྱེད་དགུ་བྱེད་བྱེད་ཤེས་པའི་བྱིས་པ་པྲ་ཆལ་ཅན་ཞིག་ཡོད་པ་དེ་རེད་འདུག”ཅེས་བཤད་པ་དང་། ཁོ་རང་བགད་ནས་ཆང་ཕོར་ཡང་ཅོག་ཙེའི་ཐོག་བཞག་རྒྱུ་བརྗེད་འདུག

  ངས་མུ་མཐུད་དུ་“ངས་སྨར་ཁམས་རྫོང་ཁར་ཚངས་དབྱངས་རྒྱ་མཚོ་ཟེར་བའི་ཚོང་པ་ཞིག་ངོ་ཤེས་ལ། འབའ་ཐང་དུ་ཚངས་དབྱངས་རྒྱ་མཚོ་ཟེར་བའི་ཞིང་པ་ཞིག་ཀྱང་ངོ་ཤེས། ད་དུང་རྒྱལ་པ་ཚངས་དབྱངས་རྒྱ་མཚོ། ཁྱོད་རང་ནི་ཚངས་དབྱངས་རྒྱ་མཚོ་གང་དེ་ཡིན། སྦྱིན་བདག་ཚངས་དབྱངས་རྒྱ་མཚོ་ཡིན་ནམ།”

  “ང་སྦྱིན་བདག་མིན། ང་རང་སྙན་ངག་པ་ཞིག་ཡིན”ཟེར།

  “འོ། སྙན་ངག་པ་ཚངས་དབྱངས་རྒྱ་མཚོ”

  ང་རང་ཅུང་བཟི་སོང་བ་འདྲ། སྐབས་ཤིག་ལ་ངའི་ཁ་གཏད་དུ་ནུབ་ལྭ་སྤུས་དག་གྱོན་པའི་སྙན་ངག་པ་ཚངས་དབྱངས་རྒྱ་མཚོ་ཡིན་ཟེར་བ་དེ་ངུར་སྨྲིག་གི་ན་བཟའ་བཀླུབས་པའི་དགེ་འདུན་པ་ཞིག་ཏུ་གྱུར་འདུག སྐབས་ཤིག་ལ་ལུས་ཟུངས་ཉམས་ཟིན་པའི་རི་ཁྲོད་པ་ཞིག་རེད། ཡང་སྐབས་ཤིག་ལ་སྨ་རའང་དཀར་པོར་གྱུར་ཟིན་པའི་རྒད་པོ་ཞིག་རེད། ངས་མིག་འཁྲུལ་བྱུང་བ་མིན་ནམ་སྙམ་གྱིན་མིག་ཕུར་ཕུར་བྱས་ནས་ལྟ་ཡག་ཅིག་བྱས་དུས། ངའི་ཁ་གཏད་དུ་ཙོག་ཡོད་མཁན་ནི་ནུབ་ལྭ་སྤུས་དག་གྱོན་པའི་ཕོ་གསར་དེ་རང་རེད་འདུག

  “གྲོགས་པོ། ཞབས་དག་ཡིན་དཱ”

  ཚངས་དབྱངས་རྒྱ་མཚོས་པེ་ཙེ་ཡར་བཀྱགས་ཡོང་དུས། སྒེའུ་ཁུང་ཕྱི་རོལ་དུ་མཚམས་སྤྲིན་རྒུན་ཆང་འདྲ་ལེ་ཞིག་མཁའ་མཐར་འཁྲིགས་འདུག

  ཁོས་རྒུན་ཆང་ཁམ་གང་མིད་པ་དང་མཚམས་སྤྲིན་ཡང་ཇེ་ཉུང་དུ་སོང་།

  “དུས་རྒྱུན་ཁྱོད་ཀྱིས་སྙན་ངག་ཅི་འདྲ་འབྲི་གི་ཡོད”ངས་དྲིས།

  “སྙན་ངག་འབྲི་བ་ནི་སེམས་ཉིད་དུས་ད་ལྟ་བ་ལ་གནས་པ་རང་ཡིན”ཟེར།

  “གང་འདྲ་ཞིག་ལ་སེམས་པ་དུས་ད་ལྟ་བ་ལ་གནས་པ་ཟེར་རམ”

  “སེམས་ཉིད་དུས་ད་ལྟ་བ་ལ་གནས་པ་ནི་སེམས་པ་སྙན་ངག་ན་གནས་པ་ཡིན། སྙན་ངག་ནི་འབྲི་རྒྱུ་ཞིག་མ་རེད། སེམས་པའི་གནས་སྟངས་ཤིག་རེད”ཟེར་བ་དང་ཡང“ཁྱོད་རང་སེམས་ཉིད་དུས་ད་ལྟ་བར་གནས་ཐུབ་ཀྱི་མི་འདུག ལག་ནང་གི་རྒུན་ཆང་ཞིམ་པོ་དེ་རོ་མྱོང་བར་མི་བྱེད་པར། རང་དང་བར་ཐག་རིང་བའི་སྙན་ངག་ཟེར་བ་དེ་གླེང་གི་འདུག”ཅེས་ཟེར།

  “རེད། ཞབས་དག་ཡིན”ངས་འདི་འདྲ་འཆད་ཀྱིན་རྒུན་ཆང་གི་རོ་ཞིབ་པར་མྱོང་བ་དང་། སེམས་ཉིད་དུས་ད་ལྟ་བར་འཐིམ་བསམ་ནའང་། ངའི་སེམས་ནང་དོན་དག་གཞན་ཞིག་འཚང་བྱུང་།

  ངའི་སེམས་ནང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་ཞིག་དང་འདྲ་བའི་《ཚངས་དབྱངས་རྒྱ་མཚོའི་གསང་རྣམ》དྲན་ལ། དེའི་ནང་དུ་ཚངས་དབྱངས་རྒྱ་མཚོ་ལི་ཐང་དུ་སླེབས་དུས་ཀྱི་སྣང་ཚུལ་ཞིག་དེ་བས་ཀྱང་དྲན་བྱུང་། སྣང་ཚུལ་དེ་དེབ་དེའི་རྩོམ་པ་པོ་ལྷ་བཙུན་ངག་དབང་རྡོ་རྗེས་“ཉིན་གཅིག་ཁྱིམ་ཚང་ཞིག་ཏུ་སླེབས་པས། དེ་ན་མི་མགོ་བོ་མེད་པ་ཞིག་འདུག དེའི་བཟའ་པ་སོགས་ལ་རྒྱུ་མཚན་དྲིས་པས། རྐེ་ཕྲེང་བྱུང་ནས་མགོ་ཆད་དེ་ལོ་ངོ་གསུམ་ཙམ་སོང་ཡང་འཆི་མི་འདུག་ཟེར། སྙིང་རྗེ་ཚད་མེད་པ་ཞིག་སྐྱེས་ནས་བལྟས་བསྡད་པས། ཁོས་བྲང་ལ་ལག་པས་བརྡུང་གི་འདུག འདིས་ཅི་བྱེད་དྲིས་པས། མི་ཞིག་གིས་འདི་ལྟོགས་འདུག་ཟེར་ནས་སྐེ་ཆད་པའི་ཤུལ་དུ་བུ་ག་གཉིས་འདུག་པ་གཅིག་གི་ནང་དུ་བུམ་པའི་ནང་ནས་རྩམ་ཐང་དྲོ་འཇམ་ཞིག་ཅུང་ཟད་རེ་བླུགས་ནས་ཚོམ་པ་རེ་བྱེད་སྐབས་རླུང་གིས་ཡར་དེད་དེ་ལྦུ་བ་ལྷོག་ལྷོག་བྱེད་ཅིང་ཅུང་ཞིག་བསྡད་ནས་མར་ཁོག་ཏུ་འབབ་པར་འདུག”ཅེས་བྲིས་འདུག

  ངས་ཚངས་དབྱངས་རྒྱ་མཚོ་ལ་གཏམ་རྒྱུད་འདི་བཤད་རྗེས་“འདི་བདེན་པ་ཡིན་ནམ”ཞེས་དྲིས།

  “བདེན་པ་ཡིན་དང་ཡིན”

  “འདི་བདེན་པ་ཡིན་ན། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་བརྩམས་སྒྲུང་དང་འདྲ་བའི་གསང་རྣམ་ནང་གི་གཏམ་རྒྱུད་ཡོད་དོ་བདེན་པ་ཡིན་ངེས”ངས་འདི་ལྟར་བཤད་པ་དང་དབང་མེད་དུ་བགད། ཡིན་ཡང་ཚངས་དབྱངས་རྒྱ་མཚོ་བགད་མ་སོང་།

  “ཁྱོད་རང་རྣམ་ཐར་ལ་ཡིད་མི་ཆེས་ན་ངས‘ང་རང་མི་ལོ་337ལ་མི་ཡུལ་དུ་འཚོ་བསྡད་པ་ཡིན’ཟེར་ན་ཡིད་ཆེས་སམ”ཞེས་དྲིས་བྱུང་།

  “ཡིད་ཆེས་དང་ཆེས”ངས་ཁོའི་སྐད་ཆར་ཅོ་འདྲི་བའི་ཚུལ་དུ་ལན་འདི་ལྟར་བཏབ། ཡིན་ཡང་ཁོས་ངས་བཤད་པའི་ཟུར་ཟའི་སྐད་ཆ་རྣམས་ལ་སྣང་བ་བཞག་མ་སོང་།

  “མི་ཞིག་སེམས་ཉིད་སྙན་ངག་ལ་གནས་ཐུབ་ན་ཚེ་རིང་དུ་འཚོ་ཐུབ། ཚེ་རིང་པོ་འདི་འདྲའི་ནང་དུ་ཁོ་རང་རྒྱལ་པའི་ཁྲི་ལ་བཞུགས་པའི་དགེ་འདུན་པ་ཞིག་བྱས་མཆོག་ལ། ལ་ལུང་སྐོར་བའི་རྒྱལ་ཁམས་པ་དང་། དུས་བཞི་བྲག་ཕུག་ན་གནས་པའི་རི་ཁྲོད་པ། རྒུན་ཆང་འཐུང་མཁན་གྱི་སྙན་ངག་པ་བཅས་བྱས་ཆོག་པ་མ་ཟད། བྱིས་པ་དང་གཞོན་དར་མ། རྒད་པོ་བཅས་དུས་བཞི་བརྗེ་བ་བཞིན་བརྗེ་མི་ཆོག་རྒྱུ་གང་ཡང་མེད”ཟེར།

  ཁོས་པེ་ཙི་རྐང་རིང་མ་ནང་གི་རྒུན་ཆང་དེ་ཁམ་མོ་གང་གིས་འཐུང་ཚར་བ་དང་། སྒེའུ་ཁུང་ཕྱོ་རོལ་གྱི་མཚམས་སྤྲིན་དམར་པོ་དེ་ཡང་ཁོའི་ཁོག་པའི་ནང་ལྷུང་སོང་། འཇིག་རྟེན་མུན་པའི་ནང་ལྷུང་། མུན་མ་རུབ་གོང་ནས་བཀར་ཡོད་པའི་སྲང་གི་གློག་འོད་དག་གསལ་གསལ་བཏང་།

  ངེད་གཉིས་ཆང་ཁང་གི་སྒོ་ནས་བུད་མ་ཐག ཚངས་དབྱངས་རྒྱ་མཚོའི་ཞལ་རས་ངོས་སུ། སྲང་གི་གློག་འོད་དག་གི་ལྡོག་འོད་འཕྲོས་འདུག ཡང་གཅིག་བཤད་ན། ཚངས་དབྱངས་རྒྱ་མཚོའི་ཞལ་རས་ནི་མེ་ལོང་དྭངས་མོ་ཞིག་ལ་གྱུར་འདུག དེའི་ངོས་སུ་སྲང་གི་གློག་འོད་དག་ཤར་ཡོད་པ་མ་ཟད། ལམ་འགྲོ་བ་ཀ་པ་དང་འཕྲད་ན་ཀ་པའི་ངོ་གདོང་ཤར་འདུག ཁ་པ་དང་འཕྲད་ན་ཁ་པའི་ངོ་གདོང་ཤར་འདུག ཟླ་བདུན་པར་ལི་ཐང་གི་མཛེས་ལྗོངས་ལ་འཁོར་བའི་ལམ་འགྲོ་བ་མང་པོ་ཞིག་གི་ངོ་གདོང་རྣམས་ཚངས་དབྱངས་རྒྱ་མཚོའི་ཞལ་རས་ཀྱི་མེ་ལོང་ངོས་སུ་འཚང་ཁ་ཤིག་ཤིག་བྱེད།

  ངེད་གཉིས་སྲང་ལམ་གྱི་བཞི་མདོ་རུ་སླེབས་པ་དང་། མི་འགྲོ་སའི་བདེ་བགྲོད་ཀྱི་ལམ་ན་ཕར་འགྲོ་ཚུར་ཡོང་བྱེད་མཁན་གཅིག་ཀྱང་མེད་པར་སྟོང་ལྷང་ལྷང་རེད། མི་འགྲོ་ཆོག མོ་ཊ་འགྲོ་མི་ཆོག་ཟེར་བའི་ཁ་གཏད་དུ་ཡོད་པའི་གློག་འོད་ལྗང་ཁུ་དེ་གློ་བུར་བཀར་བྱུང་བ་དང་། ཚངས་དབྱངས་རྒྱ་མཚོའི་ཞལ་རས་ཀྱི་མེ་ལོང་ནང་དུ། གློག་འོད་ལྗང་ཁུ་དེ་རང་ཤར་འདུག

  གློག་འོད་ལྗང་ཁུའི་འོག་གི་བདེ་བགྲོད་ཀྱི་ལམ་ན། ངས་ཕ་ཡུལ་གྱི་དགོན་པའི་དགུ་གཏོར་གྱི་སྐབས། འཆམ་མོ་བརྒྱབ་དུས་མཐོང་མྱོང་བའི་མི་མ་ཡིན་པ་རྣམས་སྒྲིག་ལམ་ཡོད་པ་དང་། སྟངས་སྟབས་ཡོད་པའི་ངང་ནས་ཚུར་ཡོང་གིན་པ་དངོས་སུ་མཐོང་བྱུང་། རྐང་གླིང་སྤྱང་ཀིའི་ངུ་ཟུག་འདྲ་བའི་སྒྲའི་ནང་དུ། ངའི་གྲོགས་པོ་ཚངས་དབྱངས་རྒྱ་མཚོ་ཡང་འཆམ་མོ་འཁྲབ་ཀྱིན་མི་མ་ཡིན་པ་དེ་དག་གི་ནང་དུ་ཕྱིན་སོང་། ཁོང་གི་ཞལ་རས་ཀྱི་མེ་ལོང་ངོས་སུ་སྐབས་རེར་ཆོས་སྐྱོང་དག་གི་ཞལ་རས་ཤར་ལ། ལན་རེར་ཨ་ཙ་རའི་ཞལ་ཤར། མཚམས་རེར་ཁྲོ་བོ་ཁྲོ་མོའི་ཞལ་རས་ཤར། སྐབས་ལ་ལར་ཡི་དམ་ཚོགས་འཁོར་གྱི་ཞལ་རས་ཤར། རྗེས་ནས་གང་དེ་མི་མ་ཡིན་པ་ཡིན་པ་དང་གང་དེ་ངའི་གྲོགས་པོ་ཚངས་དབྱངས་མཚོ་ཡིན་པ་དབྱེ་མི་ཐུབ་པར་གྱུར།

  གློ་བུར་‘མི་འགྲོ་མི་ཆོག མོ་ཊ་འགྲོ་ཆོག’ཟེར་བའི་གློག་འོད་དམར་པོ་དེ་བཀར་ཡོང་བ་ན། ངའི་གྲོགས་པོ་ཚངས་དབྱངས་རྒྱ་མཚོ་དང་། མི་མ་ཡིན་པ་བཅས་སྟོང་པའི་ཁམས་སུ་མི་སྣང་བར་གྱུར།

  “རྒྱལ་པ་ཚངས་དབྱངས་རྒྱ་མཚོ”

  བཞི་མདོ་འདི་ནས་ང་རང་དངོས་སུ་མིག་གིས་མཐོང་བའི་སྒྱུ་འཕྲུལ་དེ་དག་ལས་སད་མ་ཐག ཕྱག་ཅིག་འཚལ་དགོས་བསམ་མོད། ཡང་སྙིང་གང་གི་ཕྱོགས་སུ་འཚལ་དགོས་པ་མ་ཤེས་པ་ན། ངས་ཕྱག་འཚལ་བའི་ཚབ་ཏུ་ཁ་པར་ནང་《ལི་ཐང་ན། ཚངས་དབྱངས་རྒྱ་མཚོ་དང་མཉམ་དུ་རྒུན་ཆང་འཐུང་བ》ཞེས་པའི་སྙན་ཐུང་ཞིག་བྲིས། སྙན་ཐུང་དེ་ནི་རྗེས་སུ་དེང་རབས་ཀྱི་ཚངས་མགུར་ཞེས་གྲགས་པ་དེ་ཉིད་ཡིན་ལ་ཞིབ་འཇུག་པ་ཁ་ཤས་ཀྱིས་“སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཚབ་མཚོན་སྙན་ངག”ཅེས་པའི་ཞྭ་མོ་ཞིག་ཀྱང་བཀོན་འདུག སྙན་ངག་དེ་དང་མཉམ་པོ་བློས་བསླངས་པའི་བྱིས་སྒྲུང་ནི《ཐེའུ་རང་རྐང་གཅིག་དང་བུ་མོ་གཡུ་ལོ་མེ་ཏོག》ཅེས་པ་དེ་ཡིན། དེས་རྩྭ་ཐང་མཐོང་མ་མྱོང་བའི་གྲོང་ཁྱེར་གྱི་བྱིས་པ་དག་གི་མིག་ལམ་དུ་མུ་མཐའ་བྲལ་བའི་རྩྭ་ཐང་ཞིག་ཆེ་ཆེར་བཀྲམ་ཞིང་། སེམས་ཁམས་ཆུང་ཆུང་དག་ལུག་ཁྱུ་དང་མེ་ཏོག་གིས་ཁེངས་པར་བྱས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《ཚངས་དབྱངས་རྒྱ་མཚོ》

2021-03-07 ཀླད་ཀོར།(སྨར་ཁམས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།